DKR-KABUM-10-THA-054: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=THA | |||
|textnuminvol=054 | |||
|pdflink=File:DKR-KABUM-10-THA-054.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །ལས་མགོན་སྲོག་བདུད་ནག་པོའི་གསོལ་ཕྲིན་མྱུར་མགྱོགས་སྤྲིན་གྱི་ཟློས་གར་ཞེས་བྱ་བ་བཞུགས་སོ། ན་མོ་གུ་རུ་ཤྲཱི་མ་ཧཱ་མཎྜ་ལ་བྷྱཿ ལས་དང་མཐུན་པའི་གནས་སུ་ལྕགས་སམ་བྷནྡྷའི་སྣོད་དུ་དམར་གཏོར་དཔུང་རོང་ལ་འཁོར་རང་འདྲ་ལྔ་དང་མཐེབ་ཀྱུ་ཤ་ཁྲག་ཟས་སྣས་བརྒྱན་པ་དང༌། སྨན་རཀ་ཉེར་སྤྱོད་སོགས་སྤྱི་ལྟར་བཤམས་ལ། རང་ཉིད་གཉུག་མའི་ཧེ་རུ་ཀའི་ང་རྒྱལ་ལ་གནས་པས། མཆོད་གཏོར་རྣམས། ཨ་མྲྀ་ཏས་བསངས། སྭ་བྷཱ་ས་སྦྱངས། སྟོང་པའི་ངང་ལས་སྟོང་གསུམ་བྷཉྫ་གྱུར་པའི་ནང་དུ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་གཏོར་ཆེན་གཏི་མུག་ཤ་ཡི་རི་བོ། ཞེ་སྡང་རུས་པའི་གྲམ་བུ། འདོད་ཆགས་ཁྲག་གི་རྒྱ་མཚོ། ང་རྒྱལ་མྱོས་བྱེད་ཀྱི་ཨརྒྷཾ། ཕྲག་དོག་འདོད་པའི་ཡོན་ཏན་དུ་ཤར་བ་རྡོ་རྗེའི་ཆོས་དབྱིངས་རྣམས་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཨོཾ་ཧེ་རུ་ཀ་ཨརྒྷཾ་སོགས་དང༌། སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཨཱཿཧཱུྃ། ལན་གསུམ། གཉིས་པ་སྲུང་མའི་ཕྲིན་ལས་ནི། རང་ཉིད་ཧེ་རུ་ཀ་གསལ་བའི་མདུན་དུ་དུར་ཁྲོད་རོལ་པའི་གཞལ་མེད་ཁང་འཇིགས་པའི་རྒྱན་བཀོད་དུ་མས་རྔམས་བརྗིད་སྐྱི་གཡའ་བའི་ནང་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་ལྔ་པའི་ལྟེ་བར་གྲུ་གསུམ་མཐིང་ནག་འབར་བའི་དབུས་སུ་རྡོ་རྗེའི་བྲག་ཆེན་པད་ཉི་དགྲ་བགེགས་བསྣོལ་བའི་སྟེང་དུ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་ལས་མགོན་སྲོག་བདུད་ནག་པོ་བྱ་རོག་གི་གདོང་ཅན། སྤྱན་གསུམ་ཁྲག་ལྟར་ཁོལ་བ། གནམ་ལྕགས་ཀྱི་མཆུ་རྣོན་གཟེངས་ཤིང་ལྗགས་འཁྱུག་པ། སྨ་ར་དང་སྨིན་མ་མེ་ལྟར་འབར་བ། ཐོད་སྐམ་གྱི་དབུ་རྒྱན་དང་རལ་པ་སྦྲུལ་ནག་ཏུ་གཟེངས་ཤིང་འཕྱང་བ། བྲང་ན་ཁྲག་གི་སྤྱན་གསུམ་སྐར་ཆེན་ལྟར་འབར་བ་ཡན་ལག་གི་ལྷུ་ཚིགས་བཞི་ལ་སྤྱན་བཞིས་མཚན་པ། སྐུ་ལ་དར་ནག་གི་བེར་དང་སྟག་ཤམ་གསོལ་ཞིང༌། ཕྱག་གཉིས་ལྕགས་ཀྱི་མདའ་གཞུ་དགྲ་ལ་གཟིར་བའི་མཆན་ཁུང་གཡོན་དུ་འབར་བའི་གསལ་ཤིང་བཙུགས་པ། སྟག་རལ་གཡས་ལ། གཟིག་ཤུབ་གཡོན་དུ་འཕྱང་བ། རྟ་ནག་རྟིང་དཀར་རིན་པོ་ཆེའི་སྒ་སྟན་རྒྱན་ཆས་ཀྱི་སྤྲས་པ་ལ་ཞོན་པས་སྟོང་གསུམ་སྐད་ཅིག་ལ་བསྐོར་བ། སྐུ་གསུང་ཐུགས་ལས་ལྷ་བདུད་བཙན་གྱི་དམག་དཔུང་སྤྲོ་བ། མདུན་གྱི་རྩིབ་ནས་གཡས་བསྐོར་དུ་མགོན་པོ་ལེགས་ལྡན་ལྗང་ནག་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གསལ་ཤིང་རྡོ་རྗེ་ཕུར་པ། གཡོན་གསུམ་དུང་ཁྲག་རུ་མཚོན་སྦྲུལ་ཞགས་འཛིན་པ། དུར་ཁྲོད་ཆས་བརྒྱད་ཀྱིས་སྤྲས་ཤིང་ཡུམ་ཀྲོ་དྷཱི་ཤྭ་རི་སྦྲུལ་ཞགས་ཐོད་ཁྲག་འཛིན་པ་དང་སྦྱོར་ཏེ་ཞབས་བརྐྱང་བསྐུམ་གྱིས་པད་ཉིའི་དགྲ་བགེགས་སྟེང་བཞུགས་པ། སྐུ་མགོན་སྟག་ཞོན་ནག་པོ་བིང་དང་བདུད་ཞགས་བསྣམས་པས་སྟག་ལ་ཞོན་པ། གསུང་མགོན་བིང་ཆེན་དམར་པོ་བིང་དང་ལྕགས་པར་བདུད་རྩིས་གང་བ་བསྣམས་པ། ཐུགས་མགོན་གྲི་གུག་ནག་པོ་གྲི་གུག་ཐོད་ཁྲག་འཛིན་པ། ཡོན་ཏན་གྱི་མགོན་པོ་ལེགས་ལྡན་ནག་པོ་བིང་དང་དགྲ་སྙིང་འཛིན་པ་རྟ་ནག་ལ་ཞོན་པ། ཕྲིན་ལས་ཀྱི་མགོན་པོ་ཏྲཀ་ཤད་ནག་པོ་གཡས་རྩེ་གསུམ་གྱི་མགུལ་དུ་མི་མགོ་དཔྱངས་པ་རུ་དར་ནག་པོ་དང་བཅས་པ་ཕྱར་ཞིང༌། གཡོན་དགྲ་བགེགས་ཀྱི་གློ་སྙིང་དང་བདུད་ཞགས་ནག་པོ་འཛིན་པས་རྟ་ནག་རྟིང་དཀར་ལ་ཆིབས་པ། ཀུན་ཀྱང་ཁྲོ་ཞིང་གཏུམ་པ་ཐུང་ཞིང་སྒེག་པའི་གཟུགས་དང་ཡན་ལག་རགས་པའི་སྐུ་ལ་ནང་དུ་རྡོ་རྗེའི་གསང་གོས་དཀར། མདུང་མ་ལྗང༌། དར་ནག་གི་བེར་ཆེན་ལྷུབ་གྱོན་མཛད་པ། དབུ་ལ་རྡོ་རྗེ་ཐོད་སྐམ་ལྔའི་དབུ་རྒྱན། མི་མགོ་རློན་པའི་དོ་ཤལ་དང་རུས་པའི་རྒྱན་ཕྲེང་དུ་མས་མཛེས་པ། ཞབས་ལ་སྭག་ཏིའི་ལྷྭམ་གསོལ་ཞིང་ཡེ་ཤེས་ཀྱི་མེ་དཔུང་འབར་ཞིང་འཁྲུགས་པའི་ཀློང་ན་སྟེང་ན་བྱ་ནག་ལྡིང་བ། འོག་ཏུ་ཁྱི་ནག་རྔམས་པ། ལྕེ་སྤྱང་དོམ་དྲེད་རོལ་དུ་ཁྲིད་པས་བཞུགས་པའི་འཁོར་དུ་དཔལ་མགོན་བདུན་ཅུ་རྩ་ལྔ་ལས་མཁན་མོན་པ་ཕོ་དྲུག་མོ་དྲུག་བདུད་དམག་བྱེ་བ་དུང་ཕྱུར་སོགས་དཀར་ཕྱོགས་ལྷ་སྲུང་ཐམས་ཅད་ཀྱིས་བསྟོད་ཅིང་ཕྲིན་ལས་འདོད་དགུ་སྒྲུབ་པའི་ལས་ལ་རིངས་པའི་ཚུལ་གྱིས་བཞུགས་པའི་གནས་གསུམ་གྱི་ས་བོན་དང༌། ཁྱད་པར་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་རྣོན་པོ་ལྕགས་ཀྱུ་ལྟ་བུས་འོག་མིན་མེ་རི་འབར་བ་འཇིགས་བྱེད་ཨུ་ཙ་ལ་དང་བསིལ་བ་ཚལ་སོགས་ས་གསུམ་འཇིགས་པའི་དུར་ཁྲོད་ནས་ལས་མགོན་སྲོག་བདུད་ནག་པོ་འཁོར་དང་བཅས་པ་བཛྲ་ས་མ་ཡ་ཛཿ ཧཱུྃ༔ ཆོས་དབྱིངས་འོག་མིན་མེ་རི་འབར་བ་ནས། །སྲིད་ཞིའི་སྤྱི་དཔལ་ཁྲོ་བོའི་རྗེ་བཙན་ཆེ། །བསྟན་པའི་བཀའ་སྲུང་བདུད་འདུལ་ཕྲིན་ལས་མགོན། །དཔལ་ལྡན་མ་ནིང་ནག་པོ་དབྱིངས་ནས་བཞེངས། །ཁྱོད་ཉིད་སླར་ཡང་བསྟན་དགྲ་འདུལ་བའི་ཕྱིར། །ལས་ཀྱི་ཕོ་ཉ་སྲོག་བདུད་ནག་པོ་ཆེ། །དཔལ་འབར་མ་ཧཱ་ཀཱ་ལ་མཆེད་ལྔ་བཅས། །རང་བྱུང་སྤྲུལ་པའི་གནས་ནས་གཤེགས་སུ་གསོལ། །ཆོས་བཞིན་སྤྱོད་ཀྱང་སྙིགས་མར་གྱུར་པའི་མཐུས། །ནད་མུག་མཚོན་གྱི་ཕྱི་ནང་བར་ཆད་ཀུན། །སྲུང་མཛད་སྙིང་རྗེ་བཞེངས་པའི་མཐུ་བོ་ཆེ། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་པྲ་ཎ་མཱ་ར་ནཱ་ཐ་པཉྩ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཧཱུྃ། དུར་ཁྲོད་དྲག་པོའི་གཞལ་ཡས་ཁང༌། །དགྲ་བགེགས་བསྣོལ་བ་པད་ཉིའི་སྟེང༌། །མ་ཧཱ་ཀཱ་ལ་འཁོར་དང་བཅས། །དགྱེས་པ་ཆེན་པོས་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛནྟུ། སྔོན་ཚེ་དཔལ་གྱི་ཐ་ཚིག་བཞིན། །རྡོ་རྗེའི་ཡལ་གམ་གཉན་པོ་ལས། །ནམ་ཡང་འདའ་བར་མ་མཛད་པར། །ཇི་ལྟར་གསོལ་བའི་ལས་ཀུན་མཛོད། །ས་མ་ཡ་ཨུ་ད་ཀ་ཋ་ཋ་ཋ་ཧཱུྃ༔ ཧཱུྃ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་བཟང་པོའི་མཆོད་སྤྲིན་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བསྟན་པ་སྲུང་ཕྱིར་བཞེས་སུ་གསོལ། ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཤྨ་ཤཱ་ན་ཨརྒྷཾ་ནས་ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ། མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མགོན་པོའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་པྲ་ཎ་མཱ་ར་ནཱ་ཐ་པཉྩ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾཏ་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་ཕུལ། དཔལ་ཡེ་ཤེས་མགོན་པོ་མ་ནིང་ནག་པོའི་ཕྲིན་ལས་ཀྱི་ཕོ་ཉ་སྲོག་བདག་བདུད་ཀྱི་མགོན་པོ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མགོན་པོ་འཁོར་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུང་སོགས་ཀྱིས་ཕྲིན་ལས་བཅོལ་ལ། བསྟོད་པ་ནི། ཧཱུྃ༔ སྲོག་བདུད་མ་ཧཱ་ཀཱ་ལ་ནི། །རྔམས་པའི་ཞལ་ལ་གཏུམ་པའི་སྐུ། །གསོད་དང་གཅོད་པའི་ལས་ལ་དགྱེས། །ཁྱོད་ལ་བསྟོད་དོ་བསམ་པ་སྒྲུབས། །མིང་པོའི་རྡོ་རྗེའི་ལས་བྱེད་མ། །དམ་ལ་གནས་ཤིང་བསྟན་པ་སྲུང༌། །ཁམས་གསུམ་ཁྲག་འཐུང་རེ་མ་ཏི། །ཁྱོད་ལ་གུས་པས་ཕྱག་འཚལ་འདུད། །དཔལ་མགོན་མ་ནིང་ནག་པོ་ཆེའི། །སྐུ་གསུང་ཐུགས་དང་ཡོན་ཏན་གྱི། །ཕྲིན་ལས་རྣམ་འཕྲུལ་མགོན་པོ་ཆེ། །སྡེ་ལྔ་འཁོར་དང་བཅས་ལ་བསྟོད། །ངོ་བོ་དཔལ་ཆེན་ཁྲག་འཐུང་ཆེ། །སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར། །རྣམ་པ་བསྟན་སྲུང་མ་ནིང་ཚུལ། །འཁྱོལ་བའི་ཁྲོ་རྒྱལ་ཆེ་ལ་བསྟོད། །སྣང་སྲིད་ལྷ་སྲིན་དྲེགས་པའི་སྡེ། །ཀུན་ཀྱང་ཁྱོད་ཀྱི་བཀའ་ཉན་འབངས། །ཕྲིན་ལས་མངགས་གཞུག་ཕོ་ཉའི་ཚུལ། །འཁོར་དང་བཅས་ལ་གུས་པས་བསྟོད། །དཔལ་གྱི་སྤྱན་སྔར་ཁས་བླངས་བཞིན། །རྒྱལ་བའི་བསྟན་སྲུང་བསྟན་འཛིན་སྐྱོངས། །ཆོས་ལྡན་རྒྱལ་པོའི་ཆབ་སྲིད་རྒྱས། །ཆོས་མཐུན་བཞེད་དོན་སྒྲུབ་པར་མཛོད། །ཡོངས་ལ་གནོད་དང་བསྟན་པའི་དགྲ། །མི་སྲུན་བར་ཆད་ནག་ཕྱོགས་བདུད། །ཡེ་ཤེས་དབྱིངས་སུ་སྒྲོལ་བར་མཛོད། །བཟླས་པ་བྱེད་ན། མདུན་གྱི་མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཧཱུྃ། ལྷ་མོའི་ཐུགས་ཀར་བྷྱོ་ཡི་མཐར་རང་སྔགས་ཀྱིས་བསྐོར་བ་ལ་རང་ཡི་དམ་གྱི་ཐུགས་ཀའི་འོད་ཀྱིས་རེག་པས་དོན་གཉིས་བྱས། སྲུང་མ་ལྕམ་དྲལ་གྱིས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་པས་ཅི་འདོད་པའི་ལས་རབ་འབྱམས་སྒྲུབ་པར་གྱུར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲཀྴད་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ། །ཅེས་ཅི་ནུས་བཟླ། ཐུན་མཐར་གཏོར་མ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་རླབས་བྱས་པ། གོང་གི་སྔགས་མཐར། ཨོཾ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་གཽ་རོ་ཙ་ན་ཁཱ་ཧི། ལན་གསུམ་དང༌། རཾ་ལས་བྱུང་བའི་སྟོབས་པོ་ཆེ། །བདུད་ཀྱི་རྒྱལ་པོ་ཁྲོ་གཏུམ་ཅན། །རྟ་ནག་ཞོན་པ་རྫུ་འཕྲུལ་ཆེ། །སྡིག་ཅན་སྒྲོལ་མཛད་ཁྱོད་ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཕྲིན་ལས་ཞུ། སྤྲོ་ན་བསྐང་བ་བྱ་སྟེ། ནམ་མཁའ་མཛོད་སྔགས་ལན་གསུམ་རྒྱ་བཅས་བྱ། སྟོང་པའི་ངང་ལས་གནས་ཁང་དུར་ཁྲོད་དྲག་པོའི་གཞལ་མེད་ཁང་དུ་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་བསྐང་རྫས་སྲུང་མའི་དབང་པོ་རྣམས་ཀྱི་ཐུགས་ལ་ཇི་ལྟར་བཞེད་དགུ་འཆར་བར་གྱུར། བཛྲ་སྥ་ར་ཎ་ཁཾ། ཧཱུྃ། ནག་པོ་ཆེན་པོ་འཁོར་བཅས་ལ། །བདག་གིས་མཆོད་པ་འབུལ་བ་ནི། །དགྲ་བགེགས་མ་ལུས་བསྒྲལ་བ་ཡི། །དམར་ཆེན་ཁྲག་གི་ཨརྒྷཾ་དང༌། །དབང་པོ་ལྔ་ཡི་མེ་ཏོག་དང༌། །རུས་པ་རྐང་ཀླད་བསྲེས་པའི་སྤོས། །ཞུན་ཆེན་གསལ་བའི་སྒྲོན་མེ་དང༌། །རྡོ་རྗེ་རང་བྱུང་དྲི་ཆབ་དང༌། །ཤ་ཆེན་སྣ་ལྔའི་ཞལ་ཟས་དང༌། །རྐང་གླིང་ཐོད་རྔ་སྙན་པའི་སྒྲ། །དངོས་འབྱོར་ཡིད་སྤྲུལ་མཁའ་བཀང་ནས། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་གཉན་པོ་དགྱེས་པར་བསྐང༌། །གཞན་ཡང་མཆོད་པ་འབུལ་བ་ནི། །འབྲུ་བཅུད་སྟོང་སྦྱར་ཛ་གད་དང༌། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན། །དགྲ་བགེགས་རྣམ་གཉིས་བསྒྲལ་བ་ཡི། །དོན་སྙིང་ཤ་རུས་གཏོར་ཆེན་བཤམས། །དེ་བཞིན་ཚེ་འཛིན་ཁྲག་གི་རྒྱུན། །བྷནྡྷ་ལྕང་ལོ་ཁྲག་གིས་བཀང༌། །བླ་ན་མེད་པའི་མཆོད་པ་འབུལ། །མཐུན་པའི་རྫས་སུ་བཞེས་པར་མཛོད། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་གཉན་པོ་དགྱེས་པར་བསྐང༌། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །ཞིང་ཆེན་བླ་བྲེ་འཕན་གདུགས་དང༌། །རྒྱུ་རློན་ལྡ་ལྡིའི་སྙིང་ཕྲེང་འཕྱང༌། །ཀེང་རུས་སྣ་ཚོགས་རི་ལྟར་སྤུངས། །ཤ་ཁྲག་དྲི་གསུར་རྒྱུན་མི་ཆད། །སྣ་ཚོགས་རྒྱན་གྱི་མཆོད་པ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་གཉན་པོ་དགྱེས་པར་བསྐང༌། །མཐུན་རྫས་ཐུགས་ལ་བཞེད་དགུ་དང༌། །རྟེན་རྫས་སྐུ་གསུང་ཐུགས་བྱིན་ཆགས། །སྒྲུབ་དང་བསྐང་རྫས་གཞུང་བཞིན་བསགས། །སྲིད་ཞིའི་དཔལ་འབྱོར་ལོངས་སྤྱོད་རྒྱན། །ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་གཏེར། །ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོ། །གསང་མཆོག་དགྱེས་པའི་རོལ་མོ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་གཉན་པོ་དགྱེས་པར་བསྐང༌། །ཐུགས་འཁྲུགས་དགོངས་པ་སྙིང་ནས་བཤགས། །བྱང་དག་དགྱེས་པའི་དངོས་གྲུབ་སྩོལ། །གུས་གདུང་མོས་པས་ལེགས་མཆོད་ན། །དམ་ཚིག་དབང་གི་བཞེས་ནས་ཀྱང༌། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བཤགས་པ་ནི། ཧཱུྃ། དཔལ་མགོན་སྡེ་ལྔ་ལྕམ་དྲལ་སོགས། །དམ་ཅན་རྒྱ་མཚོ་དགོངས་སུ་གསོལ། །བདག་ཅག་བླུན་རྨོངས་གཏི་མུག་པས། །རྡོ་རྗེ་ཐེག་པའི་དམ་ལས་འདྲལ། །མཆོད་གཏོར་དུས་འདས་བསྙེན་སྒྲུབ་གཡེལ། །ལྟ་བ་མ་རྟོགས་སྤྱོད་པ་འཆོལ། །བསྙེན་སྒྲུབ་མ་རྫོགས་ལས་ལ་བསྐུལ། །གསང་བ་མ་སྲུང་ཉམས་དང་འདྲེས། །མཆོད་བསྟེན་བསྐང་བའི་རྫས་མ་ཚང༌། །གཞུང་བཞིན་མ་སྤྱད་ནོངས་པ་སོགས། །ཐུགས་དང་འགལ་ཀུན་སྙིང་ནས་བཤགས། །འགལ་འཁྲུལ་ཉམས་ཆག་བཟོད་བཞེས་ལ། །ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཡི་གེ་བརྒྱ་པ་བཟླ། ཕྲིན་ལས་བཅོལ་བ་ནི། ཧཱུྃ། ཆོས་ཉིད་འགྱུར་བ་མེད་པའི་ཀློང༌། །མཆོག་ཏུ་ཞི་བའི་དབྱིངས་སིམས་ཀྱང༌། །རྒྱལ་བསྟན་རིན་ཆེན་སྙིང་པོའི་དཔལ། །སྤེལ་ཕྱིར་སྒྱུ་འཕྲུལ་རོལ་མོ་ནི། །སྲིད་ཞིའི་རྗེ་བཙན་ལྷ་ཆེན་པོ། །དཔལ་འབར་མ་ཧཱ་ཀཱ་ལ་ཡི། །ཕྲིན་ལས་དྲག་ཤུལ་རོལ་པའི་གཟུགས། །སྲོག་བདག་བདུད་ཀྱི་མགོན་པོ་ཆེ། །ལས་མགོན་ཆེན་པོ་བྱ་རོག་གདོང༌། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ། །ལྕམ་དྲལ་བཀའ་སྡོད་ཕོ་ཉ་བཅས། །འཁོར་དང་བྲན་གཡོག་མ་ལུས་ལ། །མཆོད་གཏོར་ཕུད་སྐྱེམས་རྒྱ་མཚོར་འབུལ། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ །རྩ་བརྒྱུད་རིག་འཛིན་བླ་མ་ཡི། །བཀའ་སྒོས་ཐ་ཚིག་ཕོག་པ་བཞིན། །ཁྱེད་ལ་ཕྲིན་ལས་གསོལ་བ་ནི། །སྲིད་ཞིའི་ལེགས་ཚོགས་འབྱུང་བའི་གནས། །སངས་རྒྱས་བསྟན་པ་རིན་པོ་ཆེ། །བཤད་སྒྲུབ་ལས་ཀྱི་འཁོར་ལོས་རྒྱས། །དེ་འཛིན་སྐྱེས་བུའི་མཛད་ཕྲིན་དང༌། །ཁྲིམས་ལྡན་དགེ་འདུན་འདུས་པ་རྒྱས། །དཀོན་མཆོག་གསུམ་གྱིས་དབུ་འཕང་བསྟོད། །མ་ལུས་འགྲོ་བའི་བདེ་སྐྱིད་དང༌། །རྣམ་དཀར་ཡིད་ཀྱི་འཇུག་པ་བསྐྱེད། །ཀུན་ཀྱང་མཆོག་གསུམ་སྐྱབས་སུ་བསྟེན། །ལས་འབྲས་བླང་དོར་སྲུང་ཞིང་སྡོམ། །ཆོས་ལྡན་རྒྱལ་པོའི་མངའ་ཐང་མཆོག །ཕས་རྒོལ་མི་མཐུན་ཕྱོགས་ལས་རྒྱལ། །ནད་གདོན་སྡེ་བརྒྱད་གནོད་པ་སྲུངས། །བྱད་ཕུར་རྦོད་གཏོང་འགལ་རྐྱེན་ཟློག །ཚེ་དང་བསོད་ནམས་རླུང་རྟ་སྤེལ། །མཐུན་རྐྱེན་འདོད་དགུ་འབད་མེད་འགྲུབ། །ས་གསུམ་ཡིད་ཀྱི་བརྟན་པ་འཕྲོག །སྲིད་སྲུང་རིགས་རྒྱུད་དཔལ་འབྱོར་དར། །ཡིད་མཐུན་ཆབ་སྲིད་རྒྱས་བརྟན་སོགས། །མདོར་ན་ཕ་ཡིས་བུ་སྲུང་བཞིན། །མི་དང་ལྷ་རུ་མི་འབྲལ་བས། །འདོད་དགུ་ལྷུན་གྱིས་གྲུབ་པར་མཛོད། །གསོལ་ཕྲིན་གཞན་དང་མ་འབྲེལ་ན་ཡིག་བརྒྱས་ནོངས་པ་བཤགས་ཤིང༌། བརྟན་བཞུགས་སོགས་རྗེས་རིམ་སྤྱི་ལྟར་བྱའོ། །ཅེས་པའང་དྭགས་རྙིང་བསྟན་པའི་སྦྱིན་བདག་ཆེན་པོ་ལྷོ་འབྲུག་ས་སྐྱོང་རིམ་བྱོན་གྱི་སྲུང་མ་བྱང་བདུད་ཀྱི་མགོན་པོ་འདི་ཉིད་ལ་འཇིགས་མེད་སེང་གེ་དབང་ཕྱུག་གི་སྐབས་སུ་རྟེན་འཛུགས་དང་གསོལ་ཕྲིན་རྒྱས་པ་ཞིག་དགོས་གལ་ཆེ་ཚུལ་ས་སྐྱོང་དབང་མོ་སྐལ་བཟང་ཆོས་ཀྱི་སྒྲོན་མའི་བཀའ་ལུང་གིས་བསྐུལ་ཏེ་མདོ་ཁམས་ནས་རྐང་འཁྱམ་བའི་སྔགས་བན་རྒན་པོ་བདུད་འདུལ་ཕྲིན་ལས་རོལ་པ་བཀྲ་ཤིས་དཔལ་འབྱོར་གྱིས་སྨན་ལྗོངས་རྒྱལ་ས་ཆེན་པོའི་ལྟེ་བ་ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་གི་ཕོ་བྲང་བ་གམ་གསུམ་བར་གཟིམས་སྦུག་བདུད་འདུལ་དཔལ་གྱི་ཚོགས་ཁང་དུ་བྲིས་པས་བསྟན་འགྲོའི་དགེ་མཚན་ཅིར་ཡང་རྒྱས་པའི་རྟེན་འབྱུང་དུ་གྱུར་ཅིག། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-10-THA]] | [[Category:DKR-KABUM-Volume-10-THA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:40, 4 November 2022
🚧 This website is under continued development. We appreciate your patience!
Previous Text"THA" is not a number. Back to Volume Page"THA" is not a number.Next Text "THA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "tha"., Text 54, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "THA" is not a number. |
"THA" is not a number.