DKR-KABUM-02-KHA-038: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 1: Line 1:
{{WyliePageHeader}}
{{Khyentse Metadata
 
|classification=Tibetan Publications
<div class="wylie-content"
|subclass=Tibetan Texts
 
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|language=Tibetan
|pagestatus=Temporary stub only
|volumenumber=KHA
|textnuminvol=038
|pdflink=File:DKR-KABUM-02-KHA-038.pdf
}}
{{Header}}
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
 
{{TibP|༄༅།  བླ་མའི་རྣལ་འབྱོར་སྙིང་ཐིག་གསལ་སྒྲོན་གྱི་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་བཞུགས།
@#/__bla ma'i rnal 'byor snying thig gsal sgron gyi tshe sgrub ye shes srog tig bzhugs/
༄༅།        །ན་མོ་གུ་རུ་ཛྙཱ་ན་བཛྲ་ཀཱ་ཡ་ཡེ།  ཁྱབ་བདག་འཇམ་མགོན་བླ་མའི་ཡེ་ཤེས་དགོངས་པའི་མཛོད་ལས་བྱོན་པའི་བླ་སྒྲུབ་སྙིང་ཐིག་གསལ་སྒྲོན་ལ་ཚེ་སྒྲུབ་སྦྱོར་བར་འདོད་ན།  རྩ་དབང་དང་འབྲེལ་ན་བུམ་པའི་མདུན་དུ་ཚེ་འབྲང་སོགས་བཀོད།  ཚེ་སྒྲུབ་སྐོར་གྱི་སྐབས།  རྡུལ་ཚོན་གྱི་པདྨ་འདབ་བརྒྱད་ལ།  འབྲུ་དཀར་གྱི་ཚོམ་བུའི་སྟེང་ཚེ་འབྲང༌།  གཡས་གཡོན་དུ་ཚེ་རིལ།  ཚེ་ཆང༌།  ཉེར་སྤྱོད་མཆོད་པས་བསྐོར།  དགོས་པ་དང་འབྲེལ་ན་ཚོགས་གཏོར་སོགས་ཀྱང་འདུ་བྱས་ལ།  མཚན་སྔགས་བཟླས་པ་གཞུང་ལྟར་གྲུབ་པའི་རྗེས།  འཆི་མེད་ཡེ་ཤེས་སྐུ་ཅན་བླ་མ་རྗེའི།  །ཐུགས་ཀ་དཔལ་གྱི་བེའུར་པད་ཟླའི་སྟེང༌།  །ངོ་བོ་འཇའ་ལུས་སྐུ་ཅན་བི་མ་ལ།  །རྣམ་པ་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཚུལ།  །རབ་དཀར་ཟླ་བ་ཞུན་མའི་མཚན་དཔེ་ཅན།  །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་མཉམ་བཞག་སྟེང༌།  །འཆི་མེད་ཚེ་བུམ་བདུད་རྩིས་གཏམས་པ་བསྣམས།  །བདེ་ཆེན་འཁོར་ལོར་ངོ་བོ་ཤྲཱི་སེངྷ།  །རྣམ་པར་རྒྱལ་མ་གཙུག་ཏོར་ལས་འཁྲུངས་ལྷ།  །དཀར་གསལ་ཚེ་བུམ་ལྕགས་ཀྱུ་མཆོག་སྦྱིན་རྒྱན།  །དྲི་མེད་ཆུ་ཤེལ་དྭངས་མའི་ཁ་དོག་ཅན།  །ཀུན་ཀྱང་ཞི་འཛུམ་སྒེག་མཛེས་རྒྱན་གྱིས་སྤུད།  །དཔག་ཡས་འོད་ཀྱི་གཟི་བྱིན་འབར་བས་བཞུགས།  །གཞན་ཡང་འཁོར་དང་སྐུ་ཡི་བ་སྤུ་ཚུལ།  །རབ་འབྱམས་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་ལ།  །གང་འདུལ་སྒྱུ་འཕྲུལ་རོལ་པ་བསམ་མི་ཁྱབ།  །སྣང་སྟོང་ཟུང་འཇུག་བཀོད་པས་བསྐོར་བ་གསལ།  ཧྲཱིཿཧྲཱིཿཧྲཱིཿ  ཁྱབ་བརྡལ་ཀ་དག་འཆི་མེད་འོད་མཐའ་ཡས།  །རང་བཞིན་ལྷུན་གྲུབ་རྒྱལ་ཡུམ་འཕགས་མའི་ཚུལ།  །གཉིས་མེད་ལས་ཀྱི་སེམས་དཔའ་རྣམ་རྒྱལ་མ།  །རིགས་ཀུན་ཁྱབ་བདག་བླ་མའི་གསང་གསུམ་ལྷར།  །མི་ཕྱེད་གདུང་ཤུགས་དད་པས་གསོལ་འདེབས་ན།  །ནད་གདོན་འགལ་རྐྱེན་དུས་མིན་འཆི་བ་ཞི།  །ཚེ་དང་ཡེ་ཤེས་བསོད་ནམས་དཔལ་ཀུན་རྒྱས།  །སྣང་སྲིད་དྭངས་མའི་རླུང་སེམས་དབང་འདུས་ནས།  །བདུད་བགེགས་བར་ཆད་འགལ་རྐྱེན་ཚར་གཅོད་མཛོད།  །ཁྱད་པར་མི་ཤིགས་རྡོ་རྗེའི་སྐུ་གསུང་ཐུགས།  །སྐྱེ་འཆི་གཞོམ་གཞིག་བྲལ་བའི་བཅུད་ཀྱི་དབང༌།  །མངོན་སུམ་ཐོབ་ནས་སྡུག་བསྔལ་སྲིད་པའི་ནད།  །ཀུན་ཞི་འཆི་མེད་རྡོ་རྗེའི་སྲོག་འགྲུབ་མཛོད།  །གསོལ་བཏབ་གདུང་བས་ཐུགས་དམ་རྗེས་བསྐུལ་མཐུས།  །བླ་མ་ལུས་དཀྱིལ་བཅས་པའི་སྐུའི་འོད་ཟེར།  །ལྔ་ལྡན་ཟེར་ཐག་ལྷ་མོ་མགྱོགས་མའི་སྤྲིན།  །མཁའ་ཁྱབ་ཞིང་ཀུན་བརྡལ་བས་ཕྱི་སྣོད་ཁམས།  །ནང་བཅུད་ཚེ་དཔལ་བསོད་ནམས་དྭངས་མའི་བཅུད།  །དོན་དམ་མི་ཤིགས་ཡེ་ཤེས་ཚེའི་བཅུད་ཀུན།  །ལྔ་ལྡན་བདུད་རྩིའི་ཟིལ་མངར་ཟེར་ཐིག་འཁྱུག  །ཤིས་པའི་རེ་ཁཱ་བཀྲ་བའི་རྣམ་པར་བསྡུས།  །བླ་མའི་སྐུར་ཐིམ་ལྷག་པར་གཟི་བརྗིད་འབར།  །གནས་གསུམ་ལྷ་ཡིས་བུམ་པས་དབང་བསྐུར་ཞིང༌།  །ཚེ་ཡི་བདུད་རྩིས་བླ་མའི་སྐུའི་ཆ་ཀུན།  །རབ་གང་བྱིན་རླབས་ཟེགས་མ་ཆར་དུ་བབ།  །རང་གི་སྤྱི་བོ་ནས་ཐིམ་ལུས་ཀུན་གང༌།  །སྡིག་སྒྲིབ་ལས་ཉོན་ནད་གདོན་འགལ་རྐྱེན་བཀྲུས།  །འཆི་མེད་ཚེ་དང་ཟད་མེད་བསོད་ནམས་དཔལ།  །ཉམས་རྟོགས་ཡེ་ཤེས་སྣང་བ་སད་པར་བྱས།  །རགས་པའི་ཕུང་ཁམས་རྡོ་རྗེའི་སྐུར་སྨིན་ནས།  །རྡོ་རྗེའི་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ།  །ཨོཾ་གུ་རུ་ཤྲཱི་པདྨ་ཧེ་རུ་ཀ་ཧྲཱིཿ་བྷྲཱུྃ་ཏཱཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ།  ཞེས་ཇི་ཙམ་ནུས་པ་བཟླ།  ཐུན་མཐར་ཚེ་འགུགས་ནི། ཧྲཱིཿ  དབྱིངས་ཀྱི་ཚེ་ནི་རྡོ་རྗེའི་སྲོག  །མི་འགྱུར་མི་ཤིགས་འོད་དུ་གསལ།  །དྭངས་མ་གཟི་བརྗིད་བཀྲག་འཚེར་བ།  །འཁོར་འདས་ཀུན་ཁྱབ་ཆེན་པོའི་ཀློང༌།  །འཕོ་འགྱུར་མེད་པ་དགྱེས་དགུའི་ལྷ།  །ཚེ་དབང་རིག་འཛིན་བི་མ་ལ།  །ཤྲཱི་སིང་ཧ་ཐོད་ཕྲེང་རྩལ།  །གཉིས་མེད་ཡེ་ཤེས་རོལ་པའི་གར།  །རྗེ་བཙུན་བླ་མ་དེང་འདིར་དགོངས།  །རྡོ་རྗེའི་སྐུ་ནི་སྐྱེ་འཆི་བྲལ།  །རྣམ་པར་རྒྱལ་མ་ཚེ་ཡི་ལྷ།  །སྤྲུལ་པའི་སེམས་དཔའ་མཁའ་ཁྱབ་སྤྲོས།  །ཕྱི་སྣོད་འབྱུང་ལྔ་ནང་ཕུང་ཁམས།  །དོན་དམ་མཚན་དཔེ་ཡེ་ཤེས་སྐུའི།  །སྲོག་བཅུད་དཀར་གསལ་བདུད་རྩིའི་སྤྲིན།  །བདག་གི་ལུས་ལ་སིབ་སིབ་ཐིམ།  །རྡོ་རྗེའི་ལང་ཚོའི་གྲུབ་ནས།  །སྐྱེ་མཆིའི་གཡུལ་ལས་རྒྱལ་བར་མཛོད།  །འགགས་མེད་གསུང་གི་རྡོ་རྗེའི་ལྷ།  །གར་གྱི་དབང་ཕྱུག་རིགས་ཀུན་བདག  །ཚེ་ཡི་མགྱོགས་མས་བརྟན་གཡོའི་སྒྲ།  །རླུང་སྔགས་ནུས་པའི་བཅུད་ཀུན་བསྡུས།  །དྭངས་མ་བདུད་རྩིར་ཞུ་བ་ཡང༌།  །མགྲིན་པར་ངག་དང་གཉིས་མེད་ཐིམ།  །གཟུང་འཛིན་འཁྲུལ་པའི་ལས་རླུང་དག  །ཨ་ཝ་དྷཱུ་ཏིར་ཞུགས་གནས་ཐིམ།  །གཞོལ་མེད་རྡོ་རྗེ་ནཱ་དའི་རྒྱུད།  །འཕོ་བྲལ་རྟག་པའི་གསུང་ཐོབ་མཛོད།  །འཁྲུལ་བྲལ་ཚེ་དང་ཡེ་ཤེས་སྟེར།  །མྱུར་མ་དཔལ་མོ་རིགས་ཀྱི་གཙོས།  །དྭངས་མ་སྡུད་པའི་ཕོ་ཉ་སྤྲོས།  །ནམ་ཡང་མི་ཤིགས་མི་འགྱུར་སྲོག  །རྡོ་རྗེ་ནམ་མཁའ་ལྟ་བུའི་ཚེ།  །ཟབ་ཞི་ཆོས་ཉིད་ཀློང་ནས་བསྡུས།  །གཉིས་སུ་མེད་པར་སངས་རྒྱས་ཐོབ།  །འཁྲུལ་པའི་རྒྱུ་འབྲས་ཀ་དག་དབྱིངས།  །དོན་དམ་ངེས་པའི་གསང་བ་རུ།  །འཁྲུལ་བ་མེད་པས་དབང་བསྐུར་ཏེ།  །ཡེ་ཤེས་དགོངས་ཀློང་རྩལ་རྫོགས་མཛོད།  །བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཛཿཛཿ  ཨཱཿ  ཆོས་ཉིད་ཁྱབ་བརྡལ་ནམ་མཁའི་ཁམས།  །བཟོད་ནས་འཕོ་འགྱུར་བགྲེས་རྒུད་དང༌།  །ཡོངས་བྲལ་ཡེ་ཤེས་སྙིང་པོའི་སྲོག  །མངོན་སུམ་ཀློང་དུ་རྒྱས་བཏབ་བོ།  །དྷརྨ་དྷཱ་ཏུ་ཨ་ཨ་ཨ༔  ཞེས་སྦྱར་ནས།  ཚོགས་མཆོད་དགོས་ན་ཕུལ།  དབང་ལེན་ནས་བརྩམས་ལས་རིམ་མཐར་དབྱུང་བའོ།  །འདི་ལ་བརྟེན་ནས་ཚེ་ཡི་དབང་བསྐུར་དགོས་ན་སྒྲུབ་རྫས་ལ་དམིགས་པའི་སྤྲོ་བསྡུ་བཅས་གོང་ལྟར་བྱ།  བླ་སྒྲུབ་དཀྱུས་ཀྱི་དབང་བསྐུར་དང་འབྲེལ་ན་དམ་ཚིག་ཁས་བླང་བར་བཏང་ནས་འདི་མཐའ་རྟེན་དུ་སྦྱར་ན་ལེགས་ལ།  ཚེ་དབང་ཁོ་ནའི་སྐབས།  དེ་ལ་འདིར་གནས་སྐབས་དང་མཐར་ཐུག་གི་དོན་ཆེན་པོ་མཐའ་དག་སྒྲུབ་པའི་གཞི་གཅིག་པུ་ནི་རིང་དུ་འཚོ་བའི་ཚེ་ཡིན་ལ།  དེ་ཉིད་ཉམས་ན་གསོ་བ་དང༌།  གནས་པ་གོང་འཕེལ་དུ་བྱ་བའི་ཐབས་ཀུན་ལས།  ཁྱད་པར་དུ་འཕགས་པ་ནི་རྡོ་རྗེ་ཐེག་པའི་ལམ་ལྷ་སྔགས་ཏིང་ངེ་འཛིན་གྱི་རྣལ་འབྱོར་ཉིད་ཆེས་ཟབ་ཅིང་ཚད་མས་གྲུབ་པ་ཡིན་ལ།  ལས་དང་དངོས་གྲུབ་ཐམས་ཅད་བླ་མ་ལ་མ་བསྟེན་པར་སུས་ཀྱང་སྒྲུབ་མི་ནུས་པས་ན་སྐབས་འདིར་བླ་མའི་རྣལ་འབྱོར་སྙིང་ཐིག་གསལ་སྒྲོན་ལ་བསྟེན་ནས་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་པའི་ཐབས་དང་རྗེས་སུ་འབྲེལ་བའི་དབང་སྐུར་བགྱི་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་ནས་བརྩམས།  སྐྱབས་སེམས།  བྱིན་འབེབས་བར་རྩ་དབང་ལྟར་སྒྲུབ་པའི་རྗེས་དང་དངོས་གཞི་ཚེ་ཡི་དབང་བསྐུར་བ་ལ།  ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་ཕྱིར་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་དཔལ་མགོན་བླ་མའི་གསང་གསུམ་འཆི་མེད་ཚེ་ཡི་ལྷ་མཆོག་གསུམ་གྱི་དཀྱིལ་འཁོར་གདོད་ནས་ལྷུན་གྲུབ་ཏུ་རྫོགས་པའི་འཁོར་ལོ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དང་ཕོ་ཉ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟ་བུ་འཁོར་འདས་བརྟན་གཡོའི་ཁམས་ཁྱབ་པར་སྤྲོས་པས།  ཁྱེད་རང་རྣམས་ཀྱི་བླ་ཚེ་འཁྱམས་པ་ཡར་བ་སྟོར་ཅིང་ཆད་ཉམས་སུ་གྱུར་པ་རྣམས་དང༌།  འབྱུང་བ་ས་ཆུ་མེ་རླུང་གི་དྭངས་བཅུད།  སྟོང་གསུམ་སྲིད་པ་གསུམ་ན་གནས་པའི་སྐྱེ་འགྲོ་རྣམས་ཀྱི་ཚེ་བསོད་དཔལ་འབྱོར།  རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་བྱིན་རླབས་ནུས་པའི་བཅུད་ཐམས་ཅད་བདུད་རྩིའི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བསྡུས་ཏེ་ཁྱེད་རྣམས་ཀྱི་བ་སྤུ་ནས་སིབ་ཀྱིས་ཞུགས།  སྙིང་དབུས་མི་ཤིགས་པའི་ཐིག་ལེའི་གསོས་བྱས།  སྒོ་གསུམ་འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པས་བླ་ཚེ་དབང་ཐང་ཉམས་པ་སོར་ཆུད།  འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཐོབ།  མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་རྡོ་རྗེའི་བཅུད་ལེན་འཁོར་འདས་བརྟན་གཡོའི་ཉིང་ཁུ་རུ་གྱུར་བར་སྒོམས་ཤིག  །མདའ་དར་གཡབ་ནས།  ཧྲཱིཿ  དབྱིངས་ཀྱི་ཚེ་ནི་སོགས་ཚེ་འགུགས་སྔགས་བཅས་བརྗོད།  ཚེ་འབྲང་གཙུག་ཏོར་རྣམ་པར་རྒྱལ་མ་ཚེ་ཡི་རིག་འཛིན་བརྒྱུད་པས་བྱིན་ཐིབས་སེ་བསྐོར་བ་སྤྱི་བོར་བྱོན་སྐུ་ལས་འཆི་མེད་བདུད་རྩིའི་རྒྱུན་བྱུང༌།  ལུས་ཀྱི་ནང་ཐམས་ཅད་གང་བས་མི་འགྱུར་རྡོ་རྗེའི་སྐུ་ཡི་ཚེ་དབང་ཐོབ་པར་མོས་ཤིག  །ཚེ་འབྲང་སྤྱི་བོར་བཞག་ལ།  ཨོཾ།  ཡེ་ཤེས་འོད་ལྔ་འཁྱིལ་བའི་བུམ་པ་རུ།  །རྣམ་པར་རྒྱལ་མ་ཚེ་ཡི་དཀྱིལ་འཁོར་ལྷས།  །ཡེ་ཤེས་བདུད་རྩིའི་དབང་བསྐུར་བྱིན་བརླབས་པས།  །འཕོ་མེད་རྡོ་རྗེའི་སྐུ་རུ་སྨིན་པར་ཤོག  །ཀཱ་ཡ་ཨ་དྷིཥྛ་ན་ཨ་བྷིཥིཉྩ་ཨོཾ།  སྐུ་མི་ཟད་རྒྱན་གྱི་འཁོར་ལོའི་ཡེ་ཤེས་ཀྱི་ཚེ་ཡི་ཕྱག་རྒྱ་གཙུག་ཏོར་རྣམ་པར་རྒྱལ་མའི་གསང་བ་དང་གཉིས་སུ་མེད་པར་ཐོབ་པར་གྱུར་ཅིག  །སྤྲོ་ན་ཤིས་བརྗོད་བྱ།  བརྟན་གཡོའི་བཅུད་ཀྱི་སྙིང་པོ་བདུད་རྩི་བྱང་ཆུབ་སེམས་ཀྱི་ཟིལ་མངར་གསུང་རྡོ་རྗེ་ཚེ་མཐའ་ཡས་པའི་བྱིན་རླབས་དངོས་གྲུབ་ཀྱི་རྒྱུན་མྱོངས་བས་འགག་མེད་པདྨ་གསུང་གི་ཚེ་དབང་ཐོབ་པར་མོས་ཤིག  །ཚེ་ཆང་སྦྱིན་ལ།  ཨཱཿ  བདེ་སྟོང་ཟག་པ་མེད་པའི་བྱང་ཆུབ་སེམས།  །འཆི་མེད་ཡེ་ཤེས་བདུད་རྩིའི་བཅུད་དུ་འཁྱིལ།  །གཉིས་མེད་མཉམ་པར་རོལ་པའི་རྫས་སུ་སྟེར།  །འགག་མེད་རྡོ་རྗེའི་གསུང་དུ་རྫོགས་པར་ཤོག  །ཝཱཀ་ཨ་དྷིཥྛ་ན་ཨ་བྷི་ཥིཉྩ་ཨཱཿ  གསུང་མི་ཟད་རྒྱན་གྱི་འཁོར་ལོའི་ཡེ་ཤེས་བདུད་རྩིའི་ཚེ་ཡི་ཁྱབ་བདག་མགོན་པོ་ཚེ་དཔག་ཏུ་མེད་པའི་གསང་བ་དང་གཉིས་སུ་མེད་པར་ཐོབ་པར་གྱུར་ཅིག  །སྲིད་ཞིའི་སྙིང་པོ་འཕོ་མེད་གཉུག་མའི་བདག་ཉིད་དུ་བྱིན་གྱིས་བརླབས་པའི་ཚེ་ཡི་རིལ་བུ་ཡེ་ཤེས་སེམས་དཔའ་ཡིད་བཞིན་འཁོར་ལོའི་རྣམ་པ་རུ་བྱོན་ནས་སྙིང་དབུས་སུ་བཞུགས་པས་འཁྲུལ་མེད་རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི་བདག་ཉིད་རྗེ་བཙུན་ཡིད་བཞིན་འཁོར་ལོའི་ཐུགས་ཀྱི་ཚེ་དབང་ཐོབ་པར་མོས་ཤིག  །ཚེ་རིལ་སྦྱིན་ལ།  ཧཱུྃ།  འོད་གསལ་སྙིང་པོ་ཡེ་ཤེས་དོན་གྱི་ལྷ།  །ཡིད་བཞིན་འཁོར་ལོའི་བདེ་སྟོང་དྭངས་མའི་བཅུད།  །ཐིག་ལེ་གཅིག་ཟླུམ་ཚེ་ཡི་རིལ་བུ་སྦྱིན།  །འཁྲུལ་མེད་རྡོ་རྗེའི་ཐུགས་དགོངས་སད་གྱུར་ཅིག  །ཙིཏྟ་ཨ་དྷིཥྛ་ན་ཨ་བྷི་ཥིཉྩ་ཧཱུྃ།  ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འཆི་མེད་ཚེ་དང་ཡེ་ཤེས་མཆོག་སྦྱིན་རྒྱལ་ཡུམ་ཡིད་བཞིན་འཁོར་ལོའི་ཡེ་ཤེས་ཀྱི་གསང་བ་དང་གཉིས་མེད་དུ་བྱིན་གྱིས་བརླབས་པར་གྱུར་ཅིག  །དེ་ལྟར་ཁྱེད་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་འཆི་མེད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་ཤིང་དབང་བསྐུར་བས་རྡོ་རྗེའི་གསང་བ་གསུམ་དང་དབྱེར་མེད་པར་གྱུར་ནས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ།  སྐྱེ་འཆི་འཁྲུལ་པའི་རྟོག་པ་དབྱིངས་སུ་དག  །ཚེ་དང་ཡེ་ཤེས་དཔལ་འདོད་དགུར་ལོངས་སྤྱོད་པའི་དགའ་སྟོན་ནམ་ཡང་ཉམས་པ་མེད་པའི་ཕྱིར་ཚེ་མདའ་རིན་ཆེན་འབར་བ་སྤྱི་བོར་རྒྱ་གྲམ་དུ་བཞག་པས་རྒྱས་བཏབ་པར་མོས་ཤིག  ཨ།  ཆོས་ཉིད་ཁྱབ་བརྡལ་སོགས་བརྗོད།  ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཀོད།  རྟེན་སྙིང་གིས་ཐོག་དྲངས་པའི་ཤིས་བརྗོད་རྒྱས་པར་བྱ།  སྤྲོ་ན་མཐའ་རྟེན་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱི་མངའ་འབུལ་བྱ།  དམ་ཚིག་ཁས་བླང༌།  གཏང་རག་བཅས་ཕུལ་ཏེ་དགེ་བ་བསྔོ།  སློབ་དཔོན་ནས་རྗེས་ཀྱི་ལས་རིམ་མཐར་དབྱུང་བས་གྲུབ་པའོ།  །བླ་མ་ཡིད་བཞིན་ནོར་བུ་དངོས་གྲུབ་དང༌།  །ཕྲིན་ལས་འབྱུང་གནས་ངེས་ཕྱིར་ཚུལ་འདི་ཡང༌།  །དམ་པའི་བཀའ་ཡིས་བསྐུལ་བས་དད་མོས་ཀྱིས།  །ཡིད་ལ་ཇི་ལྟར་ཤར་བཞིན་མ་བཅོས་བྲིས།  །གཟུ་ལུམ་སྤྱི་བརྟོལ་དབང་ཟོས་མ་ཡིན་ཞིང༌།  །དད་དང་མོས་གུས་ཉེར་ལེན་ལས་བྱུང་ཕྱིར།  །སྐལ་བཟང་དངོས་གྲུབ་དགའ་སྟོན་ཉིད་གྱུར་ཅིག  །རང་ལ་ནོངས་པའི་དྲི་མ་མི་འབྱུང་ཤོག  །ཅེས་པའང་གཏེར་ཆེན་རྡོ་རྗེ་གླིང་པའི་གདུང་རིགས་སུ་འཁྲུངས་ཤིང༌།  འཇམ་མགོན་བླ་མའི་དངོས་སློབ་བཀའ་རྙིང་ཟུང་འཇུག་གི་རྡོ་རྗེ་སློབ་དཔོན་མཁྱེན་རྟོགས་རྨད་བྱུང་འཇམ་དབྱངས་ཡེ་ཤེས་སེང་གེས་ལྷ་རྫས་ཀྱི་རྟེན་བཅས་གསུང་བསྐུལ་ནན་དུ་གནང་བ་བཞིན།  རྗེ་བཙུན་བླ་མ་ཐམས་ཅད་གཟིགས་པས་ཐུན་མོང་མ་ཡིན་པའི་བརྩེ་བ་ཆེན་པོའི་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པའི་སྤྲང་འཁྱམས་རྒན་པོ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་གྱིས་ལྷོ་འབྲུག་གསང་ཟབ་ཆོས་རྫོང་དུ་བྲིས་པ་ཁྱབ་བདག་བླ་མའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པའི་ཆ་རྐྱེན་དུ་གྱུར་ཅིག    །སརྦ་མངྒ་ལཾ།    དགེའོ།།  །།}}
@#/________/na mo gu ru dz+nyA na badz+ra kA ya ye/__khyab bdag 'jam mgon bla ma'i ye shes dgongs pa'i mdzod las byon pa'i bla sgrub snying thig gsal sgron la tshe sgrub sbyor bar 'dod na/__rtsa dbang dang 'brel na bum pa'i mdun du tshe 'brang sogs bkod/__tshe sgrub skor gyi skabs/__rdul tshon gyi pad+ma 'dab brgyad la/__'bru dkar gyi tshom bu'i steng tshe 'brang*/__g.yas g.yon du tshe ril/__tshe chang*/__nyer spyod mchod pas bskor/__dgos pa dang 'brel na tshogs gtor sogs kyang 'du byas la/__mtshan sngags bzlas pa gzhung ltar grub pa'i rjes/__'chi med ye shes sku can bla ma rje'i/__/thugs ka dpal gyi be'ur pad zla'i steng*/__/ngo bo 'ja' lus sku can bi ma la/__/rnam pa tshe sbyin yid bzhin 'khor lo'i tshul/__/rab dkar zla ba zhun ma'i mtshan dpe can/__/zhabs gnyis rdo rje'i skyil krung mnyam bzhag steng*/__/'chi med tshe bum bdud rtsis gtams pa bsnams/__/bde chen 'khor lor ngo bo shrI seng+ha/__/rnam par rgyal ma gtsug tor las 'khrungs lha/__/dkar gsal tshe bum lcags kyu mchog sbyin rgyan/__/dri med chu shel dwangs ma'i kha dog can/__/kun kyang zhi 'dzum sgeg mdzes rgyan gyis spud/__/dpag yas 'od kyi gzi byin 'bar bas bzhugs/__/gzhan yang 'khor dang sku yi ba spu tshul/__/rab 'byams rtsa gsum tshe lha'i dkyil 'khor la/__/gang 'dul sgyu 'phrul rol pa bsam mi khyab/__/snang stong zung 'jug bkod pas bskor ba gsal/__hrIHhrIHhrIH__khyab brdal ka dag 'chi med 'od mtha' yas/__/rang bzhin lhun grub rgyal yum 'phags ma'i tshul/__/gnyis med las kyi sems dpa' rnam rgyal ma/__/rigs kun khyab bdag bla ma'i gsang gsum lhar/__/mi phyed gdung shugs dad pas gsol 'debs na/__/nad gdon 'gal rkyen dus min 'chi ba zhi/__/tshe dang ye shes bsod nams dpal kun rgyas/__/snang srid dwangs ma'i rlung sems dbang 'dus nas/__/bdud bgegs bar chad 'gal rkyen tshar gcod mdzod/__/khyad par mi shigs rdo rje'i sku gsung thugs/__/skye 'chi gzhom gzhig bral ba'i bcud kyi dbang*/__/mngon sum thob nas sdug bsngal srid pa'i nad/__/kun zhi 'chi med rdo rje'i srog 'grub mdzod/__/gsol btab gdung bas thugs dam rjes bskul mthus/__/bla ma lus dkyil bcas pa'i sku'i 'od zer/__/lnga ldan zer thag lha mo mgyogs ma'i sprin/__/mkha' khyab zhing kun brdal bas phyi snod khams/__/nang bcud tshe dpal bsod nams dwangs ma'i bcud/__/don dam mi shigs ye shes tshe'i bcud kun/__/lnga ldan bdud rtsi'i zil mngar zer thig 'khyug__/shis pa'i re khA bkra ba'i rnam par bsdus/__/bla ma'i skur thim lhag par gzi brjid 'bar/__/gnas gsum lha yis bum pas dbang bskur zhing*/__/tshe yi bdud rtsis bla ma'i sku'i cha kun/__/rab gang byin rlabs zegs ma char du bab/__/rang gi spyi bo nas thim lus kun gang*/__/sdig sgrib las nyon nad gdon 'gal rkyen bkrus/__/'chi med tshe dang zad med bsod nams dpal/__/nyams rtogs ye shes snang ba sad par byas/__/rags pa'i phung khams rdo rje'i skur smin nas/__/rdo rje'i tshe yi dngos grub thob par bsam/__/oM gu ru shrI pad+ma he ru ka hrIH b+h+rU~M tAM badz+ra dz+nyA na A yu She swA hA/__zhes ji tsam nus pa bzla/__thun mthar tshe 'gugs ni/_hrIH__dbyings kyi tshe ni rdo rje'i srog__/mi 'gyur mi shigs 'od du gsal/__/dwangs ma gzi brjid bkrag 'tsher ba/__/'khor 'das kun khyab chen po'i klong*/__/'pho 'gyur med pa dgyes dgu'i lha/__/tshe dbang rig 'dzin bi ma la/__/shrI sing ha thod phreng rtsal/__/gnyis med ye shes rol pa'i gar/__/rje btsun bla ma deng 'dir dgongs/__/rdo rje'i sku ni skye 'chi bral/__/rnam par rgyal ma tshe yi lha/__/sprul pa'i sems dpa' mkha' khyab spros/__/phyi snod 'byung lnga nang phung khams/__/don dam mtshan dpe ye shes sku'i/__/srog bcud dkar gsal bdud rtsi'i sprin/__/bdag gi lus la sib sib thim/__/rdo rje'i lang tsho'i grub nas/__/skye mchi'i g.yul las rgyal bar mdzod/__/'gags med gsung gi rdo rje'i lha/__/gar gyi dbang phyug rigs kun bdag__/tshe yi mgyogs mas brtan g.yo'i sgra/__/rlung sngags nus pa'i bcud kun bsdus/__/dwangs ma bdud rtsir zhu ba yang*/__/mgrin par ngag dang gnyis med thim/__/gzung 'dzin 'khrul pa'i las rlung dag__/a wa d+hU tir zhugs gnas thim/__/gzhol med rdo rje nA da'i rgyud/__/'pho bral rtag pa'i gsung thob mdzod/__/'khrul bral tshe dang ye shes ster/__/myur ma dpal mo rigs kyi gtsos/__/dwangs ma sdud pa'i pho nya spros/__/nam yang mi shigs mi 'gyur srog__/rdo rje nam mkha' lta bu'i tshe/__/zab zhi chos nyid klong nas bsdus/__/gnyis su med par sangs rgyas thob/__/'khrul pa'i rgyu 'bras ka dag dbyings/__/don dam nges pa'i gsang ba ru/__/'khrul ba med pas dbang bskur te/__/ye shes dgongs klong rtsal rdzogs mdzod/__/badz+ra dz+nyA na A yu She dzaHdzaH__AH__chos nyid khyab brdal nam mkha'i khams/__/bzod nas 'pho 'gyur bgres rgud dang*/__/yongs bral ye shes snying po'i srog__/mngon sum klong du rgyas btab bo/__/d+harma d+hA tu a a a:__zhes sbyar nas/__tshogs mchod dgos na phul/__dbang len nas brtsams las rim mthar dbyung ba'o/___/'di la brten nas tshe yi dbang bskur dgos na sgrub rdzas la dmigs pa'i spro bsdu bcas gong ltar bya/___bla sgrub dkyus kyi dbang bskur dang 'brel na dam tshig khas blang bar btang nas 'di mtha' rten du sbyar na legs la/__tshe dbang kho na'i skabs/__de la 'dir gnas skabs dang mthar thug gi don chen po mtha' dag sgrub pa'i gzhi gcig pu ni ring du 'tsho ba'i tshe yin la/__de nyid nyams na gso ba dang*/__gnas pa gong 'phel du bya ba'i thabs kun las/__khyad par du 'phags pa ni rdo rje theg pa'i lam lha sngags ting nge 'dzin gyi rnal 'byor nyid ches zab cing tshad mas grub pa yin la/__las dang dngos grub thams cad bla ma la ma bsten par sus kyang sgrub mi nus pas na skabs 'dir bla ma'i rnal 'byor snying thig gsal sgron la bsten nas tshe dang ye shes kyi dngos grub sgrub pa'i thabs dang rjes su 'brel ba'i dbang skur bgyi pa la sogs kyis mtshams sbyar nas maN+Dal nas brtsams/__skyabs sems/__byin 'bebs bar rtsa dbang ltar sgrub pa'i rjes dang dngos gzhi tshe yi dbang bskur ba la/__thog mar tshe 'gugs shing bcud bsdu ba'i phyir rtsa gsum rgya mtsho'i khyab bdag dpal mgon bla ma'i gsang gsum 'chi med tshe yi lha mchog gsum gyi dkyil 'khor gdod nas lhun grub tu rdzogs pa'i 'khor lo las 'od zer lcags kyu'i dbyibs can dang pho nya mgyogs ma'i tshogs nyi zer gyi rdul lta bu 'khor 'das brtan g.yo'i khams khyab par spros pas/__khyed rang rnams kyi bla tshe 'khyams pa yar ba stor cing chad nyams su gyur pa rnams dang*/__'byung ba sa chu me rlung gi dwangs bcud/__stong gsum srid pa gsum na gnas pa'i skye 'gro rnams kyi tshe bsod dpal 'byor/__rtsa gsum rgyal ba rgya mtsho'i thugs rje byin rlabs nus pa'i bcud thams cad bdud rtsi'i 'od zer kha dog sna tshogs pa'i rnam par bsdus te khyed rnams kyi ba spu nas sib kyis zhugs/__snying dbus mi shigs pa'i thig le'i gsos byas/__sgo gsum 'chi med ye shes rdo rje'i sku gsung thugs dang dbyer med du gyur pas bla tshe dbang thang nyams pa sor chud/__'chi ba med pa tshe yi dngos grub thob/__mdun gyi tshe rdzas rnams la thim pas rdo rje'i bcud len 'khor 'das brtan g.yo'i nying khu ru gyur bar sgoms shig__/mda' dar g.yab nas/__hrIH__dbyings kyi tshe ni sogs tshe 'gugs sngags bcas brjod/__tshe 'brang gtsug tor rnam par rgyal ma tshe yi rig 'dzin brgyud pas byin thibs se bskor ba spyi bor byon sku las 'chi med bdud rtsi'i rgyun byung*/__lus kyi nang thams cad gang bas mi 'gyur rdo rje'i sku yi tshe dbang thob par mos shig__/tshe 'brang spyi bor bzhag la/__oM/__ye shes 'od lnga 'khyil ba'i bum pa ru/__/rnam par rgyal ma tshe yi dkyil 'khor lhas/__/ye shes bdud rtsi'i dbang bskur byin brlabs pas/__/'pho med rdo rje'i sku ru smin par shog__/kA ya a d+hiSh+Tha na a b+hiShiny+tsa oM/__sku mi zad rgyan gyi 'khor lo'i ye shes kyi tshe yi phyag rgya gtsug tor rnam par rgyal ma'i gsang ba dang gnyis su med par thob par gyur cig__/spro na shis brjod bya/__brtan g.yo'i bcud kyi snying po bdud rtsi byang chub sems kyi zil mngar gsung rdo rje tshe mtha' yas pa'i byin rlabs dngos grub kyi rgyun myongs bas 'gag med pad+ma gsung gi tshe dbang thob par mos shig__/tshe chang sbyin la/__AH__bde stong zag pa med pa'i byang chub sems/__/'chi med ye shes bdud rtsi'i bcud du 'khyil/__/gnyis med mnyam par rol pa'i rdzas su ster/__/'gag med rdo rje'i gsung du rdzogs par shog__/wAka a d+hiSh+Tha na a b+hi Shiny+tsa AH__gsung mi zad rgyan gyi 'khor lo'i ye shes bdud rtsi'i tshe yi khyab bdag mgon po tshe dpag tu med pa'i gsang ba dang gnyis su med par thob par gyur cig__/srid zhi'i snying po 'pho med gnyug ma'i bdag nyid du byin gyis brlabs pa'i tshe yi ril bu ye shes sems dpa' yid bzhin 'khor lo'i rnam pa ru byon nas snying dbus su bzhugs pas 'khrul med rdo rje'i tshe dang ye shes kyi bdag nyid rje btsun yid bzhin 'khor lo'i thugs kyi tshe dbang thob par mos shig__/tshe ril sbyin la/__hU~M/__'od gsal snying po ye shes don gyi lha/__/yid bzhin 'khor lo'i bde stong dwangs ma'i bcud/__/thig le gcig zlum tshe yi ril bu sbyin/__/'khrul med rdo rje'i thugs dgongs sad gyur cig__/tsit+ta a d+hiSh+Tha na a b+hi Shiny+tsa hU~M/__thugs mi zad pa rgyan gyi 'khor lo 'chi med tshe dang ye shes mchog sbyin rgyal yum yid bzhin 'khor lo'i ye shes kyi gsang ba dang gnyis med du byin gyis brlabs par gyur cig__/de ltar khyed rnams kyi lus ngag yid gsum la 'chi med dkyil 'khor gyi lha tshogs rnams kyi sku gsung thugs kyi byin gyis brlabs shing dbang bskur bas rdo rje'i gsang ba gsum dang dbyer med par gyur nas 'chi med tshe yi dngos grub thob/__skye 'chi 'khrul pa'i rtog pa dbyings su dag__/tshe dang ye shes dpal 'dod dgur longs spyod pa'i dga' ston nam yang nyams pa med pa'i phyir tshe mda' rin chen 'bar ba spyi bor rgya gram du bzhag pas rgyas btab par mos shig__a/__chos nyid khyab brdal sogs brjod/__tshe mda' spyi bor rgya gram du bkod/__rten snying gis thog drangs pa'i shis brjod rgyas par bya/__spro na mtha' rten bkra shis rdzas rtags rin chen bdun gyi mnga' 'bul bya/__dam tshig khas blang*/__gtang rag bcas phul te dge ba bsngo/__slob dpon nas rjes kyi las rim mthar dbyung bas grub pa'o/___/bla ma yid bzhin nor bu dngos grub dang*/__/phrin las 'byung gnas nges phyir tshul 'di yang*/__/dam pa'i bka' yis bskul bas dad mos kyis/__/yid la ji ltar shar bzhin ma bcos bris/__/gzu lum spyi brtol dbang zos ma yin zhing*/__/dad dang mos gus nyer len las byung phyir/__/skal bzang dngos grub dga' ston nyid gyur cig__/rang la nongs pa'i dri ma mi 'byung shog___/ces pa'ang gter chen rdo rje gling pa'i gdung rigs su 'khrungs shing*/__'jam mgon bla ma'i dngos slob bka' rnying zung 'jug gi rdo rje slob dpon mkhyen rtogs rmad byung 'jam dbyangs ye shes seng ges lha rdzas kyi rten bcas gsung bskul nan du gnang ba bzhin/__rje btsun bla ma thams cad gzigs pas thun mong ma yin pa'i brtse ba chen po'i rjes su bzung zhing byin gyis brlabs pa'i sprang 'khyams rgan po 'jigs med mkhyen brtse'i 'od zer bkra shis dpal 'byor gyis lho 'brug gsang zab chos rdzong du bris pa khyab bdag bla ma'i ye shes kyi gzigs pa 'jug pa'i cha rkyen du gyur cig____/sarba mang+ga laM/____dge'o//__//
 
</onlyinclude>
</onlyinclude>
 
{{TsagliCall}}
</div>
<headertabs/>
== Footnotes ==
<references/>
==Other Information==
{{Footer}}
[[Category:DKR-KABUM-Volume-02-KHA]]
[[Category:DKR-KABUM-Volume-02-KHA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]
[[Category:Text Pages in Wylie]]

Revision as of 12:37, 4 November 2022

Wylie title DKR-KABUM-02-KHA-038.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "kha"., Text 38, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "KHA" is not a number.

"KHA" is not a number.

[edit]
༄༅། བླ་མའི་རྣལ་འབྱོར་སྙིང་ཐིག་གསལ་སྒྲོན་གྱི་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་བཞུགས། ༄༅། །ན་མོ་གུ་རུ་ཛྙཱ་ན་བཛྲ་ཀཱ་ཡ་ཡེ། ཁྱབ་བདག་འཇམ་མགོན་བླ་མའི་ཡེ་ཤེས་དགོངས་པའི་མཛོད་ལས་བྱོན་པའི་བླ་སྒྲུབ་སྙིང་ཐིག་གསལ་སྒྲོན་ལ་ཚེ་སྒྲུབ་སྦྱོར་བར་འདོད་ན། རྩ་དབང་དང་འབྲེལ་ན་བུམ་པའི་མདུན་དུ་ཚེ་འབྲང་སོགས་བཀོད། ཚེ་སྒྲུབ་སྐོར་གྱི་སྐབས། རྡུལ་ཚོན་གྱི་པདྨ་འདབ་བརྒྱད་ལ། འབྲུ་དཀར་གྱི་ཚོམ་བུའི་སྟེང་ཚེ་འབྲང༌། གཡས་གཡོན་དུ་ཚེ་རིལ། ཚེ་ཆང༌། ཉེར་སྤྱོད་མཆོད་པས་བསྐོར། དགོས་པ་དང་འབྲེལ་ན་ཚོགས་གཏོར་སོགས་ཀྱང་འདུ་བྱས་ལ། མཚན་སྔགས་བཟླས་པ་གཞུང་ལྟར་གྲུབ་པའི་རྗེས། འཆི་མེད་ཡེ་ཤེས་སྐུ་ཅན་བླ་མ་རྗེའི། །ཐུགས་ཀ་དཔལ་གྱི་བེའུར་པད་ཟླའི་སྟེང༌། །ངོ་བོ་འཇའ་ལུས་སྐུ་ཅན་བི་མ་ལ། །རྣམ་པ་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཚུལ། །རབ་དཀར་ཟླ་བ་ཞུན་མའི་མཚན་དཔེ་ཅན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་མཉམ་བཞག་སྟེང༌། །འཆི་མེད་ཚེ་བུམ་བདུད་རྩིས་གཏམས་པ་བསྣམས། །བདེ་ཆེན་འཁོར་ལོར་ངོ་བོ་ཤྲཱི་སེངྷ། །རྣམ་པར་རྒྱལ་མ་གཙུག་ཏོར་ལས་འཁྲུངས་ལྷ། །དཀར་གསལ་ཚེ་བུམ་ལྕགས་ཀྱུ་མཆོག་སྦྱིན་རྒྱན། །དྲི་མེད་ཆུ་ཤེལ་དྭངས་མའི་ཁ་དོག་ཅན། །ཀུན་ཀྱང་ཞི་འཛུམ་སྒེག་མཛེས་རྒྱན་གྱིས་སྤུད། །དཔག་ཡས་འོད་ཀྱི་གཟི་བྱིན་འབར་བས་བཞུགས། །གཞན་ཡང་འཁོར་དང་སྐུ་ཡི་བ་སྤུ་ཚུལ། །རབ་འབྱམས་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་ལ། །གང་འདུལ་སྒྱུ་འཕྲུལ་རོལ་པ་བསམ་མི་ཁྱབ། །སྣང་སྟོང་ཟུང་འཇུག་བཀོད་པས་བསྐོར་བ་གསལ། ཧྲཱིཿཧྲཱིཿཧྲཱིཿ ཁྱབ་བརྡལ་ཀ་དག་འཆི་མེད་འོད་མཐའ་ཡས། །རང་བཞིན་ལྷུན་གྲུབ་རྒྱལ་ཡུམ་འཕགས་མའི་ཚུལ། །གཉིས་མེད་ལས་ཀྱི་སེམས་དཔའ་རྣམ་རྒྱལ་མ། །རིགས་ཀུན་ཁྱབ་བདག་བླ་མའི་གསང་གསུམ་ལྷར། །མི་ཕྱེད་གདུང་ཤུགས་དད་པས་གསོལ་འདེབས་ན། །ནད་གདོན་འགལ་རྐྱེན་དུས་མིན་འཆི་བ་ཞི། །ཚེ་དང་ཡེ་ཤེས་བསོད་ནམས་དཔལ་ཀུན་རྒྱས། །སྣང་སྲིད་དྭངས་མའི་རླུང་སེམས་དབང་འདུས་ནས། །བདུད་བགེགས་བར་ཆད་འགལ་རྐྱེན་ཚར་གཅོད་མཛོད། །ཁྱད་པར་མི་ཤིགས་རྡོ་རྗེའི་སྐུ་གསུང་ཐུགས། །སྐྱེ་འཆི་གཞོམ་གཞིག་བྲལ་བའི་བཅུད་ཀྱི་དབང༌། །མངོན་སུམ་ཐོབ་ནས་སྡུག་བསྔལ་སྲིད་པའི་ནད། །ཀུན་ཞི་འཆི་མེད་རྡོ་རྗེའི་སྲོག་འགྲུབ་མཛོད། །གསོལ་བཏབ་གདུང་བས་ཐུགས་དམ་རྗེས་བསྐུལ་མཐུས། །བླ་མ་ལུས་དཀྱིལ་བཅས་པའི་སྐུའི་འོད་ཟེར། །ལྔ་ལྡན་ཟེར་ཐག་ལྷ་མོ་མགྱོགས་མའི་སྤྲིན། །མཁའ་ཁྱབ་ཞིང་ཀུན་བརྡལ་བས་ཕྱི་སྣོད་ཁམས། །ནང་བཅུད་ཚེ་དཔལ་བསོད་ནམས་དྭངས་མའི་བཅུད། །དོན་དམ་མི་ཤིགས་ཡེ་ཤེས་ཚེའི་བཅུད་ཀུན། །ལྔ་ལྡན་བདུད་རྩིའི་ཟིལ་མངར་ཟེར་ཐིག་འཁྱུག །ཤིས་པའི་རེ་ཁཱ་བཀྲ་བའི་རྣམ་པར་བསྡུས། །བླ་མའི་སྐུར་ཐིམ་ལྷག་པར་གཟི་བརྗིད་འབར། །གནས་གསུམ་ལྷ་ཡིས་བུམ་པས་དབང་བསྐུར་ཞིང༌། །ཚེ་ཡི་བདུད་རྩིས་བླ་མའི་སྐུའི་ཆ་ཀུན། །རབ་གང་བྱིན་རླབས་ཟེགས་མ་ཆར་དུ་བབ། །རང་གི་སྤྱི་བོ་ནས་ཐིམ་ལུས་ཀུན་གང༌། །སྡིག་སྒྲིབ་ལས་ཉོན་ནད་གདོན་འགལ་རྐྱེན་བཀྲུས། །འཆི་མེད་ཚེ་དང་ཟད་མེད་བསོད་ནམས་དཔལ། །ཉམས་རྟོགས་ཡེ་ཤེས་སྣང་བ་སད་པར་བྱས། །རགས་པའི་ཕུང་ཁམས་རྡོ་རྗེའི་སྐུར་སྨིན་ནས། །རྡོ་རྗེའི་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ། །ཨོཾ་གུ་རུ་ཤྲཱི་པདྨ་ཧེ་རུ་ཀ་ཧྲཱིཿ་བྷྲཱུྃ་ཏཱཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་ཇི་ཙམ་ནུས་པ་བཟླ། ཐུན་མཐར་ཚེ་འགུགས་ནི། ཧྲཱིཿ དབྱིངས་ཀྱི་ཚེ་ནི་རྡོ་རྗེའི་སྲོག །མི་འགྱུར་མི་ཤིགས་འོད་དུ་གསལ། །དྭངས་མ་གཟི་བརྗིད་བཀྲག་འཚེར་བ། །འཁོར་འདས་ཀུན་ཁྱབ་ཆེན་པོའི་ཀློང༌། །འཕོ་འགྱུར་མེད་པ་དགྱེས་དགུའི་ལྷ། །ཚེ་དབང་རིག་འཛིན་བི་མ་ལ། །ཤྲཱི་སིང་ཧ་ཐོད་ཕྲེང་རྩལ། །གཉིས་མེད་ཡེ་ཤེས་རོལ་པའི་གར། །རྗེ་བཙུན་བླ་མ་དེང་འདིར་དགོངས། །རྡོ་རྗེའི་སྐུ་ནི་སྐྱེ་འཆི་བྲལ། །རྣམ་པར་རྒྱལ་མ་ཚེ་ཡི་ལྷ། །སྤྲུལ་པའི་སེམས་དཔའ་མཁའ་ཁྱབ་སྤྲོས། །ཕྱི་སྣོད་འབྱུང་ལྔ་ནང་ཕུང་ཁམས། །དོན་དམ་མཚན་དཔེ་ཡེ་ཤེས་སྐུའི། །སྲོག་བཅུད་དཀར་གསལ་བདུད་རྩིའི་སྤྲིན། །བདག་གི་ལུས་ལ་སིབ་སིབ་ཐིམ། །རྡོ་རྗེའི་ལང་ཚོའི་གྲུབ་ནས། །སྐྱེ་མཆིའི་གཡུལ་ལས་རྒྱལ་བར་མཛོད། །འགགས་མེད་གསུང་གི་རྡོ་རྗེའི་ལྷ། །གར་གྱི་དབང་ཕྱུག་རིགས་ཀུན་བདག །ཚེ་ཡི་མགྱོགས་མས་བརྟན་གཡོའི་སྒྲ། །རླུང་སྔགས་ནུས་པའི་བཅུད་ཀུན་བསྡུས། །དྭངས་མ་བདུད་རྩིར་ཞུ་བ་ཡང༌། །མགྲིན་པར་ངག་དང་གཉིས་མེད་ཐིམ། །གཟུང་འཛིན་འཁྲུལ་པའི་ལས་རླུང་དག །ཨ་ཝ་དྷཱུ་ཏིར་ཞུགས་གནས་ཐིམ། །གཞོལ་མེད་རྡོ་རྗེ་ནཱ་དའི་རྒྱུད། །འཕོ་བྲལ་རྟག་པའི་གསུང་ཐོབ་མཛོད། །འཁྲུལ་བྲལ་ཚེ་དང་ཡེ་ཤེས་སྟེར། །མྱུར་མ་དཔལ་མོ་རིགས་ཀྱི་གཙོས། །དྭངས་མ་སྡུད་པའི་ཕོ་ཉ་སྤྲོས། །ནམ་ཡང་མི་ཤིགས་མི་འགྱུར་སྲོག །རྡོ་རྗེ་ནམ་མཁའ་ལྟ་བུའི་ཚེ། །ཟབ་ཞི་ཆོས་ཉིད་ཀློང་ནས་བསྡུས། །གཉིས་སུ་མེད་པར་སངས་རྒྱས་ཐོབ། །འཁྲུལ་པའི་རྒྱུ་འབྲས་ཀ་དག་དབྱིངས། །དོན་དམ་ངེས་པའི་གསང་བ་རུ། །འཁྲུལ་བ་མེད་པས་དབང་བསྐུར་ཏེ། །ཡེ་ཤེས་དགོངས་ཀློང་རྩལ་རྫོགས་མཛོད། །བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཛཿཛཿ ཨཱཿ ཆོས་ཉིད་ཁྱབ་བརྡལ་ནམ་མཁའི་ཁམས། །བཟོད་ནས་འཕོ་འགྱུར་བགྲེས་རྒུད་དང༌། །ཡོངས་བྲལ་ཡེ་ཤེས་སྙིང་པོའི་སྲོག །མངོན་སུམ་ཀློང་དུ་རྒྱས་བཏབ་བོ། །དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ ཞེས་སྦྱར་ནས། ཚོགས་མཆོད་དགོས་ན་ཕུལ། དབང་ལེན་ནས་བརྩམས་ལས་རིམ་མཐར་དབྱུང་བའོ། །འདི་ལ་བརྟེན་ནས་ཚེ་ཡི་དབང་བསྐུར་དགོས་ན་སྒྲུབ་རྫས་ལ་དམིགས་པའི་སྤྲོ་བསྡུ་བཅས་གོང་ལྟར་བྱ། བླ་སྒྲུབ་དཀྱུས་ཀྱི་དབང་བསྐུར་དང་འབྲེལ་ན་དམ་ཚིག་ཁས་བླང་བར་བཏང་ནས་འདི་མཐའ་རྟེན་དུ་སྦྱར་ན་ལེགས་ལ། ཚེ་དབང་ཁོ་ནའི་སྐབས། དེ་ལ་འདིར་གནས་སྐབས་དང་མཐར་ཐུག་གི་དོན་ཆེན་པོ་མཐའ་དག་སྒྲུབ་པའི་གཞི་གཅིག་པུ་ནི་རིང་དུ་འཚོ་བའི་ཚེ་ཡིན་ལ། དེ་ཉིད་ཉམས་ན་གསོ་བ་དང༌། གནས་པ་གོང་འཕེལ་དུ་བྱ་བའི་ཐབས་ཀུན་ལས། ཁྱད་པར་དུ་འཕགས་པ་ནི་རྡོ་རྗེ་ཐེག་པའི་ལམ་ལྷ་སྔགས་ཏིང་ངེ་འཛིན་གྱི་རྣལ་འབྱོར་ཉིད་ཆེས་ཟབ་ཅིང་ཚད་མས་གྲུབ་པ་ཡིན་ལ། ལས་དང་དངོས་གྲུབ་ཐམས་ཅད་བླ་མ་ལ་མ་བསྟེན་པར་སུས་ཀྱང་སྒྲུབ་མི་ནུས་པས་ན་སྐབས་འདིར་བླ་མའི་རྣལ་འབྱོར་སྙིང་ཐིག་གསལ་སྒྲོན་ལ་བསྟེན་ནས་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་པའི་ཐབས་དང་རྗེས་སུ་འབྲེལ་བའི་དབང་སྐུར་བགྱི་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་ནས་བརྩམས། སྐྱབས་སེམས། བྱིན་འབེབས་བར་རྩ་དབང་ལྟར་སྒྲུབ་པའི་རྗེས་དང་དངོས་གཞི་ཚེ་ཡི་དབང་བསྐུར་བ་ལ། ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་ཕྱིར་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་དཔལ་མགོན་བླ་མའི་གསང་གསུམ་འཆི་མེད་ཚེ་ཡི་ལྷ་མཆོག་གསུམ་གྱི་དཀྱིལ་འཁོར་གདོད་ནས་ལྷུན་གྲུབ་ཏུ་རྫོགས་པའི་འཁོར་ལོ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དང་ཕོ་ཉ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟ་བུ་འཁོར་འདས་བརྟན་གཡོའི་ཁམས་ཁྱབ་པར་སྤྲོས་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་འཁྱམས་པ་ཡར་བ་སྟོར་ཅིང་ཆད་ཉམས་སུ་གྱུར་པ་རྣམས་དང༌། འབྱུང་བ་ས་ཆུ་མེ་རླུང་གི་དྭངས་བཅུད། སྟོང་གསུམ་སྲིད་པ་གསུམ་ན་གནས་པའི་སྐྱེ་འགྲོ་རྣམས་ཀྱི་ཚེ་བསོད་དཔལ་འབྱོར། རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་བྱིན་རླབས་ནུས་པའི་བཅུད་ཐམས་ཅད་བདུད་རྩིའི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བསྡུས་ཏེ་ཁྱེད་རྣམས་ཀྱི་བ་སྤུ་ནས་སིབ་ཀྱིས་ཞུགས། སྙིང་དབུས་མི་ཤིགས་པའི་ཐིག་ལེའི་གསོས་བྱས། སྒོ་གསུམ་འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པས་བླ་ཚེ་དབང་ཐང་ཉམས་པ་སོར་ཆུད། འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་རྡོ་རྗེའི་བཅུད་ལེན་འཁོར་འདས་བརྟན་གཡོའི་ཉིང་ཁུ་རུ་གྱུར་བར་སྒོམས་ཤིག །མདའ་དར་གཡབ་ནས། ཧྲཱིཿ དབྱིངས་ཀྱི་ཚེ་ནི་སོགས་ཚེ་འགུགས་སྔགས་བཅས་བརྗོད། ཚེ་འབྲང་གཙུག་ཏོར་རྣམ་པར་རྒྱལ་མ་ཚེ་ཡི་རིག་འཛིན་བརྒྱུད་པས་བྱིན་ཐིབས་སེ་བསྐོར་བ་སྤྱི་བོར་བྱོན་སྐུ་ལས་འཆི་མེད་བདུད་རྩིའི་རྒྱུན་བྱུང༌། ལུས་ཀྱི་ནང་ཐམས་ཅད་གང་བས་མི་འགྱུར་རྡོ་རྗེའི་སྐུ་ཡི་ཚེ་དབང་ཐོབ་པར་མོས་ཤིག །ཚེ་འབྲང་སྤྱི་བོར་བཞག་ལ། ཨོཾ། ཡེ་ཤེས་འོད་ལྔ་འཁྱིལ་བའི་བུམ་པ་རུ། །རྣམ་པར་རྒྱལ་མ་ཚེ་ཡི་དཀྱིལ་འཁོར་ལྷས། །ཡེ་ཤེས་བདུད་རྩིའི་དབང་བསྐུར་བྱིན་བརླབས་པས། །འཕོ་མེད་རྡོ་རྗེའི་སྐུ་རུ་སྨིན་པར་ཤོག །ཀཱ་ཡ་ཨ་དྷིཥྛ་ན་ཨ་བྷིཥིཉྩ་ཨོཾ། སྐུ་མི་ཟད་རྒྱན་གྱི་འཁོར་ལོའི་ཡེ་ཤེས་ཀྱི་ཚེ་ཡི་ཕྱག་རྒྱ་གཙུག་ཏོར་རྣམ་པར་རྒྱལ་མའི་གསང་བ་དང་གཉིས་སུ་མེད་པར་ཐོབ་པར་གྱུར་ཅིག །སྤྲོ་ན་ཤིས་བརྗོད་བྱ། བརྟན་གཡོའི་བཅུད་ཀྱི་སྙིང་པོ་བདུད་རྩི་བྱང་ཆུབ་སེམས་ཀྱི་ཟིལ་མངར་གསུང་རྡོ་རྗེ་ཚེ་མཐའ་ཡས་པའི་བྱིན་རླབས་དངོས་གྲུབ་ཀྱི་རྒྱུན་མྱོངས་བས་འགག་མེད་པདྨ་གསུང་གི་ཚེ་དབང་ཐོབ་པར་མོས་ཤིག །ཚེ་ཆང་སྦྱིན་ལ། ཨཱཿ བདེ་སྟོང་ཟག་པ་མེད་པའི་བྱང་ཆུབ་སེམས། །འཆི་མེད་ཡེ་ཤེས་བདུད་རྩིའི་བཅུད་དུ་འཁྱིལ། །གཉིས་མེད་མཉམ་པར་རོལ་པའི་རྫས་སུ་སྟེར། །འགག་མེད་རྡོ་རྗེའི་གསུང་དུ་རྫོགས་པར་ཤོག །ཝཱཀ་ཨ་དྷིཥྛ་ན་ཨ་བྷི་ཥིཉྩ་ཨཱཿ གསུང་མི་ཟད་རྒྱན་གྱི་འཁོར་ལོའི་ཡེ་ཤེས་བདུད་རྩིའི་ཚེ་ཡི་ཁྱབ་བདག་མགོན་པོ་ཚེ་དཔག་ཏུ་མེད་པའི་གསང་བ་དང་གཉིས་སུ་མེད་པར་ཐོབ་པར་གྱུར་ཅིག །སྲིད་ཞིའི་སྙིང་པོ་འཕོ་མེད་གཉུག་མའི་བདག་ཉིད་དུ་བྱིན་གྱིས་བརླབས་པའི་ཚེ་ཡི་རིལ་བུ་ཡེ་ཤེས་སེམས་དཔའ་ཡིད་བཞིན་འཁོར་ལོའི་རྣམ་པ་རུ་བྱོན་ནས་སྙིང་དབུས་སུ་བཞུགས་པས་འཁྲུལ་མེད་རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི་བདག་ཉིད་རྗེ་བཙུན་ཡིད་བཞིན་འཁོར་ལོའི་ཐུགས་ཀྱི་ཚེ་དབང་ཐོབ་པར་མོས་ཤིག །ཚེ་རིལ་སྦྱིན་ལ། ཧཱུྃ། འོད་གསལ་སྙིང་པོ་ཡེ་ཤེས་དོན་གྱི་ལྷ། །ཡིད་བཞིན་འཁོར་ལོའི་བདེ་སྟོང་དྭངས་མའི་བཅུད། །ཐིག་ལེ་གཅིག་ཟླུམ་ཚེ་ཡི་རིལ་བུ་སྦྱིན། །འཁྲུལ་མེད་རྡོ་རྗེའི་ཐུགས་དགོངས་སད་གྱུར་ཅིག །ཙིཏྟ་ཨ་དྷིཥྛ་ན་ཨ་བྷི་ཥིཉྩ་ཧཱུྃ། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འཆི་མེད་ཚེ་དང་ཡེ་ཤེས་མཆོག་སྦྱིན་རྒྱལ་ཡུམ་ཡིད་བཞིན་འཁོར་ལོའི་ཡེ་ཤེས་ཀྱི་གསང་བ་དང་གཉིས་མེད་དུ་བྱིན་གྱིས་བརླབས་པར་གྱུར་ཅིག །དེ་ལྟར་ཁྱེད་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་འཆི་མེད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་ཤིང་དབང་བསྐུར་བས་རྡོ་རྗེའི་གསང་བ་གསུམ་དང་དབྱེར་མེད་པར་གྱུར་ནས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། སྐྱེ་འཆི་འཁྲུལ་པའི་རྟོག་པ་དབྱིངས་སུ་དག །ཚེ་དང་ཡེ་ཤེས་དཔལ་འདོད་དགུར་ལོངས་སྤྱོད་པའི་དགའ་སྟོན་ནམ་ཡང་ཉམས་པ་མེད་པའི་ཕྱིར་ཚེ་མདའ་རིན་ཆེན་འབར་བ་སྤྱི་བོར་རྒྱ་གྲམ་དུ་བཞག་པས་རྒྱས་བཏབ་པར་མོས་ཤིག ཨ། ཆོས་ཉིད་ཁྱབ་བརྡལ་སོགས་བརྗོད། ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཀོད། རྟེན་སྙིང་གིས་ཐོག་དྲངས་པའི་ཤིས་བརྗོད་རྒྱས་པར་བྱ། སྤྲོ་ན་མཐའ་རྟེན་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱི་མངའ་འབུལ་བྱ། དམ་ཚིག་ཁས་བླང༌། གཏང་རག་བཅས་ཕུལ་ཏེ་དགེ་བ་བསྔོ། སློབ་དཔོན་ནས་རྗེས་ཀྱི་ལས་རིམ་མཐར་དབྱུང་བས་གྲུབ་པའོ། །བླ་མ་ཡིད་བཞིན་ནོར་བུ་དངོས་གྲུབ་དང༌། །ཕྲིན་ལས་འབྱུང་གནས་ངེས་ཕྱིར་ཚུལ་འདི་ཡང༌། །དམ་པའི་བཀའ་ཡིས་བསྐུལ་བས་དད་མོས་ཀྱིས། །ཡིད་ལ་ཇི་ལྟར་ཤར་བཞིན་མ་བཅོས་བྲིས། །གཟུ་ལུམ་སྤྱི་བརྟོལ་དབང་ཟོས་མ་ཡིན་ཞིང༌། །དད་དང་མོས་གུས་ཉེར་ལེན་ལས་བྱུང་ཕྱིར། །སྐལ་བཟང་དངོས་གྲུབ་དགའ་སྟོན་ཉིད་གྱུར་ཅིག །རང་ལ་ནོངས་པའི་དྲི་མ་མི་འབྱུང་ཤོག །ཅེས་པའང་གཏེར་ཆེན་རྡོ་རྗེ་གླིང་པའི་གདུང་རིགས་སུ་འཁྲུངས་ཤིང༌། འཇམ་མགོན་བླ་མའི་དངོས་སློབ་བཀའ་རྙིང་ཟུང་འཇུག་གི་རྡོ་རྗེ་སློབ་དཔོན་མཁྱེན་རྟོགས་རྨད་བྱུང་འཇམ་དབྱངས་ཡེ་ཤེས་སེང་གེས་ལྷ་རྫས་ཀྱི་རྟེན་བཅས་གསུང་བསྐུལ་ནན་དུ་གནང་བ་བཞིན། རྗེ་བཙུན་བླ་མ་ཐམས་ཅད་གཟིགས་པས་ཐུན་མོང་མ་ཡིན་པའི་བརྩེ་བ་ཆེན་པོའི་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པའི་སྤྲང་འཁྱམས་རྒན་པོ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་གྱིས་ལྷོ་འབྲུག་གསང་ཟབ་ཆོས་རྫོང་དུ་བྲིས་པ་ཁྱབ་བདག་བླ་མའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པའི་ཆ་རྐྱེན་དུ་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།
[edit]

@#/__bla ma'i rnal 'byor snying thig gsal sgron gyi tshe sgrub ye shes srog tig bzhugs/ @#/________/na mo gu ru dz+nyA na badz+ra kA ya ye/__khyab bdag 'jam mgon bla ma'i ye shes dgongs pa'i mdzod las byon pa'i bla sgrub snying thig gsal sgron la tshe sgrub sbyor bar 'dod na/__rtsa dbang dang 'brel na bum pa'i mdun du tshe 'brang sogs bkod/__tshe sgrub skor gyi skabs/__rdul tshon gyi pad+ma 'dab brgyad la/__'bru dkar gyi tshom bu'i steng tshe 'brang*/__g.yas g.yon du tshe ril/__tshe chang*/__nyer spyod mchod pas bskor/__dgos pa dang 'brel na tshogs gtor sogs kyang 'du byas la/__mtshan sngags bzlas pa gzhung ltar grub pa'i rjes/__'chi med ye shes sku can bla ma rje'i/__/thugs ka dpal gyi be'ur pad zla'i steng*/__/ngo bo 'ja' lus sku can bi ma la/__/rnam pa tshe sbyin yid bzhin 'khor lo'i tshul/__/rab dkar zla ba zhun ma'i mtshan dpe can/__/zhabs gnyis rdo rje'i skyil krung mnyam bzhag steng*/__/'chi med tshe bum bdud rtsis gtams pa bsnams/__/bde chen 'khor lor ngo bo shrI seng+ha/__/rnam par rgyal ma gtsug tor las 'khrungs lha/__/dkar gsal tshe bum lcags kyu mchog sbyin rgyan/__/dri med chu shel dwangs ma'i kha dog can/__/kun kyang zhi 'dzum sgeg mdzes rgyan gyis spud/__/dpag yas 'od kyi gzi byin 'bar bas bzhugs/__/gzhan yang 'khor dang sku yi ba spu tshul/__/rab 'byams rtsa gsum tshe lha'i dkyil 'khor la/__/gang 'dul sgyu 'phrul rol pa bsam mi khyab/__/snang stong zung 'jug bkod pas bskor ba gsal/__hrIHhrIHhrIH__khyab brdal ka dag 'chi med 'od mtha' yas/__/rang bzhin lhun grub rgyal yum 'phags ma'i tshul/__/gnyis med las kyi sems dpa' rnam rgyal ma/__/rigs kun khyab bdag bla ma'i gsang gsum lhar/__/mi phyed gdung shugs dad pas gsol 'debs na/__/nad gdon 'gal rkyen dus min 'chi ba zhi/__/tshe dang ye shes bsod nams dpal kun rgyas/__/snang srid dwangs ma'i rlung sems dbang 'dus nas/__/bdud bgegs bar chad 'gal rkyen tshar gcod mdzod/__/khyad par mi shigs rdo rje'i sku gsung thugs/__/skye 'chi gzhom gzhig bral ba'i bcud kyi dbang*/__/mngon sum thob nas sdug bsngal srid pa'i nad/__/kun zhi 'chi med rdo rje'i srog 'grub mdzod/__/gsol btab gdung bas thugs dam rjes bskul mthus/__/bla ma lus dkyil bcas pa'i sku'i 'od zer/__/lnga ldan zer thag lha mo mgyogs ma'i sprin/__/mkha' khyab zhing kun brdal bas phyi snod khams/__/nang bcud tshe dpal bsod nams dwangs ma'i bcud/__/don dam mi shigs ye shes tshe'i bcud kun/__/lnga ldan bdud rtsi'i zil mngar zer thig 'khyug__/shis pa'i re khA bkra ba'i rnam par bsdus/__/bla ma'i skur thim lhag par gzi brjid 'bar/__/gnas gsum lha yis bum pas dbang bskur zhing*/__/tshe yi bdud rtsis bla ma'i sku'i cha kun/__/rab gang byin rlabs zegs ma char du bab/__/rang gi spyi bo nas thim lus kun gang*/__/sdig sgrib las nyon nad gdon 'gal rkyen bkrus/__/'chi med tshe dang zad med bsod nams dpal/__/nyams rtogs ye shes snang ba sad par byas/__/rags pa'i phung khams rdo rje'i skur smin nas/__/rdo rje'i tshe yi dngos grub thob par bsam/__/oM gu ru shrI pad+ma he ru ka hrIH b+h+rU~M tAM badz+ra dz+nyA na A yu She swA hA/__zhes ji tsam nus pa bzla/__thun mthar tshe 'gugs ni/_hrIH__dbyings kyi tshe ni rdo rje'i srog__/mi 'gyur mi shigs 'od du gsal/__/dwangs ma gzi brjid bkrag 'tsher ba/__/'khor 'das kun khyab chen po'i klong*/__/'pho 'gyur med pa dgyes dgu'i lha/__/tshe dbang rig 'dzin bi ma la/__/shrI sing ha thod phreng rtsal/__/gnyis med ye shes rol pa'i gar/__/rje btsun bla ma deng 'dir dgongs/__/rdo rje'i sku ni skye 'chi bral/__/rnam par rgyal ma tshe yi lha/__/sprul pa'i sems dpa' mkha' khyab spros/__/phyi snod 'byung lnga nang phung khams/__/don dam mtshan dpe ye shes sku'i/__/srog bcud dkar gsal bdud rtsi'i sprin/__/bdag gi lus la sib sib thim/__/rdo rje'i lang tsho'i grub nas/__/skye mchi'i g.yul las rgyal bar mdzod/__/'gags med gsung gi rdo rje'i lha/__/gar gyi dbang phyug rigs kun bdag__/tshe yi mgyogs mas brtan g.yo'i sgra/__/rlung sngags nus pa'i bcud kun bsdus/__/dwangs ma bdud rtsir zhu ba yang*/__/mgrin par ngag dang gnyis med thim/__/gzung 'dzin 'khrul pa'i las rlung dag__/a wa d+hU tir zhugs gnas thim/__/gzhol med rdo rje nA da'i rgyud/__/'pho bral rtag pa'i gsung thob mdzod/__/'khrul bral tshe dang ye shes ster/__/myur ma dpal mo rigs kyi gtsos/__/dwangs ma sdud pa'i pho nya spros/__/nam yang mi shigs mi 'gyur srog__/rdo rje nam mkha' lta bu'i tshe/__/zab zhi chos nyid klong nas bsdus/__/gnyis su med par sangs rgyas thob/__/'khrul pa'i rgyu 'bras ka dag dbyings/__/don dam nges pa'i gsang ba ru/__/'khrul ba med pas dbang bskur te/__/ye shes dgongs klong rtsal rdzogs mdzod/__/badz+ra dz+nyA na A yu She dzaHdzaH__AH__chos nyid khyab brdal nam mkha'i khams/__/bzod nas 'pho 'gyur bgres rgud dang*/__/yongs bral ye shes snying po'i srog__/mngon sum klong du rgyas btab bo/__/d+harma d+hA tu a a a:__zhes sbyar nas/__tshogs mchod dgos na phul/__dbang len nas brtsams las rim mthar dbyung ba'o/___/'di la brten nas tshe yi dbang bskur dgos na sgrub rdzas la dmigs pa'i spro bsdu bcas gong ltar bya/___bla sgrub dkyus kyi dbang bskur dang 'brel na dam tshig khas blang bar btang nas 'di mtha' rten du sbyar na legs la/__tshe dbang kho na'i skabs/__de la 'dir gnas skabs dang mthar thug gi don chen po mtha' dag sgrub pa'i gzhi gcig pu ni ring du 'tsho ba'i tshe yin la/__de nyid nyams na gso ba dang*/__gnas pa gong 'phel du bya ba'i thabs kun las/__khyad par du 'phags pa ni rdo rje theg pa'i lam lha sngags ting nge 'dzin gyi rnal 'byor nyid ches zab cing tshad mas grub pa yin la/__las dang dngos grub thams cad bla ma la ma bsten par sus kyang sgrub mi nus pas na skabs 'dir bla ma'i rnal 'byor snying thig gsal sgron la bsten nas tshe dang ye shes kyi dngos grub sgrub pa'i thabs dang rjes su 'brel ba'i dbang skur bgyi pa la sogs kyis mtshams sbyar nas maN+Dal nas brtsams/__skyabs sems/__byin 'bebs bar rtsa dbang ltar sgrub pa'i rjes dang dngos gzhi tshe yi dbang bskur ba la/__thog mar tshe 'gugs shing bcud bsdu ba'i phyir rtsa gsum rgya mtsho'i khyab bdag dpal mgon bla ma'i gsang gsum 'chi med tshe yi lha mchog gsum gyi dkyil 'khor gdod nas lhun grub tu rdzogs pa'i 'khor lo las 'od zer lcags kyu'i dbyibs can dang pho nya mgyogs ma'i tshogs nyi zer gyi rdul lta bu 'khor 'das brtan g.yo'i khams khyab par spros pas/__khyed rang rnams kyi bla tshe 'khyams pa yar ba stor cing chad nyams su gyur pa rnams dang*/__'byung ba sa chu me rlung gi dwangs bcud/__stong gsum srid pa gsum na gnas pa'i skye 'gro rnams kyi tshe bsod dpal 'byor/__rtsa gsum rgyal ba rgya mtsho'i thugs rje byin rlabs nus pa'i bcud thams cad bdud rtsi'i 'od zer kha dog sna tshogs pa'i rnam par bsdus te khyed rnams kyi ba spu nas sib kyis zhugs/__snying dbus mi shigs pa'i thig le'i gsos byas/__sgo gsum 'chi med ye shes rdo rje'i sku gsung thugs dang dbyer med du gyur pas bla tshe dbang thang nyams pa sor chud/__'chi ba med pa tshe yi dngos grub thob/__mdun gyi tshe rdzas rnams la thim pas rdo rje'i bcud len 'khor 'das brtan g.yo'i nying khu ru gyur bar sgoms shig__/mda' dar g.yab nas/__hrIH__dbyings kyi tshe ni sogs tshe 'gugs sngags bcas brjod/__tshe 'brang gtsug tor rnam par rgyal ma tshe yi rig 'dzin brgyud pas byin thibs se bskor ba spyi bor byon sku las 'chi med bdud rtsi'i rgyun byung*/__lus kyi nang thams cad gang bas mi 'gyur rdo rje'i sku yi tshe dbang thob par mos shig__/tshe 'brang spyi bor bzhag la/__oM/__ye shes 'od lnga 'khyil ba'i bum pa ru/__/rnam par rgyal ma tshe yi dkyil 'khor lhas/__/ye shes bdud rtsi'i dbang bskur byin brlabs pas/__/'pho med rdo rje'i sku ru smin par shog__/kA ya a d+hiSh+Tha na a b+hiShiny+tsa oM/__sku mi zad rgyan gyi 'khor lo'i ye shes kyi tshe yi phyag rgya gtsug tor rnam par rgyal ma'i gsang ba dang gnyis su med par thob par gyur cig__/spro na shis brjod bya/__brtan g.yo'i bcud kyi snying po bdud rtsi byang chub sems kyi zil mngar gsung rdo rje tshe mtha' yas pa'i byin rlabs dngos grub kyi rgyun myongs bas 'gag med pad+ma gsung gi tshe dbang thob par mos shig__/tshe chang sbyin la/__AH__bde stong zag pa med pa'i byang chub sems/__/'chi med ye shes bdud rtsi'i bcud du 'khyil/__/gnyis med mnyam par rol pa'i rdzas su ster/__/'gag med rdo rje'i gsung du rdzogs par shog__/wAka a d+hiSh+Tha na a b+hi Shiny+tsa AH__gsung mi zad rgyan gyi 'khor lo'i ye shes bdud rtsi'i tshe yi khyab bdag mgon po tshe dpag tu med pa'i gsang ba dang gnyis su med par thob par gyur cig__/srid zhi'i snying po 'pho med gnyug ma'i bdag nyid du byin gyis brlabs pa'i tshe yi ril bu ye shes sems dpa' yid bzhin 'khor lo'i rnam pa ru byon nas snying dbus su bzhugs pas 'khrul med rdo rje'i tshe dang ye shes kyi bdag nyid rje btsun yid bzhin 'khor lo'i thugs kyi tshe dbang thob par mos shig__/tshe ril sbyin la/__hU~M/__'od gsal snying po ye shes don gyi lha/__/yid bzhin 'khor lo'i bde stong dwangs ma'i bcud/__/thig le gcig zlum tshe yi ril bu sbyin/__/'khrul med rdo rje'i thugs dgongs sad gyur cig__/tsit+ta a d+hiSh+Tha na a b+hi Shiny+tsa hU~M/__thugs mi zad pa rgyan gyi 'khor lo 'chi med tshe dang ye shes mchog sbyin rgyal yum yid bzhin 'khor lo'i ye shes kyi gsang ba dang gnyis med du byin gyis brlabs par gyur cig__/de ltar khyed rnams kyi lus ngag yid gsum la 'chi med dkyil 'khor gyi lha tshogs rnams kyi sku gsung thugs kyi byin gyis brlabs shing dbang bskur bas rdo rje'i gsang ba gsum dang dbyer med par gyur nas 'chi med tshe yi dngos grub thob/__skye 'chi 'khrul pa'i rtog pa dbyings su dag__/tshe dang ye shes dpal 'dod dgur longs spyod pa'i dga' ston nam yang nyams pa med pa'i phyir tshe mda' rin chen 'bar ba spyi bor rgya gram du bzhag pas rgyas btab par mos shig__a/__chos nyid khyab brdal sogs brjod/__tshe mda' spyi bor rgya gram du bkod/__rten snying gis thog drangs pa'i shis brjod rgyas par bya/__spro na mtha' rten bkra shis rdzas rtags rin chen bdun gyi mnga' 'bul bya/__dam tshig khas blang*/__gtang rag bcas phul te dge ba bsngo/__slob dpon nas rjes kyi las rim mthar dbyung bas grub pa'o/___/bla ma yid bzhin nor bu dngos grub dang*/__/phrin las 'byung gnas nges phyir tshul 'di yang*/__/dam pa'i bka' yis bskul bas dad mos kyis/__/yid la ji ltar shar bzhin ma bcos bris/__/gzu lum spyi brtol dbang zos ma yin zhing*/__/dad dang mos gus nyer len las byung phyir/__/skal bzang dngos grub dga' ston nyid gyur cig__/rang la nongs pa'i dri ma mi 'byung shog___/ces pa'ang gter chen rdo rje gling pa'i gdung rigs su 'khrungs shing*/__'jam mgon bla ma'i dngos slob bka' rnying zung 'jug gi rdo rje slob dpon mkhyen rtogs rmad byung 'jam dbyangs ye shes seng ges lha rdzas kyi rten bcas gsung bskul nan du gnang ba bzhin/__rje btsun bla ma thams cad gzigs pas thun mong ma yin pa'i brtse ba chen po'i rjes su bzung zhing byin gyis brlabs pa'i sprang 'khyams rgan po 'jigs med mkhyen brtse'i 'od zer bkra shis dpal 'byor gyis lho 'brug gsang zab chos rdzong du bris pa khyab bdag bla ma'i ye shes kyi gzigs pa 'jug pa'i cha rkyen du gyur cig____/sarba mang+ga laM/____dge'o//__//

Footnotes

Other Information