JKCL-KABUM-11-DA-114

From Khyentse Lineage - A Tsadra Foundation Project

ཕྱུགས་ཀྱི་ནད་བདག་ལ་གསུར་བསྔོ་ཕྱུགས་ནད་ཀུན་སེལ།
Wylie title phyugs kyi nad bdag la gsur bsngo phyugs nad kun sel JKCL-KABUM-11-DA-114.pdf
Location chos kyi blo gros bka' 'bum
Volume 11, Text 114, Pages 547-549 (Folios 1a1 to 2a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. phyugs kyi nad bdag la gsur bsngo phyugs nad kun sel. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 547-549. Bir, H.P.: Khyentse Labrang, 2012.
Genre Burnt Offerings - gsur mchod
Colophon

།ཅེས་པའང་ཆུ་རྟ་ལོ་སྨད་ནས་བརྩམ་ཧོན་ནད་བྱུང་སྐབས་ཉིང་འཁྲུལ་ལ་གོད་འདྲེས་གུས་ཤིང་འདུད་པའི་སྣང་བ་ཅུང་ཟད་བྱུང་ཤིང་། ཆུ་ལུག་ཟླ་བ་དང་པོའི་ཚེས་དགུ་ལ་འོད་དཔག་མེད་ཀྱི་བྱང་ཆོག་སྐབས་ཡིད་ལ་འདི་འདྲ་ཞིག་ཤར་བ་སྨྲས་རིམ་བཞིན་ཡི་གེ་པ་དད་སློབ་ཚེ་འབྱོར་གྱིས་བགྱིས་པ་འདིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །ཤུ་བྷཾ།།

/ces pa'ang chu rta lo smad nas brtsam hon nad byung skabs nying 'khrul la god 'dres gus shing 'dud pa'i snang ba cung zad byung shing /__chu lug zla ba dang po'i tshes dgu la 'od dpag med kyi byang chog skabs yid la 'di 'dra zhig shar ba smras rim bzhin yi ge pa dad slob tshe 'byor gyis bgyis pa 'dis kyang sems can thams cad la phan pa rgya chen po 'byung ba'i rgyur gyur cig__/shu b+haM//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
ཕྱུགས་ཀྱི་ནད་བདག་ལ་གསུར་བསྔོ་ཕྱུགས་ནད་ཀུན་སེལ་བཞུགས། པདྨ་རྒྱལ་ལ་ཕྱག་འཚལ་ལོ། །རང་ཉིད་རྟ་མགྲིན་དབང་ཆེན་གྱི་ང་རྒྱལ་ལ་གནས་པས། དཀར་དམར་གྱི་བསྲེག་རྫས་རྒྱ་ཆེ་བ་བྱིན་རྟེན་ཁྱད་འཕགས་ཀྱིས་སྦོལ་བ་དང་ནོར་ཕྱུགས་ཀྱི་གཟུགས་འགྲོས་སྤར་བཏབ་པ་མང་པོ་མེར་བསྲེག །ཆང་དང་རྒྱ་ཇ་ཁྲག་སྐྱེམས་སོགས་ཀྱང་ཕྱོགས་མཚམས་ལ་འཐོར་ཞིང་། རང་ཉིད་རྟ་མགྲིན་ཐུགས་ཀ་ནས། །ཁྲོ་བོ་འདོད་པའི་རྒྱལ་པོ་ནི། །ལྕགས་ཀྱུ་ཞགས་ཐོགས་མང་པོ་སྤྲོས། །ཕྱུགས་ལ་གནོད་པའི་འདྲེ་སྲིད་དང་། །གདོན་བགེགས་ལན་ཆགས་བཀུག་པར་གྱུར། །རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབས་ཤིང་རྒྱས་པར་སྤེལ། །གསུར་མཆོད་འདོད་ཡོན་རྒྱ་མཚོའི་སྤྲིན། །བཟའ་བཏུང་ལོངས་སྤྱོད་བསམ་མི་ཁྱབ། །ནོར་ཕྱུགས་བྱེ་བ་དུང་ཕྱུར་སྤྲུལ། །མི་ཟད་འདོད་དགུའི་གཏེར་དུ་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན་རེ་དང་། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །གཟུགས་མཛེས་དམ་པ་ལ༴ །སྐུ་འབྱམས་ཀླས་ལ༴ འཇིགས་པ་ཐམས་ཅད་དང་བྲལ་བ་ལ༴ ཀྱེ། འདོད་ཆགས་སེར་སྣའི་རྒྱུ་འབྲས་ལས། །བྱུང་བའི་གོད་འདྲེ་ཕག་ཞོན་ནག །གྲོད་པའི་ཞྭ་ལ་རྒྱུ་མས་བརྒྱན། །ལག་ན་བཤའ་གྲི་དམར་པོ་ཁུར། །ནོར་བདུད་ཁམ་པ་ཁྱི་མགོ་དང་། །ངར་འཛིན་བདག་རྟོག་ལས་གྱུར་པའི། །གཅོད་ལོག་དགེ་སྦྱོང་ཚུལ་འཆོས་སོགས། །གོད་འདྲེ་གྲི་འགོང་བསེ་རག་རྣམས། །སྐད་ཅིག་འདིར་འདུས་སྦྱིན་པར་རོལ། །ལོངས་སྤྱོད་མཁོ་དགུ་འདི་ན་ཡོད། །ཇ་ཆང་ཁྲག་གི་རྒྱ་མཚོ་འཐུང་། །ཡུལ་འདིའི་ཕྱུགས་ནོར་ལས་ལྷག་ཅིང་། །སྔགས་དང་ཏིང་འཛིན་གྱིས་སྤྲུལ་བའི། །ནོར་ཕྱུགས་བྱེ་བ་ཁྲི་འབུམ་ཁྱེར། །ས་ཕྱོགས་འདི་ན་གནས་པ་ཡི། །སེམས་ཅན་སྲོག་ལ་འཚེ་བ་སྤངས། །བྱང་ཆུབ་སེམས་དང་ལྡན་པར་མཛོད། །ཅེས་ཚར་གྲངས་མང་བསོགས། ད་ནི་ཁྱེད་རྣམས་རང་གནས་སོང་། །བྱམས་པའི་སེམས་དང་ལྡན་པར་གྱིས། །འཕགས་མཆོག་ཐུགས་རྗེའི་གཏེར་ཆེན་གྱིས། །ཁྱེད་ལ་མགོན་སྐྱབས་དཔུང་གཉེན་མཛད། །ཕན་བདེའི་གོ་འཕང་ཐོབ་པར་འགྱུར། །གལ་ཏེ་བཀའ་ལས་འདའ་གྱུར་ན། །དབང་ཆེན་རྟ་མགྲིན་རྒྱལ་པོ་ཡིས། །ཁྱེད་ཀྱི་སྲོག་གི་སྙིང་པོ་ནི། ཨ་སི་ཏོ་སྲོག་སྙིང་འདི་གལ་ཆེ་ན་མ་གཏོགས་མི་བརྗོད། ཏྲི་པ་ཙ་ཏི། །བླངས་ནས་འབར་བའི་མཚོན་ཆ་ཡིས། །ལུས་སེམས་དུམ་བུར་གཏུབ་བྱས་ཏེ། །སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར། །དེ་ཕྱིར་གཞན་ལ་གནོད་འཚེ་སྤོངས། །དམ་ལས་མ་འདའ་ས་མ་ཡ། །ཧྱ་གྲཱི་ཝ་བཛྲ་རཀྵནྟུ། རྟ་མགྲིན་གྱི་སྔགས་དང་། སུམ་བྷ་ནིའི་སྔགས་ཀྱིས་བསྐྲད། སྣོད་ཆུས་བཤལ་ལ་ཁ་སྦུབས་ནས་འཇོག །ཟབ་མོ་སྟོང་པ་ཉིད་ལ་བློ་བཞག་ཏེ་ཤེས་རབ་སྙིང་པོའི་མདོ་ཟློག་དང་བཅས་པ་ཚར་གསུམ་བྱའོ། །ཅེས་པའང་ཆུ་རྟ་ལོ་སྨད་ནས་བརྩམ་ཧོན་ནད་བྱུང་སྐབས་ཉིང་འཁྲུལ་ལ་གོད་འདྲེས་གུས་ཤིང་འདུད་པའི་སྣང་བ་ཅུང་ཟད་བྱུང་ཤིང་། ཆུ་ལུག་ཟླ་བ་དང་པོའི་ཚེས་དགུ་ལ་འོད་དཔག་མེད་ཀྱི་བྱང་ཆོག་སྐབས་ཡིད་ལ་འདི་འདྲ་ཞིག་ཤར་བ་སྨྲས་རིམ་བཞིན་ཡི་གེ་པ་དད་སློབ་ཚེ་འབྱོར་གྱིས་བགྱིས་པ་འདིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །ཤུ་བྷཾ།། །།
[edit]

phyugs kyi nad bdag la gsur bsngo phyugs nad kun sel bzhugs/__pad+ma rgyal la phyag 'tshal lo/__/rang nyid rta mgrin dbang chen gyi nga rgyal la gnas pas/__dkar dmar gyi bsreg rdzas rgya che ba byin rten khyad 'phags kyis sbol ba dang nor phyugs kyi gzugs 'gros spar btab pa mang po mer bsreg__/chang dang rgya ja khrag skyems sogs kyang phyogs mtshams la 'thor zhing /__rang nyid rta mgrin thugs ka nas/__/khro bo 'dod pa'i rgyal po ni/__/lcags kyu zhags thogs mang po spros/__/phyugs la gnod pa'i 'dre srid dang /__/gdon bgegs lan chags bkug par gyur/__/ra~M ya~M kha~M/__oM AHhU~M/__nam mkha' mdzod kyi sngags rgya lan gsum gyis byin gyis brlabs shing rgyas par spel/__/gsur mchod 'dod yon rgya mtsho'i sprin/__/bza' btung longs spyod bsam mi khyab/__/nor phyugs bye ba dung phyur sprul/__/mi zad 'dod dgu'i gter du gyur/__/na maHsarba ta thA ga ta a wa lo ki te oM sam+b+ha ra sam+b+ha ra hU~M/__lan bdun re dang /__de bzhin gshegs pa rin chen mang la phyag 'tshal lo/__/gzugs mdzes dam pa la=____/sku 'byams klas la=__'jigs pa thams cad dang bral ba la=__kye/__'dod chags ser sna'i rgyu 'bras las/__/byung ba'i god 'dre phag zhon nag__/grod pa'i zhwa la rgyu mas brgyan/__/lag na bsha' gri dmar po khur/__/nor bdud kham pa khyi mgo dang /__/ngar 'dzin bdag rtog las gyur pa'i/__/gcod log dge sbyong tshul 'chos sogs/__/god 'dre gri 'gong bse rag rnams/__/skad cig 'dir 'dus sbyin par rol/__/longs spyod mkho dgu 'di na yod/__/ja chang khrag gi rgya mtsho 'thung /__/yul 'di'i phyugs nor las lhag cing /__/sngags dang ting 'dzin gyis sprul ba'i/__/nor phyugs bye ba khri 'bum khyer/__/sa phyogs 'di na gnas pa yi/__/sems can srog la 'tshe ba spangs/__/byang chub sems dang ldan par mdzod/__/ces tshar grangs mang bsogs/__da ni khyed rnams rang gnas song /__/byams pa'i sems dang ldan par gyis/__/'phags mchog thugs rje'i gter chen gyis/__/khyed la mgon skyabs dpung gnyen mdzad/__/phan bde'i go 'phang thob par 'gyur/__/gal te bka' las 'da' gyur na/__/dbang chen rta mgrin rgyal po yis/__/khyed kyi srog gi snying po ni/__a si to srog snying 'di gal che na ma gtogs mi brjod/__tri pa tsa ti/__/blangs nas 'bar ba'i mtshon cha yis/__/lus sems dum bur gtub byas te/__/sdug bsngal nyams su myong bar 'gyur/__/de phyir gzhan la gnod 'tshe spongs/__/dam las ma 'da' sa ma ya/__/h+ya grI wa badz+ra rak+Shan+tu/__rta mgrin gyi sngags dang /__sum b+ha ni'i sngags kyis bskrad/__snod chus bshal la kha sbubs nas 'jog__/zab mo stong pa nyid la blo bzhag te shes rab snying po'i mdo zlog dang bcas pa tshar gsum bya'o/__/ces pa'ang chu rta lo smad nas brtsam hon nad byung skabs nying 'khrul la god 'dres gus shing 'dud pa'i snang ba cung zad byung shing /__chu lug zla ba dang po'i tshes dgu la 'od dpag med kyi byang chog skabs yid la 'di 'dra zhig shar ba smras rim bzhin yi ge pa dad slob tshe 'byor gyis bgyis pa 'dis kyang sems can thams cad la phan pa rgya chen po 'byung ba'i rgyur gyur cig__/shu b+haM//__//

Footnotes

Other Information