ཤ་ཟ་མ་མོའི་མཆོད་འཕྲིན།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-062
Wylie title sha za ma mo'i mchod 'phrin JKCL-KABUM-11-DA-062.pdf
Location chos kyi blo gros bka' 'bum
Volume 11, Text 62, Pages 313 (Folios 1a1 to 1a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sha za ma mo'i mchod 'phrin. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 313. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod
Deity ma mo
Colophon

།ཞེས་པའང་ཨ་མདོ་བླ་མ་ངག་དབང་བསྟན་དར་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་ཧོར་ཟླའི་ཚེས་༢༠ཉི་མ་དམར་ཐག་ཆད་པ་ན་གང་ཤར་བྲིས་པ་དགེ།

/zhes pa'ang a mdo bla ma ngag dbang bstan dar nas bskul ngor chos kyi blo gros pas hor zla'i tshes 20nyi ma dmar thag chad pa na gang shar bris pa dge/

1 Texts in this Section (sde tshan or chos tshan)

[edit]
ཤ་ཟ་མ་མོའི་མཆོད་འཕྲིན་བཞུགས། ཧཱུྃ་བྷྱོཿ སྔོན་ཚེ་པདྨ་དབང་ཆེན་པད་འབྱུང་གིས། །དམ་ལ་བཏགས་པའི་ཤ་ཟ་ཧོར་མོ་ཆེ། །མི་བསྲུན་སྲིན་མོའི་གཟུགས་ཅན་དྲག་མོའི་སྐུ། །སྨུག་ནག་ཞལ་གཅིག་ཕྱག་གཉིས་རལ་གྲི་དང་། །ཐོད་རློན་བསྣམས་ནས་འཇིགས་པའི་སྤྱང་མོ་ཞོན། །ནག་མོ་འབུམ་སྡེའི་འཁོར་ཚོགས་དང་བཅས་པ། །འདིར་བྱོན་བསྟན་པའི་དགྲ་བགེགས་བསྒྲལ་དུ་གསོལ། །ཉམས་པའི་ཤ་ཁྲག་རུས་གསུམ་དགྱེས་པར་རོལ། །མ་མོ་མཐུན་པའི་དམ་ཚིག་རྫས་ཀྱིས་བསྐང་། །སྨན་རཀ་གཏོར་མ་སྐྱེམས་ཕུད་འདི་བཞེས་ལ། །རྣལ་འབྱོར་བདག་གིས་ཇི་ལྟར་བཅོལ་བ་རྣམས། །མ་ཐོགས་མྱུར་དུ་སྒྲུབ་ཤིག་ས་མ་ཡ། །ཤ་ཟ་ཧོར་མོ་ས་པ་རི་ཝཱ་ར་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི། །ཞེས་བསྔོའོ། །ཞེས་པའང་ཨ་མདོ་བླ་མ་ངག་དབང་བསྟན་དར་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་ཧོར་ཟླའི་ཚེས་༢༠ཉི་མ་དམར་ཐག་ཆད་པ་ན་གང་ཤར་བྲིས་པ་དགེ། །།

Footnotes

Other Information