JKCL-KABUM-12-NA-061: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 12: . Bir, H.P.: Khyentse Labrang, 2012.
|fulltitletib=སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དར་ཞིང་རྒྱས་པའི་སྨོན་ལམ་མཚོ་སྐྱེས་དགྱེས་པའི་ཞལ་ལུང་།
|fulltitle=snga 'gyur rdo rje theg pa'i bstan pa dar zhing rgyas pa'i smon lam mtsho skyes dgyes pa'i zhal lung
|citation=[['jam dbyangs mkhyen brtse chos kyi blo gros]]. ''snga 'gyur rdo rje theg pa'i bstan pa dar zhing rgyas pa'i smon lam mtsho skyes dgyes pa'i zhal lung''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 12: 295-300. Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
Line 15: Line 17:
|volyigtib=ན་
|volyigtib=ན་
|totalvolumes=12
|totalvolumes=12
|textnuminvol=061
|pagenumbers=295-300
|totalpages=6
|beginfolioline=1a
|beginfolioline=1a
|textnuminvol=061
|endfolioline=3b3
|totalfolios=3
|multivolumework=No
|colophontib=།།ཅེས་བསྟན་པ་རྒྱས་པའི་སྨོན་ལམ་འདིའང་སྤར་བརྐོས་ཆོས་འཕེལ་ནས་ལྷ་རྫས་བཅས་བསྐུལ་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་མཁན་སློབ་ཆོས་གསུམ་གྱི་དུས་ཀྱི་དགའ་སྟོན་ཕུན་སུམ་ཚོགས་པའི་ཉིན་བྲིས་པ་སརྦ་དཱ་མངྒ་ལཾ།  ཤུ་བྷཾ།།
|colophonwylie=//ces bstan pa rgyas pa'i smon lam 'di'ang spar brkos chos 'phel nas lha rdzas bcas bskul ngor 'jam dbyangs blo gros rgya mtshos mkhan slob chos gsum gyi dus kyi dga' ston phun sum tshogs pa'i nyin bris pa sarba dA mang+ga laM/__shu b+haM//
|pdflink=File:JKCL-KABUM-12-NA-061.pdf
|pdflink=File:JKCL-KABUM-12-NA-061.pdf
}}
}}
Line 24: Line 33:
{{TibP|༅།  །པྲཝཀཱརཧེསྱཤྨུཁོཔདེཔྲམ།  ཀྵརབཛྲཡནཤཱསནབརྡཔུཥྚཔྲཎིདྷནཱམཏིསྨ།  །།   
{{TibP|༅།  །པྲཝཀཱརཧེསྱཤྨུཁོཔདེཔྲམ།  ཀྵརབཛྲཡནཤཱསནབརྡཔུཥྚཔྲཎིདྷནཱམཏིསྨ།  །།   
༄༅།  །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དར་ཞིང་རྒྱས་པའི་སྨོན་ལམ་མཚོ་སྐྱེས་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།  །
༄༅།  །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དར་ཞིང་རྒྱས་པའི་སྨོན་ལམ་མཚོ་སྐྱེས་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།  །
ན་མོ་གུ་རུ་པདྨཱ་ཀ་རཱ་ཡ།  །དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་དངོས།  །མཁྱེན་བརྩེ་ནུས་པའི་ཡོན་ཏན་མཁའ་དང་མཉམ།  །འཕུར་འགྲོའི་སློབ་དཔོན་པདྨ་འབྱུང་གནས་ཀྱི།  །རིང་ལུགས་དར་ཞིང་རྒྱས་པའི་ཤིས་པ་སྩོལ།  །ཁྱེད་ནི་སངས་རྒྱས་རྣམས་དང་དགོངས་པ་གཅིག  །ཡི་དམ་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བསྡུའི་བདག  །མཁའ་འགྲོ་ཡོངས་ཀྱི་མིང་པོ་དཔའ་བོ་རྒྱལ།  །རྡོ་རྗེ་ཐོད་ཕྲེང་བྱིན་རླབས་གཏེར་མཛོད་ཆེ།  །ཉི་ཟླ་ནོར་བུ་དཔག་བསམ་ཤིང་བཞིན་དུ།  །མཆོག་ཐུན་དངོས་གྲུབ་འབྱུང་གནས་ཕན་བདེའི་དབྱིག  །སྲིད་གསུམ་འགྲོ་བ་ཀུན་གྱི་གཙུག་གི་རྒྱན།  །གང་གི་རིང་ལུགས་ཉི་ལྟར་གསལ་གྱུར་ཅིག  །གདོང་དམར་བོད་ཡུལ་མུན་པའི་གླིང་ཉིད་དུ།  །ལྷ་སྲིན་དམ་བཏགས་བསྟན་པའི་ཤིང་རྟ་འདྲེན།  །མཁན་སློབ་ཆོས་རྒྱལ་བཻ་རོ་སྐ་ཅོག་གང་།  །གྲུབ་བརྙེས་མཁས་གྲུབ་རིག་འཛིན་ཚོགས་རྣམས་ཀྱིས།  །ཐུགས་བསྐྱེད་དཀའ་བས་བཙལ་ཞིང་བསྒྱུར་བཤད་དང་།  །འཆད་ཉན་སྒོམ་སྒྲུབ་ཚད་མས་གྲུབ་པ་ཡི།  །འདུལ་མདོ་མངོན་པ་གསང་སྔགས་ཕྱི་ནང་གི  །བསྟན་པ་རིན་ཆེན་དར་ཞིང་རྒྱས་གྱུར་ཅིག  །ཁྱད་པར་བསྐལ་མང་མཚན་ཙམ་ཐོས་དཀའ་བའི།  །ནང་པ་རྣལ་འབྱོར་ཐབས་ཀྱི་རྒྱུད་ཆེན་པོའི།  །སྙིང་པོ་སྒྱུ་འཕྲུལ་འདུས་མདོ་སེམས་ཕྱོགས་ཀྱི།  །རྒྱུད་བཤད་དབང་བཀའ་གདམས་པའི་མན་ངག་རྣམས།  །ཤིན་ཏུ་ཉག་ཕྲར་གྱུར་པ་འདིར་གཟིགས་ནས།  །མཁྱེན་སྟོབས་ཐུགས་རྗེ་ནུས་པའི་རྩལ་སྤྲུགས་ཏེ།  །རིག་འཛིན་སྤྲུལ་པའི་སྐུ་མཆོག་ཁྱད་པར་ཅན།  །མཁའ་ལས་ཐོག་བབ་བཞིན་དུ་འབྱོན་པར་མཛོད།  །འཇམ་དཔལ་དཔའ་བོའི་ཡེ་ཤེས་སྙིང་ལ་ཞུགས།  །སྤྱན་རས་གཟིགས་ཀྱི་བརྩེ་བའི་སྤྱན་དང་ལྡན།  །གསང་འཛིན་དབང་པོའི་ནུས་པའི་མཐུ་བརྙེས་པས།  །སྔ་འགྱུར་བསྟན་པའི་མེ་རོ་སློངས་གྱུར་ཅིག  །ངེས་འབྱུང་ཚུལ་ཁྲིམས་ལྡན་པའི་བཙུན་པ་དང་།  །རིམ་གཉིས་དམ་ལྡན་གསང་སྔགས་འཆང་བ་ཡི།  །སྡེ་གཉིས་མ་དྲོས་མཚོ་ཆེན་ལྟར་རྒྱས་ཏེ།  །ཚར་གཅོད་རྗེས་འཛིན་ཕྱི་ཡི་རིག་པའི་གནས།  །ཟབ་མོ་ནང་གི་དོན་རིག་གཞུང་ལུགས་ཆེ།  །བྱང་ཕྱོགས་བཤད་རྒྱུན་འདེགས་པའི་བཀའ་ཆེན་བཅུའི།  །དཔྱད་གསུམ་དག་པའི་ལུང་རིགས་ཆོས་རྔ་སྒྲོགས།  །བཀའ་བབ་ཆུ་བོ་རྣམ་བཞི་རྒྱས་གྱུར་ཅིག  །ཤིན་ཏུ་ཟབ་པ་ཀུན་དང་ཐུན་མོང་མིན།  །མཁའ་འགྲོའི་སྙིང་ཁྲག་གཏེར་གྱི་བརྒྱུད་འཛིན་པའི།  །རྫུ་འཕྲུལ་རྩལ་འཆང་རིག་འཛིན་ཆེན་པོ་རྣམས།  །སྔར་ཡང་བྱོན་དང་སླད་ནས་འབྱོན་འགྱུར་གྱི།  །རྫས་དང་ཆོས་གཏེར་ནོར་བུའི་གྲམ་བུར་བརྡལ།  །བསྟན་འགྲོའི་རྒུད་པ་ཐམས་ཅད་སེལ་བ་དང་།  །མཆོག་ཐུན་དངོས་གྲུབ་བརྙེས་པས་ས་སྟེང་ཁེངས།  །མ་ཧཱ་གུ་རུའི་བསྟན་པ་རྒྱས་གྱུར་ཅིག  །ཡིད་དཔྱོད་ཐེག་པའི་གྲུབ་མཐའི་འཕྲང་ལས་བརྒལ།  །སེམས་ཀྱི་མདུད་གྲོལ་རིག་པ་སྐུ་གསུམ་གྱི།  །དགོངས་པའི་རྩལ་རྫོགས་ཆོས་ཀུན་རང་སར་གྲོལ།  །འོད་གསལ་སྒྲོན་མ་བཞི་ཡི་གསེང་ལམ་ནས།  །ཀ་དག་སྟོང་ཆེན་ཆོས་སྐུའི་ཀློང་ཆེན་པོར།  །ལྷུན་གྲུབ་སྐུ་དང་ཡེ་ཤེས་ཚོམ་བུ་བཀྲ།  །སྣང་བ་བཞི་ཡི་ལམ་གྱི་ཕ་མཐར་ཕྱིན།  །རིག་པ་བཅུད་སྨིན་རྡོ་རྗེའི་སྐུ་བརྙེས་པས།  །གངས་ཅན་རི་ཡི་སུལ་ཀུན་ཁྱབ་པ་དང་།  །འཇིགས་མེད་རྡོ་རྗེའི་གད་རྒྱངས་སྒྲོགས་པ་ཡིས།  །ཕས་རྒོལ་གཅན་གཟན་གཏུམ་པོ་མཐའ་དག་བཅོམ།  །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག  །མན་ངག་རྒྱ་མཚོའི་ཆུ་གཏེར་ཆེན་པོ་ལས།  །ཕྲིན་ལས་རྣམ་བཞིའི་རྦ་རླབས་ཆེར་གཡོས་པས།  །ཀུན་མཁྱེན་ཐུབ་པའི་བསྟན་པ་འཕེལ་ཞིང་རྒྱས།  །མཁའ་ཁྱབ་སེམས་ཅན་བདེ་སྐྱིད་རྒྱས་གྱུར་ཅིག  །སྔ་འགྱུར་ཤིང་རྟའི་དཔལ་ལས་དྲངས་པ་ཡི།  །བཀའ་གདམས་ས་སྐྱ་མར་ཤངས་བཀའ་བརྒྱུད་དང་།  དགེ་ལྡན་ཞི་གཅོད་ཇོ་ཞལ་ལ་སོགས་པ།  །བཤད་སྒྲུབ་འཛིན་རྣམས་བསྟན་པ་དར་རྒྱས་ཤོག  །མདོར་ན་སྔོན་བྱོན་རྒྱལ་བློན་བྱང་སེམས་དང་།  །སྤྲུལ་པའི་ལོ་པཎ་རྣམས་ཀྱི་ཐུགས་བསྐྱེད་ཀྱིས།  །ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་པ་དང་།  །ཨོ་རྒྱན་གུ་རུའི་བསྟན་པ་དར་རྒྱས་ཤོག  །གཞན་ཡང་རིས་མེད་བསྟན་པ་དར་ཞིང་རྒྱས།  །བསྟན་འཛིན་སྐྱེས་མཆོག་ཞབས་པད་བརྟན་པ་དང་།  །དགེ་འདུན་ཐུགས་མཐུན་སྦྱིན་བདག་ཚེ་བསོད་རྒྱས།  །དུས་ཀྱི་རྒུད་པ་མ་ལུས་ཀུན་ཞི་ཞིང་།  །མཁའ་ལ་རྫོགས་ལྡན་གསར་པའི་ཉི་གཞོན་འཆར།  །ས་ལ་ངོ་མཚར་པདྨའི་དགའ་ཚལ་རྒྱས།  །བར་དུ་དགེ་ལེགས་དཔལ་གྱིས་འབྱོར་པ་ཡི།  །བསྟན་པ་མི་ནུབ་དར་རྒྱས་བཀྲ་ཤིས་ཤོག།  །།ཅེས་བསྟན་པ་རྒྱས་པའི་སྨོན་ལམ་འདིའང་སྤར་བརྐོས་ཆོས་འཕེལ་ནས་ལྷ་རྫས་བཅས་བསྐུལ་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་མཁན་སློབ་ཆོས་གསུམ་གྱི་དུས་ཀྱི་དགའ་སྟོན་ཕུན་སུམ་ཚོགས་པའི་ཉིན་བྲིས་པ་སརྦ་དཱ་མངྒ་ལཾ། ཤུ་བྷཾ།།  །།}}
ན་མོ་གུ་རུ་པདྨཱ་ཀ་རཱ་ཡ།  །དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་དངོས།  །མཁྱེན་བརྩེ་ནུས་པའི་ཡོན་ཏན་མཁའ་དང་མཉམ།  །འཕུར་འགྲོའི་སློབ་དཔོན་པདྨ་འབྱུང་གནས་ཀྱི།  །རིང་ལུགས་དར་ཞིང་རྒྱས་པའི་ཤིས་པ་སྩོལ།  །ཁྱེད་ནི་སངས་རྒྱས་རྣམས་དང་དགོངས་པ་གཅིག  །ཡི་དམ་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བསྡུའི་བདག  །མཁའ་འགྲོ་ཡོངས་ཀྱི་མིང་པོ་དཔའ་བོ་རྒྱལ།  །རྡོ་རྗེ་ཐོད་ཕྲེང་བྱིན་རླབས་གཏེར་མཛོད་ཆེ།  །ཉི་ཟླ་ནོར་བུ་དཔག་བསམ་ཤིང་བཞིན་དུ།  །མཆོག་ཐུན་དངོས་གྲུབ་འབྱུང་གནས་ཕན་བདེའི་དབྱིག  །སྲིད་གསུམ་འགྲོ་བ་ཀུན་གྱི་གཙུག་གི་རྒྱན།  །གང་གི་རིང་ལུགས་ཉི་ལྟར་གསལ་གྱུར་ཅིག  །གདོང་དམར་བོད་ཡུལ་མུན་པའི་གླིང་ཉིད་དུ།  །ལྷ་སྲིན་དམ་བཏགས་བསྟན་པའི་ཤིང་རྟ་འདྲེན།  །མཁན་སློབ་ཆོས་རྒྱལ་བཻ་རོ་སྐ་ཅོག་གང་།  །གྲུབ་བརྙེས་མཁས་གྲུབ་རིག་འཛིན་ཚོགས་རྣམས་ཀྱིས།  །ཐུགས་བསྐྱེད་དཀའ་བས་བཙལ་ཞིང་བསྒྱུར་བཤད་དང་།  །འཆད་ཉན་སྒོམ་སྒྲུབ་ཚད་མས་གྲུབ་པ་ཡི།  །འདུལ་མདོ་མངོན་པ་གསང་སྔགས་ཕྱི་ནང་གི  །བསྟན་པ་རིན་ཆེན་དར་ཞིང་རྒྱས་གྱུར་ཅིག  །ཁྱད་པར་བསྐལ་མང་མཚན་ཙམ་ཐོས་དཀའ་བའི།  །ནང་པ་རྣལ་འབྱོར་ཐབས་ཀྱི་རྒྱུད་ཆེན་པོའི།  །སྙིང་པོ་སྒྱུ་འཕྲུལ་འདུས་མདོ་སེམས་ཕྱོགས་ཀྱི།  །རྒྱུད་བཤད་དབང་བཀའ་གདམས་པའི་མན་ངག་རྣམས།  །ཤིན་ཏུ་ཉག་ཕྲར་གྱུར་པ་འདིར་གཟིགས་ནས།  །མཁྱེན་སྟོབས་ཐུགས་རྗེ་ནུས་པའི་རྩལ་སྤྲུགས་ཏེ།  །རིག་འཛིན་སྤྲུལ་པའི་སྐུ་མཆོག་ཁྱད་པར་ཅན།  །མཁའ་ལས་ཐོག་བབ་བཞིན་དུ་འབྱོན་པར་མཛོད།  །འཇམ་དཔལ་དཔའ་བོའི་ཡེ་ཤེས་སྙིང་ལ་ཞུགས།  །སྤྱན་རས་གཟིགས་ཀྱི་བརྩེ་བའི་སྤྱན་དང་ལྡན།  །གསང་འཛིན་དབང་པོའི་ནུས་པའི་མཐུ་བརྙེས་པས།  །སྔ་འགྱུར་བསྟན་པའི་མེ་རོ་སློངས་གྱུར་ཅིག  །ངེས་འབྱུང་ཚུལ་ཁྲིམས་ལྡན་པའི་བཙུན་པ་དང་།  །རིམ་གཉིས་དམ་ལྡན་གསང་སྔགས་འཆང་བ་ཡི།  །སྡེ་གཉིས་མ་དྲོས་མཚོ་ཆེན་ལྟར་རྒྱས་ཏེ།  །ཚར་གཅོད་རྗེས་འཛིན་ཕྱི་ཡི་རིག་པའི་གནས།  །ཟབ་མོ་ནང་གི་དོན་རིག་གཞུང་ལུགས་ཆེ།  །བྱང་ཕྱོགས་བཤད་རྒྱུན་འདེགས་པའི་བཀའ་ཆེན་བཅུའི།  །དཔྱད་གསུམ་དག་པའི་ལུང་རིགས་ཆོས་རྔ་སྒྲོགས།  །བཀའ་བབ་ཆུ་བོ་རྣམ་བཞི་རྒྱས་གྱུར་ཅིག  །ཤིན་ཏུ་ཟབ་པ་ཀུན་དང་ཐུན་མོང་མིན།  །མཁའ་འགྲོའི་སྙིང་ཁྲག་གཏེར་གྱི་བརྒྱུད་འཛིན་པའི།  །རྫུ་འཕྲུལ་རྩལ་འཆང་རིག་འཛིན་ཆེན་པོ་རྣམས།  །སྔར་ཡང་བྱོན་དང་སླད་ནས་འབྱོན་འགྱུར་གྱི།  །རྫས་དང་ཆོས་གཏེར་ནོར་བུའི་གྲམ་བུར་བརྡལ།  །བསྟན་འགྲོའི་རྒུད་པ་ཐམས་ཅད་སེལ་བ་དང་།  །མཆོག་ཐུན་དངོས་གྲུབ་བརྙེས་པས་ས་སྟེང་ཁེངས།  །མ་ཧཱ་གུ་རུའི་བསྟན་པ་རྒྱས་གྱུར་ཅིག  །ཡིད་དཔྱོད་ཐེག་པའི་གྲུབ་མཐའི་འཕྲང་ལས་བརྒལ།  །སེམས་ཀྱི་མདུད་གྲོལ་རིག་པ་སྐུ་གསུམ་གྱི།  །དགོངས་པའི་རྩལ་རྫོགས་ཆོས་ཀུན་རང་སར་གྲོལ།  །འོད་གསལ་སྒྲོན་མ་བཞི་ཡི་གསེང་ལམ་ནས།  །ཀ་དག་སྟོང་ཆེན་ཆོས་སྐུའི་ཀློང་ཆེན་པོར།  །ལྷུན་གྲུབ་སྐུ་དང་ཡེ་ཤེས་ཚོམ་བུ་བཀྲ།  །སྣང་བ་བཞི་ཡི་ལམ་གྱི་ཕ་མཐར་ཕྱིན།  །རིག་པ་བཅུད་སྨིན་རྡོ་རྗེའི་སྐུ་བརྙེས་པས།  །གངས་ཅན་རི་ཡི་སུལ་ཀུན་ཁྱབ་པ་དང་།  །འཇིགས་མེད་རྡོ་རྗེའི་གད་རྒྱངས་སྒྲོགས་པ་ཡིས།  །ཕས་རྒོལ་གཅན་གཟན་གཏུམ་པོ་མཐའ་དག་བཅོམ།  །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག  །མན་ངག་རྒྱ་མཚོའི་ཆུ་གཏེར་ཆེན་པོ་ལས།  །ཕྲིན་ལས་རྣམ་བཞིའི་རྦ་རླབས་ཆེར་གཡོས་པས།  །ཀུན་མཁྱེན་ཐུབ་པའི་བསྟན་པ་འཕེལ་ཞིང་རྒྱས།  །མཁའ་ཁྱབ་སེམས་ཅན་བདེ་སྐྱིད་རྒྱས་གྱུར་ཅིག  །སྔ་འགྱུར་ཤིང་རྟའི་དཔལ་ལས་དྲངས་པ་ཡི།  །བཀའ་གདམས་ས་སྐྱ་མར་ཤངས་བཀའ་བརྒྱུད་དང་།  དགེ་ལྡན་ཞི་གཅོད་ཇོ་ཞལ་ལ་སོགས་པ།  །བཤད་སྒྲུབ་འཛིན་རྣམས་བསྟན་པ་དར་རྒྱས་ཤོག  །མདོར་ན་སྔོན་བྱོན་རྒྱལ་བློན་བྱང་སེམས་དང་།  །སྤྲུལ་པའི་ལོ་པཎ་རྣམས་ཀྱི་ཐུགས་བསྐྱེད་ཀྱིས།  །ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་པ་དང་།  །ཨོ་རྒྱན་གུ་རུའི་བསྟན་པ་དར་རྒྱས་ཤོག  །གཞན་ཡང་རིས་མེད་བསྟན་པ་དར་ཞིང་རྒྱས།  །བསྟན་འཛིན་སྐྱེས་མཆོག་ཞབས་པད་བརྟན་པ་དང་།  །དགེ་འདུན་ཐུགས་མཐུན་སྦྱིན་བདག་ཚེ་བསོད་རྒྱས།  །དུས་ཀྱི་རྒུད་པ་མ་ལུས་ཀུན་ཞི་ཞིང་།  །མཁའ་ལ་རྫོགས་ལྡན་གསར་པའི་ཉི་གཞོན་འཆར།  །ས་ལ་ངོ་མཚར་པདྨའི་དགའ་ཚལ་རྒྱས།  །བར་དུ་དགེ་ལེགས་དཔལ་གྱིས་འབྱོར་པ་ཡི།  །བསྟན་པ་མི་ནུབ་དར་རྒྱས་བཀྲ་ཤིས་ཤོག།  །།{{TibChung|ཅེས་བསྟན་པ་རྒྱས་པའི་སྨོན་ལམ་འདིའང་སྤར་བརྐོས་ཆོས་འཕེལ་ནས་ལྷ་རྫས་བཅས་བསྐུལ་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་མཁན་སློབ་ཆོས་གསུམ་གྱི་དུས་ཀྱི་དགའ་སྟོན་ཕུན་སུམ་ཚོགས་པའི་ཉིན་བྲིས་པ་སརྦ་དཱ་མངྒ་ལཾ། ཤུ་བྷཾ།།  །།}} }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}

Revision as of 13:14, 19 January 2022

སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དར་ཞིང་རྒྱས་པའི་སྨོན་ལམ་མཚོ་སྐྱེས་དགྱེས་པའི་ཞལ་ལུང་།
Wylie title snga 'gyur rdo rje theg pa'i bstan pa dar zhing rgyas pa'i smon lam mtsho skyes dgyes pa'i zhal lung JKCL-KABUM-12-NA-061.pdf
Location chos kyi blo gros bka' 'bum
Volume 12, Text 61, Pages 295-300 (Folios 1a to 3b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. snga 'gyur rdo rje theg pa'i bstan pa dar zhing rgyas pa'i smon lam mtsho skyes dgyes pa'i zhal lung. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 295-300. Bir, H.P.: Khyentse Labrang, 2012.
Genre Prayers - smon lam
Colophon

།།ཅེས་བསྟན་པ་རྒྱས་པའི་སྨོན་ལམ་འདིའང་སྤར་བརྐོས་ཆོས་འཕེལ་ནས་ལྷ་རྫས་བཅས་བསྐུལ་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་མཁན་སློབ་ཆོས་གསུམ་གྱི་དུས་ཀྱི་དགའ་སྟོན་ཕུན་སུམ་ཚོགས་པའི་ཉིན་བྲིས་པ་སརྦ་དཱ་མངྒ་ལཾ། ཤུ་བྷཾ།།

//ces bstan pa rgyas pa'i smon lam 'di'ang spar brkos chos 'phel nas lha rdzas bcas bskul ngor 'jam dbyangs blo gros rgya mtshos mkhan slob chos gsum gyi dus kyi dga' ston phun sum tshogs pa'i nyin bris pa sarba dA mang+ga laM/__shu b+haM//

1 Texts in this Section (sde tshan or chos tshan)

[edit]
༅། །པྲཝཀཱརཧེསྱཤྨུཁོཔདེཔྲམ། ཀྵརབཛྲཡནཤཱསནབརྡཔུཥྚཔྲཎིདྷནཱམཏིསྨ། །།

༄༅། །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དར་ཞིང་རྒྱས་པའི་སྨོན་ལམ་མཚོ་སྐྱེས་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་པདྨཱ་ཀ་རཱ་ཡ། །དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་དངོས། །མཁྱེན་བརྩེ་ནུས་པའི་ཡོན་ཏན་མཁའ་དང་མཉམ། །འཕུར་འགྲོའི་སློབ་དཔོན་པདྨ་འབྱུང་གནས་ཀྱི། །རིང་ལུགས་དར་ཞིང་རྒྱས་པའི་ཤིས་པ་སྩོལ། །ཁྱེད་ནི་སངས་རྒྱས་རྣམས་དང་དགོངས་པ་གཅིག །ཡི་དམ་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བསྡུའི་བདག །མཁའ་འགྲོ་ཡོངས་ཀྱི་མིང་པོ་དཔའ་བོ་རྒྱལ། །རྡོ་རྗེ་ཐོད་ཕྲེང་བྱིན་རླབས་གཏེར་མཛོད་ཆེ། །ཉི་ཟླ་ནོར་བུ་དཔག་བསམ་ཤིང་བཞིན་དུ། །མཆོག་ཐུན་དངོས་གྲུབ་འབྱུང་གནས་ཕན་བདེའི་དབྱིག །སྲིད་གསུམ་འགྲོ་བ་ཀུན་གྱི་གཙུག་གི་རྒྱན། །གང་གི་རིང་ལུགས་ཉི་ལྟར་གསལ་གྱུར་ཅིག །གདོང་དམར་བོད་ཡུལ་མུན་པའི་གླིང་ཉིད་དུ། །ལྷ་སྲིན་དམ་བཏགས་བསྟན་པའི་ཤིང་རྟ་འདྲེན། །མཁན་སློབ་ཆོས་རྒྱལ་བཻ་རོ་སྐ་ཅོག་གང་། །གྲུབ་བརྙེས་མཁས་གྲུབ་རིག་འཛིན་ཚོགས་རྣམས་ཀྱིས། །ཐུགས་བསྐྱེད་དཀའ་བས་བཙལ་ཞིང་བསྒྱུར་བཤད་དང་། །འཆད་ཉན་སྒོམ་སྒྲུབ་ཚད་མས་གྲུབ་པ་ཡི། །འདུལ་མདོ་མངོན་པ་གསང་སྔགས་ཕྱི་ནང་གི །བསྟན་པ་རིན་ཆེན་དར་ཞིང་རྒྱས་གྱུར་ཅིག །ཁྱད་པར་བསྐལ་མང་མཚན་ཙམ་ཐོས་དཀའ་བའི། །ནང་པ་རྣལ་འབྱོར་ཐབས་ཀྱི་རྒྱུད་ཆེན་པོའི། །སྙིང་པོ་སྒྱུ་འཕྲུལ་འདུས་མདོ་སེམས་ཕྱོགས་ཀྱི། །རྒྱུད་བཤད་དབང་བཀའ་གདམས་པའི་མན་ངག་རྣམས། །ཤིན་ཏུ་ཉག་ཕྲར་གྱུར་པ་འདིར་གཟིགས་ནས། །མཁྱེན་སྟོབས་ཐུགས་རྗེ་ནུས་པའི་རྩལ་སྤྲུགས་ཏེ། །རིག་འཛིན་སྤྲུལ་པའི་སྐུ་མཆོག་ཁྱད་པར་ཅན། །མཁའ་ལས་ཐོག་བབ་བཞིན་དུ་འབྱོན་པར་མཛོད། །འཇམ་དཔལ་དཔའ་བོའི་ཡེ་ཤེས་སྙིང་ལ་ཞུགས། །སྤྱན་རས་གཟིགས་ཀྱི་བརྩེ་བའི་སྤྱན་དང་ལྡན། །གསང་འཛིན་དབང་པོའི་ནུས་པའི་མཐུ་བརྙེས་པས། །སྔ་འགྱུར་བསྟན་པའི་མེ་རོ་སློངས་གྱུར་ཅིག །ངེས་འབྱུང་ཚུལ་ཁྲིམས་ལྡན་པའི་བཙུན་པ་དང་། །རིམ་གཉིས་དམ་ལྡན་གསང་སྔགས་འཆང་བ་ཡི། །སྡེ་གཉིས་མ་དྲོས་མཚོ་ཆེན་ལྟར་རྒྱས་ཏེ། །ཚར་གཅོད་རྗེས་འཛིན་ཕྱི་ཡི་རིག་པའི་གནས། །ཟབ་མོ་ནང་གི་དོན་རིག་གཞུང་ལུགས་ཆེ། །བྱང་ཕྱོགས་བཤད་རྒྱུན་འདེགས་པའི་བཀའ་ཆེན་བཅུའི། །དཔྱད་གསུམ་དག་པའི་ལུང་རིགས་ཆོས་རྔ་སྒྲོགས། །བཀའ་བབ་ཆུ་བོ་རྣམ་བཞི་རྒྱས་གྱུར་ཅིག །ཤིན་ཏུ་ཟབ་པ་ཀུན་དང་ཐུན་མོང་མིན། །མཁའ་འགྲོའི་སྙིང་ཁྲག་གཏེར་གྱི་བརྒྱུད་འཛིན་པའི། །རྫུ་འཕྲུལ་རྩལ་འཆང་རིག་འཛིན་ཆེན་པོ་རྣམས། །སྔར་ཡང་བྱོན་དང་སླད་ནས་འབྱོན་འགྱུར་གྱི། །རྫས་དང་ཆོས་གཏེར་ནོར་བུའི་གྲམ་བུར་བརྡལ། །བསྟན་འགྲོའི་རྒུད་པ་ཐམས་ཅད་སེལ་བ་དང་། །མཆོག་ཐུན་དངོས་གྲུབ་བརྙེས་པས་ས་སྟེང་ཁེངས། །མ་ཧཱ་གུ་རུའི་བསྟན་པ་རྒྱས་གྱུར་ཅིག །ཡིད་དཔྱོད་ཐེག་པའི་གྲུབ་མཐའི་འཕྲང་ལས་བརྒལ། །སེམས་ཀྱི་མདུད་གྲོལ་རིག་པ་སྐུ་གསུམ་གྱི། །དགོངས་པའི་རྩལ་རྫོགས་ཆོས་ཀུན་རང་སར་གྲོལ། །འོད་གསལ་སྒྲོན་མ་བཞི་ཡི་གསེང་ལམ་ནས། །ཀ་དག་སྟོང་ཆེན་ཆོས་སྐུའི་ཀློང་ཆེན་པོར། །ལྷུན་གྲུབ་སྐུ་དང་ཡེ་ཤེས་ཚོམ་བུ་བཀྲ། །སྣང་བ་བཞི་ཡི་ལམ་གྱི་ཕ་མཐར་ཕྱིན། །རིག་པ་བཅུད་སྨིན་རྡོ་རྗེའི་སྐུ་བརྙེས་པས། །གངས་ཅན་རི་ཡི་སུལ་ཀུན་ཁྱབ་པ་དང་། །འཇིགས་མེད་རྡོ་རྗེའི་གད་རྒྱངས་སྒྲོགས་པ་ཡིས། །ཕས་རྒོལ་གཅན་གཟན་གཏུམ་པོ་མཐའ་དག་བཅོམ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མན་ངག་རྒྱ་མཚོའི་ཆུ་གཏེར་ཆེན་པོ་ལས། །ཕྲིན་ལས་རྣམ་བཞིའི་རྦ་རླབས་ཆེར་གཡོས་པས། །ཀུན་མཁྱེན་ཐུབ་པའི་བསྟན་པ་འཕེལ་ཞིང་རྒྱས། །མཁའ་ཁྱབ་སེམས་ཅན་བདེ་སྐྱིད་རྒྱས་གྱུར་ཅིག །སྔ་འགྱུར་ཤིང་རྟའི་དཔལ་ལས་དྲངས་པ་ཡི། །བཀའ་གདམས་ས་སྐྱ་མར་ཤངས་བཀའ་བརྒྱུད་དང་། དགེ་ལྡན་ཞི་གཅོད་ཇོ་ཞལ་ལ་སོགས་པ། །བཤད་སྒྲུབ་འཛིན་རྣམས་བསྟན་པ་དར་རྒྱས་ཤོག །མདོར་ན་སྔོན་བྱོན་རྒྱལ་བློན་བྱང་སེམས་དང་། །སྤྲུལ་པའི་ལོ་པཎ་རྣམས་ཀྱི་ཐུགས་བསྐྱེད་ཀྱིས། །ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་པ་དང་། །ཨོ་རྒྱན་གུ་རུའི་བསྟན་པ་དར་རྒྱས་ཤོག །གཞན་ཡང་རིས་མེད་བསྟན་པ་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་མཆོག་ཞབས་པད་བརྟན་པ་དང་། །དགེ་འདུན་ཐུགས་མཐུན་སྦྱིན་བདག་ཚེ་བསོད་རྒྱས། །དུས་ཀྱི་རྒུད་པ་མ་ལུས་ཀུན་ཞི་ཞིང་། །མཁའ་ལ་རྫོགས་ལྡན་གསར་པའི་ཉི་གཞོན་འཆར། །ས་ལ་ངོ་མཚར་པདྨའི་དགའ་ཚལ་རྒྱས། །བར་དུ་དགེ་ལེགས་དཔལ་གྱིས་འབྱོར་པ་ཡི། །བསྟན་པ་མི་ནུབ་དར་རྒྱས་བཀྲ་ཤིས་ཤོག། །།ཅེས་བསྟན་པ་རྒྱས་པའི་སྨོན་ལམ་འདིའང་སྤར་བརྐོས་ཆོས་འཕེལ་ནས་ལྷ་རྫས་བཅས་བསྐུལ་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་མཁན་སློབ་ཆོས་གསུམ་གྱི་དུས་ཀྱི་དགའ་སྟོན་ཕུན་སུམ་ཚོགས་པའི་ཉིན་བྲིས་པ་སརྦ་དཱ་མངྒ་ལཾ། ཤུ་བྷཾ།། །།
[edit]
  1. /__/prawakArahes+yash+mukhopadepram/__k+Sharabadz+rayanashAsanabardapuSh+TapraNid+hanAmatisma/__//__

@#/__/snga 'gyur rdo rje theg pa'i bstan pa dar zhing rgyas pa'i smon lam mtsho skyes dgyes pa'i zhal lung zhes bya ba bzhugs so/__/ na mo gu ru pad+mA ka rA ya/__/dus gsum rgyal ba thams cad 'dus pa'i dngos/__/mkhyen brtse nus pa'i yon tan mkha' dang mnyam/__/'phur 'gro'i slob dpon pad+ma 'byung gnas kyi/__/ring lugs dar zhing rgyas pa'i shis pa stsol/__/khyed ni sangs rgyas rnams dang dgongs pa gcig__/yi dam dkyil 'khor rgya mtsho spro bsdu'i bdag__/mkha' 'gro yongs kyi ming po dpa' bo rgyal/__/rdo rje thod phreng byin rlabs gter mdzod che/__/nyi zla nor bu dpag bsam shing bzhin du/__/mchog thun dngos grub 'byung gnas phan bde'i dbyig__/srid gsum 'gro ba kun gyi gtsug gi rgyan/__/gang gi ring lugs nyi ltar gsal gyur cig__/gdong dmar bod yul mun pa'i gling nyid du/__/lha srin dam btags bstan pa'i shing rta 'dren/__/mkhan slob chos rgyal bai ro ska cog gang /__/grub brnyes mkhas grub rig 'dzin tshogs rnams kyis/__/thugs bskyed dka' bas btsal zhing bsgyur bshad dang /__/'chad nyan sgom sgrub tshad mas grub pa yi/__/'dul mdo mngon pa gsang sngags phyi nang gi__/bstan pa rin chen dar zhing rgyas gyur cig__/khyad par bskal mang mtshan tsam thos dka' ba'i/__/nang pa rnal 'byor thabs kyi rgyud chen po'i/__/snying po sgyu 'phrul 'dus mdo sems phyogs kyi/__/rgyud bshad dbang bka' gdams pa'i man ngag rnams/__/shin tu nyag phrar gyur pa 'dir gzigs nas/__/mkhyen stobs thugs rje nus pa'i rtsal sprugs te/__/rig 'dzin sprul pa'i sku mchog khyad par can/__/mkha' las thog bab bzhin du 'byon par mdzod/__/'jam dpal dpa' bo'i ye shes snying la zhugs/__/spyan ras gzigs kyi brtse ba'i spyan dang ldan/__/gsang 'dzin dbang po'i nus pa'i mthu brnyes pas/__/snga 'gyur bstan pa'i me ro slongs gyur cig__/nges 'byung tshul khrims ldan pa'i btsun pa dang /__/rim gnyis dam ldan gsang sngags 'chang ba yi/__/sde gnyis ma dros mtsho chen ltar rgyas te/__/tshar gcod rjes 'dzin phyi yi rig pa'i gnas/__/zab mo nang gi don rig gzhung lugs che/__/byang phyogs bshad rgyun 'degs pa'i bka' chen bcu'i/__/dpyad gsum dag pa'i lung rigs chos rnga sgrogs/__/bka' bab chu bo rnam bzhi rgyas gyur cig__/shin tu zab pa kun dang thun mong min/__/mkha' 'gro'i snying khrag gter gyi brgyud 'dzin pa'i/__/rdzu 'phrul rtsal 'chang rig 'dzin chen po rnams/__/sngar yang byon dang slad nas 'byon 'gyur gyi/__/rdzas dang chos gter nor bu'i gram bur brdal/__/bstan 'gro'i rgud pa thams cad sel ba dang /__/mchog thun dngos grub brnyes pas sa steng khengs/__/ma hA gu ru'i bstan pa rgyas gyur cig__/yid dpyod theg pa'i grub mtha'i 'phrang las brgal/__/sems kyi mdud grol rig pa sku gsum gyi/__/dgongs pa'i rtsal rdzogs chos kun rang sar grol/__/'od gsal sgron ma bzhi yi gseng lam nas/__/ka dag stong chen chos sku'i klong chen por/__/lhun grub sku dang ye shes tshom bu bkra/__/snang ba bzhi yi lam gyi pha mthar phyin/__/rig pa bcud smin rdo rje'i sku brnyes pas/__/gangs can ri yi sul kun khyab pa dang /__/'jigs med rdo rje'i gad rgyangs sgrogs pa yis/__/phas rgol gcan gzan gtum po mtha' dag bcom/__/mtsho skyes rgyal ba'i bstan pa rgyas gyur cig__/man ngag rgya mtsho'i chu gter chen po las/__/phrin las rnam bzhi'i rba rlabs cher g.yos pas/__/kun mkhyen thub pa'i bstan pa 'phel zhing rgyas/__/mkha' khyab sems can bde skyid rgyas gyur cig__/snga 'gyur shing rta'i dpal las drangs pa yi/__/bka' gdams sa skya mar shangs bka' brgyud dang /__dge ldan zhi gcod jo zhal la sogs pa/__/bshad sgrub 'dzin rnams bstan pa dar rgyas shog__/mdor na sngon byon rgyal blon byang sems dang /__/sprul pa'i lo paN rnams kyi thugs bskyed kyis/__/ji ltar smon pa bzhin du 'grub pa dang /__/o rgyan gu ru'i bstan pa dar rgyas shog__/gzhan yang ris med bstan pa dar zhing rgyas/__/bstan 'dzin skyes mchog zhabs pad brtan pa dang /__/dge 'dun thugs mthun sbyin bdag tshe bsod rgyas/__/dus kyi rgud pa ma lus kun zhi zhing /__/mkha' la rdzogs ldan gsar pa'i nyi gzhon 'char/__/sa la ngo mtshar pad+ma'i dga' tshal rgyas/__/bar du dge legs dpal gyis 'byor pa yi/__/bstan pa mi nub dar rgyas bkra shis shog/__//ces bstan pa rgyas pa'i smon lam 'di'ang spar brkos chos 'phel nas lha rdzas bcas bskul ngor 'jam dbyangs blo gros rgya mtshos mkhan slob chos gsum gyi dus kyi dga' ston phun sum tshogs pa'i nyin bris pa sarba dA mang+ga laM/__shu b+haM//___//

Footnotes

Other Information