སྔ་འགྱུར་སྡེ་སྣོད་གསུམ་གྱི་བསྟན་པ་རྒྱས་པའི་སྨོན་ལམ་མཁན་ཆེན་དགྱེས་པའི་ཞལ་ལུང་།

From Khyentse Lineage - A Tsadra Foundation Project
Wylie title snga 'gyur sde snod gsum gyi bstan pa rgyas pa'i smon lam mkhan chen dgyes pa'i zhal lung JKCL-KABUM-12-NA-062.pdf
Location chos kyi blo gros bka' 'bum
Volume 12, Text 62, Pages 301-304 (Folios 1a1 to 2b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. snga 'gyur sde snod gsum gyi bstan pa rgyas pa'i smon lam mkhan chen dgyes pa'i zhal lung. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 301-304. Bir, H.P.: Khyentse Labrang, 2012.
Genre Prayers - smon lam
Colophon

།ཅེས་པའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ས་གླང་ཐ་སྐར་ཟླ་བའི་ཚེས་ཉེར་གསུམ་ལ་གསོལ་བ་བཏབ་པ་སིདྡྷི་རསྟུ། སརྦ་མངྒ་ལཾ།།

/ces pa'ang 'jam dbyangs blo gros rgya mtshos sa glang tha skar zla ba'i tshes nyer gsum la gsol ba btab pa sid+d+hi rastu/__sarba mang+ga laM//

1 Texts in this Section (sde tshan or chos tshan)

[edit]
སྔ་འགྱུར་སྡེ་སྣོད་གསུམ་གྱི་བསྟན་པ་རྒྱས་པའི་སྨོན་ལམ་མཁན་ཆེན་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤཱཀྱ་མུ་ནེ་ཡེ། ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གི །སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །དེ་སྲས་འཇམ་དབྱངས་བྱམས་པ་ལ་སོགས་པ། །རྒྱལ་སྲས་བྱང་སེམས་སྤྲུལ་པའི་ཚོགས་རྣམས་དང་། །དགྲ་བཅོམ་གནས་བརྟན་གཏད་རབ་ཆེན་པོ་བདུན། །ཛམ་གླིང་རྒྱན་མཆོག་རྨད་བྱུང་སློབ་དཔོན་དང་། །ཁྱད་པར་བཀའ་དྲིན་མཉམ་མེད་མཁན་ཆེན་རྗེའི། །ཐུགས་བསྐྱེད་བདེན་པ་ཆེན་པོའི་ཤིས་པ་སྩོལ། །ངེས་འབྱུང་ཚུལ་ཁྲིམས་ཁང་བཟང་ཉམས་དགའ་བར། །ཡོན་ཏན་ཀུན་གྱི་གཞིར་གྱུར་སོ་ཐར་གྱི། །རིགས་བཟང་བློ་གསལ་དབང་པོ་སྐྱོན་མེད་ཅིང་། །ཁ་དོག་དག་ཅིང་བློ་གྲོས་རབ་གསལ་བ། །ཁྱིམ་ནས་ཁྱིམ་མེད་བསྟན་མཁས་ཕན་འདོགས་ཀྱི། །ཡོན་ཏན་ལྡན་པའི་འདུལ་འཛིན་ཆེན་པོ་ལས། །སྤོང་བདུན་སྡོམ་པ་མནོས་ཤིང་ངུར་སྨྲིག་གི །གོས་བཟང་ཀླུབས་པས་བསྟན་པ་རྒྱས་གྱུར་ཅིག །འདོད་ཆུང་ཆོག་ཤེས་ཞི་ཞིང་དབང་པོ་དུལ། །བཅས་ལྟུང་དྲི་མས་མ་གོས་དགེ་སྦྱོང་གི །ཚུལ་བཞི་ལ་གནས་སྤྱོད་པ་རྣམ་པར་དག །ལྷག་པའི་ཚུལ་ཁྲིམས་དྲི་ཡིས་དཔག་ཚད་ཁྱབ། །མང་དུ་ཐོས་དང་བསམ་པས་སྒྲོ་འདོགས་བཅད། །བདེན་པ་བཞི་དང་རྟེན་འབྲེལ་དོན་སྒོམ་ཞིང་། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པའི། །བཤེས་གཉེན་དགེ་འདུན་ཚོགས་ཀྱིས་ཁྱབ་གྱུར་ཅིག །རྒྱལ་བའི་སྲས་ཀྱི་རྗེས་སུ་སློབ་པ་ཡི། །ཐེག་ཆེན་དོན་སྟོན་བྱང་ཆུབ་སེམས་དཔའ་ལས། །སྲོལ་གཉིས་སྡོམ་པའི་བཀའ་དྲིན་ལེགས་མནོས་ཏེ། །ཟབ་དང་རྒྱ་ཆེའི་ཐེག་ཆེན་མདོ་སྡེ་མཉན། །དེ་དོན་ཚུལ་བཞིན་ཡིད་ལ་སེམས་པ་དང་། །གཞན་ཕན་བྱམས་དང་སྙིང་རྗེའི་རྒྱུད་བརླན་ཅིང་། །བདག་གཞན་མཉམ་རྗེས་བྱང་ཆུབ་སེམས་སྒོམ་པས། །ཕྱོགས་བཅུ་ཀུན་ཏུ་ཡོངས་སུ་ཁྱབ་གྱུར་ཅིག །བདག་བས་གཞན་གཅེས་འབྱོངས་པའི་བློ་གྲོས་ཆེ། །ཟབ་ཡངས་མདོ་སྡེའི་གནས་ལ་འཇུག་པ་ཡི། །ལྷག་པའི་ཏིང་འཛིན་ཟབ་མོར་མངའ་བརྙེས་ཤིང་། །བདེན་གཉིས་རྣམ་པར་དཔྱོད་པའི་ཚད་མ་ཡི། །ལེགས་པར་དཔྱད་པས་ཤིང་རྟ་རྣམ་གཉིས་ཀྱི། །དགོངས་པ་འགལ་མེད་གཅིག་ཏུ་རྟོགས་པ་དང་། །དྲང་ངེས་རྣམ་པར་འབྱེད་ལ་མ་འཁྲུལ་བའི། །མཁས་པའི་ཚོགས་ཀྱིས་ས་སྟེང་ཁྱབ་གྱུར་ཅིག །ཁྱད་པར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི། །ལེགས་པར་བཀྲལ་བའི་དབུ་མའི་གཞུང་བཟང་པོ། །དངོས་སྟོབས་རིག་པའི་ལམ་ནས་དྲངས་པ་ཡི། །མཁན་ཆེན་བྱང་ཆུབ་སེམས་དཔའི་དབུ་མའི་རྒྱན། །ཇི་བཞིན་ཤེས་པའི་སྐལ་བ་དང་ལྡན་ཅིང་། །རབ་ཏུ་མི་གནས་དབུ་མ་ཆེན་པོའི་དོན། །གདོད་ནས་རབ་ཞི་སྤྲོས་པ་ཀུན་བྲལ་ཞིང་། །ཆོས་ཀུན་མཉམ་པ་ཆེན་པོའི་གནས་ལུགས་ལ། །སྒྲོ་འདོགས་ཆོད་ཅིང་ངེས་ཤེས་གཏིང་ནས་སྐྱེས། །མཐར་འཛིན་རྟོག་པའི་འཆིང་བ་ལས་གྲོལ་བའི། །ཞི་ལྷག་ཟུང་འཇུག་བདག་མེད་གཉིས་རྟོགས་ཤིང་། །རྣམ་དག་ལྟ་བས་སྲིད་གསུམ་ཁྱབ་གྱུར་ཅིག །ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ཆེ། །ཟག་བཅས་ཟག་མེད་ཆོས་ཀྱི་རབ་དབྱེ་དང་། །ཡུམ་གྱི་སྦས་དོན་མངོན་པར་རྟོགས་པའི་ཚོགས། །རྣམ་པར་འབྱེད་པའི་སྤོབས་པ་ཟླ་མེད་ཅིང་། །འགྲོ་ཁམས་སྙིང་པོའི་རང་བཞིན་བསྟན་པ་ལ། །འཁྱོག་པོའི་ལམ་སྤངས་ངེས་པའི་དོན་གཞལ་བས། །སྐུ་དང་ཡེ་ཤེས་ཡོན་ཏན་ལྷུན་གྲུབ་གཏེར། །ལྷུན་གྱིས་གྲུབ་པར་ཡིད་ཆེས་རྙེད་གྱུར་ཅིག །དེ་ཉིད་བླ་མའི་མན་ངག་ལ་བརྟེན་ཅིང་། །རྡོ་རྗེ་ཐེག་པའི་བསགས་སྦྱོངས་ལ་བརྩོན་ཏེ། །རིམ་གཉིས་རྣལ་འབྱོར་སྒོམ་པས་མངོན་སུམ་དུ། །ལྷག་པའི་ཤེས་རབ་རྡུལ་དང་བྲལ་བས་མཐོང་། །ཁྱད་པར་འོད་གསལ་རྡོ་རྗེ་རྩེ་མོ་ཡི། །གསེང་ལམ་ཟབ་མོར་བརྩོན་པས་སྣང་སེམས་ཀུན། །ཆོས་ཟད་བློ་འདས་ཀ་དག་ནང་དབྱིངས་སུ། །འཁྱིལ་དང་ཕྱིར་གསལ་སྐུ་དང་ཞིང་ཁམས་ཀྱི། །སྤྲིན་ཆེན་བཀོད་པས་ནམ་མཁའི་མཐའ་ཀླས་པར། །འགྲོ་བའི་དོན་ཀུན་འབད་མེད་འབྱུང་བ་ཡི། །ཕྲིན་ལས་འཛད་མེད་ནམ་མཁའ་གནས་ཀྱི་བར། །རྒྱ་ཆེ་རྒྱུན་མི་ཆད་པས་ཁྱབ་གྱུར་ཅིག །མདོར་ན་མཁན་ཆེན་བོ་དྷི་སཏྭ་དང་། །མ་ཧཱ་གུ་རུ་པདྨ་འབྱུང་གནས་ཆེ། །ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། །ཐུགས་བསྐྱེད་སྨོན་ལམ་བཏབ་བཞིན་འགྲུབ་གྱུར་ཅིག །ཅེས་པའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ས་གླང་ཐ་སྐར་ཟླ་བའི་ཚེས་ཉེར་གསུམ་ལ་གསོལ་བ་བཏབ་པ་སིདྡྷི་རསྟུ། སརྦ་མངྒ་ལཾ།། །།
[edit]

snga 'gyur sde snod gsum gyi bstan pa rgyas pa'i smon lam mkhan chen dgyes pa'i zhal lung zhes bya ba bzhugs so/__/na mo gu ru shAkya mu ne ye/__lha dang bcas pa'i 'gro ba mtha' dag gi__/ston pa mnyam med shAkya'i rgyal po dang /__/de sras 'jam dbyangs byams pa la sogs pa/__/rgyal sras byang sems sprul pa'i tshogs rnams dang /__/dgra bcom gnas brtan gtad rab chen po bdun/__/dzam gling rgyan mchog rmad byung slob dpon dang /__/khyad par bka' drin mnyam med mkhan chen rje'i/__/thugs bskyed bden pa chen po'i shis pa stsol/__/nges 'byung tshul khrims khang bzang nyams dga' bar/__/yon tan kun gyi gzhir gyur so thar gyi/__/rigs bzang blo gsal dbang po skyon med cing /__/kha dog dag cing blo gros rab gsal ba/__/khyim nas khyim med bstan mkhas phan 'dogs kyi/__/yon tan ldan pa'i 'dul 'dzin chen po las/__/spong bdun sdom pa mnos shing ngur smrig gi__/gos bzang klubs pas bstan pa rgyas gyur cig__/'dod chung chog shes zhi zhing dbang po dul/__/bcas ltung dri mas ma gos dge sbyong gi__/tshul bzhi la gnas spyod pa rnam par dag__/lhag pa'i tshul khrims dri yis dpag tshad khyab/__/mang du thos dang bsam pas sgro 'dogs bcad/__/bden pa bzhi dang rten 'brel don sgom zhing /__/sbyangs pa'i yon tan bcu gnyis la gnas pa'i/__/bshes gnyen dge 'dun tshogs kyis khyab gyur cig__/rgyal ba'i sras kyi rjes su slob pa yi/__/theg chen don ston byang chub sems dpa' las/__/srol gnyis sdom pa'i bka' drin legs mnos te/__/zab dang rgya che'i theg chen mdo sde mnyan/__/de don tshul bzhin yid la sems pa dang /__/gzhan phan byams dang snying rje'i rgyud brlan cing /__/bdag gzhan mnyam rjes byang chub sems sgom pas/__/phyogs bcu kun tu yongs su khyab gyur cig__/bdag bas gzhan gces 'byongs pa'i blo gros che/__/zab yangs mdo sde'i gnas la 'jug pa yi/__/lhag pa'i ting 'dzin zab mor mnga' brnyes shing /__/bden gnyis rnam par dpyod pa'i tshad ma yi/__/legs par dpyad pas shing rta rnam gnyis kyi/__/dgongs pa 'gal med gcig tu rtogs pa dang /__/drang nges rnam par 'byed la ma 'khrul ba'i/__/mkhas pa'i tshogs kyis sa steng khyab gyur cig__/khyad par dpal mgon 'phags pa klu sgrub kyi/__/legs par bkral ba'i dbu ma'i gzhung bzang po/__/dngos stobs rig pa'i lam nas drangs pa yi/__/mkhan chen byang chub sems dpa'i dbu ma'i rgyan/__/ji bzhin shes pa'i skal ba dang ldan cing /__/rab tu mi gnas dbu ma chen po'i don/__/gdod nas rab zhi spros pa kun bral zhing /__/chos kun mnyam pa chen po'i gnas lugs la/__/sgro 'dogs chod cing nges shes gting nas skyes/__/mthar 'dzin rtog pa'i 'ching ba las grol ba'i/__/zhi lhag zung 'jug bdag med gnyis rtogs shing /__/rnam dag lta bas srid gsum khyab gyur cig__/chos mngon rin chen 'dren pa'i shing rta che/__/zag bcas zag med chos kyi rab dbye dang /__/yum gyi sbas don mngon par rtogs pa'i tshogs/__/rnam par 'byed pa'i spobs pa zla med cing /__/'gro khams snying po'i rang bzhin bstan pa la/__/'khyog po'i lam spangs nges pa'i don gzhal bas/__/sku dang ye shes yon tan lhun grub gter/__/lhun gyis grub par yid ches rnyed gyur cig__/de nyid bla ma'i man ngag la brten cing /__/rdo rje theg pa'i bsags sbyongs la brtson te/__/rim gnyis rnal 'byor sgom pas mngon sum du/__/lhag pa'i shes rab rdul dang bral bas mthong /__/khyad par 'od gsal rdo rje rtse mo yi/__/gseng lam zab mor brtson pas snang sems kun/__/chos zad blo 'das ka dag nang dbyings su/__/'khyil dang phyir gsal sku dang zhing khams kyi/__/sprin chen bkod pas nam mkha'i mtha' klas par/__/'gro ba'i don kun 'bad med 'byung ba yi/__/phrin las 'dzad med nam mkha' gnas kyi bar/__/rgya che rgyun mi chad pas khyab gyur cig__/mdor na mkhan chen bo d+hi satwa dang /__/ma hA gu ru pad+ma 'byung gnas che/__/chos kyi rgyal po khri srong lde'u btsan gyis/__/thugs bskyed smon lam btab bzhin 'grub gyur cig__/ces pa'ang 'jam dbyangs blo gros rgya mtshos sa glang tha skar zla ba'i tshes nyer gsum la gsol ba btab pa sid+d+hi rastu/__sarba mang+ga laM//___//

Footnotes

Other Information