JKCL-KABUM-11-DA-107: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 11: . Bir, H.P.: Khyentse Labrang, 2012.
|fulltitletib=མཚམས་ཀྱི་ཆུ་མིག་དཀར་མོའི་བསང་མཆོད་ཉུང་ངུ་།
|fulltitle=mtshams kyi chu mig dkar mo'i bsang mchod nyung ngu
|citation=[['jam dbyangs mkhyen brtse chos kyi blo gros]]. ''mtshams kyi chu mig dkar mo'i bsang mchod nyung ngu''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 11: 519-520. Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|tibgenre=
|terma=No
|terma=No
|jkcloutline=Fifteen
|jkcloutline=Fifteen
Line 15: Line 16:
|volyigtib=ད་
|volyigtib=ད་
|totalvolumes=12
|totalvolumes=12
|beginfolioline=1a
|textnuminvol=107
|textnuminvol=107
|pagenumbers=519-520
|totalpages=2
|beginfolioline=1a1
|endfolioline=1b4
|totalfolios=1
|multivolumework=No
|colophontib=།ཅེས་པའང་དངུལ་ར་དགོན་གྱི་བླ་མ་སྟག་མོ་དགོན་གསར་འདེབས་པོ་བློ་གྲོས་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།།
|colophonwylie=/ces pa'ang dngul ra dgon gyi bla ma stag mo dgon gsar 'debs po blo gros nas bskul ngor chos kyi blo gros pas so//
|pdflink=File:JKCL-KABUM-11-DA-107.pdf
|pdflink=File:JKCL-KABUM-11-DA-107.pdf
}}
}}
Line 22: Line 30:
<h1 style="font-size: 24px !important;">Tibetan Text</h1>
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
{{TibP|མཚམས་ཀྱི་ཆུ་མིག་དཀར་མོའི་བསང་མཆོད་ཉུང་ངུ་བཞུགས།  དཀར་གཏོར་ཀླུ་སྨན་དཀར་མངར་སྐྱེམས་ཕུད་དར་ཟབ་བཟང་ཤིང་སྣ་ཚོགས་དུད་པ་དང་བཅས།  ཀྱཻ།  འཛམ་བུ་གླིང་གི་མངའ་བདག་ཆེ།  །ཀླུ་རྒྱལ་མི་མགོན་དཀར་པོ་ནི།  །སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྟེ།  །ས་བརྒྱད་དབང་ཕྱུག་སེམས་དཔའ་ཆེ།  །སྐུ་མདོག་དཀར་ལ་འོད་ཟེར་འབར།  །སྦྲུལ་མགོ་བདུན་གྱིས་གདེངས་ཀ་ཅན།  །ཕྱག་གཉིས་གཏེར་བུམ་ནོར་བུ་བསྣམས།  །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན།  །ཀླུ་གཉན་ས་བདག་འབུམ་གྱིས་བསྐོར།  །བཞུགས་པའི་གནས་ནི་མང་ཡོད་ཀྱང་།  །ཁྱད་པར་སྨན་ཤོད་ས་ཡི་ཆར།  །འཕགས་པས་བསྟན་པའི་རི་བོའི་འདབས།  །རིན་ཆེན་ཆུ་མིག་དཀར་མོའི་མགོ།  མཚམས་ཀྱི་རྒྱ་མཚོའི་ལྟེ་བ་ནས།  །འདིར་གཤེགས་པད་ཟླའི་གདན་ལ་བཞུགས།  །ཁྱོད་ལ་མཐུན་པའི་དམ་རྫས་ནི།  །དཀར་མངར་འོ་ཞོ་མཚོ་ལྟར་བསྐྱིལ།  །ཀླུ་ཡི་ནད་རྣམས་གསོ་བའི་སྨན།  །ཀླུ་ནོར་ཉེར་གཅིག་དར་ཟབ་དང་།  །དཀོར་ཆ་སྣ་ཚོགས་སྤྱན་གཟིགས་སོགས།  །མདོར་ན་སྲིད་ཞིར་དགེ་བའི་རྫས།  །ཇི་སྙེད་ནམ་མཁའ་གང་བར་འབུལ།  །བཟང་ཤིང་སྣ་ཚོགས་འབར་བའི་མེར།  །བསྲེགས་པའི་དུད་སྤྲིན་བཟང་པོ་ཡིས།  །མནོལ་བ་སངས་ལ་འཐིབས་པ་དྭངས།  །མི་གཙང་ཉམས་གྲིབ་དག་གྱུར་ཅིག  །འཇིག་རྟེན་སྣོད་བཅུད་ཐམས་ཅད་ལ།  །མི་མཐུན་དུས་ཀྱི་རྒུད་པ་ཞི།  །ནག་ཕྱོགས་འབྱུང་པོའི་རྒྱུ་ལམ་ཆོད།  །དགྲ་ཇག་ཆོམ་རྐུན་གནོད་པ་སྲུངས།  །བསྟན་ལ་འཚེ་བའི་ལྷ་མིན་འཇོམས།  །བསྟན་དང་བསྟན་འཛིན་དབུ་འཕང་བསྟོད།  །ཁྱད་པར་སྟག་མོའི་ས་ཡི་ཆར།  །པདྨའི་རིང་ལུགས་འཛིན་པ་ཡི།  །ཆོས་གྲྭ་བཀྲ་ཤིས་ཆོས་གླིང་འདིར།  །དགེ་འདུན་སྡེ་ཆེན་རྒྱས་པ་དང་།  །བཤད་སྒྲུབ་བསྟན་པ་རབ་འཕེལ་ཞིང་།  །པདྨའི་ངེས་གསང་བསྟན་པ་ཆེ།  །ཕྱོགས་མཐར་རྒྱས་པའི་ཕྲིན་ལས་མཛོད།  །ཀི་བསྭོ་ཆའོ་ལྷ་རྒྱལ་ལོ།  །གཏོར་མ་སྐྱེམས་ཕུད་མཆོད། །ཅེས་པའང་དངུལ་ར་དགོན་གྱི་བླ་མ་སྟག་མོ་དགོན་གསར་འདེབས་པོ་བློ་གྲོས་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།།  །།}}
{{TibP|{{TibChung|མཚམས་ཀྱི་ཆུ་མིག་དཀར་མོའི་བསང་མཆོད་ཉུང་ངུ་བཞུགས།  དཀར་གཏོར་ཀླུ་སྨན་དཀར་མངར་སྐྱེམས་ཕུད་དར་ཟབ་བཟང་ཤིང་སྣ་ཚོགས་དུད་པ་དང་བཅས།}} ཀྱཻ།  འཛམ་བུ་གླིང་གི་མངའ་བདག་ཆེ།  །ཀླུ་རྒྱལ་མི་མགོན་དཀར་པོ་ནི།  །སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྟེ།  །ས་བརྒྱད་དབང་ཕྱུག་སེམས་དཔའ་ཆེ།  །སྐུ་མདོག་དཀར་ལ་འོད་ཟེར་འབར།  །སྦྲུལ་མགོ་བདུན་གྱིས་གདེངས་ཀ་ཅན།  །ཕྱག་གཉིས་གཏེར་བུམ་ནོར་བུ་བསྣམས།  །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན།  །ཀླུ་གཉན་ས་བདག་འབུམ་གྱིས་བསྐོར།  །བཞུགས་པའི་གནས་ནི་མང་ཡོད་ཀྱང་།  །ཁྱད་པར་སྨན་ཤོད་ས་ཡི་ཆར།  །འཕགས་པས་བསྟན་པའི་རི་བོའི་འདབས།  །རིན་ཆེན་ཆུ་མིག་དཀར་མོའི་མགོ།  མཚམས་ཀྱི་རྒྱ་མཚོའི་ལྟེ་བ་ནས།  །འདིར་གཤེགས་པད་ཟླའི་གདན་ལ་བཞུགས།  །ཁྱོད་ལ་མཐུན་པའི་དམ་རྫས་ནི།  །དཀར་མངར་འོ་ཞོ་མཚོ་ལྟར་བསྐྱིལ།  །ཀླུ་ཡི་ནད་རྣམས་གསོ་བའི་སྨན།  །ཀླུ་ནོར་ཉེར་གཅིག་དར་ཟབ་དང་།  །དཀོར་ཆ་སྣ་ཚོགས་སྤྱན་གཟིགས་སོགས།  །མདོར་ན་སྲིད་ཞིར་དགེ་བའི་རྫས།  །ཇི་སྙེད་ནམ་མཁའ་གང་བར་འབུལ།  །བཟང་ཤིང་སྣ་ཚོགས་འབར་བའི་མེར།  །བསྲེགས་པའི་དུད་སྤྲིན་བཟང་པོ་ཡིས།  །མནོལ་བ་སངས་ལ་འཐིབས་པ་དྭངས།  །མི་གཙང་ཉམས་གྲིབ་དག་གྱུར་ཅིག  །འཇིག་རྟེན་སྣོད་བཅུད་ཐམས་ཅད་ལ།  །མི་མཐུན་དུས་ཀྱི་རྒུད་པ་ཞི།  །ནག་ཕྱོགས་འབྱུང་པོའི་རྒྱུ་ལམ་ཆོད།  །དགྲ་ཇག་ཆོམ་རྐུན་གནོད་པ་སྲུངས།  །བསྟན་ལ་འཚེ་བའི་ལྷ་མིན་འཇོམས།  །བསྟན་དང་བསྟན་འཛིན་དབུ་འཕང་བསྟོད།  །ཁྱད་པར་སྟག་མོའི་ས་ཡི་ཆར།  །པདྨའི་རིང་ལུགས་འཛིན་པ་ཡི།  །ཆོས་གྲྭ་བཀྲ་ཤིས་ཆོས་གླིང་འདིར།  །དགེ་འདུན་སྡེ་ཆེན་རྒྱས་པ་དང་།  །བཤད་སྒྲུབ་བསྟན་པ་རབ་འཕེལ་ཞིང་།  །པདྨའི་ངེས་གསང་བསྟན་པ་ཆེ།  །ཕྱོགས་མཐར་རྒྱས་པའི་ཕྲིན་ལས་མཛོད།  །ཀི་བསྭོ་ཆའོ་ལྷ་རྒྱལ་ལོ།  །{{TibChung|གཏོར་མ་སྐྱེམས་ཕུད་མཆོད། །ཅེས་པའང་དངུལ་ར་དགོན་གྱི་བླ་མ་སྟག་མོ་དགོན་གསར་འདེབས་པོ་བློ་གྲོས་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།།  །།}} }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}

Revision as of 10:09, 18 January 2022

མཚམས་ཀྱི་ཆུ་མིག་དཀར་མོའི་བསང་མཆོད་ཉུང་ངུ་།
Wylie title mtshams kyi chu mig dkar mo'i bsang mchod nyung ngu JKCL-KABUM-11-DA-107.pdf
Location chos kyi blo gros bka' 'bum
Volume 11, Text 107, Pages 519-520 (Folios 1a1 to 1b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. mtshams kyi chu mig dkar mo'i bsang mchod nyung ngu. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 519-520. Bir, H.P.: Khyentse Labrang, 2012.
Genre
Colophon

།ཅེས་པའང་དངུལ་ར་དགོན་གྱི་བླ་མ་སྟག་མོ་དགོན་གསར་འདེབས་པོ་བློ་གྲོས་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།།

/ces pa'ang dngul ra dgon gyi bla ma stag mo dgon gsar 'debs po blo gros nas bskul ngor chos kyi blo gros pas so//

1 Texts in this Section (sde tshan or chos tshan)

[edit]
མཚམས་ཀྱི་ཆུ་མིག་དཀར་མོའི་བསང་མཆོད་ཉུང་ངུ་བཞུགས། དཀར་གཏོར་ཀླུ་སྨན་དཀར་མངར་སྐྱེམས་ཕུད་དར་ཟབ་བཟང་ཤིང་སྣ་ཚོགས་དུད་པ་དང་བཅས། ཀྱཻ། འཛམ་བུ་གླིང་གི་མངའ་བདག་ཆེ། །ཀླུ་རྒྱལ་མི་མགོན་དཀར་པོ་ནི། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྟེ། །ས་བརྒྱད་དབང་ཕྱུག་སེམས་དཔའ་ཆེ། །སྐུ་མདོག་དཀར་ལ་འོད་ཟེར་འབར། །སྦྲུལ་མགོ་བདུན་གྱིས་གདེངས་ཀ་ཅན། །ཕྱག་གཉིས་གཏེར་བུམ་ནོར་བུ་བསྣམས། །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །ཀླུ་གཉན་ས་བདག་འབུམ་གྱིས་བསྐོར། །བཞུགས་པའི་གནས་ནི་མང་ཡོད་ཀྱང་། །ཁྱད་པར་སྨན་ཤོད་ས་ཡི་ཆར། །འཕགས་པས་བསྟན་པའི་རི་བོའི་འདབས། །རིན་ཆེན་ཆུ་མིག་དཀར་མོའི་མགོ། མཚམས་ཀྱི་རྒྱ་མཚོའི་ལྟེ་བ་ནས། །འདིར་གཤེགས་པད་ཟླའི་གདན་ལ་བཞུགས། །ཁྱོད་ལ་མཐུན་པའི་དམ་རྫས་ནི། །དཀར་མངར་འོ་ཞོ་མཚོ་ལྟར་བསྐྱིལ། །ཀླུ་ཡི་ནད་རྣམས་གསོ་བའི་སྨན། །ཀླུ་ནོར་ཉེར་གཅིག་དར་ཟབ་དང་། །དཀོར་ཆ་སྣ་ཚོགས་སྤྱན་གཟིགས་སོགས། །མདོར་ན་སྲིད་ཞིར་དགེ་བའི་རྫས། །ཇི་སྙེད་ནམ་མཁའ་གང་བར་འབུལ། །བཟང་ཤིང་སྣ་ཚོགས་འབར་བའི་མེར། །བསྲེགས་པའི་དུད་སྤྲིན་བཟང་པོ་ཡིས། །མནོལ་བ་སངས་ལ་འཐིབས་པ་དྭངས། །མི་གཙང་ཉམས་གྲིབ་དག་གྱུར་ཅིག །འཇིག་རྟེན་སྣོད་བཅུད་ཐམས་ཅད་ལ། །མི་མཐུན་དུས་ཀྱི་རྒུད་པ་ཞི། །ནག་ཕྱོགས་འབྱུང་པོའི་རྒྱུ་ལམ་ཆོད། །དགྲ་ཇག་ཆོམ་རྐུན་གནོད་པ་སྲུངས། །བསྟན་ལ་འཚེ་བའི་ལྷ་མིན་འཇོམས། །བསྟན་དང་བསྟན་འཛིན་དབུ་འཕང་བསྟོད། །ཁྱད་པར་སྟག་མོའི་ས་ཡི་ཆར། །པདྨའི་རིང་ལུགས་འཛིན་པ་ཡི། །ཆོས་གྲྭ་བཀྲ་ཤིས་ཆོས་གླིང་འདིར། །དགེ་འདུན་སྡེ་ཆེན་རྒྱས་པ་དང་། །བཤད་སྒྲུབ་བསྟན་པ་རབ་འཕེལ་ཞིང་། །པདྨའི་ངེས་གསང་བསྟན་པ་ཆེ། །ཕྱོགས་མཐར་རྒྱས་པའི་ཕྲིན་ལས་མཛོད། །ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། །གཏོར་མ་སྐྱེམས་ཕུད་མཆོད། །ཅེས་པའང་དངུལ་ར་དགོན་གྱི་བླ་མ་སྟག་མོ་དགོན་གསར་འདེབས་པོ་བློ་གྲོས་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།། །།
[edit]

mtshams kyi chu mig dkar mo'i bsang mchod nyung ngu bzhugs/__dkar gtor klu sman dkar mngar skyems phud dar zab bzang shing sna tshogs dud pa dang bcas/__kyai/__'dzam bu gling gi mnga' bdag che/__/klu rgyal mi mgon dkar po ni/__/spyan ras gzigs kyi sprul pa ste/__/sa brgyad dbang phyug sems dpa' che/__/sku mdog dkar la 'od zer 'bar/__/sbrul mgo bdun gyis gdengs ka can/__/phyag gnyis gter bum nor bu bsnams/__/rin chen rgyan gyis rnam par brgyan/__/klu gnyan sa bdag 'bum gyis bskor/__/bzhugs pa'i gnas ni mang yod kyang /__/khyad par sman shod sa yi char/__/'phags pas bstan pa'i ri bo'i 'dabs/__/rin chen chu mig dkar mo'i mgo/__mtshams kyi rgya mtsho'i lte ba nas/__/'dir gshegs pad zla'i gdan la bzhugs/__/khyod la mthun pa'i dam rdzas ni/__/dkar mngar 'o zho mtsho ltar bskyil/__/klu yi nad rnams gso ba'i sman/__/klu nor nyer gcig dar zab dang /__/dkor cha sna tshogs spyan gzigs sogs/__/mdor na srid zhir dge ba'i rdzas/__/ji snyed nam mkha' gang bar 'bul/__/bzang shing sna tshogs 'bar ba'i mer/__/bsregs pa'i dud sprin bzang po yis/__/mnol ba sangs la 'thibs pa dwangs/__/mi gtsang nyams grib dag gyur cig__/'jig rten snod bcud thams cad la/__/mi mthun dus kyi rgud pa zhi/__/nag phyogs 'byung po'i rgyu lam chod/__/dgra jag chom rkun gnod pa srungs/__/bstan la 'tshe ba'i lha min 'joms/__/bstan dang bstan 'dzin dbu 'phang bstod/__/khyad par stag mo'i sa yi char/__/pad+ma'i ring lugs 'dzin pa yi/__/chos grwa bkra shis chos gling 'dir/__/dge 'dun sde chen rgyas pa dang /__/bshad sgrub bstan pa rab 'phel zhing /__/pad+ma'i nges gsang bstan pa che/__/phyogs mthar rgyas pa'i phrin las mdzod/__/ki bswo cha'o lha rgyal lo/__/gtor ma skyems phud mchod/__/ces pa'ang dngul ra dgon gyi bla ma stag mo dgon gsar 'debs po blo gros nas bskul ngor chos kyi blo gros pas so//__//

Footnotes

Other Information