DKR-KABUM-02-KHA-013: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=KHA | |||
|textnuminvol=013 | |||
|pdflink=File:DKR-KABUM-02-KHA-013.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །བླ་མའི་རྣལ་འབྱོར་བྱིན་རླབས་ཉིན་བྱེད་ཀྱི་ལྷན་ཐབས་གསེར་སྡོང་ཕྲ་ཚོམ་བཞུགས། | |||
༄༅། །དྲན་པས་སྲིད་ཞིའི་འཇིགས་པ་འཕྲོག །རྗེ་བཙུན་བླ་མར་གུས་བཏུད་ནས། །གང་གི་རྣལ་འབྱོར་ལམ་བྱེད་པར། །ལྷན་ཐབས་བཀའ་ཡི་ལུང་བཞིན་འབྲི། །དེ་ལ་འདིར་བླ་མའི་རྣལ་འབྱོར་བྱིན་རླབས་ཉིན་བྱེད་སྤྲོས་བཅས་ཀྱི་ཚེ་ཞལ་འཕངས་ལྷན་ཐབས་སུ་སྦྱོར་བར་སྤྲོ་ན། ཐོག་མར་ཚོགས་མཆོད་དང་འབྲེལ་བའི་ཚེ་ན་སྔ་འགྱུར་སྤྱི་སྲོལ་ལྟར་ཚིག་བདུན་གསོལ་འདེབས་ལན་གསུམ་རྗེས་སྨིན་ལུགས་བཞིན་རྗེ་ཉིད་ཀྱི་རྣམ་ཐར་གསོལ་འདེབས། སྐུ་ཕྲེང་གསོལ་འདེབས་འོག་དུ་རྒྱས་པ་མ་ཁོམ་ན་འདིར་བསྡུས་པ་གསུངས་ཀྱང་ཆོག་སྟེ་གཞུང་ལ་འཇུག །ཚོགས་མཆོད་དང་མ་འབྲེལ་ན། དཔལ་ལྡན་རྩ་བའི་བླ་མ་སོགས་ལན་གསུམ་གྱིས་གཞུང་ལ་འཇུག་པས་འབྲེལ་ཆགས་པ་དང་བཅས་ཏེ། ཡིད་བཞིན་སྩོལ་བའི་བདག་ཉིད་ཆེན་པོར་གསལ། །ཞེས་པའི་བར་དཀྱུས་ལྟར་ལ། དེ་ནས་སྤྱན་འདྲེན་གྱི་སྔོན་དུ། དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་རང་བཞིན་ཞིང་ནས་ཡེ་ཤེས་པ། །ཆོས་སྐུ་འགྱུར་བ་མེད་ལས་གཟུགས་སྐུའི་སྤྲིན། །རྗེ་བཙུན་བླ་མ་འཁོར་བཅས་སྤྱན་དྲངས་གྱུར། །ཞེས་དང༌། སྤྱན་འདྲེན་དངོས་ནི། ཨོཾ། ཆོས་དབྱིངས་རྣམ་པར་དག་པའི་ཀློང་ཡངས་ནས། །སྐྱེ་མེད་དོན་གྱི་བླ་མ་གཤེགས་སུ་གསོལ། །རང་བཞིན་ལོངས་སྤྱོད་རྫོགས་པའི་ཕོ་བྲང་ནས། །མ་འགག་གསལ་དག་བླ་མ་གཤེགས་སུ་གསོལ། །རྩལ་སྣང་རོལ་པ་སྤྲུལ་སྐུའི་ཕོ་བྲང་ནས། །བྱེ་བྲག་ཐུགས་རྗེ་ཅན་རྣམས་གཤེགས་སུ་གསོལ། །ཆོས་རྣམས་རང་བཞིན་འགྲོ་འོང་མཐའ་བྲལ་ཡང༌། །གང་འདུལ་གདུལ་བྱའི་བསམ་པ་ཇི་བཞིན་དུ། །ཅིར་ཡང་སྤྲུལ་བསྒྱུར་འགྱེད་པའི་ཕྲིན་ལས་ཅན། །མོས་གུས་དད་པའི་གནས་འདིར་གཤེགས་སུ་གསོལ། །ཞེས་སྤྱན་དྲངས་ལ། ཛཿཧཱུྃ་བྃ་ཧོཿས། སྤྱན་དྲངས་པའི་ལྷ་ཚོགས་རྣམས་མདུན་གྱི་ཚོགས་རྟེན་དང་གཉིས་སུ་མེད་པར་བཞུགས་པར་བསམ་ལ། ཤིན་ཏུ་རྒྱས་སྤྲོས་ཀྱི་ཚེ་ཁྲུས་གསོལ་ཡང་གྲུབ་པས་ཆོག །དེ་ནས་ཕྱག་འཚལ་བ་ནི། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་གི་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་སེལ་མཛད་ཅིང༌། །བླ་མེད་བྱང་ཆུབ་ཐོབ་མཛད་པའི། །བླ་མའི་ཞབས་ཀྱི་པད་མོར་འདུད། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་ཕྱག་བྱ། མཆོད་པ་འབུལ་བ་ལ། ཕྱི་མཆོད་ནི། ངེས་འབྱུང་ཡན་ལག་བརྒྱད་ཀྱི་རོ་ནུས་ལ། །རྣམ་དག་སོ་ཐར་ཁྲིམས་གཙང་ལྦུ་ཕྲེང་འཛུམ། །ཀུན་ཏུ་སིམ་སྟེར་རྟག་ཏུ་བསྙེན་བྱའི་སྐྱེམས། །རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མར་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། གཞན་ཕན་མངར་བའི་དྲི་བསུང་ལེགས་ལྡང་ཞིང༌། །རང་དོན་ཡིད་བྱེད་ཉེས་བརྒྱའི་དྲི་མ་འཁྲུད། །སྡོམ་སྡུད་སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཆབ། །རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མར་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་པཱདྱཾ་པྲ་ཏཱིཙྪ་སྭ་ཧཱ། དག་ཆེན་ཡེ་ཤེས་དབྱིབས་ལེགས་ཁ་དོག་བཀྲ། །མཉམ་པ་ཆེན་པོའི་སྦྲང་རྩིའི་ཟིལ་མངར་ལྕི། །སྣང་སྤྱོད་ཡེ་ཤེས་རོལ་པའི་མེ་ཏོག་ཚལ། །རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མར་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། །རབ་དྭངས་ཡིད་ཀྱི་བར་སྣང་ཁྱོན་བརྡལ་བའི། །ཡིད་ཆེས་མནམ་ན་ཞིམ་པའི་བདུག་པའི་སྤྲིན། །ཚོར་བས་ཡིད་འཁུལ་ནུས་པ་དང་བརྒྱའི་སྤོས། །རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མར་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ། ཤེས་བྱའི་དངོས་ཀུན་གསལ་བའི་འོད་སྟོང་གིས། །ཀུན་རྨོངས་མུན་སེལ་ཤེས་རབ་རྣམ་འབྱེད་གཟིས། །རྒྱལ་ཀུན་དགྱེས་སྐྱེད་ངོ་མཚར་སྣང་གསལ་ཚོགས། །རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མར་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ། རེག་པས་སིམ་སྟེར་བསིལ་དྭངས་དྲི་ངད་ཅན། །ངོ་ཚ་ཁྲེལ་ཡོད་ལང་ཚོའི་མདངས་ཀྱི་གསོས། །མཐོང་ན་མི་མཐུན་མེད་པ་བྱུག་པའི་མཚོ། །རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མར་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ། གཏོང་སེམས་རབ་ཡངས་རིན་ཆེན་ནོར་བུའི་སྣོད། །ཆོས་དང་ཟང་ཟིང་འདོད་དགུའི་འབྱོར་བས་གཏམས། །ཅི་གར་རོལ་བས་མཆོག་སྦྱིན་རོ་བརྒྱའི་བཤོས། །རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མར་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་སྭཱ་ཧཱ། དབྱངས་བདུན་ཡན་ལག་རྫོགས་པའི་ཚངས་པའི་གསུང༌། །ཐེག་གསུམ་འགྱུར་ཁུག་བྱེ་བའི་འདེགས་འཇོག་ཅན། །ཐོས་པ་ཙམ་གྱི་སྲིད་ཞིའི་གདུང་སེལ་སྒྲ། །རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མར་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཀྱིས་མཆོད་ནས། ཡན་ལག་བདུན་པ་དང༌། རྡོར་སེམས་སྒོམ་བཟླས། མཎྜལ་འབུལ་བ་གཞུང་བཞིན་བྱའོ། །དེ་ནས་ནང་མཆོད་ནི། ཡེ་ཤེས་གཟུགས་སྒེག་གཞོམ་མེད་ནཱ་དའི་སྒྲ། །འཕོ་མེད་ཚུལ་ཁྲིམས་དྲི་བཟང་དགའ་བཞིའི་རོ། །རྣམ་གསུམ་ཕྱག་རྒྱའི་རེག་བྱ་ཆོས་དབྱིངས་ཁྱོན། །ཀུན་ཁྱབ་རྡོ་རྗེ་འདོད་ཡོན་རྒྱ་མཚོར་མཆོད། །ཕུང་ཁམས་དྭངས་མ་དྲྭ་བ་སྡོམ་པའི་དཔྱིད། །བདེ་ཆེན་མཆོག་གི་དགྱེས་པའི་དམ་ཚིག་ནི། །བྱང་ཆུབ་སེམས་མཆོག་པཉྩ་ཨ་མྲྀ་ཏས། །བླ་མ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་མཆོད། །སྲོག་རྩོལ་དབུ་མའི་དབྱིངས་སུ་བསྒྲལ་བ་ལས། །ཁམས་གསུམ་གཟུང་འཛིན་རྟོག་ཚོགས་ཀུན་སྤངས་པ། །འདོད་ཆགས་རྣམ་དག་མ་ཧཱ་རཱུ་དྷཱི་རས། །བླ་མ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་མཆོད། །ཚོགས་དྲུག་ཡུལ་དང་ཡུལ་ཅན་མ་ལུས་ཀུན། །འོད་གསལ་དབྱིངས་སུ་ཐིམ་པའི་འདོད་ཡོན་གཏེར། །རྡོ་རྗེའི་ལོངས་སྤྱོད་མ་ཧཱ་བ་ལིཾ་ཏས། །བླ་མ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་མཆོད། །ཅེས་པས་མཆོད་དོ། །དེ་ནས་བསྟོད་པ་ནི། །སྐུ་ལ་ཚད་མེད་བགྲང་དུ་མེད། །ནམ་མཁའ་དང་ནི་མཉམ་འགྱུར་ཞིང༌། །སྣ་ཚོགས་དབང་ཕྱུག་མི་ཤིགས་པའི། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །བརྗོད་དུ་མེད་པའི་ངང་ཉིད་ལས། །ཚངས་པ་ལ་སོགས་སྙན་པའི་དབྱངས། །ཕྱོགས་བཅུ་ཀུན་ཏུ་སྒྲོགས་མཛད་པའི། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་ལ་སོགས་པའི། །རྟོག་པ་ཀུན་ལས་རྣམ་གྲོལ་བའི། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱིས་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །ཅེས་སོགས་ཀྱིས་བསྟོད་དོ། །དེ་ནས་ཕུར་ཚུགས་གསོལ་འདེབས་གཞུང་ལྟར་ལ། སྐུ་ཕྲེང་གསོལ་འདེབས་རྒྱས་བསྡུས་གཉིས་ལོང་སྐབས་དང་བསྟུན། མཚན་སྔགས་རྐྱང་པ་གསོལ་འདེབས་ཀྱི་ཚུལ་དུ་ཇི་ཙམ་རིགས་པ་བཟླས་ལ། བླ་མ་ཡི་དམ་དབྱེར་མེད་ཀྱི་བཟླས་པའི་འགོར། དམིགས་གནད་ཁྲིད་ཡིག་ལས་གསུང་པ་ལྟར་ཏེ། བླ་མའི་སྐུ་ལས་འོད་ཟེར་བདུད་རྩིའི་རྒྱུན། །དཀར་དམར་སྤྲོས་པས་རང་ལུས་ཡོངས་སུ་གང༌། །ནད་གདོན་སྡིག་སྒྲིབ་ཉམས་ཆག་བྱང་ཞིང་དག །བདེ་ཆེན་ཡེ་ཤེས་ཉམས་རྟོགས་ཆེས་ཆེར་འཕེལ། །རླུང་སེམས་སྣང་བ་མཐའ་དག་དབང་དུ་གྱུར། །གཟུང་འཛིན་ཉོན་མོངས་འཁྲུལ་རྟོག་དབྱིངས་སུ་ཆོམ། །ཕྱི་སྣོད་གཞལ་ཡས་ནང་བཅུད་བླ་མའི་སྐུ། །སྒྲ་གྲགས་སྙིང་པོ་དྲན་རྟོག་འོད་གསལ་ངང༌། །ཅིར་སྣང་བདེ་བ་ཆེན་པོའི་རོལ་པར་གྱུར། །ཅེས་པའི་དོན་བསམས་ལ་བཟླས་པ་ལ་འཇུག་ཅིང༌། ཚོགས་མཆོད་ལྷག་བསྔོ་སྨོན་ལམ་བར་དང༌། བཀའ་གདམས་བློ་སྦྱོང་དོན་བདུན་མའི་སྐབས་སུ་འཕགས་མཆོག་སྙིང་རྗེའི་གཏེར་ཆེན་གྱི་སྙིང་པོ་ཡིག་དྲུག་བཟླ། དབང་བཞིའི་བུམ་དབང་སྐབས་ཡི་དམ་གྱི་ལྷ་སྤྱི་ཁྱབ་དཔལ་རྡོ་རྗེ་སེམས་དཔའི་ལྷ་སྒོམ་ཞིང༌། སྔགས་ཡིག་བརྒྱའི་ཐོག་མཐའ་བསྡུས་པ་ཡི་གེ་དྲུག་པ་སྟེ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་བཟླ་ལ། ཡང་རྩ་བའི་ཡི་དམ་དམིགས་བསལ་ཡོད་ཀྱང་དེའི་ལྷ་བསྒོམ་ཞིང་སྔགས་བཟླ། གསང་དབང་ལ་མཁའ་འགྲོ་རིགས་ལྔའི་བཟླས་སྔགས་དཀྱུས་བཞིན་དང༌། ཤེས་དབང་ལ་དུས་འཁོར་སྔགས་ནས། ཨོཾ་ཨཱཿཧཱུྃ་ཧོ་ཧ1$0000240[WP:12,175][WP:12,48][WP:12,58][WP:12,52][WP:12,57][WP:12,56]1$0000300ྃ་སྭཱ་ཧཱ། ཞེས་བཟླ། དབང་བཞི་པའི་སྤྱི་བྱེ་བྲག་སྐབས་གཞུང་གསལ་ལྟར་ནས་བཀྲ་ཤིས་ཀྱིས་མཐར་དབྱུང་ངོ༌། །དེ་ཙམ་ལས་བྱུང་དགེ་འབྲས་ཆ། །དྲིན་ཅན་བླ་མའི་བྱིན་མཐུས་ལས། །རང་རིག་ཡེ་ཤེས་མངོན་གྱུར་ནས། །དོན་གཉིས་དཔལ་ཡོན་ཕུན་ཚོགས་ཤོག །ཅེས་རྡོ་རྗེའི་མཆེད་པོ་འགའ་དང་བཅས་ནས། ༡༩༦༨ བོད་ས་སྤྲེལ་ལོ། །རྗེ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་གང་ལ་གསོལ་བ་ནན་དུ་བཏབ་པ་ལས་གདམས་མཛོད་ཀྱི་ཉིང་ཁུའི་ཡང་བཅུད་ལྟ་བུར་བསྩལ་བའི་བླ་རྣལ་བྱིན་ཉིར། མེ་ཡོས་ལོར་སླར་བསགས་སྦྱང་གི་མན་ངག་ཅན་གསར་སྣོན་བཀླག་ཆོག་ཏུ་མཛད་སྐབས་ཡིག་ཆུང་དུ་གསལ་བའི་སྤྱན་འདྲེན་སོགས་ཞལ་འཕངས་དག་དཀྱུས་སུ་འགོད་པར་གསོལ་བ་བཏབ་རུང༌། འོ་ན་དེ་ལྟར་སྤྲོས་བཅས་ཀྱི་ཚེ་ཇི་ལྟར་རིགས་པའི་ཁ་འགེངས་འོས་པ་རྣམས་ཁྱེད་ནས་ངེས་པར་དུ་དཀྱུས་སུ་ཆུག་ཅིག་ཅེས་བཀའི་མེ་ཏོག་སྤྱི་བོར་ལྷུང་ཡང་རང་ཉིད་ལེ་ལོའི་དབང་གིས་ད་བར་བཀའ་མ་གྲུབ་པའི་ནོངས་པ་དང་བཅས་རྡོ་རྗེའི་གསུང་གི་དཔེ་རྒྱུན་དར་ཆེ་བས་རང་སོར་བཞག་ནས། ལྷན་ཐབས་ཀྱི་ཚུལ་དུ་རྗེ་ཉིད་ཀྱིས་མཛད་པའི་རིས་མེད་བླ་མཆོད་སོགས་རིགས་མཐུན་གཞན་ལས་བཏུས་ཏེ། བླ་མ་རྡོ་རྗེ་འཆང་ཉིད་གཟུགས་སྐུ་ཞི་བར་མནལ་བའི་རྗེས་སུ་འདིའི་སྒོ་ནས་ཚོགས་མཆོད་འབུལ་སྤྲོས་དང༌། ཉམས་བཞེས་གནང་མཁན་ཇེ་མང་དུ་གྱུར་བའི་སྐབས་ཁ་ཚ་དགོས་མཁོར་མཐོང་ནས་འཕྲལ་མར་འབངས་ཐ་འཁྲུལ་ཞིག་ཆོས་བློས་སུག་པས་བསྒྲིགས་པའི་ཡེ་གེ་གཉིས་པ་མགོན་པོ་གང་གི་སྙུག་འཛིན་དབང་པོ་སྤྲུལ་སྐུ་ཀུན་དགས་མཛད་པ་ཛ་ཡནྟུ། སརྦ་མངྒ་ལཾ། དགེའོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-02-KHA]] | [[Category:DKR-KABUM-Volume-02-KHA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 13:37, 4 November 2022
Previous Text"KHA" is not a number. Back to Volume Page"KHA" is not a number.Next Text "KHA" is not a number.
Wylie title | ![]() | |
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "kha"., Text 13, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "KHA" is not a number. |
"KHA" is not a number.