DKR-KABUM-10-THA-023: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=THA | |||
|textnuminvol=023 | |||
|pdflink=File:DKR-KABUM-10-THA-023.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །བླ་ཕུར་ཐུགས་ཀྱི་ཐིག་ལེ་ལས། །ཕྲིན་ལས་དཔལ་ཆེན་རང་རྫོགས་བཞུགས།། | |||
ན་མོ་གུ་རུ་བཛྲ་ཤྲཱི་ཀུ་མཱ་ར་ཡེ། བླ་མ་རྡོ་རྗེ་ཕུར་བའི་རྒྱུན་གྱི་ཕྲིན་ལས་ཉམས་སུ་བླང་བར་འདོད་པ་དག་གི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས་ལས་ཐོག་མར་སྨན་རཀ་གཏོར་ཚོགས། སྲུང་མའི་གཏོར་འབུལ། ཆད་བརྟན་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཚགས་སུ་ཚུད་པར་བྱས་ལ། གཉིས་པ་ལ་བདུན་ལས། དང་པོ་ནི་སྐྱབས་ཡུལ། བླ་མ་རིག་འཛིན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་ཁྱབ་ཏུ་སད་པར་བྱས་ལ། གཉིས་པ་ནི། ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷ། །མཁའ་འགྲོ་ཡེ་ཤེས་ཆོས་སྐྱོང་ཚོགས། །གདོད་ནས་ཡོངས་གྲུབ་རང་ཤར་ལ། །རང་ངོ་ཤེས་པས་སྐྱབས་སུ་མཆི། །ལན་གསུམ། གསུམ་པ་ནི། ཀྱེ་མ། གཉིས་སུ་འཛིན་པས་འཁྲུལ་པའི་འགྲོ། །མཁའ་ཁྱབ་ཕ་མ་སེམས་ཅན་ཀུན། །ཀ་དག་ཆེན་པོར་དོང་སྤྲུགས་ཕྱིར། །ལྷུན་གྲུབ་ཆེན་པོར་སེམས་བསྐྱེད་དོ། །ལན་གསུམ། བཞི་པ་ནི། སྤྲོ་ན་རྒྱུན་བཤགས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་གཞིར་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང༌། །དག་པ་མཐའ་བཞིའི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་བའི་དགེ་བ་རྣམས། །བསྡུས་ནས་བྱང་ཆུབ་མཆོག་ཏུ་བསྔོ། །ཞེས་བརྗོད་སྐྱབས་ཡུལ་རང་ལ་བསྡུ། ལྔ་པ་ནི་སྤྲོས་བཅས་ཚོགས་མཆོད་སྐབས་འབྱུང་གཏོར་བྱིན་རླབས་སྔོན་དུ་འགྲོ་བས། ཧཱུྃ། ཉོན་ཅིག་གཉིས་འཐས་གདོན་གཟུགས་ཀུན། །རང་ཤར་རང་གྲོལ་གཏོར་མ་ལོངས། །འཕོ་མེད་ཀ་དག་ཀློང་དུ་དེངས། །གཞོམ་མེད་རྡོ་རྗེས་མཚམས་བཅད་དོ། །དྷརྨ་དྷཱ་ཏུ་བཛྲ་རཀྵ་བྷྲཱུྃ། ཞེས་རྡོ་རྗེ་སྲུང་བའི་གོ་བགོ་ཞིང༌། དྲུག་པ་ནི། ཧཱུྃ། ཀ་དག་འོག་མིན་ཁྱབ་གདལ་ཀློང༌། །སྤྲོ་བསྡུའི་མཚན་མ་མི་དམིགས་ཀྱང༌། །ཐུགས་རྗེའི་ཡེ་ཤེས་སྒྱུ་འཕྲུལ་སྤྲིན། །བསམ་མི་ཁྱབ་པའི་བྱིན་ཕོབ་ཅིག །བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཿ བདུན་པ་མཆོད་པ་བྱིན་རླབས་ནི། ཧཱུྃ། བླ་མེད་གསང་བའི་དཀྱིལ་འཁོར་དུ། །ཕྱི་ནང་གསང་བའི་མཆོད་སྤྲིན་ཚོགས། །རྒྱལ་བ་མ་ལུས་སྐོང་བའི་རྫས། །རབ་འབྱམས་ནམ་མཁའ་གང་བར་གྱུར། །ཨོཾ་ཨཱཿཧཱུྃ་མ་ཧཱ་པཱུ་ཛ་མེ་གྷ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིཾ་ཏ་བྷོ་དྷི་ཙིཏྟ་ག་ཎ་གུ་ཧྱ་ཏ་ན་སརྦ་དྷརྨ་དྷཱ་ཏུ་ཨ་ཏི་ཧོཿ ཞེས་ལན་གསུམ་གྱིས་བརླབས། གཉིས་པ་དངོས་གཞི་ལ་བདུན་ལས། དང་པོ་ལྷར་གསལ་གདབ་པ་ནི། ཧཱུྃ༔ རྡོ་རྗེ་ཁྲོས་པའི་ཏིང་འཛིན་གྱིས༔ ཉོན་མོངས་ཞེ་སྡང་རྣམ་པར་འཇོམས༔ རྒྱུ་ཡི་ཧཱུྃ་ཡིག་འོད་འབར་བ༔ མཁའ་དཀྱིལ་དྭངས་མར་ཤར་བ་ཉིད༔ འཕྲོ་འདུས་ཡོངས་གྱུར་སྐད་ཅིག་གི༔ རང་བྱུང་ལྷུན་གྲུབ་གཞལ་ཡས་དབུས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ མཐིང་ནག་རབ་ཁྲོས་འཇིགས་པའི་གཟུགས༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ སྤྱན་དགུ་སྡང་མིག་ཕྱོགས་བཅུར་གཟིར༔ དྲེགས་པ་ཕོ་མོ་འདར་ཞིང་སྔངས༔ གཡས་གཉིས་རྩེ་དགུ་རྩེ་ལྔ་དང༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་ག༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ༔ དཔལ་དང་དུར་ཁྲོད་ཆས་རྣམས་རྫོགས༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ མཐིང་ནག་འབར་བ་པད་ཉིའི་སྟེང༔ ལྷ་ཆེན་ཁྱོ་ཤུགས་བསྣོལ་བའི་ཁར༔ ཞབས་བཞི་གྱད་ཀྱི་རོལ་པས་བཞུགས༔ པང་དུ་འཁོར་ལོ་རྒྱས་འདེབས་ཡུམ༔ མཐིང་སྐྱ་ཨུཏྤལ་དུང་དམར་སྟོབ༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ ཁྲོ་མོའི་ཆས་ལྡན་བདེ་ཆེན་སྦྱོར༔ ཡབ་ཀྱི་ཐུགས་ཀར་པད་ཉིའི་སྟེང༔ སྟག་ཆེན་གྲུས་མ་ལ་གནས་པའི༔ འཆོལ་བའི་ཁྲོ་རྒྱལ་གྲོ་བོ་ལོད༔ སྨུག་གཏུམ་ཁྲོ་བོ་མེ་ལྟར་འབར༔ གཡས་གཡོན་རྡོ་རྗེ་ཕུར་པ་འཛིན༔ རབ་བྱུང་ཆས་དང་ཐོད་ཕྲེང་སོགས༔ ཐེག་པ་ཡོངས་རྫོགས་བདག་ཉིད་ཅན༔ རང་བྱུང་དཔལ་ཆེན་སྐུའི་གནས་སུ༔ འབར་བའི་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ སྤྱི་བོར་བླ་མ་མི་བསྐྱོད་པ༔ ཕྱི་རོལ་རྩིབས་བཞིར་སྲས་མཆོག་བཞི༔ ཁྲག་ཁྱམས་ཕུར་སྲུང་དམ་ཅན་དང༔ སྒོ་བཞིར་སྒོ་སྐྱོང་ལ་སོགས་པ༔ མ་བསྐྱེད་ཡེ་ནས་རྫོགས་པར་གསལ༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ ཡེ་ཤེས་ལྔའི་དབང་ཅོད་པན་རྫོགས༔ ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་མཱ་ཛཿ གཉིས་པ་སྤྱན་འདྲེན་ནི། ཧཱུྃ༔ ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་ནས༔ མི་ཕྱེད་རྡོ་རྗེ་ཕུར་པའི་ལྷ༔ སྲས་དང་སྤྲུལ་པར་བཅས་པ་རྣམས༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཛཿཧཱུྃ་བྃ་ཧོཿ བཛྲ་ས་མཱ་ཛཿ གསུམ་པ་བཞུགས་གསོལ་ནི། ཧཱུྃ༔ འབར་བའི་ཁྲོ་རྒྱལ་འཁོར་དང་བཅས༔ དམ་ཚིག་འཁོར་ལོར་གཉིས་མེད་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་ནི། ཧོཿ རང་བྱུང་དཔལ་ཆེན་ལྷ་ཚོགས་རྣམས། །རང་ངོ་ཤེས་པས་མཇལ་ཕྱག་འཚལ། །ས་མ་ཡ་ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོཿ ལྔ་པ་མཆོད་པ་ནི། ཧཱུྃ༔ དཔལ་ཆེན་འབར་བའི་དཀྱིལ་འཁོར་ལ། །ཕྱི་ནང་གསང་མཆོད་བླ་མེད་རྫས། །གུས་པས་འབུལ་ལོ་དགྱེས་བཞེས་ནས། །མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིཾ་ཏ་ཏ་གྷ་ཎ་གུ་ཧྱ་བོ་དྷི་ཙིཏྟ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ། ཞེས་མཆོད་ལ། དྲུག་པ་བསྟོད་པ་ནི། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེའི་སྐུར་སྟོན་པ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཕུར་པ་ཕྲིན་ལས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། བདུན་པ་ལ་གསུམ། དང་པོ་བསྙེན་པ་ནི། དཔལ་ཆེན་ཐུགས་དབུས་ཡེ་ཤེས་པའི༔ ཐུགས་ཀར་མཆོང་གུར་སྨུག་པོའི་དབུས༔ པད་ཉིར་རླུང་སེམས་གཉིས་མེད་པའི༔ ཧཱུྃ་ཡིག་མཐིང་ཀ་འོད་འབར་བའི༔ མཐའ་བསྐོར་རྡོ་རྗེའི་སྔགས་ཀྱིས་བསྐོར༔ འོད་འཕྲོས་རྒྱལ་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་ལས་སྒྲིབ་མ་ལུས་སྦྱངས༔ སྣང་བ་ཐམས་ཅད་ལྷ་ཡི་སྐུ༔ གྲགས་པ་ཐམས་ཅད་སྔགས་ཀྱི་སྒྲ༔ དྲན་རྟོག་ཡེ་ཤེས་རོལ་པར་བསྒོམ༔ སྣོད་བཅུད་ལྷ་སྔགས་ཡེ་ཤེས་ཀྱི༔ རོལ་པར་ཧཱུྃ་ལྔའི་དབྱངས་སུ་བླང༔ དམ་སྲི་རྒྱལ་འགོང་འབྱུང་པོ་ཐུལ༔ སྐབས་སུ་རྩ་བའི་སྔགས་ཀྱིས་གཟིར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ འབྲུ་འབུམ་བཅུ་དྲུག་དག་གིས་འགྲུབ༔ བསྙེན་དང་ཉེ་བསྙེན་སྒྲུབ་སྒྲུབ་ཆེན༔ སྣ་ཚོགས་ལས་ཀྱི་ལྡེ་ཁ་བསྒྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ ཀ་ཏང་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཙི་ཏེ༔ ཨ་པ་རཱ་ཛི་ཏེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཅེས་གཟེར་ཁ་བཅས་སྤྱི་དྲིལ་སྔགས་ཀྱང་བཟླའོ། །གསུམ་པ་ལས་སྦྱོར་སྐབས་རྫས་ཕུར་དང་ཐུན་རྫས་སོགས་བསགས་ལ་ཕོ་ཉའི་སྔགས་རྦད་དགུ་དང་སྤུ་གྲིའི་སྔགས་བཟླ་བ་ནི་ཁྱད་པར་རོ། །ཐུན་མཐར། ཕུར་པའི་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་མཆོད་དགྱེས་བཞེས་ལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །དམ་སྐོང་མཆོག་ཐུན་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཞེས་སྟོང་ཚིགས་ཀྱིས་མཆོད་ཅིང༌། སྲུང་མ་སྤྱི་དང་བྱེ་བྲག་གི་གསོལ་མཆོད་སྔོན་དུ་འགྲོ་བས། གསུམ་པ་རྗེས་ལ་གཉིས། དང་པོ་ཚོགས་ཀྱི་མཆོད་པ་བྱ་བར་སྤྲོ་ན་དགུ་ལས། ཐོག་མར་ཡོ་བྱད་རྣམས་ཚོགས་པར་བྱས་ལ། རཾ་ཡཾ་ཁཾ། བདག་ཉིད་དཔལ་ཆེན་ཐུགས་ཀ་ནས། །རཾ་ཡཾ་ཁཾ་འཕྲོས་འཛིན་རྟོག་སྦྱངས། །ཨོཾ་ཨཱཿཧཱུྃ། འབྲུ་གསུམ་འཕྲོ་འདུས་ཡོ་བྱད་རྣམས། །ཟག་མེད་མཁའ་ཁྱབ་བདུད་རྩིར་བསྒྱུར། །ཅེས་བསངས་སྦྱངས་བྱིན་གྱིས་བརླབས་ལ། གཉིས་པ་སྤྱན་འདྲེན་ནི། ཧཱུྃ༔ འོག་མིན་མེ་རི་འབར་བའི་ཞིང༌། །གསང་ཆེན་རོལ་པའི་གཞལ་ཡས་ནས། །བླ་མ་ཕུར་པའི་ལྷ་ཚོགས་རྣམས། །རྡོ་རྗེའི་ཚོགས་ལ་སྤྱན་འདྲེན་གཤེགས། །བཛྲ་ས་མཱ་ཛཿ གསུམ་པ་ནི། ཧཱུྃ། བླ་མེད་གསང་བའི་དཀྱིལ་འཁོར་དུ། །ཕྱི་ནང་གསང་བའི་གྷ་ཎའི་སྤྲིན། །དགྱེས་བཞེས་ཉམས་ཆག་དབྱིངས་སུ་བཤགས། །གཉིས་འཛིན་ཀུན་སྒྲོལ་མཆོག་ཐུན་སྩོལ། །ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་ཀུ་མཱ་ར་ས་པཱ་རི་ཝཱ་ར་གྷ་ཎ་ཙཀྲ་པཱུ་ཛ་ཁཱ་ཧིཿ ཞེས་ཕུལ། བཞི་པ་བསྐང་བ་ཟུར་གསལ་ལྟར་དང་བསྒྲལ་མཆོད་སྤྲོ་ན་སྨད་ལས་ལྟར་ལ། ལྔ་པ་བརྡའི་འབུལ་ལེན་བཅས། ནང་གི་བསྲེག་བླུག་ཏུ་རོལ། དྲུག་པ་ལྷག་མ་བསྡུས་ལ་འབྲུ་གསུམ་གྱིས་བརླབས་ཏེ། ཕེཾ་ཞེས་ལྷག་མའི་མགྲོན་དཀུག་ལ། ཧཱུྃ། དཔལ་ཆེན་ཁྲོ་རྒྱལ་བཀའ་ཉན་པའི། །དབང་ཕྱུག་གིང་དང་ལངྐའི་ཚོགས། །དཔལ་གྱི་དམ་ཚིག་ཕ་འབབ་བཞེས། །བཅོལ་བའི་ཕྲིན་ལས་མ་གཡེལ་སྒྲུབས། །ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཞེས་ཕུལ། བདུན་པ་བཀའ་ཡི་སྲུང་མར་ཆད་ཐོ་བསྒྲག་པ་ནི། ཧཱུྃ། སྔོན་ཚེ་རྩ་བརྒྱུད་བླ་མ་དང༌། །དཔལ་ཆེན་ཁྲོ་རྒྱལ་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་ཐ་ཚིག་དགོངས། །མཆོད་གཏོར་བཞེས་ལ་ཕྲིན་ལས་མཛོད། །ས་མ་ཡ་རཀྵནྟུ། བརྒྱད་པ་བཤལ་ཆུ་འབྲུ་གསུམ་བརླབས། བྷྱོཿ སྔོན་ཚེ་པདྨ་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་བརྟན་སྐྱོང་སྡེ། །བཤལ་ཆུའི་བདུད་རྩི་འདི་གསོལ་ལ། །བོད་ཁམས་བདེ་བའི་ཕྲིན་ལས་མཛོད། །མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ། དགུ་པ་རྟ་བྲོ་དམིགས་བྱ་བཀུག ཧཱུྃ། དཔལ་ཆེན་རོལ་པའི་དཀྱིལ་འཁོར་དུ། །གཟུང་འཛིན་རེ་དོག་དམ་སྲིའི་ཚོགས། །ཐར་མེད་ཨེ་ཀློང་རྒྱས་གདབ་བོ། །ཀ་དག་ངང་ལས་མ་ལྡངས་ཤིག །སྟྭཾ་བྷ་ཡ་ལྃ་ནན། ཅེས་བརྗོད་རྡོ་རྗེའི་བྲོ་ཡིས་བསྡུ། ལྷ་རྒྱལ་འབོད་ཅིང་ཚེའི་ཞལ་བསྲོ། གཉིས་པ་ལའང་དགུ་ལས། དང་པོ་ནི། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་གུ་ཧྱ་བོ་དྷི་ཅིཏྟ་སརྦ་པཱུ་ཛ་མེ་གྷ་ཨཱ་ཧཱུྃ། གཉིས་པ་ནི། ཧཱུྃ། བསྐལ་པ་མེ་ལྟར་འབར་བ་ཡི། །དཔལ་ཆེན་ཁྲོ་རྒྱལ་དཔའ་བོའི་སྐུ། །བདུད་འདུལ་ཁྲོ་བཅུ་ཁྲ་ཐབས་བཅས། །བླ་མ་ཕུར་པའི་ལྷ་ལ་བསྟོད། །ཅེས་བསྟོད་ཅིང༌། གསུམ་པ་ནི། ཡེ་ནས་གཉིས་མེད་རོ་གཅིག་ཀྱང༌། །མ་རྟོགས་འཁྲུལ་པས་འཁོར་གྱུར་ཚེ། །འགལ་འཁྲུལ་ནོངས་པར་གྱུར་པ་ཀུན། །ཀ་དག་ཆོས་དབྱིངས་ཀློང་དུ་བཤགས། །ཞེས་དང༌། ཡིག་བརྒྱས་ལྷག་ཆད་བསྐངས། བཞི་པ་དངོས་གྲུབ་བསྐུལ་བའི་རྫས་དང་བཅས། ཧཱུྃ༔ དིཔྟ་ཙཀྲ་ཕུར་པའི་ལྷ༔ དཔལ་ཆེན་ཁྲོ་རྒྱལ་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི༔ དངོས་གྲུབ་མ་ལུས་བདག་ལ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད། རྒྱུན་གྱི་དངོས་གྲུབ་བླང༌། ལྔ་པ་བརྟན་བཞུགས་བྱ་ཞིང༌། དྲུག་པ་ནི། ཧོཿ སྣང་སྲིད་སྣོད་བཅུད་གཞལ་ཡས་ལྷ། །ཀ་དག་ཆོས་ཉིད་ཀློང་དུ་ཐིམ། །ཨ་ཨ་ཨ། བདུན་པ་ནི། སླར་ཡང་ཆུ་ལས་ཉ་ལྡང་ལྟར། །དཔལ་ཆེན་འབར་བའི་ཕྱག་རྒྱར་བཞེངས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཝཱ་ཙི་རཀྵ་ཧཾཿ ཞེས་བསྡུ་ལྷར་ལྡང་གོ་བགོའོ། །བརྒྱད་པ་ནི། ཧོཿ དཔལ་ཆེན་བསྒྲུབས་པའི་དགེ་ཚོགས་རྒྱུན། །ཀ་དག་བྱང་ཆུབ་ཆེན་པོར་བསྔོ། །མ་རྟོགས་མཁའ་ཁྱབ་འགྲོ་བ་ཀུན། །ལྷུན་གྲུབ་ཀློང་དུ་གྲོལ་གྱུར་ཅིག །ཅེས་བསྔོ། དགུ་པ་ཤིས་བརྗོད་ནི། ཧོཿ གཞི་དབྱིངས་གདོད་མའི་ཀུན་ཏུ་བཟང༌། །རང་རྩལ་དཔལ་ཆེན་འབར་བའི་ལྷ། །ཡེ་གྲོལ་དག་པ་རབ་འབྱམས་ཀློང༌། །མངོན་འཚང་རྒྱ་བའི་བཀྲ་ཤིས་ཤོག །ཅེས་བརྗོད་དགེ་ལེགས་ཆར་དུ་བསྙིལ། གཏེར་གཞུང་རྡོ་རྗེའི་ཚིག་རྐང་ལ། །འཐད་ལྡན་ཁ་སྐོང་ཕྲ་ཚོམ་བསྟར། །དགེ་བས་ཡིད་ཅན་རྙོག་མ་དྭངས། །དག་པའི་མཁའ་ལ་གར་གྱུར་ཅིག །ཅེས་པ་འདིའང་༧སྐྱབས་རྗེ་རྡོ་རྗེ་འཆང་གི་ཞལ་སྐྱིན་རྩེ་སྤྲུལ་མ་ཧཱ་རཏྣ་ཝགིནྡྲ་ཤྲཱི་མ་ན་དང༌། རྩ་གླིང་མཆོག་སྤྲུལ་རིན་པོ་ཆེ་སོགས་ཀྱི་སྔར་ནས་བཀའ་བསྩལ་སྤྱི་བོར་ཕེབས་པ་དང༌། ཉེ་ཆར་རང་སློབ་ཨ་བྷ་ཡ་སོགས་ཀྱིས་བཞེད་པ་སྐོང་སླད། ༧དཔལ་ཨོ་རྒྱན་སངས་རྒྱས་གཉིས་པ་དཀྱིལ་འཁོར་འདི་ཉིད་ཀྱི་གཙོ་བོར་བཞེངས་ཏེ་མ་འོངས་དོན་དུ་ཐུགས་སྲས་རྗེ་འབངས་གྲོགས་བཅས་སྨིན་གྲོལ་ལ་བཀོད་པའི་གནས་མཆོག་སྤ་གྲོ་སྟག་ཚང་དུ་༧སྐྱབས་གཅིག་གཏེར་ཆེན་བླ་མའི་བྱིན་རླབས་ཀྱི་འོད་སྣང་ཏི་ལ་ཀར་སོན་པ་བྷུ་སུ་ཀུ་ཛྙཱ་ན་བཛྲ་གྱིས་བཀོད་པ་ཡི་གེ་པ་ནི་ཨ་བྷ་ཡས་སོ། །ཤུབྷཾམསྟུ་སརྦ་ཛ་ག་ཏཾ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-10-THA]] | [[Category:DKR-KABUM-Volume-10-THA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:40, 4 November 2022
🚧 This website is under continued development. We appreciate your patience!
Previous Text"THA" is not a number. Back to Volume Page"THA" is not a number.Next Text "THA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "tha"., Text 23, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "THA" is not a number. |
"THA" is not a number.