JKCL-KABUM-11-DA-061: Difference between revisions

From Khyentse Lineage - A Tsadra Foundation Project
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
 
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 11: . Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|totalvolumes=12
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|tibgenre=Protector Rituals - gsol mchod
|terma=No
|jkcloutline=Fifteen
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=011
|volumenumber=DA
|volnumtib=༡༡
|volyigtib=ད་
|totalvolumes=12
|beginfolioline=1a
|textnuminvol=061
|textnuminvol=061
|pdflink=File:JKCL-KABUM-11-DA-061.pdf
|pdflink=File:JKCL-KABUM-11-DA-061.pdf

Revision as of 13:56, 13 January 2022

Wylie title JKCL-KABUM-11-DA-061.pdf
Location chos kyi blo gros bka' 'bum
Volume 11, Text 61, Pages (Folios 1a to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: . Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod

1 Texts in this Section (sde tshan or chos tshan)

[edit]
སྲིད་པའི་ལྷ་ཆེན་ལ་བསྟོད་པ་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ། བླ་མ་ཐུགས་ཆེན་པདྨ་རྒྱལ་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཆེ་དགུ་ཀུན་གྱི་མངའ་བདག་ཆེ། །སྲིད་པའི་མེས་པོ་དབང་ཕྱུག་ཨུ་མ་ཡུམ། །བདེ་ཆེན་ཆགས་པའི་རོས་མྱོས་བཙུན་མོ་བཞི། །འཁོར་ཚོགས་བྱེ་བ་འབུམ་སྡེའི་ཚོགས་ལ་བསྟོད། །འདོད་པའི་ཁམས་ན་ཆེ་བཙན་འགྲན་ཟླ་བྲལ། །སྲིད་པ་གསུམ་ལ་དབང་བསྒྱུར་དྲེགས་པའི་སྡེ། །ལྷ་དང་ལྷ་མིན་བདུད་སྲིན་གནོད་སྦྱིན་ཚོགས། །བྲན་དུ་བཀོལ་བའི་རྗེ་བོ་ཆེན་པོར་བསྟོད། །འདོད་པའི་རྒྱལ་པོ་གཞན་འཕྲུལ་དབང་བྱེད་ཆེ། །འདོད་པའི་ཡོན་ཏན་ཀུན་ལ་དགྱེས་རོལ་ཞིང་། །འདོད་དོན་མ་ལུས་ཡིད་བཞིན་སྒྲུབ་མཛད་པ། །འདོད་རྒུའི་དངོས་གྲུབ་འབྱུང་གཏེར་ཁྱོད་ལ་བསྟོད། །ལྷ་མིན་གཡུལ་བཟློག་ལྷ་ཡི་སྡེ་དཔོན་ཆེ། །ལྷ་རྣམས་ཀུན་གྱི་ཕྱག་བྱའི་འོས་སུ་གྱུར། །ལྷ་ལ་དབང་བསྒྱུར་ལྷ་དམག་སྐྱོབ་བྱེད་པ། །ལྷ་ཆེན་མ་ཧཱ་དེ་ཝིའི་སྐུ་ལ་བསྟོད། །ཚངས་པའི་གནས་དང་རྒྱ་མཚོ་ཆེན་པོའི་འགྲམ། །གངས་དཀར་ཏི་སེ་གནས་ཡུལ་དུར་ཁྲོད་སོགས། །ཀུན་ཏུ་དགའ་བ་ཉམས་བརྒྱས་སྒེག་བའི་སྐུ། །ཞི་ཁྲོའི་གར་གྱི་རོལ་པར་བསྒྱུར་ལ་བསྟོད། །འཇིག་རྟེན་ཙམ་མིན་འཇིག་རྟེན་འདས་པ་ཡི། །འཕགས་མཆོག་པདྨ་གར་གྱི་དབང་ཕྱུག་དང་། །ཐ་དད་མ་ཡིན་གཉིས་སུ་སྣང་བ་ཙམ། །དབང་མཛད་དབང་གི་དཔའ་བོ་ཆེན་པོར་བསྟོད། །རབ་དམར་རྗེས་ཆགས་པདྨའི་ལྕགས་ཀྱུ་གདེངས། །འོད་དམར་རླུང་གི་ཞགས་པས་སྲིད་གསུམ་འཆིང་། །མིག་འཕྲུལ་ལྟ་བུར་དགྱེས་པའི་གར་སྟབས་བསྒྱུར། །དགྲ་ལས་རྣམ་རྒྱལ་ལིངྒ་བསྒྲེངས་ལ་བསྟོད། །གཡས་བསྐུམ་གཡོན་བརྐྱང་འདོར་སྟབས་པད་ཉིར་འགྱིང་། །རལ་པའི་ཐོར་ཚུག་ཟླ་བ་ཚེས་པས་བརྒྱན། །ལྷ་རྫས་གསར་པའི་སྟོད་གཡོགས་ཅོད་པན་དང་། །ཨུཏྤལ་དམར་པོའི་རྒྱན་གྱིས་མཛེས་ལ་བསྟོད། །ཡུམ་ཆེན་ཆོས་དབྱིངས་སྟོང་པའི་རང་གཟུགས་ནི། །དཀའ་བཟློག་ཆེན་མོ་གསང་བའི་ཌཱ་ཀི་བཞི། །དབང་མཛད་ཆེན་མོར་དགྱེས་པར་སྦྱོར་མཛད་མ། །འཁོར་འདས་ཐམས་ཅད་སྐྱེད་སྡུད་མ་ལ་བསྟོད། །རེས་འགའ་ལྷ་ཆེན་དྲག་པོར་སྟོན་པའི་ཚེ། །རབ་ཁྲོས་ཞིང་སྐྱོང་གདོང་བཞི་མགོན་པོར་སྤྲུལ། །དྲེགས་བྱེད་འཁོར་གྱི་དབུས་ན་འགྱིང་ཞིང་བརྗིད། །རྒྱལ་བའི་བསྟན་སྲུང་ཆེན་པོར་བསྟོད་བར་བགྱི། །སྣང་སྲིད་རྣམ་དག་མཆོད་པའི་རྫས་ཆེན་པོ། །ཁྱོད་ཀྱི་དབང་པོ་དྲུག་ལ་དགྱེས་དགུར་སྟོབ། །འགལ་འཁྲུལ་ཉམས་ཆགས་ཉེས་བྱས་ཐམས་ཅད་བཤགས། །ཐུགས་དམ་བསྐང་ངོ་མཆོག་ཐུན་དངོས་གྲུབ་སྩོལ། །རྒྱལ་བའི་བསྟན་དང་བསྟན་འཛིན་དར་ཞིང་རྒྱས། །འཇིག་རྟེན་ཡང་དག་ལྟ་སྤྱོད་དང་འགལ་བའི། །བསྟན་དང་འགྲོ་བའི་བདེ་སྐྱིད་བཅོམ་པ་རྣམས། །རྩ་སྦུར་མེ་དང་འཕྲད་བཞིན་གཞོམ་པར་མཛོད། །བདག་ཅག་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །རྒྱལ་བའི་བསྟན་པ་སྤེལ་བའི་མཐུ་དང་ནུས། །ཡོངས་སུ་རྫོགས་ཏེ་བསྟན་འགྲོར་བདེ་སྐྱིད་ཀྱི། །སྒོ་འཕང་མྱུར་དུ་འབྱེད་པའི་ཕྲིན་ལས་མཛོད། །ཁམས་གསུམ་བརྟན་གཡོ་ཐམས་ཅད་རང་སེམས་ཀྱི། །རོལ་རྩལ་ཤར་བའི་སྣང་བར་ངེས་རྙེད་པས། །རང་རིག་བདེ་ཆེན་ཀློང་དུ་འུབ་ཆུབ་ཅིང་། །ལྷ་ཆེན་པོ་དང་དབྱེར་མེད་འགྲུབ་པར་ཤོག །ཅེས་པའང་འཇམ་དབྱངས་དགའ་བའི་གོ་ཆས་རྒྱ་གར་རྡོ་རྗེ་གླིང་དུ་ས་ཁྱི་ལོའི་ཟླ་དྲུག་ཚེས་ཉེར་དགུ་རྒྱལ་དང་ཕུར་བུའི་འགྲུབ་སྦྱོར་བཟང་པོར་བྲིས་པ་རྒྱལ་བསྟན་རིན་པོ་ཆེ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། ཞལ་དྲོའོ།། །།
[edit]

srid pa'i lha chen la bstod pa khams gsum 'gugs pa'i lcags kyu zhes bya ba/__bla ma thugs chen pad+ma rgyal po la phyag 'tshal lo/__/'jig rten che dgu kun gyi mnga' bdag che/__/srid pa'i mes po dbang phyug u ma yum/__/bde chen chags pa'i ros myos btsun mo bzhi/__/'khor tshogs bye ba 'bum sde'i tshogs la bstod/__/'dod pa'i khams na che btsan 'gran zla bral/__/srid pa gsum la dbang bsgyur dregs pa'i sde/__/lha dang lha min bdud srin gnod sbyin tshogs/__/bran du bkol ba'i rje bo chen por bstod/__/'dod pa'i rgyal po gzhan 'phrul dbang byed che/__/'dod pa'i yon tan kun la dgyes rol zhing /__/'dod don ma lus yid bzhin sgrub mdzad pa/__/'dod rgu'i dngos grub 'byung gter khyod la bstod/__/lha min g.yul bzlog lha yi sde dpon che/__/lha rnams kun gyi phyag bya'i 'os su gyur/__/lha la dbang bsgyur lha dmag skyob byed pa/__/lha chen ma hA de wi'i sku la bstod/__/tshangs pa'i gnas dang rgya mtsho chen po'i 'gram/__/gangs dkar ti se gnas yul dur khrod sogs/__/kun tu dga' ba nyams brgyas sgeg ba'i sku/__/zhi khro'i gar gyi rol par bsgyur la bstod/__/'jig rten tsam min 'jig rten 'das pa yi/__/'phags mchog pad+ma gar gyi dbang phyug dang /__/tha dad ma yin gnyis su snang ba tsam/__/dbang mdzad dbang gi dpa' bo chen por bstod/__/rab dmar rjes chags pad+ma'i lcags kyu gdengs/__/'od dmar rlung gi zhags pas srid gsum 'ching /__/mig 'phrul lta bur dgyes pa'i gar stabs bsgyur/__/dgra las rnam rgyal ling+ga bsgrengs la bstod/__/g.yas bskum g.yon brkyang 'dor stabs pad nyir 'gying /__/ral pa'i thor tshug zla ba tshes pas brgyan/__/lha rdzas gsar pa'i stod g.yogs cod pan dang /__/ut+pal dmar po'i rgyan gyis mdzes la bstod/__/yum chen chos dbyings stong pa'i rang gzugs ni/__/dka' bzlog chen mo gsang ba'i DA ki bzhi/__/dbang mdzad chen mor dgyes par sbyor mdzad ma/__/'khor 'das thams cad skyed sdud ma la bstod/__/res 'ga' lha chen drag por ston pa'i tshe/__/rab khros zhing skyong gdong bzhi mgon por sprul/__/dregs byed 'khor gyi dbus na 'gying zhing brjid/__/rgyal ba'i bstan srung chen por bstod bar bgyi/__/snang srid rnam dag mchod pa'i rdzas chen po/__/khyod kyi dbang po drug la dgyes dgur stob/__/'gal 'khrul nyams chags nyes byas thams cad bshags/__/thugs dam bskang ngo mchog thun dngos grub stsol/__/rgyal ba'i bstan dang bstan 'dzin dar zhing rgyas/__/'jig rten yang dag lta spyod dang 'gal ba'i/__/bstan dang 'gro ba'i bde skyid bcom pa rnams/__/rtsa sbur me dang 'phrad bzhin gzhom par mdzod/__/bdag cag skye dang tshe rabs thams cad du/__/rgyal ba'i bstan pa spel ba'i mthu dang nus/__/yongs su rdzogs te bstan 'gror bde skyid kyi/__/sgo 'phang myur du 'byed pa'i phrin las mdzod/__/khams gsum brtan g.yo thams cad rang sems kyi/__/rol rtsal shar ba'i snang bar nges rnyed pas/__/rang rig bde chen klong du 'ub chub cing /__/lha chen po dang dbyer med 'grub par shog__/ces pa'ang 'jam dbyangs dga' ba'i go chas rgya gar rdo rje gling du sa khyi lo'i zla drug tshes nyer dgu rgyal dang phur bu'i 'grub sbyor bzang por bris pa rgyal bstan rin po che yun du gnas pa'i rgyur gyur cig__/sarba dA mang+ga laM/__zhal dro'o//__//

Footnotes

Other Information