JKCL-KABUM-11-DA-113: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 9: | Line 9: | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|tibgenre=Burnt Offerings- gsur | |||
|terma=No | |terma=No | ||
|jkcloutline=Fifteen | |jkcloutline=Fifteen | ||
Line 33: | Line 34: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །དམར་གསུར་ལྷ་འདྲེ་ཀུན་ཚིམ་བཞུགས་སོ། ། | {{TibP|༄༅། །དམར་གསུར་ལྷ་འདྲེ་ཀུན་ཚིམ་བཞུགས་སོ། ། | ||
{{TibChung|ཤ་ཁྲག་ཅི་འབྱོར་འདུ་བྱས། དཀར་གསུར་བྱེད་ན་ཕྱེ་ཕུར་གཙང་མར་ཆུ་གཙང་བྲན་ལ་སྐྱབས་སེམས་ལན་གསུམ།} ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། {{TibChung|གིས་སྦྱངས།}} སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས། །པད་ཟླའི་སྟེང་དུ་འཕགས་མཆོག་སྤྱན་རས་གཟིགས། །དམར་གསལ་ཁྲོ་འཛུམ་ཕྱག་བཞི་དང་པོ་གཉིས། །ཐལ་སྦྱར་རྡོ་རྗེ་འཛིན་ཅིང་གཡས་གཡོན་གཉིས། །ཤེལ་ཕྲེང་པད་དཀར་དར་དང་རིན་ཆེན་སོགས། །རྒྱན་ཆས་ཡོངས་རྫོགས་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །གསལ་བའི་སྐུ་ནི་ཆུ་ཟླ་འཇའ་ཚོན་ལྟར། །སྣང་ལ་རང་བཞིན་མེད་པའི་ངོ་བོར་བསམ། ཨོཾ་མ་ཎི་པདྨེ་ཧཱུྃ། {{TibChung|ཡིག་དྲུག་བརྒྱ་སྟོང་སོགས་བཟླས།}} དེ་ལྟར་གསལ་བའི་སྐུ་ལས་འོད་འཕྲོས་པའི། །སྣ་ལ་འདོད་རྒྱལ་དམར་སྐྱ་ལྕགས་ཀྱུ་དང་། །ཞགས་པ་ཐོགས་པ་དཔག་མེད་འཕྲོས་པ་ཡིས། །ཕྱོགས་བཅུའི་འདྲེ་གདོན་དྲི་ཟ་གཤིན་རྗེ་སོགས། །ལན་ཆགས་མགྲོན་དང་སྙིང་རྗེའི་མགྲོན་རྣམས་ཀུན། །སྐད་ཅིག་ཉིད་ལ་ཨངྐུ་ཤ་ཡ་ཛཿ། ཕྱི་རོལ་རྡོ་རྗེའི་རྭ་བས་བསྐོར་བར་གྱུར། །སླར་ཡང་འོད་འཕྲོས་དཀོན་མཆོག་སྲི་ཞུ་དང་། །མགོན་པོ་ཡོན་ཏན་མགྲོན་རྣམས་བཛྲ་ས་མཱ་ཛཿས་སྤྱན་དྲངས། རྃ་ཡྃ་ཁྃ་{{TibChung|གིས་སྦྱངས།}} ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ{{TibChung|ལན་གསུམ།}} སྟོང་གསུམ་གྱི་སྣོད་དང་མཉམ་པའི་བསྲེག་ཐབ་ཡངས་ཤིང་རྒྱ་ཆེ་བར་བདུད་རྩིར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་གྲངས་མང་གིས་མཆོད། ན་མོ་དབྱིངས་རང་བཞིན་གྱི་རྣམ་པར་དག་ཅིང་ཐུགས་རྗེ་ཀུན་ཁྱབ་ཀྱི་ཀློང་ནས། ཨེ་དབྱིངས་ཐབས་བདེ་བ་ཆེན་པོའི་དབུས་སུ་ཝཾ་ཡིག་ཤེས་རབ་སྟོང་པ་ཉིད་ཡང་དག་པར་སྦྱོར་བ་ལས་བྱུང་བའི་ཤ་ཁྲག་དམར་གྱི་དྭངས་མའི་བདུད་རྩི་ཨ་ཐུང་གི་མེས་བསྲེག་ཅིང་ཡེ་ཤེས་ཀྱི་རླུང་གིས་བསྐུལ་བ་ལས་བྱུང་བའི་དུ་བ་འདོད་ཡོན་ལྔ་དང་ལྡན་པ་འདི་དཀོན་མཆོག་སྲི་ཞུའི་མགྲོན་དུ་གྱུར་པ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ནང་པ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་སྡེ་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་སོགས། དཀར་ཕྱོགས་སྐྱོང་བའི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་རྣམས་ལ་ཐབས་ཤེས་ཟུང་འཇུག་ཤ་ཁྲག་དམར་གྱི་གསུར་མཆོད་རྒྱ་ཆེན་པོ་འདི་ཕུལ་བས་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་། སྡོམ་པ་གསུམ་གྱི་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག །ལས་བཞིའི་ཕྲིན་ལས་ཐམས་ཅད་འབད་མེད་དུ་འགྲུབ། མཆོག་ཐུན་མོང་གི་དངོས་གྲུབ་གཉིས་ལ་རང་དབང་འབྱོར། བསྟན་པའི་རྩ་ལག་བཤད་སྒྲུབ་ཀྱི་སྡེ་འཕེལ་བ་དང་། འཇིག་རྟེན་པ་ཀུན་དར་ཞིང་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུྃ། {{TibChung|ལན་གསུམ།}} ན་མཿསརྦ་ཏ་ཐཱ་ག་ཏཱ་ཨ་ཝ་ལོ་ཀི་ཏེ་{{TibChung|སོགས་ལན་བདུན་རེ་དང་། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད།}} གཞན་ཡང་འཇིག་རྟེན་ཁམས་ལ་རང་དབང་བསྒྱུར་བའི་དྲེགས་པའི་སྡེ་དཔོན་སུམ་ཅུ། སྔགས་བདག་བཅོ་བརྒྱད། འབྱུང་བ་ལྔ། རླུང་འཕོ་བ་དུས་སྦྱོར། སྤར་སྨེའི་ཀག །ལོ་ཟླ་ཞག་དུས་གཟའ་སྐར་རྣམས་ལ་དབང་སྒྱུར་བའི་ལྷ་རྣམས་དང་། ལྷ་ཀླུ་དྲི་ཟ། གྲུལ་བུམ། ལྟོ་འཕྱེ། མིའམ་ཅི་དང་། མཁའ་ལྡིང་། འབྱུང་པོ། རོ་ལངས་ལ་སོགས་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་། འཕྲོག་མ་མ་བུ་ལྔ་བརྒྱ། བགེགས་རྒྱལ་བི་ནཱ་ཡ་ཀ་ལ་སོགས། བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས་འཁོར་དང་བཅས་པ། བླ་ལ་བརྐུ་བ། ཚེ་ལ་འཇབ་པ། སྲོག་འཕྲོག་པར་བྱེད་པ་ཐམས་ཅད་ལ་ཤ་ཁྲག་དམར་གྱི་གསུར་མཆོད་རྒྱ་ཆེན་པོ་འདི་ཕུལ་བས་གནོད་འཚེ་དང་གདུག་སེམས་ཞི། བྱམས་སྙིང་རྗེའི་རྩལ་ཤུགས་རྫོགས། ཕན་པ་བྱང་ཆུབ་ཀྱི་སེམས་དང་ལྡན། སྔོན་གྱི་ཐ་ཚིག་རྗེས་སུ་དྲན་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མི་ནད་ཕྱུགས་ནད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་དང་། མུ་གེ་དང་མཚོན་གྱི་འཁྲུགས་པ་ཐམས་ཅད་མྱུར་དུ་ཞི་བ་དང་། རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་ལོ་ཀེག་ཟླ་ཀེག་ལ་སོགས་ཀེག་རིགས་སུམ་བརྒྱ་དྲུག་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། གཙོ་བོའི་གདོན་ཆེན་བཅོ་བརྒྱད། ཕལ་པའི་གདོན་ཕྲན་གྲངས་མེད། དུས་མིན་འཆི་བ་བཅོ་བརྒྱད། ཡས་ཀྱི་བདུད། མས་ཀྱི་སྲི། བན་བོན་གྱི་མཐུ་གཏད་བྱད་ཁ་རྦོད་གཏོང་ཆག་ཆེ་ཉམས་ང་ཐམས་ཅད་བཟློག་པ་དང་། མོས་པ་རྣམ་བཞིས་དབང་དུ་འདུ་བ་དང་། ས་བདག་ཀླུ་གཉན་ལ་ཕོག་ཐུག་འགྲམ་འཁྲུགས་སོགས་ལས་བྱུང་བའི་ཉེས་པའི་ཚོགས་ཐམས་ཅད་ཞི་བར་མཛད་དུ་གསོལ། {{TibChung|ཁ་འབར་མའི་སྔགས་ལན་བདུན། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། }} འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་དང་། སྔ་མའི་ལུས་རྟེན་བོར། ཕྱི་མའི་ལུས་རྟེན་མ་རྙེད་པ་སྲིད་པ་བར་དོའི་ཚོགས་རྣམས་དང་། ཁྱད་པར་དུ་ཡང་བླ་མ་རྒྱལ་བློན་བཙུན་མོ་དཔོན་གཙོ་གྲོས་མཁན་ལ་སོགས་སྔ་རབས་འདས་པ་ཤི་མིག་གསོན་ལ་བལྟ་བ་རྣམས་དང་། དུས་ངན་བསྐལ་པའི་ཐ་མ་འདིར་ནད་མུག་མཚོན་འཁྲུགས་ཀྱིས་ཤི་བའི་ཤི་འདྲེ་འཁྱམས་པོ། ཡུལ་འདྲེ་གསར་པ། རྒྱ་འདྲེ་འགོང་པོ་ལ་སོགས། རྒྱ་གར། བལ་པོ། བོད་དང་། བོད་ཆེན། རྒྱ་ཧོར། འཇང་གིས་གཙོ་བོར་བྱས་པའི་སྟོང་གསུམ་སྤྱི་དང་། ཁྱད་པར་ཛམ་གླིང་དུ་གནས་པ་ཐམས་ཅད་ལ་སྦྱིན་ནོ། །བསྔོའོ། །ཚིམས་པར་གྱུར་ཅིག །ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་སྒྱུ་མ་ལྟ་བུ་སྐྱེ་འགགས་གནས་གསུམ་དང་བྲལ་བའི་རང་བཞིན་ཡེ་སྟོང་ཆེན་པོ་ལས་རིག་པ་ལྷུན་གྲུབ་ཀྱི་གསལ་བའི་སྣང་ཆ་ཅིར་ཡང་འཆར་བའི་རང་བྱུང་ཡེ་ཤེས་ཀྱི་གནས་ལུགས་མ་རྟོགས་ཏེ་མ་རིག་འཁྲུལ་པ་རང་རྒྱུད་དུ་གོལ་ནས་ཉིང་འཁྲུལ་དུ་སོང་བའི་འདྲེ་སྲིན་ཁྱེད་རྣམས་ལ་ཤ་ཁྲག་དམར་གྱི་གསུར་མཆོད་རྒྱ་ཆེན་པོ་བཟའ་བས་མི་ཟད་པ་བཏུང་བས་མི་ཉུང་བ། རྒོལ་བས་མི་བསྡིགས་པ། རི་རྒྱལ་ལས་དཔང་མཐོ་བ། རྒྱ་མཚོ་ལས་ཟབ་པ། ཞིང་རྡུལ་ལས་གྲངས་མང་བ། ཉི་ཟླ་ལས་འོད་གསལ་བ། རྒྱ་ཆེ་བ་ནམ་མཁའི་མཐའ་དང་མཉམ་པ་འདི་སྦྱིན་པས་དགའ་མགུ་ཡི་རངས། ཕན་པ་དང་། སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱིས་ཤིག །བཀའ་ལས་འདས་ན་རྡོ་རྗེའི་དམྱལ་བར་ལྟུང་བར་འགྱུར་ཏ་རེ། དྲན་པ་དང་ཤེས་བཞིན་བག་ཡོད་དང་ལྡན་པས་སེམས་བསྲུང་བར་བྱོས་ཤིག །བར་དོ་ལ་བར་དོ་ཡིན་པར་ངོ་ཤེས་པར་གྱིས་ཤིག །འཁྲུལ་སྣང་ལ་རྒྱས་ཐེབ། བླ་མ་དང་དཀོན་མཆོག །ཡི་དམ་དང་ལྟ་བ་རྗེས་སུ་དྲན་ཏེ་ལས་ངན་པའི་སྒྲིབ་པ་སྐད་ཅིག་ལ་དག་ནས་རིག་པ་ལ་རང་དབང་ཐོབ། བདེ་བ་ཅན་དང་པདྨ་འོད་ལ་སོགས་པའི་ཞིང་ཁམས་ཁྱད་པར་ཅན་རྣམས་སུ་བཙན་ཐབས་སུ་བགྲོད་ནུས་པར་ཤོག་ཅིག །དེ་ལྟར་མཆོད་སྦྱིན་རྒྱ་ཆེན་བགྱིས་པ་ཡི། །དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ལ། །ཡོངས་དག་བསྔོ་བ་ཀུན་ཏུ་བཟང་པོ་བཞིན། །འགྲུབ་པར་གྱུར་ཅིང་རྒྱལ་རྣམས་བདེན་གྱུར་ཅིག །མཆོད་པའི་མགྲོན་རྣམས་རང་བཞིན་དབྱིངས་སུ་གཤེགས། །ཕྱི་རོལ་རྡོ་རྗེའི་རྭ་བ་དམིགས་མེད་ངང་། །འཇིག་རྟེན་པ་རྣམས་རང་གནས་གཤེགས་ནས་ཀྱང་། །རང་ལུས་དཔེ་ལོང་གཞན་གནོད་མ་བྱེད་ཅིག །སརྦ་བིགྷྣཱན་གཙྪ། {{TibChung|དྲག་སྔགས་ཚར་གཅིག་བརྗོད། བཀྲ་ཤིས་བསྔོ་སྨོན་དང་བྱང་ཆུབ་ཀྱི་སེམས་འབའ་ཞིག་ནམ་ཡང་ནན་ཏན་དུ་བྱའོ། །ཞེས་པའང་རང་གཞན་ལ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་༢འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨྲས་པ་ཡི་གེའི་བྱེད་པོ་འཇིགས་མེད་བློ་གྲོས་ཀྱིས་གུས་པས་བགྱིས་པ་དགེའོ། །སརྦ་མངྒ་ལཾ།། །།}} ༈ ཧཱུྃ་ཧྲཱིཿ བདག་ཉིད་པདྨ་དྲག་པོར་གསལ། །ཐུགས་ནས་ཊཱཀྐི་རཱ་ཛ་བྱུང་། །ང་བདག་གཉིས་འཛིན་འཁྲུལ་པ་ཡི། །དམ་སྲི་རྒྱལ་འགོང་མདུན་དུ་བཀུག །ཤ་ཁྲག་གསུར་གྱི་སྦྱིན་པ་འདི། །ཟད་མེད་འདོད་ཡོན་རྒྱ་ཆེར་སྤེལ། །ཨོཾ་ཨཱཿཧཱུྃ། {{TibChung|ཁ་འབར་མའི་སྔགས་རྒྱས་བསྔོ།}} ཀྱཻ། སྲིད་པར་བདག་ཏུ་རྟོག་པ་ཡི། །ང་རྒྱལ་ལས་སྐྱེས་རྒྱལ་འགོང་ཚོགས། །བདག་གི་སྦྱིན་པ་རྒྱ་ཆེན་འདིས། མགུ་ཞིང་ཚིམས་ནས་གནོད་སེམས་སྤོངས། །བྱང་ཆུབ་སེམས་དང་ལྡན་པར་མཛོད། འདི་རུ་མ་འདུག་གཞན་དུ་སོང་། །གལ་ཏེ་མི་འགྲོ་འཚེ་བྱེད་ན། །པདྨ་དྲག་པོའི་མཐུ་སྟོབས་ཀྱིས། །རྡུལ་དུ་བརླག་པར་གདོན་མི་ཟ། །དེ་བས་དམ་ལ་གནས་པར་གྱིས། །བྷུ་ཏ་གཙྪ། སྦྱིན་པ་རྒྱ་ཆེན་སོགས་བྱའོ། །{{TibChung|ཞེས་པའང་ཆོས་ཀྱི་བློ་གྲོས་པས་སོ། །དགེའོ།། །།}} }} | {{TibChung|ཤ་ཁྲག་ཅི་འབྱོར་འདུ་བྱས། དཀར་གསུར་བྱེད་ན་ཕྱེ་ཕུར་གཙང་མར་ཆུ་གཙང་བྲན་ལ་སྐྱབས་སེམས་ལན་གསུམ།}} ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། {{TibChung|གིས་སྦྱངས།}} སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས། །པད་ཟླའི་སྟེང་དུ་འཕགས་མཆོག་སྤྱན་རས་གཟིགས། །དམར་གསལ་ཁྲོ་འཛུམ་ཕྱག་བཞི་དང་པོ་གཉིས། །ཐལ་སྦྱར་རྡོ་རྗེ་འཛིན་ཅིང་གཡས་གཡོན་གཉིས། །ཤེལ་ཕྲེང་པད་དཀར་དར་དང་རིན་ཆེན་སོགས། །རྒྱན་ཆས་ཡོངས་རྫོགས་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །གསལ་བའི་སྐུ་ནི་ཆུ་ཟླ་འཇའ་ཚོན་ལྟར། །སྣང་ལ་རང་བཞིན་མེད་པའི་ངོ་བོར་བསམ། ཨོཾ་མ་ཎི་པདྨེ་ཧཱུྃ། {{TibChung|ཡིག་དྲུག་བརྒྱ་སྟོང་སོགས་བཟླས།}} དེ་ལྟར་གསལ་བའི་སྐུ་ལས་འོད་འཕྲོས་པའི། །སྣ་ལ་འདོད་རྒྱལ་དམར་སྐྱ་ལྕགས་ཀྱུ་དང་། །ཞགས་པ་ཐོགས་པ་དཔག་མེད་འཕྲོས་པ་ཡིས། །ཕྱོགས་བཅུའི་འདྲེ་གདོན་དྲི་ཟ་གཤིན་རྗེ་སོགས། །ལན་ཆགས་མགྲོན་དང་སྙིང་རྗེའི་མགྲོན་རྣམས་ཀུན། །སྐད་ཅིག་ཉིད་ལ་ཨངྐུ་ཤ་ཡ་ཛཿ། ཕྱི་རོལ་རྡོ་རྗེའི་རྭ་བས་བསྐོར་བར་གྱུར། །སླར་ཡང་འོད་འཕྲོས་དཀོན་མཆོག་སྲི་ཞུ་དང་། །མགོན་པོ་ཡོན་ཏན་མགྲོན་རྣམས་བཛྲ་ས་མཱ་ཛཿས་སྤྱན་དྲངས། རྃ་ཡྃ་ཁྃ་{{TibChung|གིས་སྦྱངས།}} ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ{{TibChung|ལན་གསུམ།}} སྟོང་གསུམ་གྱི་སྣོད་དང་མཉམ་པའི་བསྲེག་ཐབ་ཡངས་ཤིང་རྒྱ་ཆེ་བར་བདུད་རྩིར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་གྲངས་མང་གིས་མཆོད། ན་མོ་དབྱིངས་རང་བཞིན་གྱི་རྣམ་པར་དག་ཅིང་ཐུགས་རྗེ་ཀུན་ཁྱབ་ཀྱི་ཀློང་ནས། ཨེ་དབྱིངས་ཐབས་བདེ་བ་ཆེན་པོའི་དབུས་སུ་ཝཾ་ཡིག་ཤེས་རབ་སྟོང་པ་ཉིད་ཡང་དག་པར་སྦྱོར་བ་ལས་བྱུང་བའི་ཤ་ཁྲག་དམར་གྱི་དྭངས་མའི་བདུད་རྩི་ཨ་ཐུང་གི་མེས་བསྲེག་ཅིང་ཡེ་ཤེས་ཀྱི་རླུང་གིས་བསྐུལ་བ་ལས་བྱུང་བའི་དུ་བ་འདོད་ཡོན་ལྔ་དང་ལྡན་པ་འདི་དཀོན་མཆོག་སྲི་ཞུའི་མགྲོན་དུ་གྱུར་པ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ནང་པ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་སྡེ་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་སོགས། དཀར་ཕྱོགས་སྐྱོང་བའི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་རྣམས་ལ་ཐབས་ཤེས་ཟུང་འཇུག་ཤ་ཁྲག་དམར་གྱི་གསུར་མཆོད་རྒྱ་ཆེན་པོ་འདི་ཕུལ་བས་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་། སྡོམ་པ་གསུམ་གྱི་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག །ལས་བཞིའི་ཕྲིན་ལས་ཐམས་ཅད་འབད་མེད་དུ་འགྲུབ། མཆོག་ཐུན་མོང་གི་དངོས་གྲུབ་གཉིས་ལ་རང་དབང་འབྱོར། བསྟན་པའི་རྩ་ལག་བཤད་སྒྲུབ་ཀྱི་སྡེ་འཕེལ་བ་དང་། འཇིག་རྟེན་པ་ཀུན་དར་ཞིང་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུྃ། {{TibChung|ལན་གསུམ།}} ན་མཿསརྦ་ཏ་ཐཱ་ག་ཏཱ་ཨ་ཝ་ལོ་ཀི་ཏེ་{{TibChung|སོགས་ལན་བདུན་རེ་དང་། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད།}} གཞན་ཡང་འཇིག་རྟེན་ཁམས་ལ་རང་དབང་བསྒྱུར་བའི་དྲེགས་པའི་སྡེ་དཔོན་སུམ་ཅུ། སྔགས་བདག་བཅོ་བརྒྱད། འབྱུང་བ་ལྔ། རླུང་འཕོ་བ་དུས་སྦྱོར། སྤར་སྨེའི་ཀག །ལོ་ཟླ་ཞག་དུས་གཟའ་སྐར་རྣམས་ལ་དབང་སྒྱུར་བའི་ལྷ་རྣམས་དང་། ལྷ་ཀླུ་དྲི་ཟ། གྲུལ་བུམ། ལྟོ་འཕྱེ། མིའམ་ཅི་དང་། མཁའ་ལྡིང་། འབྱུང་པོ། རོ་ལངས་ལ་སོགས་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་། འཕྲོག་མ་མ་བུ་ལྔ་བརྒྱ། བགེགས་རྒྱལ་བི་ནཱ་ཡ་ཀ་ལ་སོགས། བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས་འཁོར་དང་བཅས་པ། བླ་ལ་བརྐུ་བ། ཚེ་ལ་འཇབ་པ། སྲོག་འཕྲོག་པར་བྱེད་པ་ཐམས་ཅད་ལ་ཤ་ཁྲག་དམར་གྱི་གསུར་མཆོད་རྒྱ་ཆེན་པོ་འདི་ཕུལ་བས་གནོད་འཚེ་དང་གདུག་སེམས་ཞི། བྱམས་སྙིང་རྗེའི་རྩལ་ཤུགས་རྫོགས། ཕན་པ་བྱང་ཆུབ་ཀྱི་སེམས་དང་ལྡན། སྔོན་གྱི་ཐ་ཚིག་རྗེས་སུ་དྲན་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མི་ནད་ཕྱུགས་ནད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་དང་། མུ་གེ་དང་མཚོན་གྱི་འཁྲུགས་པ་ཐམས་ཅད་མྱུར་དུ་ཞི་བ་དང་། རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་ལོ་ཀེག་ཟླ་ཀེག་ལ་སོགས་ཀེག་རིགས་སུམ་བརྒྱ་དྲུག་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། གཙོ་བོའི་གདོན་ཆེན་བཅོ་བརྒྱད། ཕལ་པའི་གདོན་ཕྲན་གྲངས་མེད། དུས་མིན་འཆི་བ་བཅོ་བརྒྱད། ཡས་ཀྱི་བདུད། མས་ཀྱི་སྲི། བན་བོན་གྱི་མཐུ་གཏད་བྱད་ཁ་རྦོད་གཏོང་ཆག་ཆེ་ཉམས་ང་ཐམས་ཅད་བཟློག་པ་དང་། མོས་པ་རྣམ་བཞིས་དབང་དུ་འདུ་བ་དང་། ས་བདག་ཀླུ་གཉན་ལ་ཕོག་ཐུག་འགྲམ་འཁྲུགས་སོགས་ལས་བྱུང་བའི་ཉེས་པའི་ཚོགས་ཐམས་ཅད་ཞི་བར་མཛད་དུ་གསོལ། {{TibChung|ཁ་འབར་མའི་སྔགས་ལན་བདུན། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། }} འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་དང་། སྔ་མའི་ལུས་རྟེན་བོར། ཕྱི་མའི་ལུས་རྟེན་མ་རྙེད་པ་སྲིད་པ་བར་དོའི་ཚོགས་རྣམས་དང་། ཁྱད་པར་དུ་ཡང་བླ་མ་རྒྱལ་བློན་བཙུན་མོ་དཔོན་གཙོ་གྲོས་མཁན་ལ་སོགས་སྔ་རབས་འདས་པ་ཤི་མིག་གསོན་ལ་བལྟ་བ་རྣམས་དང་། དུས་ངན་བསྐལ་པའི་ཐ་མ་འདིར་ནད་མུག་མཚོན་འཁྲུགས་ཀྱིས་ཤི་བའི་ཤི་འདྲེ་འཁྱམས་པོ། ཡུལ་འདྲེ་གསར་པ། རྒྱ་འདྲེ་འགོང་པོ་ལ་སོགས། རྒྱ་གར། བལ་པོ། བོད་དང་། བོད་ཆེན། རྒྱ་ཧོར། འཇང་གིས་གཙོ་བོར་བྱས་པའི་སྟོང་གསུམ་སྤྱི་དང་། ཁྱད་པར་ཛམ་གླིང་དུ་གནས་པ་ཐམས་ཅད་ལ་སྦྱིན་ནོ། །བསྔོའོ། །ཚིམས་པར་གྱུར་ཅིག །ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་སྒྱུ་མ་ལྟ་བུ་སྐྱེ་འགགས་གནས་གསུམ་དང་བྲལ་བའི་རང་བཞིན་ཡེ་སྟོང་ཆེན་པོ་ལས་རིག་པ་ལྷུན་གྲུབ་ཀྱི་གསལ་བའི་སྣང་ཆ་ཅིར་ཡང་འཆར་བའི་རང་བྱུང་ཡེ་ཤེས་ཀྱི་གནས་ལུགས་མ་རྟོགས་ཏེ་མ་རིག་འཁྲུལ་པ་རང་རྒྱུད་དུ་གོལ་ནས་ཉིང་འཁྲུལ་དུ་སོང་བའི་འདྲེ་སྲིན་ཁྱེད་རྣམས་ལ་ཤ་ཁྲག་དམར་གྱི་གསུར་མཆོད་རྒྱ་ཆེན་པོ་བཟའ་བས་མི་ཟད་པ་བཏུང་བས་མི་ཉུང་བ། རྒོལ་བས་མི་བསྡིགས་པ། རི་རྒྱལ་ལས་དཔང་མཐོ་བ། རྒྱ་མཚོ་ལས་ཟབ་པ། ཞིང་རྡུལ་ལས་གྲངས་མང་བ། ཉི་ཟླ་ལས་འོད་གསལ་བ། རྒྱ་ཆེ་བ་ནམ་མཁའི་མཐའ་དང་མཉམ་པ་འདི་སྦྱིན་པས་དགའ་མགུ་ཡི་རངས། ཕན་པ་དང་། སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱིས་ཤིག །བཀའ་ལས་འདས་ན་རྡོ་རྗེའི་དམྱལ་བར་ལྟུང་བར་འགྱུར་ཏ་རེ། དྲན་པ་དང་ཤེས་བཞིན་བག་ཡོད་དང་ལྡན་པས་སེམས་བསྲུང་བར་བྱོས་ཤིག །བར་དོ་ལ་བར་དོ་ཡིན་པར་ངོ་ཤེས་པར་གྱིས་ཤིག །འཁྲུལ་སྣང་ལ་རྒྱས་ཐེབ། བླ་མ་དང་དཀོན་མཆོག །ཡི་དམ་དང་ལྟ་བ་རྗེས་སུ་དྲན་ཏེ་ལས་ངན་པའི་སྒྲིབ་པ་སྐད་ཅིག་ལ་དག་ནས་རིག་པ་ལ་རང་དབང་ཐོབ། བདེ་བ་ཅན་དང་པདྨ་འོད་ལ་སོགས་པའི་ཞིང་ཁམས་ཁྱད་པར་ཅན་རྣམས་སུ་བཙན་ཐབས་སུ་བགྲོད་ནུས་པར་ཤོག་ཅིག །དེ་ལྟར་མཆོད་སྦྱིན་རྒྱ་ཆེན་བགྱིས་པ་ཡི། །དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ལ། །ཡོངས་དག་བསྔོ་བ་ཀུན་ཏུ་བཟང་པོ་བཞིན། །འགྲུབ་པར་གྱུར་ཅིང་རྒྱལ་རྣམས་བདེན་གྱུར་ཅིག །མཆོད་པའི་མགྲོན་རྣམས་རང་བཞིན་དབྱིངས་སུ་གཤེགས། །ཕྱི་རོལ་རྡོ་རྗེའི་རྭ་བ་དམིགས་མེད་ངང་། །འཇིག་རྟེན་པ་རྣམས་རང་གནས་གཤེགས་ནས་ཀྱང་། །རང་ལུས་དཔེ་ལོང་གཞན་གནོད་མ་བྱེད་ཅིག །སརྦ་བིགྷྣཱན་གཙྪ། {{TibChung|དྲག་སྔགས་ཚར་གཅིག་བརྗོད། བཀྲ་ཤིས་བསྔོ་སྨོན་དང་བྱང་ཆུབ་ཀྱི་སེམས་འབའ་ཞིག་ནམ་ཡང་ནན་ཏན་དུ་བྱའོ། །ཞེས་པའང་རང་གཞན་ལ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་༢འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨྲས་པ་ཡི་གེའི་བྱེད་པོ་འཇིགས་མེད་བློ་གྲོས་ཀྱིས་གུས་པས་བགྱིས་པ་དགེའོ། །སརྦ་མངྒ་ལཾ།། །།}} ༈ ཧཱུྃ་ཧྲཱིཿ བདག་ཉིད་པདྨ་དྲག་པོར་གསལ། །ཐུགས་ནས་ཊཱཀྐི་རཱ་ཛ་བྱུང་། །ང་བདག་གཉིས་འཛིན་འཁྲུལ་པ་ཡི། །དམ་སྲི་རྒྱལ་འགོང་མདུན་དུ་བཀུག །ཤ་ཁྲག་གསུར་གྱི་སྦྱིན་པ་འདི། །ཟད་མེད་འདོད་ཡོན་རྒྱ་ཆེར་སྤེལ། །ཨོཾ་ཨཱཿཧཱུྃ། {{TibChung|ཁ་འབར་མའི་སྔགས་རྒྱས་བསྔོ།}} ཀྱཻ། སྲིད་པར་བདག་ཏུ་རྟོག་པ་ཡི། །ང་རྒྱལ་ལས་སྐྱེས་རྒྱལ་འགོང་ཚོགས། །བདག་གི་སྦྱིན་པ་རྒྱ་ཆེན་འདིས། མགུ་ཞིང་ཚིམས་ནས་གནོད་སེམས་སྤོངས། །བྱང་ཆུབ་སེམས་དང་ལྡན་པར་མཛོད། འདི་རུ་མ་འདུག་གཞན་དུ་སོང་། །གལ་ཏེ་མི་འགྲོ་འཚེ་བྱེད་ན། །པདྨ་དྲག་པོའི་མཐུ་སྟོབས་ཀྱིས། །རྡུལ་དུ་བརླག་པར་གདོན་མི་ཟ། །དེ་བས་དམ་ལ་གནས་པར་གྱིས། །བྷུ་ཏ་གཙྪ། སྦྱིན་པ་རྒྱ་ཆེན་སོགས་བྱའོ། །{{TibChung|ཞེས་པའང་ཆོས་ཀྱི་བློ་གྲོས་པས་སོ། །དགེའོ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 10:54, 18 January 2022
🚧 This website is under continued development. We appreciate your patience!
དམར་གསུར་ལྷ་འདྲེ་ཀུན་ཚིམ་དང༌། ཧཱུྃ་ཧྲཱིཿ བདག་ཉིད་པདྨ་དྲག་པོར་གསལ་སོགས་དམར་བསུར་རིང་ཐུང་།
Wylie title | dmar gsur lha 'dre kun tshim dang/ hU~M hrIH bdag nyid pad+ma drag por gsal sogs dmar bsur ring thung | |
---|---|---|
Location | chos kyi blo gros bka' 'bum Volume 11, Text 113, Pages 537-545 (Folios 1a to 5a1) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. dmar gsur lha 'dre kun tshim dang hUM hrIH bdag nyid pad+ma drag por gsal sogs dmar bsur ring thung. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 537-545. Bir, H.P.: Khyentse Labrang, 2012. | |
Genre | Burnt Offerings- gsur | |
Colophon |
| |
|
1 Texts in this Section (sde tshan or chos tshan)
537-545
|
དམར་གསུར་ལྷ་འདྲེ་ཀུན་ཚིམ་དང༌། ཧཱུྃ་ཧྲཱིཿ བདག་ཉིད་པདྨ་དྲག་པོར་གསལ་སོགས་དམར་བསུར་རིང་ཐུང་། dmar gsur lha 'dre kun tshim dang/ hU~M hrIH bdag nyid pad+ma drag por gsal sogs dmar bsur ring thung
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]] |