DKR-KABUM-02-KHA-028: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 1: Line 1:
{{WyliePageHeader}}
{{Khyentse Metadata
 
|classification=Tibetan Publications
<div class="wylie-content"
|subclass=Tibetan Texts
 
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|language=Tibetan
|pagestatus=Temporary stub only
|volumenumber=KHA
|textnuminvol=028
|pdflink=File:DKR-KABUM-02-KHA-028.pdf
}}
{{Header}}
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
 
{{TibP|༄༅།  ཨ།  སྣང་བ་རྣམ་དག་འོག་མིན་སྟུག་པོ་བཀོད།  །སྲིད་པ་རང་གྲོལ་ཡེ་ཤེས་རྒྱན་གྱི་ཞིང༌།  །རང་ཉིད་རྣལ་འབྱོར་མར་གསལ་སྤྱི་གཙུག་ཏུ།  །རིགས་ཀུན་ཁྱབ་བདག་མཁྱེན་རྩེའི་འོད་ཟེར་ནི།  །དཀར་གསལ་གཟི་བརྗིད་རབ་རྒྱས་འཛུམ་ཞལ་ཅན།  །ན་བཟའ་ངུར་སྨྲིག་ཆོས་གོས་གསུམ་གྱིས་བཀླུབས།  །ཕྱག་གཡས་ཆོས་འཆད་པདྨའི་སྡོང་བུའི་རྩེར།  །རལ་གྲི་གླེགས་བམ་མཛེས་ཤིང་གཡོན་མཉམ་བཞག  །འཆི་མེད་བདུད་རྩིས་གང་བའི་ཚེ་བུམ་བསྣམས།  །ཞབས་ཟུང་སྐྱིལ་ཀྲུང་མི་གཡོའི་ཚུལ་དུ་བཞུགས།  །ལྕང་ལོ་ཐུར་འཕྱང་པདྨ་མཐོང་གྲོལ་གསོལ།  །ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་དབྱངས།  །དམར་སེར་རལ་པོད་རྡོ་རྗེའི་སྐྱིལ་ཀྲུང་ཅན།  །ལོངས་སྐུའི་ཆས་རྫོགས་དཔལ་བེའི་དབུས་ན་མཛེས།  །འཁོར་དུ་བརྒྱུད་གསུམ་བླ་མ་ཡི་དམ་ལྷ།  །སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཚོགས།  །དྭངས་པའི་མཁའ་ལ་ཆར་སྤྲིན་གཏིབས་ལྟར་གསལ།  །རང་སྣང་བླ་མར་ཤེས་པས་ཕྱག་འཚལ་ལོ།  །ཀུན་བཟང་སྒྱུ་འཕྲུལ་རྡོ་རྗེའི་མཆོད་སྤྲིན་འབུལ།  །སྡོམ་གསུམ་འགལ་འཁྲུལ་སྡིག་ལྟུང་བཤགས་ཤིང་སྡོམ།  །ཟག་མེད་དགེ་ལ་ཡི་རང་ཆོས་འཁོར་བསྐོར།  །མྱ་ངན་མི་འདའ་བཞུགས་གསོལ་སྙིང་ནས་འདེབས།  །དུས་གསུམ་རྣམ་དཀར་མཁའ་ཁྱབ་འགྲོ་ལ་བསྔོ།  །སངས་རྒྱས་ཀུན་གྱི་ངོ་བོ་བླ་མ་རྗེ།  །ཟག་མེད་རྣམ་གྲོལ་ཡོན་ཏན་ཀུན་སྩོལ་མགོན།  །སྲིད་པའི་ཉེས་སྐྱོབས་དྲན་པས་གདུང་སེལ་རྗེར།  །མོས་གུས་རྩལ་སྤྲུགས་སྙིང་ནས་ཡང་ཡང་དྲན།  །སྨིན་གྲོལ་མཆོག་སྩོལ་ཕྱི་ཡི་བླ་མ་ལ།  །ཅི་མཛད་ལེགས་མཐོང་དད་པས་ཉེར་བསྐུལ་ནས།  །སྣང་གྲགས་རིག་པ་ནང་གི་བླ་མ་རྗེའི།  །གསང་བ་གསུམ་རྫོགས་དག་སྣང་འབྱམས་སུ་ཀླས།  །དབྱིངས་རིག་དབྱེར་མེད་དོན་གྱི་བླ་མའི་ཞལ།  །ཡོངས་གྲུབ་མོས་གུས་ཤུགས་ཀྱིས་འདུ་འབྲལ་མེད།  །འདི་ཕྱི་བར་དོ་ཀུན་ཏུ་རྗེས་ཟིན་ཏེ།  །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས།  །ངེས་འབྱུང་སྙིང་རྗེས་ལམ་གྱི་གཞི་རྩ་བརྟན།  །དད་བརྩོན་བློ་གྲོས་ལམ་གྱི་ཡན་ལག་རྫོགས།  །འཕགས་པའི་སྤངས་རྟོགས་མཐོང་བས་ཆོས་ལ་སྤྱོད།  །དཔལ་མགོན་བླ་མའི་དགོངས་སྤྱོད་དབང་ཐོབ་ཤོག  །ཨོཾ་མ་ཧཱ་གུ་རུ་ཛྙཱ་ན་ཀ་རུ་ཎ་རསྨི་སརྦ་སིདྡྷི་ཧཱུྃ།  ཞེས་བཟླ།  བླ་མའི་གནས་གསུམ་འོད་ཀྱིས་སྒོ་གསུམ་གྱི།  །སྒྲིབ་སྦྱངས་དབང་བཞིའི་རྟོགས་པ་རྒྱུད་ལ་སྐྱེས།  །ལམ་བཞི་མངོན་གྱུར་སྐུ་བཞིའི་གོ་འཕང་ལ།  །རྟེན་འདིར་སྤྱོད་པའི་སྐལ་བཟང་བསྩལ་བར་གྱུར།  །བླ་མ་འོད་ཞུ་རང་རིག་དབྱིངས་སུ་འདྲེས།  །ཁྱབ་བརྡལ་གཉུག་མའི་གནས་ལུགས་རང་བབ་སྐྱོང༌།  །དགེ་འདིས་འགྲོ་ཀུན་རྡོ་རྗེའི་སར་སྦྱོར་བའི།  །བཀྲ་ཤིས་སྣང་བ་ཁྱབ་ཅིང་བརྟན་གྱུར་ཅིག  །ཅེས་པའང་དད་བློ་རྣམ་གསལ་རང་སློབ་ཨོ་རྒྱན་གཞན་ཕན་ནས་བསྐུལ་ངོར་རྒན་བུ་རང་ཉིད་ཀྱིས་གང་དྲན་བྲིས་པ་དོན་དང་ལྡན་པར་གྱུར་ཅིག  །}}
@#/___a/__snang ba rnam dag 'og min stug po bkod/__/srid pa rang grol ye shes rgyan gyi zhing*/__/rang nyid rnal 'byor mar gsal spyi gtsug tu/__/rigs kun khyab bdag mkhyen rtse'i 'od zer ni/__/dkar gsal gzi brjid rab rgyas 'dzum zhal can/__/na bza' ngur smrig chos gos gsum gyis bklubs/__/phyag g.yas chos 'chad pad+ma'i sdong bu'i rtser/__/ral gri glegs bam mdzes shing g.yon mnyam bzhag__/'chi med bdud rtsis gang ba'i tshe bum bsnams/__/zhabs zung skyil krung mi g.yo'i tshul du bzhugs/__/lcang lo thur 'phyang pad+ma mthong grol gsol/__/thugs kar ye shes sems dpa' 'jam dpal dbyangs/__/dmar ser ral pod rdo rje'i skyil krung can/__/longs sku'i chas rdzogs dpal be'i dbus na mdzes/__/'khor du brgyud gsum bla ma yi dam lha/__/sangs rgyas byang sems mkha' 'gro chos skyong tshogs/__/dwangs pa'i mkha' la char sprin gtibs ltar gsal/__/rang snang bla mar shes pas phyag 'tshal lo/__/kun bzang sgyu 'phrul rdo rje'i mchod sprin 'bul/__/sdom gsum 'gal 'khrul sdig ltung bshags shing sdom/__/zag med dge la yi rang chos 'khor bskor/__/mya ngan mi 'da' bzhugs gsol snying nas 'debs/__/dus gsum rnam dkar mkha' khyab 'gro la bsngo/__/sangs rgyas kun gyi ngo bo bla ma rje/__/zag med rnam grol yon tan kun stsol mgon/__/srid pa'i nyes skyobs dran pas gdung sel rjer/__/mos gus rtsal sprugs snying nas yang yang dran/__/smin grol mchog stsol phyi yi bla ma la/__/ci mdzad legs mthong dad pas nyer bskul nas/__/snang grags rig pa nang gi bla ma rje'i/__/gsang ba gsum rdzogs dag snang 'byams su klas/__/dbyings rig dbyer med don gyi bla ma'i zhal/__/yongs grub mos gus shugs kyis 'du 'bral med/__/'di phyi bar do kun tu rjes zin te/__/thugs yid gcig tu 'dres par byin gyis rlobs/__/nges 'byung snying rjes lam gyi gzhi rtsa brtan/__/dad brtson blo gros lam gyi yan lag rdzogs/__/'phags pa'i spangs rtogs mthong bas chos la spyod/__/dpal mgon bla ma'i dgongs spyod dbang thob shog__/oM ma hA gu ru dz+nyA na ka ru Na rasmi sarba sid+d+hi hU~M/__zhes bzla/__bla ma'i gnas gsum 'od kyis sgo gsum gyi/__/sgrib sbyangs dbang bzhi'i rtogs pa rgyud la skyes/__/lam bzhi mngon gyur sku bzhi'i go 'phang la/__/rten 'dir spyod pa'i skal bzang bstsal bar gyur/__/bla ma 'od zhu rang rig dbyings su 'dres/__/khyab brdal gnyug ma'i gnas lugs rang bab skyong*/__/dge 'dis 'gro kun rdo rje'i sar sbyor ba'i/__/bkra shis snang ba khyab cing brtan gyur cig___/ces pa'ang dad blo rnam gsal rang slob o rgyan gzhan phan nas bskul ngor rgan bu rang nyid kyis gang dran bris pa don dang ldan par gyur cig__/
 
</onlyinclude>
</onlyinclude>
 
{{TsagliCall}}
</div>
<headertabs/>
== Footnotes ==
<references/>
==Other Information==
{{Footer}}
[[Category:DKR-KABUM-Volume-02-KHA]]
[[Category:DKR-KABUM-Volume-02-KHA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]
[[Category:Text Pages in Wylie]]

Revision as of 12:38, 4 November 2022

Wylie title DKR-KABUM-02-KHA-028.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "kha"., Text 28, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "KHA" is not a number.

"KHA" is not a number.

[edit]
༄༅། ཨ། སྣང་བ་རྣམ་དག་འོག་མིན་སྟུག་པོ་བཀོད། །སྲིད་པ་རང་གྲོལ་ཡེ་ཤེས་རྒྱན་གྱི་ཞིང༌། །རང་ཉིད་རྣལ་འབྱོར་མར་གསལ་སྤྱི་གཙུག་ཏུ། །རིགས་ཀུན་ཁྱབ་བདག་མཁྱེན་རྩེའི་འོད་ཟེར་ནི། །དཀར་གསལ་གཟི་བརྗིད་རབ་རྒྱས་འཛུམ་ཞལ་ཅན། །ན་བཟའ་ངུར་སྨྲིག་ཆོས་གོས་གསུམ་གྱིས་བཀླུབས། །ཕྱག་གཡས་ཆོས་འཆད་པདྨའི་སྡོང་བུའི་རྩེར། །རལ་གྲི་གླེགས་བམ་མཛེས་ཤིང་གཡོན་མཉམ་བཞག །འཆི་མེད་བདུད་རྩིས་གང་བའི་ཚེ་བུམ་བསྣམས། །ཞབས་ཟུང་སྐྱིལ་ཀྲུང་མི་གཡོའི་ཚུལ་དུ་བཞུགས། །ལྕང་ལོ་ཐུར་འཕྱང་པདྨ་མཐོང་གྲོལ་གསོལ། །ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་དབྱངས། །དམར་སེར་རལ་པོད་རྡོ་རྗེའི་སྐྱིལ་ཀྲུང་ཅན། །ལོངས་སྐུའི་ཆས་རྫོགས་དཔལ་བེའི་དབུས་ན་མཛེས། །འཁོར་དུ་བརྒྱུད་གསུམ་བླ་མ་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཚོགས། །དྭངས་པའི་མཁའ་ལ་ཆར་སྤྲིན་གཏིབས་ལྟར་གསལ། །རང་སྣང་བླ་མར་ཤེས་པས་ཕྱག་འཚལ་ལོ། །ཀུན་བཟང་སྒྱུ་འཕྲུལ་རྡོ་རྗེའི་མཆོད་སྤྲིན་འབུལ། །སྡོམ་གསུམ་འགལ་འཁྲུལ་སྡིག་ལྟུང་བཤགས་ཤིང་སྡོམ། །ཟག་མེད་དགེ་ལ་ཡི་རང་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་བཞུགས་གསོལ་སྙིང་ནས་འདེབས། །དུས་གསུམ་རྣམ་དཀར་མཁའ་ཁྱབ་འགྲོ་ལ་བསྔོ། །སངས་རྒྱས་ཀུན་གྱི་ངོ་བོ་བླ་མ་རྗེ། །ཟག་མེད་རྣམ་གྲོལ་ཡོན་ཏན་ཀུན་སྩོལ་མགོན། །སྲིད་པའི་ཉེས་སྐྱོབས་དྲན་པས་གདུང་སེལ་རྗེར། །མོས་གུས་རྩལ་སྤྲུགས་སྙིང་ནས་ཡང་ཡང་དྲན། །སྨིན་གྲོལ་མཆོག་སྩོལ་ཕྱི་ཡི་བླ་མ་ལ། །ཅི་མཛད་ལེགས་མཐོང་དད་པས་ཉེར་བསྐུལ་ནས། །སྣང་གྲགས་རིག་པ་ནང་གི་བླ་མ་རྗེའི། །གསང་བ་གསུམ་རྫོགས་དག་སྣང་འབྱམས་སུ་ཀླས། །དབྱིངས་རིག་དབྱེར་མེད་དོན་གྱི་བླ་མའི་ཞལ། །ཡོངས་གྲུབ་མོས་གུས་ཤུགས་ཀྱིས་འདུ་འབྲལ་མེད། །འདི་ཕྱི་བར་དོ་ཀུན་ཏུ་རྗེས་ཟིན་ཏེ། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ངེས་འབྱུང་སྙིང་རྗེས་ལམ་གྱི་གཞི་རྩ་བརྟན། །དད་བརྩོན་བློ་གྲོས་ལམ་གྱི་ཡན་ལག་རྫོགས། །འཕགས་པའི་སྤངས་རྟོགས་མཐོང་བས་ཆོས་ལ་སྤྱོད། །དཔལ་མགོན་བླ་མའི་དགོངས་སྤྱོད་དབང་ཐོབ་ཤོག །ཨོཾ་མ་ཧཱ་གུ་རུ་ཛྙཱ་ན་ཀ་རུ་ཎ་རསྨི་སརྦ་སིདྡྷི་ཧཱུྃ། ཞེས་བཟླ། བླ་མའི་གནས་གསུམ་འོད་ཀྱིས་སྒོ་གསུམ་གྱི། །སྒྲིབ་སྦྱངས་དབང་བཞིའི་རྟོགས་པ་རྒྱུད་ལ་སྐྱེས། །ལམ་བཞི་མངོན་གྱུར་སྐུ་བཞིའི་གོ་འཕང་ལ། །རྟེན་འདིར་སྤྱོད་པའི་སྐལ་བཟང་བསྩལ་བར་གྱུར། །བླ་མ་འོད་ཞུ་རང་རིག་དབྱིངས་སུ་འདྲེས། །ཁྱབ་བརྡལ་གཉུག་མའི་གནས་ལུགས་རང་བབ་སྐྱོང༌། །དགེ་འདིས་འགྲོ་ཀུན་རྡོ་རྗེའི་སར་སྦྱོར་བའི། །བཀྲ་ཤིས་སྣང་བ་ཁྱབ་ཅིང་བརྟན་གྱུར་ཅིག །ཅེས་པའང་དད་བློ་རྣམ་གསལ་རང་སློབ་ཨོ་རྒྱན་གཞན་ཕན་ནས་བསྐུལ་ངོར་རྒན་བུ་རང་ཉིད་ཀྱིས་གང་དྲན་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །
[edit]

@#/___a/__snang ba rnam dag 'og min stug po bkod/__/srid pa rang grol ye shes rgyan gyi zhing*/__/rang nyid rnal 'byor mar gsal spyi gtsug tu/__/rigs kun khyab bdag mkhyen rtse'i 'od zer ni/__/dkar gsal gzi brjid rab rgyas 'dzum zhal can/__/na bza' ngur smrig chos gos gsum gyis bklubs/__/phyag g.yas chos 'chad pad+ma'i sdong bu'i rtser/__/ral gri glegs bam mdzes shing g.yon mnyam bzhag__/'chi med bdud rtsis gang ba'i tshe bum bsnams/__/zhabs zung skyil krung mi g.yo'i tshul du bzhugs/__/lcang lo thur 'phyang pad+ma mthong grol gsol/__/thugs kar ye shes sems dpa' 'jam dpal dbyangs/__/dmar ser ral pod rdo rje'i skyil krung can/__/longs sku'i chas rdzogs dpal be'i dbus na mdzes/__/'khor du brgyud gsum bla ma yi dam lha/__/sangs rgyas byang sems mkha' 'gro chos skyong tshogs/__/dwangs pa'i mkha' la char sprin gtibs ltar gsal/__/rang snang bla mar shes pas phyag 'tshal lo/__/kun bzang sgyu 'phrul rdo rje'i mchod sprin 'bul/__/sdom gsum 'gal 'khrul sdig ltung bshags shing sdom/__/zag med dge la yi rang chos 'khor bskor/__/mya ngan mi 'da' bzhugs gsol snying nas 'debs/__/dus gsum rnam dkar mkha' khyab 'gro la bsngo/__/sangs rgyas kun gyi ngo bo bla ma rje/__/zag med rnam grol yon tan kun stsol mgon/__/srid pa'i nyes skyobs dran pas gdung sel rjer/__/mos gus rtsal sprugs snying nas yang yang dran/__/smin grol mchog stsol phyi yi bla ma la/__/ci mdzad legs mthong dad pas nyer bskul nas/__/snang grags rig pa nang gi bla ma rje'i/__/gsang ba gsum rdzogs dag snang 'byams su klas/__/dbyings rig dbyer med don gyi bla ma'i zhal/__/yongs grub mos gus shugs kyis 'du 'bral med/__/'di phyi bar do kun tu rjes zin te/__/thugs yid gcig tu 'dres par byin gyis rlobs/__/nges 'byung snying rjes lam gyi gzhi rtsa brtan/__/dad brtson blo gros lam gyi yan lag rdzogs/__/'phags pa'i spangs rtogs mthong bas chos la spyod/__/dpal mgon bla ma'i dgongs spyod dbang thob shog__/oM ma hA gu ru dz+nyA na ka ru Na rasmi sarba sid+d+hi hU~M/__zhes bzla/__bla ma'i gnas gsum 'od kyis sgo gsum gyi/__/sgrib sbyangs dbang bzhi'i rtogs pa rgyud la skyes/__/lam bzhi mngon gyur sku bzhi'i go 'phang la/__/rten 'dir spyod pa'i skal bzang bstsal bar gyur/__/bla ma 'od zhu rang rig dbyings su 'dres/__/khyab brdal gnyug ma'i gnas lugs rang bab skyong*/__/dge 'dis 'gro kun rdo rje'i sar sbyor ba'i/__/bkra shis snang ba khyab cing brtan gyur cig___/ces pa'ang dad blo rnam gsal rang slob o rgyan gzhan phan nas bskul ngor rgan bu rang nyid kyis gang dran bris pa don dang ldan par gyur cig__/

Footnotes

Other Information