JKCL-KABUM-10-THA-078: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 10: . Bir, H.P.: Khyentse Labrang, 2012. | |fulltitletib=སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་གསར་བཞག་གནང་བའི་རྟེན་གསུམ་མཆོད་ཆ་ཡོ་བྱད་རྟེན་རྩ་དངུལ་དང་ཞིང་བཅས་གཏན་བཞག་གནང་བའི་མ་དེབ་མགོ་བརྗོད། | ||
|fulltitle=skyabs rje mkhyen brtse rin po ches gsar bzhag gnang ba'i rten gsum mchod cha yo byad rten rtsa dngul dang zhing bcas gtan bzhag gnang ba'i ma deb mgo brjod | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''skyabs rje mkhyen brtse rin po ches gsar bzhag gnang ba'i rten gsum mchod cha yo byad rten rtsa dngul dang zhing bcas gtan bzhag gnang ba'i ma deb mgo brjod''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 10: 605-636. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | ||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
Line 14: | Line 16: | ||
|volyigtib=ཐ་ | |volyigtib=ཐ་ | ||
|totalvolumes=12 | |totalvolumes=12 | ||
|textnuminvol=078 | |||
|pagenumbers=605-636 | |||
|totalpages=32 | |||
|beginfolioline=1a | |beginfolioline=1a | ||
| | |endfolioline=16b1 | ||
|totalfolios=16 | |||
|multivolumework=No | |||
|colophontib=ཅེས་པའི་དེབས་ཡིག་འདི་ཡང་། ཤིང་ཕག་ལོར་མཁྱེན་བརྩེ་སྤྲུལ་སྐུ་དང་། སྡེ་དགེ་ཆོས་རྒྱལ་ཆེན་པོའི་སྐུ་ཚབ་གཉེར་ཟུར་པད་རྡོར། རྫོང་གསར་བླ་ཆོས། སྤྱི་པ་ལྷན་རྒྱས་ཀྱིས་གཏན་འབེབས་བགྱིས་ནས་གསལ་བར་བཀོད་པ་དགེ་ལེགས་སུ་གྱུར་ཅིག །ཤུ་བྷཾ།། | |||
|colophonwylie=ces pa'i debs yig 'di yang /__shing phag lor mkhyen brtse sprul sku dang /__sde dge chos rgyal chen po'i sku tshab gnyer zur pad rdor/__rdzong gsar bla chos/__spyi pa lhan rgyas kyis gtan 'bebs bgyis nas gsal bar bkod pa dge legs su gyur cig__/shu b+haM// | |||
|pdflink=File:JKCL-KABUM-10-THA-078.pdf | |pdflink=File:JKCL-KABUM-10-THA-078.pdf | ||
}} | }} | ||
Line 26: | Line 35: | ||
༄༅། །ཛིརབྡྷིརྦལཤཀྟིཀརྨྨཏུཿཅཻཀཿསཾགྲཧམཱརཤཏྲུཧི། །བྷཱགོཏྟཾཔྲྀ། སཾཡུབངྒབཾསཾཔདྷེཧིཛིཧཾམརཱཎིཏུ། ། | ༄༅། །ཛིརབྡྷིརྦལཤཀྟིཀརྨྨཏུཿཅཻཀཿསཾགྲཧམཱརཤཏྲུཧི། །བྷཱགོཏྟཾཔྲྀ། སཾཡུབངྒབཾསཾཔདྷེཧིཛིཧཾམརཱཎིཏུ། ། | ||
༄༅། །རྒྱལ་བ་རྒྱ་མཚོའི་མཐུ་སྟོབས་ཕྲིན་ལས་རྣམས། གཅིག་བསྡུས་བཅོམ་ལྡན་བདུད་ཀྱི་དགྲ་ཆེན་པོ། བླ་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། བདུད་ལས་རྣམ་པར་རྒྱལ་བའི་ཤིས་པ་སྩོལ། | ༄༅། །རྒྱལ་བ་རྒྱ་མཚོའི་མཐུ་སྟོབས་ཕྲིན་ལས་རྣམས། གཅིག་བསྡུས་བཅོམ་ལྡན་བདུད་ཀྱི་དགྲ་ཆེན་པོ། བླ་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། བདུད་ལས་རྣམ་པར་རྒྱལ་བའི་ཤིས་པ་སྩོལ། | ||
༄༅། །ན་མོ་གུ་རུ་བཛྲ་ཀུ་མཱ་ར་ཡ། བདེ་སྟོང་རྡོ་རྗེ་ནམ་མཁའི་སྐུ་ཅན་བརྟན་གཡོ་ཀུན་ཁྱབ་མི་འགྱུར་སྲོག །དེ་གང་རང་བཞིན་འབར་བའི་ཕྱག་རྒྱ་སེམས་དཔའ་རྡོ་རྗེ་འཛིན་རྒྱལ་ནི། །སྙིང་རྗེས་རབ་ཁྲོས་གར་དགུའི་ཉམས་ལྡན་ས་གསུམ་ཀུན་ན་གར་མཛད་པ། །བདུད་ཀྱི་སྡེ་འདུལ་བགེགས་རྣམས་སྐྲག་མཛད་བླ་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་རྒྱལ། །ཨོ་ཌྱཱྀ་ནའི་གྲུབ་རིགས་རྒྱ་མཚོ་ཡི། །དེད་དཔོན་གཙུག་གི་ནོར་བུ་པདྨ་འབྱུང་། །གྲུབ་ཐོབ་བྱེ་བས་ཞབས་བརྟེན་པདྨོ་ལ། །གུས་བཏུད་རྒྱལ་དབང་པདྨ་ལས་གྲོལ་མཆོད། །རྡོ་རྗེའི་རིགས་འཛིན་རྡོ་རྗེའི་སྐུ་བརྙེས་ཤིང་། །རྡོ་རྗེ་གཞོན་ནུའི་རྡོ་རྗེའི་གསེང་ལམ་ལས། རྡོ་རྗེའི་གྲུབ་བརྙེས་རྡོ་རྗེ་གསུམ་མཆོག་དང་། དབྱེར་མེད་བརྒྱུད་གསུམ་བླ་མའི་ཚོགས་ལ་འདུད། ས་གསུམ་འདི་ན་མཚུངས་ཟླ་ཀུན་བྲལ་གླིང་བཞིའི་དབུས་ན་ལྷུན་པོ་ལྟར། །རྒྱལ་བསྟན་ཡོངས་རྫོགས་བཤད་དང་སྒྲུབ་པས་གངས་ལྗོངས་ཆོས་ཀྱི་ཕུང་པོར་བསྐྲུན། །མུ་སྟེགས་གླང་པོའི་ཀླད་པ་འགེམ་མཛད་ཕྱོགས་ལས་རྣམ་རྒྱལ་ས་སྐྱ་པ། །སྙན་པའི་བ་དན་འཇིག་རྟེན་གསུམ་གྲགས་སྐྱོབ་པ་མཆོག་དེས་བདག་སྐྱོངས་ཤིག །ཅེས་དགེ་ལེགས་སུ་བྱ་བའི་ཚིག་གིས་མེ་ཏོག་གི་མདུན་བསུས་ནས། འདིར་ཀུན་མཁྱེན་རྒྱལ་བ་ཤཱཀྱ་སེང་གེའི་བསྟན་པ་རིན་པོ་ཆེ་དར་ཤིང་རྒྱས་པ་དང་། ཁྱད་པར་དུ་འཇམ་པའི་དབྱངས་དཔལ་ལྡན་ས་སྐྱ་པ་ཆེན་པོའི་མདོ་སྔགས་ཀྱི་བསྟན་པ་ཡུན་དུ་གནས་པ་དང་། འཁོན་གདུང་རིན་པོ་ཆེ་ཁྱད་པར་འཕགས་པ་ཆད་མེད་དུ་བྱོན་ཅིང་། ད་ལྟར་བཞུགས་པ་རྣམས་ཞབས་པད་བརྟན་ཅིང་། འཁོར་ལོ་གསུམ་གྱི་མཛད་ཕྲིན་ཕྱོགས་བརྒྱར་འཕེལ་བ་དང་། བསྟན་པའི་སྦྱིན་བདག་ཆེན་པོ་རྣམས་དབུ་འཕང་མཐོ་ཞིང་། ཁྱད་པར་སྡེ་དགེ་ལྷ་རིགས་ཆོས་རྒྱལ་ཆེན་པོའི་ཆབ་སྲིད་ཀྱིས་རྩ་ལག་བརླིངས་ཤིང་ཕན་བདེའི་སྣང་བ་རྒྱས་པ་དང་། དེ་རྣམས་ལ་འཁུ་བའི་ནག་ཕྱོགས་ཀྱི་བདུད་དང་དམ་སྲི་རྒྱལ་འགོང་ཀླ་ཀློའི་བར་དུ་གཅོད་པ་རྣམས་གཞོམ་པར་བྱ་བའི་ཕྱིར་ཁྲོ་རྒྱལ་སྟོབས་འདུས་ལྷ་མཆོག་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་འཁོན་སྟོན་ཀླུ་དབང་སྲུང་བ་ལ་གནང་བ་ནས། དེང་སང་གི་བར་ལྷག་པའི་ལྷ་མཆོག་འདི་ལ་བརྟེན་ནས་སྔགས་འཆང་གྲུབ་བརྙེས་རིག་འཛིན་རྩལ་འཆང་མཐུ་སྟོབས་ནུས་པའི་དབང་ཕྱུག་བར་མ་ཆད་དུ་བྱོན་པའི་འཁོན་ས་སྐྱ་པའི་ཡབ་ཆོས་ཐུགས་དམ་ཕུར་པའི་སྒྲུབ་མཆོད་ཆེན་པོ་གངས་ཅན་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་བཀའ་བབ་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པའི་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཟབ་དགོངས་རྫོགས་ཕྱིར། དེ་ཉིད་ཀྱི་ཕྲིན་ལས་ལ་དབང་འབྱོར་དུ་མིང་གི་དབང་བསྐུར་ཐོབ་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས། རབ་བྱུང་བཅུ་དྲུག་པའི་གནམ་ལོ་ཐོག་མར་ཚེས་པའི་མེ་ཡོས་ལོར་བླ་བྲང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་རས་བྲིས་སྒྲུབ་མཆོད་བྱས་ཤིང་ས་འབྲུག་ལོར་འདུ་ཁང་ཆེན་པོར་སྤྲོས་བཅས་རྡུལ་ཚོན་ལ་བརྟན་པའི། སྒྲུབ་མཆོད་རྒྱས་སྤྲོས་ཉིན་བཅུ་གཉིས་འཛུགས་པའི་སྒྲུབ་ཆས་དང་། གར་འཆམ་བཅས་ཀྱི་ཐོ་དང་གཏེང་དེབས་རྟེན་རྩ། དེའི་སྐྱེད་འགྲེས་ཀྱི་བགྱིད་སྒོ་ཇི་ལྟར་དགོས་ཚུལ་བཅས་ཀྱི་དེབ་གསལ་བར་བཀོད་པ་ལ། རྔ་རོལ་སིལ། དུང་རྒྱག །འཆམ་ཆས་སྐོར་ཕུར་སྒྲུབ་འཚོགས་རིང་ལ་རང་རང་ལ་རྩིས་སྤྲོད་པ་ལྟར། ལག་ཚགས་གཅེས་སྤྲས་ཀྱི་བོར་བརླག་ཆག་གྲུམ་སྐྱོན་ཤོར་རྣམས་གསར་བཟོ། ཚབས་འཛུགས་སྔ་མ་དོ་ངེས་བཙུགས་པ་ལས། སྤུས་ཞན་བྱས་ལོ་མི་ཆོག་པ། བླ་ཆོས་གྲྭ་སྤྱི་གསུམ་དང་མཆོད་དཔོན་གཉིས་བཅས་ནས་འགན་ཧྲིལ་ལེན་ཚགས་སུ་ཚུད་ངེས་དགོས་པ་བཅས། ཐོག་མར། ཞལ་ཐང་ལ། ཀྱེ་རྡོར། བདེ་མཆོག །གསང་འདུས་མི་བསྐྱོད་པ། དཔལ་དུས་ཀྱི་འཁོར་ལོ། འཇིགས་བྱེད་ལྷ་བཅུ་གསུམ་མ་བཅས། རྒྱུད་སྡེའི་ཐང་སྐུ་ཆེ་ལྔ། མཁའ་སྤྱོད་ཞིང་བཀོད་བཅས་དྲུག་ལ། གཙོ་ཐང་ལྕིམ་ཁབ་སྔོན་པོ་ཤིན་ཏུ་རྒྱུ་བཟང་། གཞན་རྣམས་ཇུས་ལྗང་གུ་ནི་གོང་ཤམ། ལིང་སེར་ཞལ་ཁེབ། དྲིལ་ཏོག་རག་གསེར། འདོག་ལུང་དངུལ་ལས་བྱས་པ། ཐང་སྒམ་ཤན་ལྕག་གསེར་ལས་བྱས་པ་སྤུས་ལྡན། མགོན་ཐང་གཉིས་གཟབ་སྒྲེས། ལྕགས་གསེར་བཀྲ་མའི་བསྒྲིལ་ཏོག །རྒྱལ་ཆེན་བཞིའི་ཞལ་ཐང་ལ། བཟང་གོས་གོང་གཤམ། རག་གི་བསྒྲིལ་ཏོག །ཧུ་ཚུས་ཞལ་ཁེབ་ཅན། འཇམ་དབྱངས་མི་གཟུགས་སུ་བྱོན་པ་ས་སྐྱ་པ་སྐྱབས་མགོན་༧གོང་མ་ཁྲི་འཛིན་དྲག་ཤུལ་རིན་པོ་ཆེས་རྩལ་བའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སྒྲུབ་ཕུར་ཤེར་ཤིང་ལས་གྲུབ་པ་བརྐོས་མ་སྒྲོས་ལྡན་ལ་ཤུ་ཚང་སྣ་ལྔ་ཁ་ཚར་ཅན་གྱི་ན་བཟའ་བཅས་དམ་ལྡན་ཁྱད་འཕགས་བྱིན་ཆེ་གཅིག །གོང་མའི་མནབ་འབག་བྱིན་ལྡན་སྒྲོས་ལེགས་ལ་ཤིང་བརྐོས་ནོར་བུའི་རྩེ་བྲན། བཟང་གོས་སྣ་ལྔའི་རྩེ་བྲན་ཅན། ན་བཟའ་ཤུ་ཚང་སྔོན་པོ་དང་། ཨ་ཤེ། སྒྲིལ་ཚར་ཟངས་གསེར་ལས་གསར་བཞེངས་རྡོ་རྗེ་གཞོན་ནུའི་སྐུ་ཕྱག་མཚན་མེ་རི་བཅས་ཆ་ཚང་ཁྲུ་གང་པ། ཕུར་པ་ཙནྡན་དམར་པོ་ལ་བརྐོས་པའི་གཙོ་ཕུར་ལྕགས་གསེར་བཀྲ་མའི་གཤོག་པ་ཅན་ཆེ་ཕུར་གདན་ཤིང་མཚོན་ཅན། སྐྱོན་མེད་དང་། ཙན་དམར་ལས་བརྐོས་པའི་ཕུར་པ་ཁྲོ་བོ་བཅུ། ཟ་གསོད་ཉི་ཤུ། སྒོ་མ་བཞི་བཅས། རང་རང་ཕྱག་མཚན། ལྕགས་གསེར་བཀྲ་མའི་གཤོག་པ་ཅན་ཕུར་གདན་རྡོ་མཉན་བརྐོས་མ། སེང་ལྡེང་ལས་བརྐོས་པའི་དབང་ཕྱུག་ཉེར་བརྒྱད་དང་དམ་ཅན་བཅུ་གཉིས་བཅས་ཀྱི་གདབ་ཕུར། རྒྱ་མདུད་ཅན་རྡོ་མཉན་ཕུར་གདན་བཅས། སྲས་མཆོག་རིགས་ལྔའི་ཕུར་པ་ལྔ་ལ། ཤུས་ཚང་ཁ་དོག་ལྔ། གོས་སྣ་ལྔ་རེའི་ཅོད་པཎ། ཡུངས་ཀར་ཐུམ་བཅས་རྟགས་འབྱར། ལྕགས་གསེར་བཀྲ་མའི་ཕུར་གདན་གཅིག །དངུལ་བུམ་རག་གསེར་ཁ་མཆུ་ཅན་ཤིན་ཏུ་སྒྲོས་ལྡན་ཆ་གཅིག་ཤུབ་འབྱར་སྒྲོ་ཤུབ་དེ་མཚུངས་ཆ་ལ་རེ་རེ་གཡུ་བྱེར་ཕྲ་གཉིས་རེ། ཙནྡན་ཆུ་འཛིན། བཟང་གོས་གསེར་མ་སྤྲས་པའི་ཕྱི་ནང་གསུམ་རེ་ནང་ཤ་བཟང་གོས་ཅན་བུམ་གོས་གཉིས་བུམ་གདན་ཐོར་རྣམ་པདྨ་འདབ་བརྒྱད། བུམ་སྒྲོ་ཆེ་ལེགས། གཟུང་ཐག་དངུལ་གྱི་རྡོ་རྗེ་དང་། བྱེ་རུ་ཆུང་དྲུག་ཅུ་རེ་ལྔ་ནང་ཕྱ྄ེ༵་འདྲ་ཆུང་གཅིག་ཡོད་གཡུ་རིལ་ཆེ་ཆུང་གཉིས། གཟི་སྟག་སོ་ཅན་གཅིག །མུ་མན་གཅིག །སྤེལ་ཤེལ་གཅིག །བྱེར་ཞིབ་དོ་ཤལ་དྲུག་གི་ཛར་ལྡན། དུང་ཆོས་ལྕུག་ར་བཅས་ཀྱི་སྣོད་འབྱར་མ། བུམ་ལྕོག་བཟང་གོས་ཤོ་ཁྲིག་མར་ཉིང་ཁྲུས་དམར་སྨུག་མཐའ་ཤན་འཇའ་ཅན་ཁ་གསར་ལ་སྒྲིལ་ཚར་ལྡན་པ། དངུལ་གྱི་གཏོར་འགུ་ཆེ་ལེགས་ལ་མཆུ་ཤུབ་གསེར་གན་བརྡུང་གཡུ་དྲུག་དཀར་ཕྲ་ཡོད་པ། དངུལ་ཐེབས་བདུན་བཅས་ཤུབ་འབྱར། ཉི་ཕྱིས་དུང་ཡོར་བཞི་ནང་གསུམ་ལ་གས་སྐྱོན་ཕྲན་བུ་རེ། ཟངས་ཀྱི་བུམ་པ་དངུལ་གྱི་འབུ་རིས་ཅན་ཤུབ་འབྱར་ཆ་གཅིགབུམ་པ་དངུལ་གྱི་ཁ་མཆུ་དང་ཞབས་སྟེགས་ཅན་ཆ་གཅིགབཟང་གོས་ལྷན་གྲུབ་ཅན་གྱི་དྲག་མཆོད་འདི་རྣམས་བཙུད་ས་སྒམ་ཆུང་གཅིག །ཤར་དྲུག །རྟགས་བརྒྱད་ཆུང་བ་གཅིག །སྣ་བདུན་དཔེ་འབྲིང་ཆ་གཅིག །མདའ་དྲྭ་ཚོན་སྐུད་གྲུ། མདའ་བཅུ་ལ་མདའ་དར་ལིང་ཁ་བབ་དམ་འབྱར་བཅུ། རག་གསེར་གྱི་མེ་ལོང་ཆུང་བཅུ། རས་སྔོ་ཁྲ་འདི་ལ་སྤྲུས་ཀྱི་སྐྱོན་བཅུ་གཉིས་ཙམ་འདུག །རྒྱུད་བཟང་བཏེགས་ཁེབ་གཅིག །རས་ཁྲ་བསྒྲིགས་ཀྱི་སྟེགས་ཁེབ་ཁ་བབ་ལ་བུག་སྐྱོན་ཡོད་པ། རོལ་མོ་ཕུར་སྒྲུབ་སྐབས་སུ་རྒྱུན་བརྡུང་ཉི་ཟེར་འགག་མ་སྤུས་ལྡན་ཁྱད་ནམ་ཅན་ཆ་གཅིག །བར་ཚང་། རྒྱ་ནག་ཆུ་འཁོར་མ་སྦུབ་ཆལ་ཆེ་གཅིག །བར་ཚང་། འཆམ་རོལ་རྒྱ་སྦུག་ཆེ་ཤིན་ཏུ་རྒྱུ་བཟང་སྤུས་ལྡན། བར་ཚང་བཟང་གོས། ཟར་བབ་གདོང་བསྒྲིལ་ཅན། ཕྱི་བསྒྲིལ་རྩི་ཁྲུས་དང་། ཨོ་རོ་སུ་ཡི་རས་དམར་སྨུག །བྲུབ་འཆམ་ལ་མཁོ་བོའི་ལྕགས་ཐོག་གསེར་དངུལ་བཀྲ་མའི་གདབ་ཕུར་གསུམ། དངུལ་གར་བླུག་སྨན་རག་ཆ་གཅིག་གདན་ཁེབ་རག་གསེར་ལ། ཏོག་བརྩབ་བྱེ་རུ་རེ་རེ་བཅས་སྤུས་ལྡན། དངུལ་གྱི་སྦྲེན་ཐུར་ཆ་གཅིག་གཡུ་བྱེར་ཕྲ་ལྡན། རྣམ་ལྔ་ཆས་དངུལ་གྱི་ཏིང་ཕོར་ཆེ་བཞི་ལ། ཟངས་གསེར་གྱི་སྟེགས་བཞི། བཟང་གོས་གོར་བུ་བཞི། ཟངས་གསེར་སྤོས་ཕོར། སྤོས་དབྱུག་དཀྲིས་ཅན། ཟངས་གསེར་མེ་བུམ་གཅིག །དངུལ་གྱི་མཚན་ཐུབ་གཅིག །བུ་སྤྲུག་ནས་བཞག་པའི་དངུལ་ཏིང་ཆེ་ལེགས་བདུན་ཆ། ཕུག་གཏོར་དང་ས་ལྷ་གཏེར་མར་འཛུགས་རྒྱུ་མདའ་དྲུག །གཏོར་གདུགས་ཧུ་ཚུས། དཀར་སེར་པོ་ཤར་གཉིས། ལྗང་ལིང་སྔོན་བཅས་ཤར་ལྔ་དམ་འབྱར། ཧུ་ཚུས་དམར་ཁ་ཕྱེད་དོ་ལ་ཕྱག་དམ་མེད། ཚོགས་ཆང་སྣོད་ཐོད་པ་དངུལ་ཤན་ཅན། དངུལ་ཕྱི་ཕུད་ཁག་བྱེར་ཕྲ་གཉིས་ལྡན། གུར་ཡུངས་ཐུན་རྫས་སྣོད་ལྕགས་གསེར་བྲབ་སྤར་ལྷུ་གསུམ་པ་སྤུས་ལྡན། འཇམ་མགོན་ངག་དབང་ལེགས་གྲུབ་ཀྱི་ཕྱག་ཌར་བ་སོའི་ཌཱ་མ་རུ། དབྱིབས་དངུལ་དཀྲིས་ཅན་བྱེ་ཕྲ་གསུམ། གཡུ་ཕྲ་དྲུག །གོས་ཅན་ཌར་ཕན་ཛར་ལྡན་པ། གཟི་ནར་སྟག་སོ་གཅིག །བྱེ་རུ་དཀྲུག་མ་གཅིག་ལ་གས་སྐྱོན་གཉིས་དངུལ་གྱི་སྤྱི་བླུགས་མཆུ་ལ་གཡུ་ཕྲ་བྱེར་གས་མདའ་ཡོད་ཕྲ་གཉིས་ཡོད་པ་གཅིགབསྒྲལ་ཆས་ལྕགས་གསེར་བཀྲ་མའི་ཐོ་བ་གྲུ་གསུམ་ཡུ་བ་ཅན། ཆུ་གྲི་ཡུ་བ་ཆུང་སྲིན་རྡོ་རྗེ་ལྕགས་བརྐོས། སྤྱི་ཆུང་ནས་གསར་བཞག་གསེར་སྐྱེམས་སྣོད་དངུལ་ལྡེར་འདེགས་སྲང་བཅོ་ལྔ་ཡོད་པ་གཅིག །ཚ་གསེར་བྱ་བུམ་ཕུད་ཕོར་སྡེ་རུ། ཕུད་ཁབ་བྱེ་ཕྲ་སྤུས་ལྡན་ཟངས་གསེར་ཅན་གཅིག །སྨན་རག་སྣོད་རག་གི་ཐོད་པ་ཆུང་ངུ་ཁེབ་མེད་བརྒྱད་ཅུ། དཀྱིལ་འཁོར་ཡོལ་གོས་ཆེན་སེར་པོ་སྤོས་རྒྱ་རིས་ཞིང་དགུ་ཡོད་པ། འཇའ་གཉིས། གོང་བ་ཧུ་ཚུས་དམར་པོའི་ཕུར་མ་ཨ་ལུང་ནང་ཤ་བཅས་ཆ་འཛོམས་སྤུས་ལྡན་ཤར་གཉིས་བཟང་གོས་བཀྲ་མའི་རྒྱལ་མཚན་བཞི་ལ་མགོ་ཕོར་ཤིང་གོར་བཞི། འཕན་ཤར་བཞི། དཀྱིལ་འཁོར་སྟེང་བཟང་གོས་ཀྱི་གདུགས་ཆེན་ཧུ་ཚུས་དཀར་པོའི་ཕུར་མ་ཅན་ཟངས་གསེར་ཏོག་ལྡན་ཟི་དཀར་མགོ་ཕོར། ཤིང་གི་གདུགས་རྩིབ་བཅས། བུ་སྤྲུག་ནས་འཆམ་པ་བཞི་བཅུ་ཞེ་གཅིག་ལ་གོར་བརྒྱད་རེས་བརྡུངས་པའི་བྷནྡྷ་ཟངས་ཀྱི་ནང་ཤར་འབྱར་མ་བཞག་པ་གཤམ་འཆམ་ཆས་ཁོངས་འཁོད། སྲས་མཆོག་རིགས་ལྔའི་རྒྱན་ཤིང་ལྔ། ས་གཏོར་རྒྱན་ཤིང་ཚོན་མ་གཅིག །དམ་རྫས་རྩེ་བྲན་བཅུ། བསྐང་གཏོར་རྒྱན་ཤིང་བཅུ། རྒྱན་གོར་ཆེ་ཆུང་སུམ་ཅུ་སོ་བདུན། དྲག་བཤོས་རྩེ་བྲན་གཉིས། དབང་ལྔའི་ཆས་རྒྱན་ཤིང་བདུན། སྲས་མཆོག་གཏོར་གདན་ཚོན་ཕྲ་ཅན་ལྔ། ས་གཏོར་གདན་ཚོན་མ་སྤུས་ལེགས། ཞི་དྲག་གཉིས་དང་དབང་ལྔའི་གདན་ཚོན་ཁྲ་ཆུང་གསུམ། དམ་རྫས་དང་བསྐང་བ་གཉིས་ཀྱི་གདན་རྒྱ་འབོ་བཞི། གོས་སྒོམ་སྐྱ་མ་ཆེ་ཆུང་གསུམ། གཞི་ཁྲི་ཚོན་ཁྲ་ཅན་མཐོ་དམན་གཉིས། གཞི་གདན་ཤིང་ལེབ་རིང་གཉིས། གཏོར་ཚད་ཤིང་ཏྲིལ་བུ་ལྔ། ཚོགས་གདན་ཤིང་ལེབ་སྒོ་སྲོག་ཅན་གཉིས། རྒྱན་གདན་མཁྲིག་ལེབ་ཤར་གཅིག་བཅས་དང་། འཆམ་ཆས་ལ། བླ་མའི་འབག་བྱིན་ལྡན་གང་གསལ། གཟབ་སྤྲོས་སྐབས་སྐུ་བེར་ཨོ་རོ་སུའི་རྒྱ་གསེར་གཞི་ཚོན་མ་འཇའ་ཟར་བབ་དང་ཧུས་སྔོ་ནག་འཇའ་ཅན། གསེར་ཞྭ་ནམ་མཁའ་རབ་འབྱམས་ཞྭ་ཏོག་ལ་སྒྲོ་གོར་གྱི་རྗེས་སྐྱོན་ཡོད་པ་གཅིག །སྟོད་ཁེབས་གོས་སེར་གསེར་རིས་ཅན་དྷོ་གོར་གཅིག །གོས་ཡ་ཤི་ནག་པོའི་གཞི་ལ་ཁྲོ་ཞལ་ལྡན་པའི་སྟོད་ཁེབ་རྒྱབ་མདུན་ལ་རུས་བརྐོས་བྱང་བུ་དགུ་རེ་ཡོད་པའི་རུས་རྒྱན། རྒྱབ་དར་ཧུ་ཚུས་འདོམ་རེ་ཞིང་གསོན་མདོག །དཀར་སེར། དམར་ལྗང་། སྔོ། རག་གསེར་ཕུར་པ་རྒྱ་མདུད་ཅན། ཕུར་དར་ཧུ་ཚུས་ཞིང་གསོན་འདམས་ཕྱེད་རེ་ཡོད་པའི། དཀར། སེར། དམར། ལྗང་། སྔོ། གསེར་ཐེབ་དར་ཧུ་ཚུས་ཞིང་བརྐས་ཀྱི་ཕྱེད་ལ་ཁ་གསུམ་ལྷག་རེ་ཡོད་པའི། དམར་ལྗང་སེར་སྔོ་གདུགས་དར་སྔོན་པོ་ཞིང་བརྐས་ཅན་ལ་ཁ་དོ་རེ་མེད་པ་རེ། གསེར་རྔ་གཉིས། རྔ་ལྕགས་སྦ་ཡུ་ཆུ་སྲིན་ཤིང་བརྐོས་ཚོན་མ། རྔ་དར་ཧུ་ཚུས་དམར་སེར་ཞིང་གསོན་ཁ་གང་ལྷག །དངུལ་གྱི་མེ་ལོང་ཆེ། མེ་ལོང་དར་ཧུ་ཚུས་དམར་པོ་ཞིང་གསོན་ཁ་དོ་མེད་རྩམ། ལྕགས་གསེར་རལ་གྲི་ཡུ་བ་རག་གསེར་ནོར་བུ་ཅན། གྲི་དར་ཧུ་ཚུས་དམར་པོ་ཁ་ལྔ། སྐེད་དར་ནང་མཛོད་ཤར་གཅིག །དངུལ་ཐོད་ནང་ཟང་ཅན། བྷནྡྷ་གཅིག །སྟོང་སྐུད་ནག་པོའི་བྷན་ཚར། བྷན་དར་ཧུ་ཚུས་ངུར་སེར་ཞིང་གསོན་ཁ་ཕྱེད་དྲུག །སྟོང་སྐུད་ནག་པོའི་སྐྲ་ཚབ་སྤུ་མ་ནག་པོའི་མགོ་ཕོར་ལ་རས་དཀར་ནང་ཤ་ཅན། སྤང་ཁེབ་གོས་ནག་ཁྲོ་ཞལ་ཅན་མཐའ་ལ་སྟོང་སྐུད་ཁ་དོག་ཛར་ལོ་ཡོད་པ། དྲི་ལེན་སྤང་ཁེབ་ཁྲུས་རས་དཀར་པོ། རྒྱུན་ཚར། རྒང་ཐུར་གཉིས་༡ལ་སྐྱོན་ཡོད། དངུལ་མེ་ཆུང་། སྒྲོ་ཐིག་ཉི་ཤུ་ཡོད་པའི་སྒྲོ་གོར་གཅིག །རྨ་བྱའི་སྒྲོ་ཤར་བཞི་བཅུ་ཞེ་བརྒྱད་བཅས།། །། ༈ འཆམ་མགོ་མཐའ་གཉིས་ལ། གསེར་ཞྭ་ནམ་མཁའ་རབ་འབྱམས་ཏོག་ལ་སྐྱོན་ཕྲན་ཡོད༡། རས་འདག་ཚོན། ཞྭ་གསར་བཟོས༡། གསེར་རྔ་གཉིས་རེ། འཆམ་དཔོན་རྔ་ལ་བུག་སྐྱོན། འབག་སྒམ་ཨང་གཅིག་པ་དང་། ༤༡གཉིས་ནང་། འཆམ་གོས་སྔོ་ནག་ཚོན་སྐུད་གསེར་རིས་འབྲུག་མ་ཟི་དཀར་ནང་ཤ་ཆ་འགྲིགས། སྟོད་ཁེབ་གོས་རྟ་པག་དམར་པོའི་རྡོ་གོར་ཆ། གོས་སྔོན་གཞི་ཅན་ཁྲོ་ཞལ་ཡོད་པའི་སྟོད་ཁེབ་ཆ། རུས་རྒྱན་བྱང་བུ་བརྐོས་མ་དགུ་རེ་ཡོད་པའི་རུས་རྒྱན་པོ་རལ་ཁ་གཉིས། རྒྱབ་དར་ཧུ་ཚུས་ཞིང་གསོན་འདོམ་རེ་ཡོད་པ། དཀར། སེར། དམར་པོ་ལ་བུག་སྐྱོན་ཕྲན་བུ། ལྗང་། སྔོ་རག་གསེར་ཕུར་པ་རྒྱ་མདུད་ཅན་གཉིས་ལ། གཅིག་ལ་ལྕགས་ཀྱི་བཤུད་པ། ཕུར་དར་ཧུ་ཚུས་ཞིང་གསོན་འདམས་ཕྱེད་རེ་ཡོད་པའི་དཀར། སེར། དམར། སྡེ་སྐྱོན་ལྗང་། སྔོ། གདུགས་དར་ཧུ་ཚུས་དཀར་པོ་ཞིང་བཀས་ཁ་དོ་མེད། ཞྭ་དར་ཧུ་ཚུས་ཞིང་བཀས་དམར། སེར། སྔོ། ལྗང་བཅས་ཁ་ཕྱེད་རེར་ཁ་གསུམ་ལྷག་རེ། རྔ་ལྕགས་སྦ་ཡུ་ཆུ་སྲིན་ཤིང་བརྐོས་ཚོན་མ་རེ། རྔ་དར་ཧུ་ཚུས་དམར་སེར་ཞིང་གསོན་ཁ་གང་ལྷག་རེ། དངུལ་མེ་ཆེ་རེ། མེ་ལོང་དར་ཧུ་ཚུས་དམར་པོ་ཁ་གང་ལྷག་རེ། དངུལ་བྷན་ནང་ཟངས་ཅན་རེ། རུས་བྷན་རེ། སྟོང་སྐུད་ནག་པོའི་བྷན་ཚར་རེ། བྷན་དར་ཧུ་ཚུས་དམར་པོར་ཁ་བཞི་མེད་ཙམ་རེ། གཅིག་ལ་བུག་སྐྱོན་ཅུང་ཡོད། ལྕགས་གསེར་རལ་གྲི་ཟངས་གསེར་ཡུ་བ་རྡོ་རྗེ་ཅན་རེ། གྲི་དར་ཧུ་ཚུས་དམར་པོ་ཞིང་གསོན་ཁ་ཕྱེད་དྲུག་རེ་ཡོད་པ་ཤར་རེ། གཅིག་ལ་བུག་སྐྱོན་ཆུང་། སྐེད་དར་ཨ་ཤེ་རེ། སྟོང་སྐུད་ནག་པོའི་སྐྲ་ཚབ་འགོ་ཕོར་སྤུ་མ་ནག་པོ་ནང་ཤ་རས་དཀར་ཅན་རེ། གོས་ནག་གཞི་ཅན་སྤང་ཁེབ་ཁྲོ་ཞལ་མཐའ་ལ་སྟོང་སྐེད་སྣ་ཚོགས་ཚར་ལོ་ཡོད་པ་རེ། རྒྱུན་ཚར་རེ། སྒྲོ་ཐིག་༢༡རེ་ཡོད་པའི་སྒྲོ་གོར་གཉིས། རྒང་ཐུར་གཉིས་རེ། དངུལ་མེ་ཆུང་རེ། རྨ་བྱའི་སྒྲོ་ཤར་༢༠བཅས་དར་རྣམས་ལ་སྒྲིལ་ཚར་རེ།། །། ༈ ཡང་སྒམ་ཨང་གཉིས་པ་གསུམ་པ་གཉིས་ལ། འཆམ་གོས་སེར་པོ་ཚོན་སྐུད་གསེར་འབྲུག་ཅན་ཆ་གཅིག །སྟོད་ཁེབ་རྟ་པག་ལྗང་གུའི་སྦ་ལེ་ཆ། གཞི་གོས་ནག་ཁྲོ་ཞལ་ཅན་སྟོད་ཁེབ་ཆ། རུས་རྒྱན་རུས་ཕྲེང་གཉིས་གཤིབ་པོ་རལ་ཁ་རེ། རྒྱབ་དར་ཧུ་ཚུས་འདམས་རེ་ཡོད་པའི་ཞིང་གསོན། དཀར་སེར་དམར་ལྗང་སྔོ་རག་ཕུར་གཉིས་ཕུར་དར་ཧུ་ཚུས་འདོམས་ཕྱེད་རེ་ཡོད་པ་ཞིང་གསོན་སྣ་ལྔ། ཞྭ་དར་ཧུ་ཚུས་ཞིང་བཀས། དམར་སེར་ལྗང་སྔོ་རིང་ཐུང་ཁ་བ་གསུམ་པོར་གསུམ་རེ། གདུགས་དར་རེ་ཚུས་ཞིང་བཀས། དཀར་ལྗང་གཉིས་ཁ་དོ་མེད་དོ། །དར་རྣམས་སྒྲིལ་ཚར་རེ་རེ་ལྕགས་གསེར་རལ་གྲི་ཡུ་བ་ཤིང་བརྐོས་ཚོན་རྩི་ཅན་རེ། དངུལ་བྷན་ནང་ཟངས་ཅན་རེ། རུས་བྷན་རེ། སྟོང་སྐུད་ནག་པོའི་བྷན་ཚར་རེ། སྟོང་སྐུད་ནག་པོའི་སྐྲ་ཚབ་མགོ་ཕོར་ཡམ་བུ་རས་དཀར་ནང་ཤ་ཅན་རེ། རྔ་ལྕགས་སྦ་ཡུ་ཆུ་སྲིན་ཤིང་བརྐོས་ཚོན་མ་རེ། རྔ་དར་ཧུ་ཚུས་དམར་པོར་ཞིང་བཀས་ལ་ཁ་གསུམ་ལ་ཅུང་ཆག་རེ། རྒྱུན་ཚར་རེ། སྒྲོ་ཐིག་བཅོ་བརྒྱད་ཉེར་གཅིག་ཡོད་པ་གཉིས། སྒྲོ་གོར་སྣོད་ཟི་དཀར་ཁུག་མ། རྒང་ཐུར་གཉིས་རེ། དངུལ་མེ་ཆུང་རེ་བཅས་དང་། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། ༈ཡང་སྒམ་ཨང་བཞི་ལྔ་གཉིས་འཁོད་ལ། འཆམ་གོས་དམར་པོ་ཤིང་ལོ་གསེར་རིས་ཚོན་སྐུད་ཅན་ཆ་གཅིག །སྟོད་ཁེབས་རྟ་པག་དཀར་པོ་སྦ་ལེ་ཅན་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་མཚུངས་རྒྱབ་དར་སྣ་ལྔའི་ནང་གི་དཀར་པོ་ལ་ནག་དྲི་ཅུང་ཡོད། ཕུར་དར། ཞྭ་དར། གདུགས་དར། རྔ་དར་རག་ཕུར། དར་རྣམས་ལ་སྒྲིལ་ཚར་རེ། རལ་གྲི། རྔ་ལྕགས། རུས་རྒྱན། རུས་དངུས་བྷནྡྷ། བྷན་ཚར། སྐྲ་ཚབས་རྒྱུན་ཚར། སྒྲོ་ཐིག་བཅུ་དགུ། ཉི་ཤུ་རྩ་གཉིས་རེ་ཡོད་པའི་སྒྲོ་གོར་གཉིས། རྒང་ཐུར་དངུལ་མེ་ཆུང་བཅས་དང་། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ།། །། ༈ ཡང་སྒམ་ཨང་དྲུག་བདུན་གཉིས་འཁོད་ནང་། འཆམ་གོས་དཀར་པོ་ཤིང་ལོ་གསེར་རིས་ཚོན་སྐུད་ཅན་ཆ། སྟོད་ཁེབ་རྟ་པག་སྔོན་པོ་སྦ་ལེ་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་མཚུངས་རྒྱབ་དར། སྣ་ལྔ་དཀར་པོའི་སྣེར་བུག་སྐྱོན་ཆུང་། ཕུར་དར། ཞྭ་དར་གདུངས་དར། རྔ་དར། དར་རྣམས། སྒྲིལ་ཚར། རག་ཕུར། རལ་གྲི། རྔ་ལྕགས། རུས་བརྒྱན། རུས་དངུལ་བྷནྡྷ་གཉིས། བྷན་ཚར། སྐྲ་ཚབ། རྒྱུན་ཚར། སྒྲོ་ཐིག་ཉེར་གཉིས་རེ་ཡོད་པའི་སྒོར་གོར་གཉིས། རྒང་ཐུར། དངུལ་མེ། བཅས་དང་། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབགཨང་བརྒྱད་དགུ་གཉིས་ལ། སྒྲོ་ཐིག་ཉེར་དགུ་པོ་གཉིས་ཡོད་པའི་སྒྲོ་གོར་གཉིས། རྒང་ཐུར། དངུལ་མེ། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། དུར་ཁྲོད། ཟིང་དཀར་སྟོད་གོས་རེ། རྒྱབ་དར་ཧུ་ཚུས་སྣ་ལྔ་རེ། ཟིང་དཀར་སྨད་གོས་གཉིས། སྨད་གཡོག་གསེར་ཏྲམ་དམར་སྨུག་གོང་བ་མཇའ་དམར་སེར་ཅན་སྨན་ཚེ་དང་ལིང་དམར་སེར་སྨན་ཚེ་དང་ལིང་དམར་ཕུར་མ་ཉིས་བརྩེགས། རྒྱུ་མའི་སྐ་རགས་རེ་གདུགས་དར་གསེར་ཏྲམ་དམར་སྨུག་ཁ་ཕྱེད་རེ། ལག་ཤུབ་གཉིས་ལ་གཡས་སུ་ཐོད་དབྱུག་རེ། རས་ཚོས་གཉིས་མའི་བསྒྲིལ་ཚར་རེ། ཧ་ཤང་གི་གོས་མཛོད་གོས་སེར་པོ་ཁ་བབ་ནང་ཤ་གོས་ཆེན་སྔོ་ནག་རྒྱ་གོས་རག་གི་སྒྲོག་རྡིལ་བཞི་ཟེར་ནང་དངུལ་གྱི་སྒྲོག་རྡིས་གཉིས་ཡོད་བསྒྲིལ་ཚར་ཅན།། །། ༈ ཨང་བཅུ་པ་བཅུ་གཅིག་པ་འཁོད་པའི་སྒམ་ལ། འཆམ་གོས་སེར་པོ་ཚོན་སྐུད་སེར་འབྲུག་ཅན་རྒྱབ་སྟོད་གོས་སེར་སྤོས་རྒྱ་ཅན་ཆ། རྟ་པག་སྔོན་པོའི་སྦ་ལེ་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་མཚུངས་རྒྱབ་དར། ཕུར་དར་ཁ་དོག་ནང་ནས་དར་ལྗང་ལ་བུག་སྐྱོན་ཆུང་། ཞྭ་༤དར་གདུགས་དར་དཀར། རྔ་དར། དར་རྣམས། སྒྲིལ་ཚར། རག་ཕུར། རལ་གྲི། ལྔ་ལྕགསརུས་རྒྱན། རུས་དངུལ་བྷན་དྷ། བྷན་ཚར། སྐྲ་ཚབ། རྒྱུན་ཚར། སྒྲོ་ཐིག་ཉེར་བདུན། ཉེར་གཉིས་ཅན་སྒྲོ་གོར་གཉིས། ཤུབ་ཟི་དཀར་ཁུག་མ། རྒང་ཐུར། དངུལ་མེ། གསེར་ལྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཡང་ཨང་བཅུ་གཉིས་བཅུ་གསུམ་ལ། འཆམ་གོས་དམར་པོ་ཚོན་སྐུད་གསེར་འབྲུག་ཁོག་སྟོད་གསེར་ཏྲམ་དམར་སྨུག་ཅན་ཆ་གཅིག །སྟོད་ཁེབ་གོས་དཀར་པོ་ཚོན་སྐུད་ཤིང་ལོ་ཅན་སྦ་ལེ་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་མཚུངས་རྒྱབ་དར། ཕུར་དར། ཁ་དོག་ནང་ནས་གཅིག་སེར་པོའི་སྣེར་བུག་སྐྱོན་ཆུང་། ཞྭ་དར། གདུགས་དར་སྔོ། རྔ་དར་བཅས་ལ། སྒྲིལ་ཚར་རེ། རག་ཕུར། རལ་གྲི། རྔ་ལྕགས། རུས་རྒྱན་རུས་དངུལ་བྷན་དྷ་གཉིས། བྷན་ཚར། སྐྲ་ཚབ། རྒྱུན་ཛར། སྒྲོ་ཐིག་ཉེར་གཅིག །བཅོ་བརྒྱད། ཡོད་པའི་སྒྲོ་གོར་གཉིས། རྒང་ཐུར། དངུལ་མེ། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག་རེ།། །། ༈ ཨང་བཅུ་བཞི་བཅོ་ལྔ་གཉིས་འཁོད་སྒམ་ལ། འཆམ་གོས་སྔོ་ནག་ཚོན་སྐུད་གསེར་འབྲུག་ཅན་རྒྱབ་སྟོད་སྔོ་ནག་གསེར་ཏྲམ་ཅན་ཆ། སྟོད་ཁེབ་རྟ་པག་དམར་པོའི་སྦ་ལེ་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་འགྲིགས་ཀྱི་རྒྱབ་དར། ཕུར་དར། ཞྭ་དར། གདུགས་དར་སྔོ། རྔ་དར་བཅས་ལ་སྒྲིལ་ཚར། རག་ཕུར། རལ་གྲི། རྔ་ལྕགས། རུས་རྒྱན། རུས་དངུལ་བྷནྡྷ། བྷན་ཚར། སྐྲ་ཚབ། རྒྱུན་ཚར། སྒྲོ་ཐིག་ཉེར་གཉིས། ཉི་ཤུ་རེ་ཡོད་པའི་སྒྲོ་གོར་གཉིས། ཤུབ་ཟི་དཀར་ཁུག་མ། རྒང་ཐུར། དངུལ་མེ། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག་རེ།། །། ༈ ཡང་ཨང་བཅུ་དྲུག་བཅུ་བདུན་ཅན་ལ། འཆམ་གོས་སེར་པོ་ཤིང་ལོ་གསེར་རིས་ཚོན་སྐུད་ཅན་ཆ། སྟོད་ཁེབ་རྟ་པག་སྔོན་པོའི་སྦ་ལེ་ཆ། རྒྱུ་རྩ་ཁ་མདོག་རིང་ཐུང་གོང་མཚུངས། རྒྱབ་དར། གཅིག་སྔོན་པོའི་སྣེར་བུག་པ་ཆུང་གསུམ་ཡོད། ཕུར་དར། ཞྭ་དར། སེར་པོ་གཅིག་གི་སྣེར་བུག་སྐྱོན་ཆུང་ཡོད། གདུགས་དར་སྔོ། རྔ་དར་བཅས་རས་ཀྱི་སྒྲིལ་ཚར། རག་ཕུར། རལ་གྲི་ཤིང་བརྐོས། རྡོ་རྗེ་རྒྱ་གྲམ། ཤིང་བརྐོས་དྲིལ་བུ། རྔ་ལྕགས་རུས་རྒྱན། རུས་དངུལ་བྷནྡྷ། བྷན་ཚར། སྐྲ་ཚབ། རྒྱུན་ཚར། སྒྲོ་ཐིག་ཉི་ཤུ་དང་། ཉེར་གཅིག་ཡོད་པའི་སྒྲོ་གོར་གཉིས། རྒང་ཐུར། དངུལ་མེ། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈སྒམ་ཨང་བཅོ་བརྒྱད། བཅུ་དགུ་གཉིས་ལ། འཆམ་གོས་དམར་པོ་ཚོན་སྐུད་གསེར་རིས་འབྲུག་མ། རྒྱབ་སྟོད་གོས་དམར་སྨུག་གསེར་ཏྲམ་ཅན་ཆ་འགྲིགས། སྟོད་ཁེབ་དཀར་པོ་ཤིང་ལོ་ཅན་སྦ་ལེ་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་མཚུངས་རྒྱབ་དར། ཁ་དོག་ནས་སེར་པོའི་སྣེར་བུག་སྐྱོན་ཆུང་། ཕུར་དར་དམར་པོ་གཅིག་སྣེར་རལ་སྐྱོན། ཞྭ་དར། གདུགས་དར་སྔོ། རྔ་དར། རག་ཕུར། རལ་གྲི། ཤིང་བརྐོས་ལྕགས་ཀྱུ། རྔ་ཡབ། རུས་རྒྱན། རྔ་ལྕགས། རུས་དངུལ་བྷན་དྷ་གཉིས། བྷན་ཚར། སྐྲ་ཚབ། རྒྱུན་ཚར། སྒྲོ་ཐིག་ཉི་ཤུ། བཅུ་བདུན་ཡོད་པའི་སྒྲོ་གོར་གཉིས། ཟི་དཀར་ཁུག་མ། རྒང་ཐུར། དངུལ་མེ། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཡང་ཨང་ཉི་ཤུ་ཉེར་གཅིག་ཅན་ལ། འཆམ་གོས་ལྗང་ནག་ཤིང་ལོ་ཚོན་སྐུད་གསེར་རིས་ཅན། སྟོད་ཁེབ་དམར་སེར་གསེར་རིས་སྦ་ལེ་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་མཚུངས། རྒྱབ་དར་ཨང་ཉི་ཤུ་པའི་རྒྱབ་དར་ལྗང་བུག་སྐྱོན་ཆུང་། ཕུར་དར། གདུགས་དར་དཀར་དམར། རྔ་དར། བཅས་ལ་རས་ཀྱི་སྒྲིལ་ཚར། རག་ཕུར། རལ་གྲི། ཤིང་བརྐོས་མེ་རི། ཤིང་བརྐོས་དབྱུག་ཐོ། རྔ་ལྕགས། རུས་བརྒྱན། རུས་དངུལ་བྷནྡྷ། བྷན་ཚར། སྐྲ་ཚབ། རྒྱུན་ཛར། སྒྲོ་ཐིག་ཉི་ཤུ་ཉེར་གཅིག་ཅན་སྒྲོ་གོར་གཉིས། རྒང་ཐུར། དངུལ་མེ། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཨང་ཉེར་གཉིས་ཉེར་གསུམ་ཅན་སྒམ་ལ། འཆམ་གོས་སེར་པོ་ཚོན་སྐུད་གསེར་རིས་འབྲུག་མ་རྒྱབ་སྟོད་གོས་སེར་སྤོས་རྒྱ་ཅན་ཆ། སྟོད་ཁེབ་རྟ་པག་དམར་པོའི་སྦ་ལེ་ཆ། རྒྱུ་རྩ་རིང་ཐུང་གོང་མཚུངས། རྒྱབ་དར། ཕུར་དར། ཞྭ་དར། གདུགས་དར་དམར། རྔ་དར་བཅས་རས་ཀྱི་ཕྱི་སྒྲིལ་རེ། རག་ཕུར། རལ་གྲི། ཤིང་བརྐོས་དབྱུག་ཐོ། ཤིང་བརྐོས་དགྲ་སྟྭ། རྔ་ལྕགས། །རུས་རྒྱན། རུས་དངུལ་བྷནྡྷ་གཉིས། བྷན་ཚར། སྐྲ་ཚབ། རྒྱུན་ཛར། སྒྲོ་ཐིག་བཅོ་བརྒྱད། ཉི་ཤུ་ཡོད་པའི་སྒྲོ་གོར་གཉིས། གཅིག་གི་ངོས་ནས་སྒྲོ་རྩའི་མེ་ཏོག་གཅིག་མེད། ཕྱི་སྣོད་ཟི་དཀར་ཁུག་མ། རྒང་ཐུར། དངུལ་མེ་བཅས་དང་། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཨང་ཉེར་བཞི་ཉེར་ལྔ་གཉིས་ལ། འཆམ་གོས་རྒྱན་བཞི་སྔོ་ནག་འབྲུག་མ་ཆ། སྟོད་ཁེབ་རྟ་པག་དཀར་པོའི་སྦ་ལེ་ཆ། ཡང་སྟོད་ཁེབ་གོས་ནག་གཞི་ཁྲོ་ཞལ་ཅན་ཆ་རྒྱུ་རྩ་རིང་ཐུང་ཁ་དོག་གོང་མཚུངས། རྒྱབ་དར། ཁ་དོག་ཡོད་ནས་ཨང་ཉེར་ལྔ་པའི་རྒྱབ་དར་སེར་པོའི་སྣེར་བུག་སྐྱོན། ཕུར་དར། ཞྭ་དར། སེར་པོའི་སྣེར་རལ་སྐྱོན། གདུགས་དར་དམར། རྔ་དར། ཕྱི་སྒྲིལ་བཅས། རག་ཕུར། རལ་གྲི། ཤིང་བརྐོས་རལ་གྲི་དང་། ཞགས་པ། རྔ་ལྕགས། རུས་རྒྱན། རུས་དངུལ་བྷན་དྷ། བྷན་ཚར། སྐྲ་ཚབ། རྒྱུན་ཛར། སྒྲོ་ཐིག་ཉེར་གཅིག །བཅོ་བརྒྱད་ཡོད་པའི་སྒྲོ་གོར་གཉིས། རྒང་ཐུར། དངུལ་མེ་བཅས་གསེར་རྔ་གཉིས། རས་འདག་ཚོན་ཞྭ་རེ། འབག། །། ༈ཨང་ཉེར་དྲུག །ཉེར་བདུན་གཉིས་ལ། འཆམ་གོས་བརྒྱན་བཞི་དམར་པོ་ཆ། སྟོད་ཁེབ་རྟ་པག་སེར་པོ་སྦ་ལེ་ཆ། རྒྱུ་རྩ་རིང་ཐུང་ཁ་དོག་གོང་མཚུངས། རྒྱབ་དར། ཁ་དོག་ནས་ཨང་ཉེར་དྲུག་པའི་རྒྱབ་དར་དཀར་པོ་ལ་དམར་ཚོས་ནག་ཐིག་སྐྱོན། ཕུར་དར། ཁ་དོག་ནས་ཨང་ཉེར་བདུན་པའི་དར་དཀར་པོ་ལ་དྲི་མས་སྐྱོན་ཕྲན་ཡོད། ཞྭ་དར། གདུངས་དར་དམར། རྔ་དར། རས་ཀྱི་ཕྱི་སྒྲིལ་རེ། རག་ཕུར། རལ་གྲི། སྦྲུལ་ཞག །ཤིང་བརྐོས་པད་མ། རྔ་ལྕགས། རུས་རྒྱན། རུས་དངུལ་བྷན་དྷ། བྷན་ཚར། སྐྲ་ཚབ། རྒྱུན་ཚར། སྒྲོ་ཐིག་ཉེར་གཉིས། བཅོ་བརྒྱད་ཡོད་པའི་སྒྲོ་གོར་གཉིས། ཟི་དཀར་ཁུག་མ་རྒང་ཐུར། དངུལ་མེ་བཅས། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཨང་ཉེར་བརྒྱད། ཉེར་དགུ་གཉིས་ལ་འཆམ་གོས་སེར་སྨུག་ཚོན་སྐུད་གསེར་འབྲུག་རྒྱབ་སྟོད་གོས་སེར་སྤོས་རྒྱ་ཅན་ཆ། སྟོད་ཁེབ་རྟ་པག་དམར་པོའི་སྦ་ལེ་ཆ། རྒྱུ་རྩ་རིང་ཐུང་ཁ་དོག་གོང་མཚུངས། རྒྱབ་དར། ཕུར་དར། ཞྭ་དར། གདུགས་དར་དམར། རྔ་དར། རས་ཀྱི་སྒྲིལ་ཚར། རག་ཕུར། རལ་གྲི། ཤིང་བརྐོས་རྡོ་རྗེ། འཁོར་ལོ། རྔ་ལྕགས། རུས་རྒྱན། རུས་དངུལ་བྷནྡྷ་གཉིས། བྷན་ཚར། སྐྲ་ཚབ། རྒྱུན་ཚར། སྒྲོ་ཐིག་ཉེར་གཅིག་སུམ་ཅུ་ཡོད་པའི་སྒྲོ་གོར་གཉིས། རྒང་ཐུར། དངུལ་མེ་ཆུང་བཅས་དང་། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཨང་སུམ་ཅུ། སོ་གཅིག་གཉིས་ལ་འཆམ་གོས་གོས་ཆེན་ལྗང་ནག་ཤིང་ལོ་གསེར་རིས་ཚོན་སྐུད་ཅན་ཆ། སྟོད་ཁེབ་རྟ་པག་དཀར་པོའི་སྦ་ལེ་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་མཚུངས། རྒྱབ་དར། ཕུར་དར། ཞྭ་དར། གདུགས་དར་ལྗང་དམར། རྔ་དར་རེ་བཅས་རས་ཀྱི་ཕྱི་སྒྲིལ། རག་ཕུར། རལ་གྲི། ཤིང་བརྐོས་རྒྱ་གྲམ་དང་། བེ་ཅོན། རྔ་ལྕགས། རུས་རྒྱན། རུས་དངུལ་བྷན་དྷ་གཉིས། བྷན་ཚར། སྐྲ་ཚབ། རྒྱུན་ཛར། སྒྲོ་ཐིག་བཅུ་དགུ། ཉེར་བརྒྱད་ཡོད་པའི་སྒྲོ་གོར་གཉིས། ཕྱི་སྣོད་ཟི་དཀར་ཁུག་མ། རྒང་ཐུར་དངུལ་མེ་བཅས། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཨང་སུམ་ཅུ་སོ་གཉིས། སོ་གསུམ་གཉིས་ལ། འཆམ་གོས་དམར་པོ་ཚོན་སྐུད་གསེར་འབྲུག་ཅན་རྒྱབ་སྟོད་གོས་དམར་སྨུག་གསེར་ཏྲམ་ཅན་ཆ། སྟོད་ཁེབ་རྟ་པག་སྔོན་པོའི་སྦ་ལེ་ཆ། ཡང་སྟོད་ཁེབ་གཞི་གོས་ནག་ལ་ཁྲོ་ཞལ་ཡོད་པ་ཆ། རྒྱུ་རྩ་རིང་ཐུང་ཁ་དོག་གོང་མཚུངས། རྒྱབ་དར། ཕུར་དར། ཁ་མདོག་ནང་གིས་ཨང་སོ་གཉིས་པའི་དར་དམར་པོ་ཟུར་ནས་རལ་སྐྱོན། ཞྭ་དར། གདུགས་དར་ལྗང་། རྔ་དར། རས་ཀྱི་ཕྱི་སྒྲིལ། རག་ཕུར། རལ་གྲི། ཤིང་བརྐོས་རྡོ་རྗེ་དང་། རྩེ་གསུམ། རྔ་ལྕགས། རུས་རྒྱན། རུས་དངུལ་བྷནྡྷ་གཉིས། བྷན་ཚར། སྐྲ་ཚབ་རྒྱན་ཛར། སྒྲོ་ཐིག་བཅོ་བརྒྱད། ཉི་ཤུ་རེ་ཡོད་པའི་སྒྲོ་གོར་གཉིས། རྒང་ཐུར་དངུལ་མེ་བཅས། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཡང་ཨང་སུམ་ཅུ། སོ་བཞི་སོ་ལྔ་གཉིས་ལ། འཆམ་གོས་སྔོ་ནག་ཚོན་སྐུད་གསེར་འབྲུག་ཅན་རྒྱབ་སྟོད་གོས་སྔོན་གསེར་ཏྲཾ་ཅན་ཆ། སྟོད་ཁེབ་དཀར་པོ་ཤིང་ལོ་ཅན་སྦ་ལེ་ཆ། རྒྱུ་རྩ་རིང་ཐུང་ཁ་དོག་གོང་མཚུངས། རྒྱབ་དར། ཕུར་དར། ཞྭ་དར། གདུགས་དར་ལྗང་། རྔ་དར། རས་ཀྱི་ཕྱི་སྒྲིལ། རག་ཕུར། རལ་གྲི། ཤིང་བརྐོས་ཕྱག་མཚན་ཐོ་བ་དང་། གཏུན་ཤིང་། རྔ་ལྕགས། རུས་རྒྱན། རུས་དངུལ་བྷནྡྷ་གཉིས་རེ། བྷན་ཚར། སྐྲ་ཚབ། རྒྱུན་ཚར། སྒྲོ་ཐིག་ཉི་ཤུ། ཉེར་གཉིས་ཡོད་པའི་སྒྲོ་གོར་གཉིས། ཕྱི་སྣོད་ཟི་དཀར་ཁུག་མ། རྒང་ཐུར། དངུལ་མེ་བཅས་དང་། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཨང་སོ་དྲུགསོ་བདུན་གཉིས་ལ། འཆམ་གོས་དཀར་པོ་ཤིང་ལོ་ཚོན་སྐུད་གསེར་རིས་ཅན། སྟོད་ཁེབ་རྟ་པག་སྔོན་པོའི་སྦ་ལེ་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་མཚུངས། རྒྱབ་དར། ཨང་སོ་བདུན་པའི་དཀར་ལ་རལ་སྐྱོན། ཕུར་དར། ཞྭ་དར། གདུགས་དར་ལྗང་། རྔ་དར། རས་ཀྱི་ཕྱི་སྒྲིལ། རག་ཕུར། རལ་གྲི། ཤིང་བརྐོས་ལྕགས་ཀྱུ། ཞགས་པ། རྔ་ལྕགས། རུས་རྒྱན། རུས་དངུལ་བྷན་དྷ། བྷན་ཚར། སྐྲ་ཚབ། རྒྱན་ཛར། སྒྲོ་ཐིག་བཅུ་བདུན། བཅོ་བརྒྱད་ཡོད་པའི་སྒྲོ་གོར་གཉིས། རྒང་ཐུར། དངུལ་མེ་བཅས། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཨང་སོ་བརྒྱད། སོ་དགུ་གཉིས་ལ། འཆམ་གོས་དམར་པོ་ཚོན་སྐུད་གསེར་འབྲུག །རྒྱབ་སྟོད་དམར་སྨུག་གསེར་ཏྲམ་ཅན་ཆ། སྟོད་ཁེབ་རྟ་པག་དཀར་པོའི་སྦ་ལེ་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་མཚུངས། རྒྱབ་དར། ཕུར་དར། ཞྭ་དར། ཨང་སོ་བརྒྱད་པའི། དར་ལྗང་ཟུར་བུག་སྐྱོན། གདུགས་དར་ལྗང་། རྔ་དར། རས་ཀྱི་ཕྱི་སྒྲིལ། རག་ཕུར། རལ་གྲི། ལྕག་སྒྲོགས། ཤིང་བརྐོས་དྲིལ་བུ། རྔ་ལྕགས། རུས་རྒྱན། རུས་དངུལ་བྷནྡྷ། བྷན་ཚར། སྐྲ་ཚབ། རྒྱུན་ཛར། སྒྲོ་ཐིག་ཉེར་བཞི། བཅོ་བརྒྱད་ཡོད་པའི་སྒྲོ་གོར་གཉིས། ཕྱི་སྣོད་ཟི་དཀར་ཁུག་མ། རྒང་ཐུར། དངུལ་མེ་བཅས། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག་བཅས་དང་། སྤང་ཁེབ་ཟི་ཁྲིམ་དཀར་པོ་ཁ་ཕྱེ་བཅུ་བཞི་རེ་ཡོད་པའི་ཞིང་གསོན་ཤར་བཞི། ལྕགས་གསེར་རལ་གྲི་ཤིང་བརྐོས་ཡུ་བ་ཅན་གཅིག །ཨ་རྩ་རའི་འབག་གཅིག །ཞ་མོ་གཅིག །ལིང་གདན་ཚོན་མ་ཆེ་གཅིག །བརྡའ་རོ། །གྲྭ་མང་ནས་བཞག་པའི་འགའ་ནག་ཁྲའི་ལིང་ཁེབ་གཅིག །ཧ་ཤང་ལ། བོ་དྷི་ཀྲུག་མའི་ཕྲེང་བ་ཆེ་གཅིག །ཟངས་ཀོང་། རས་འདག་ཚོན་མ། དགེ་བརྐོས་ལ་རྨ་བྱའི་སྒྲོ་དབྱུག་བཅས། །། ༈ཕུར་པའི་འགྲོ་སོང་གཏོང་སྒོ་དགོས་པ྄༵ར། མཆོད་ཆས་རྒྱན་མར་རྒྱ་ཉེར་གཉིས། མར་མེ་རྒྱ་མཆོད་རེ་ལ་རྒྱ་བཞི་རེ་རྩིས་པའི་ས་ཆོག་ཉིན་མར་མེ་ཉེར་ལྔ་ལ་རྒྱ་གང་། སྟ་གོན་ཉིན་མར་མེ་ལྔ་བཅུ་ལ་རྒྱ་དོ། དངོས་གཞི་ཉིན་དགུ་ལ་བརྒྱ་མཆོད་རེ་རྩིས་མར་རྒྱ་སུམ་ཅུ་སོ་དྲུག །དཀྱིལ་འཁོར་མདུན་ཞི་མཆོད་དྲག་མཆོད་གཉིས་ཀྱི་ཚེ་འབར་གཉིས་ལ་མར་རྒྱ་དྲུག །སློབ་དཔོན། བླ་མ་གསུམ། ཆོས་ཁྲིམས་གཉིས། མ་ཆེན། གཏོར་མ་བཅའ་སྐབས་མཆོད་དཔོན་བཅས་ལ་ཕྱེ་མར་རྒྱ་དགུ་ཇ་མར་ཉིན་རེ་རྒྱ་ཕྱེད་བརྒྱད་རེ་འབོར་རྒྱ་དགུ་བཅུ། ཉིན་བཅུ་གཉིས་ལ་མཆན་རྡོར་རྒྱ་ཉེར་བཞི། ཉིན་བརྒྱད་ལ་ཕྱེ་ཐུབ་རྡོོར་རྒྱ་བརྒྱད། བཀྲ་ཤིས་དགུ་བརྩེགས་རྣམས་ལ་ཕྱེ་མར་རྒྱ་གཅིག །ཚོགས་རྫས་གྲོ་སླས་བཟོ་དཔྱད་མར་རྒྱ་བརྒྱད། གོང་འབོར་མར་རིགས་ཕྱོགས་གཅིག་སྡོམ་པའི་འདིར་ཕན་སྡེ་དགེ་གཞུང་གི་མར་རྒྱ་ལྔ་བཅུ་བརྩིས་པའི་མར་རྒྱ་ཉིས་བརྒྱ་དང་བདུན། མ་གོར་ཆིག་སྟོང་དང་སུམ་ཅུ་སོ་ལྔ་ཐོབ། བསྐོལ་ཇ་བག་བཅུ་དྲུག་ལ་བག་རེ་ལ་གོར་ཕྱེད་བཞི་རེ་རྩིས་གོར་ལྔ་བཅུ་ང་དྲུག །དེ་ལ་མ་གོར་ཉིས་བརྒྱ་བརྒྱད་བཅུ་ཐོབ། ཡོན་འབུལ་བླ་གྲ་དགུ་བཅུ་ཕྱེད་གོ་གསུམ། གྲྭ་རེ་གོར་བཞི་རེ་རྩིས་གོར་སུམ་བརྒྱ་དང་བདུན་ཅུ། ཡང་རྣམ་བཞག་གོར་བཅུ་གཉིས། ཚོང་རྫས་བུར་གོར་ཉེར་དྲུག་ལ་གོར་དྲུག་བཅས་འབོར་སུམ་བརྒྱ་དང་བརྒྱད་ཅུ་གྱ་བརྒྱད། དེ་ལ་མ་གོར་ཆིག་སྟོང་དགུ་བརྒྱ་བཞི་བཅུ། གོང་འབོར་འགྲོ་སོང་ཕྱོགས་གཅིག་བསྡང་དུས་གོར་དྲུག་བརྒྱ་ང་གཅིག །དེ་ལ་མ་གོར་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་ང་ལྔ་ལ། རྡིལ་ཚད་ཉི་ཤུ་དང་གོར་ལྔ་བཅུ་ང་ལྔ་འབབ། ཚོགས་ཤ་བུབ་གཅིག་ལ་གོར་ཉེར་དྲུག །སྤོས་གོར་དྲུག །ཚོན་མལ་གོར་བཞི་བུམ་རྫས། འབྲི་མོག །གུ་གུལ་བཅས་རིན་གོར་ཕྱེད་གཉིས། བུལ་ཏོག་གོར་གཉིས་བཅས་འབོར་ཕྱེད་བཞི་བཅུ་ལ། རྟེན་རྩ་མ་གོར་ཆིག་བརྒྱ་ཕྱེད་གོ་བརྒྱད་ཐོབ།། །། ༈ གྲོ་ནས་འགྲོ་སོང་ལ། གཏོར་གཞི་ལ་མཆོད་ཙམ་གྲ་འབོ་སུམ་བཅུ། ཉིན་བཅུ་གཅིག་ལ་ཚོགས་ཙམ། མཆོད་ཙམ་ཉིན་རེ་འབོ་གསུམ་རེ་རྩིས་འབོ་སུམ་ཅུ་སོ་གསུམ་མཆོད་ནས་འབོ་དྲུགཚོགས་ཆང་རྒྱུ་འབོ་གཅིག །ཚོམ་བུ་དང་། བཀྲ་ཤིས་དགུ་བརྩེགས་བཅས་ལ་གྲོ་འབོ་གང་། རྩམ་སྤར། རྩི་གཟར་བཅས་འབོ་བཅུ། ཚོགས་མཆུར། ཐུད་མཆུར་བཅས་འབོ་བཅོ་ལྔ། གྲོ་སླས་བཟོ་སྤྱོད་གྲོ་འབོ་བརྒྱད། ཐུགས་རྩམ་ཉིན་བརྒྱད་ལ་འབོ་ཉེར་ལྔ། ཉིན་བཅུ་གཉིས་ལ་གྲོ་མཆན་རེ་ཡི་ཆས། གྲོ་འབོ་བདུན་ཅུ་དོན་གཉིས། གོང་འབོར་ཕྱོགས་གཅིག་སྡོམ་གྲྭ་འབོ་ཉིས་བརྒྱ་དང་གཅིག །རྩམ་མལ་དམ་པ་བརྒྱད་ཅུ་ཕྱེད་གྱ་གསུམ། ཐིག་ཚོན་དམ་པ་དྲུག་བཅས་ལ། དམ་པ་ཕྱེད་དགུ་བཅུ་ལ་ཐེབས་རྩ་བཀྲ་ཐང་ཞིང་ས྄ོ༵ན་འགྲོ་གཤམ་གསལ། ཁམས་ཐང་ས་ཆུས་མགོ་ནས་གྲྭ་འབོ་ཉིས་བརྒྱ་དང་བཅས་འོང་དགོས།། །། ༈ ཕུར་པའི་མཆོད་རྒྱུན། ཇ་སྐྱོ། སྐུ་ཡོན་བཅས་ཀྱི། རྟེན་རྩ་དངུལ་རྡིལ་ཚད་བཅུ་དགུ་ནང་གོར་ལྔ་ཆག་ཡོད། འཆམ་ཇ་རྟེན་རྡིལ་ཚད་གཅིག །སྡེ་དགེའི་ཕུར་གཏོའི་ཆས་སྐུ་ཚབ་ནས་སྤྲོད་རྒྱུ་སྐོར་གྱིས་སྔར་རྒྱུན་ཕུར་གཏོར་ཚོགས་རྒྱུ་དང་། སྡེ་དགེའི་དེབས་འཁོད་ཀྱི་འབྲུ་མལ་བཀྲ་ཐང་སྤྱི་ཞིང་གསར་བཅད་གཤམ་འཁོད་དང་། ཇ་མར་ཤ་གསུམ་ཞིབ་བརྩིས་ཀྱི། ཤིང་ཕག་ལོར་རིན་པོ་ཆེས་རྟེན་ཐེབས་གསར་བཞག་གོར་བཞི་བརྒྱ་བཞི་བཅུ་ཞེ་བརྒྱད་ལ་སྐྱེད་གོར་ལྔ་ལ་དྲུག་རྩིས་སྒོར་ཕྱེད་དགུ་ཅུ། བཅས་བསྡམ་རྡ྄ོ༵་ཚད་ཉི་ཤུ་གོར་འདི་སྡེ་དགེ་གཞུང་མར་རྒྱ་ལྔ་བཅུའི་ལ་འདི་ནང་བརྩིས་གྲྭ་མང་ཕྱག་ལ་རྡིལ་ཚད་གསུམ་དང་། གོར་བདུན་བཅུ་དོན་དགུ། སྤྱི་ཆེན་ལག་ལ་རྡིལ་ཚད་བཞི་དང་། གོར་ཆིག་བརྒྱ་ཞེ་གཉིས། སྤྱི་ཆུང་ལག་ལ་རྡིལ་ཚད་བཞི་དང་། གོར་ཆིག་བརྒྱ་ཞེ་གཉིས། འཕྲོས་མདུན་ཕུ་མ་རྡོ་ཚད་གཅིག །མདུན་གྲུ་མོ་ལ་རྡོ་ཚད་གཅིག །མདུན་གནས་ར་ལ་རྡོ་ཚད་གཅིགངན་ཕྲད་ལ་གོར་བརྒྱད་ཅུ། ཉ་ཉི་མ་གོར་བརྒྱད་ཅུ། མཛོ་ཤོ་ལ་གོར་བརྒྱད་ཅུ། བསོ་ཚེ་ལ་གོར་བརྒྱད་ཅུ། བྱ་མོ་ལ་གོར་བརྒྱད་ཅུ། རྩག་རྡ་ལ་གོར་བརྒྱད་ཅུ། བ་སུག་ལ་གོར་བརྒྱད་ཅུ། བ་ཆུང་ལ་གོར་བརྒྱད་ཅུ། སྤག་ཚི་ལ་གོར་བརྒྱད་ཅུ། གོང་འདི་ཚུར་བླངས་ཏེ་རང་མེ་རྡོ་ཚེ་ནོར་བུ་ལ་རྩེ་ཤོད་ཐུགས་གྲོལ་གི༵ས་ལྕག་སྟག་ཟླ་༡༡ཚེས་༣༠རེ་གཟའ་ཉི་མ་སྤྲིད་བླགས་ཞུས་པ་རྡོ་ཚེ་ནོར་བུ་བའི་ཞུ་རྡབ། བྲ་བོ་ལ་གོར་བརྒྱད་ཅུ། མཁར་རྐེ་ལ་གོར་བརྒྱད་ཅུ། རྗེས་རུག་ལ་གོར་བརྒྱད་ཅུ། སྒོམ་ཕྲུག་ལ་གོར་བརྒྱད་ཅུ་བཅས་རྡིལ་ཚད་ཕྱེད་བཅུ་ལ་སྐྱེད་ལོ་རེ་སྒོར་ལྔ་ལ་དྲུག་རྩིས་སྤྲོད་དགོས་རྒྱུའི་གན་ཡིག་རྟགས་འབྱར་ཟུར་ཡོད་ལྟར་དང་། ས་ཞིང་གཏེར་ལུང་ཁམས་ཐང་དུ། རིས་བླའི་ཞིང་གྲངས་དང་། ས་བོན་ཐོ་ལ། ཡིད་ཁུང་ཁྲུལ་གཉིས་ལ། ས་བོན། ༡་༢༠དཀར་པོ་ཁྲུལ་གཅིག །ས་བོན། ༣་༠༠འབུ་རུ་ཆུ་ཁ་ཁྲུལ་གཅིག་ལ། ས་བོན། ༠་༢༠ལ་ལུང་ཁྲུལ་གཅིག་ལ་ས་བོན། ༢་༠༠ཟམ་པའི་ཆུ་ཁ་ཁྲུལ་གཅིག་ལ། ས་བོན། ༢་༢༠འཇའ་ཐང་ཁྲུལ་གཅིག །ས་བོན། ༣་༠༠འབྲུག་དར་ཁྲུལ་གཅིག་ལ། ས་བོན། ༢་༠༠གནམ་སྟོང་ཁྲུལ་གཅིག་ལ། ས་བོན། ༠་༢༠དིས་རྣུ་ཁྲུལ་གཅིག་ལ། ས་བོན། ༡་༢༠ནེ་འབྲང་ཁྲུལ་གཅིག་ལ། ས་བོན། ༢་༠༠ར་ཁོག་ཁྲུལ་གཅིག་ལ། ས་བོན། ༢་༠༠ཐང་བཀྲམ་ཕུག་ཞིང་ཁྲུལ་གཅིག་ལ། ས་བོན། ༡་༢༠ལུས་ཞིང་ཁྲུལ་གཅིག་ལ་ས་བོན། ༡་༡༠ཁང་རྒྱབ་ཁྲུལ་གཅིག་ལ། ས་བོན། ༢་༢༠མཁའ་བཤང་ཁྲུལ་གཅིག་ལ། ས་བོན། ༡་༣༠སྲུབ་རྩི་མ་ཁྲུལ་གཅིག་ལ། ས་བོན། ༠་༡༥བཅས་སོན་ཁལ་ཉེར་བདུན་མལ་དང་། བཀྲ་ཐང་དུ་རྫོང་གསར་སྤྱི་པའི་ཞིང་སྔར་ཡོད་ཐ་བ་ལུས་པ་ཆུ་བྱ་ལོ་སྤྱི་ཆེ་ཆུང་ག྄ི༵་བུན་མ་འཕྲོད་རིགས་ལ་ཐ་བཅད་སྐུ་ཚབ་ངག་དབང་ཤེས་རབ་སྐབས་སུ་འཇོག་པ་སྤྱི་བུན་བྱང་དག་ཚར་ནས་ད་ལན་འདིར་སྡེ་དགེའི་ཕུར་གཏོའི་འབྲུ་མལ་དུ་རྟེན་རྩ་བཞང་པ་ཁྲུལ་གཉིས་ལ་ས་བོན་ཁལ་ཉེར་དྲུག་འགྲོ་མལ་བཅས་ཡོད་པ་དགེ། ཤྲིཿབི་ཛ་ཡནྟུ། བཀྲ་ཤིས་ཉི་མ་གསར་པའི་སྣང་བས་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ། །བཀྲ་ཤིས་ལེགས་བྱས་པད་ཚལ་བཞད་ཅིང་དགེ་ལེགས་གེ་སར་ལྟ་ན་སྡུག །བཀྲ་ཤིས་ཕུན་སུམ་ཚོགས་པའི་རོལ་མོ་རྒྱུན་མི་ཆད་པར་སྒྲོགས་པ་དང་། །བཀྲ་ཤིས་རྫོགས་ལྡན་སྣང་བའི་དུས་སྟོན་ནུབ་པ་མེད་པས་ཁྱབ་གྱུར་ཅིག །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོས་པའི་དཔལ། །དཔལ་གྱི་དབང་ཕྱུག་མཆོག་གི་ཐུགས་རྗེའི་དཔལ། །དཔལ་དང་བསྐལ་པ་བཟང་པོ་རབ་སྨིན་དཔལ། །དཔལ་ལྡན་གྲུབ་གཉིས་མཆོག་དཔལ་ཐོབ་པར་ཤོག །ཚེ་རབས་ཀུན་ཏུ་རྗེ་བཙུན་ས་སྐྱ་པའི། །གསུང་གི་བདུད་རྩིས་རྟག་ཏུ་འཚོ་བ་དང་། །བཛྲ་ཀཱི་ལ་ཡ་ཡི་སྲིད་གསུམ་བསྒྲལ། །མི་གནས་མྱ་ངན་འདས་ལ་འགོད་པར་ཤོག །བསྟན་དང་བསྟན་འཛིན་དབུ་འཕང་དགུང་བས་མཐོ། །མཐུ་སྟོབས་ནུས་པ་བསྐལ་མེ་བཞིན་དུ་འབར། །ལོག་འདྲེན་བདུད་ཀྱི་སྡེ་ཚོགས་ཉམས་སྨད་ཅིང་། །བསྟན་པའི་རྒྱལ་མཚན་ཕྱོགས་ལས་རྒྱལ་གྱུར་ཅིག །སརྦ་དཱ་མངྒ་ལཾ། ཅེས་པའི་དེབས་ཡིག་འདི་ཡང་། ཤིང་ཕག་ལོར་མཁྱེན་བརྩེ་སྤྲུལ་སྐུ་དང་། སྡེ་དགེ་ཆོས་རྒྱལ་ཆེན་པོའི་སྐུ་ཚབ་གཉེར་ཟུར་པད་རྡོར། རྫོང་གསར་བླ་ཆོས། སྤྱི་པ་ལྷན་རྒྱས་ཀྱིས་གཏན་འབེབས་བགྱིས་ནས་གསལ་བར་བཀོད་པ་དགེ་ལེགས་སུ་གྱུར་ཅིག །ཤུ་བྷཾ།། །། ༈ གོང་གི་མ་ཡིག་ནང་མ་འཁོད་པ་སྐྱབས་རྗེ་རིན་པོ་ཆེའི་མདུན་ནས་གསར་བཞག །གསེར་དངུལ་བཀྲ་མའི་རྐང་གླིང་ཚ་ཤད་ཤུབ་འབྱར། གཏོར་སྣོད་དངུལ་གཞོང་གསེར་ཤན་ཅན། སྤོས་ཕོར་ཆུང་༡དངུལ་ཐག་བྱེ་རུ་ལྔ་པུ་ཤེལ་གཅིག །ཨོ་རོ་སུའི་རྒྱ་གསེར་འཆམ་གོས། གསེར་ཞྭ་༡ཏོག་ལ་སྐྱོན་ཅུང་ཡོད། དངུལ་གྱི་ཆུ་བུམ་སྤུས་ལེགས། མཛོད་ཚེ་དཔལ་ནས་གནང་བའི་སྟག་ལྤགས་སྤུས་ལེགས། ༣གཉེར་པད་རྡོར་རོལ་མོ་སྤུས་ལྡན། བྱ་མོ་ཚང་གི་རོལ་མོ།། །།}} | ༄༅། །ན་མོ་གུ་རུ་བཛྲ་ཀུ་མཱ་ར་ཡ། བདེ་སྟོང་རྡོ་རྗེ་ནམ་མཁའི་སྐུ་ཅན་བརྟན་གཡོ་ཀུན་ཁྱབ་མི་འགྱུར་སྲོག །དེ་གང་རང་བཞིན་འབར་བའི་ཕྱག་རྒྱ་སེམས་དཔའ་རྡོ་རྗེ་འཛིན་རྒྱལ་ནི། །སྙིང་རྗེས་རབ་ཁྲོས་གར་དགུའི་ཉམས་ལྡན་ས་གསུམ་ཀུན་ན་གར་མཛད་པ། །བདུད་ཀྱི་སྡེ་འདུལ་བགེགས་རྣམས་སྐྲག་མཛད་བླ་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་རྒྱལ། །ཨོ་ཌྱཱྀ་ནའི་གྲུབ་རིགས་རྒྱ་མཚོ་ཡི། །དེད་དཔོན་གཙུག་གི་ནོར་བུ་པདྨ་འབྱུང་། །གྲུབ་ཐོབ་བྱེ་བས་ཞབས་བརྟེན་པདྨོ་ལ། །གུས་བཏུད་རྒྱལ་དབང་པདྨ་ལས་གྲོལ་མཆོད། །རྡོ་རྗེའི་རིགས་འཛིན་རྡོ་རྗེའི་སྐུ་བརྙེས་ཤིང་། །རྡོ་རྗེ་གཞོན་ནུའི་རྡོ་རྗེའི་གསེང་ལམ་ལས། རྡོ་རྗེའི་གྲུབ་བརྙེས་རྡོ་རྗེ་གསུམ་མཆོག་དང་། དབྱེར་མེད་བརྒྱུད་གསུམ་བླ་མའི་ཚོགས་ལ་འདུད། ས་གསུམ་འདི་ན་མཚུངས་ཟླ་ཀུན་བྲལ་གླིང་བཞིའི་དབུས་ན་ལྷུན་པོ་ལྟར། །རྒྱལ་བསྟན་ཡོངས་རྫོགས་བཤད་དང་སྒྲུབ་པས་གངས་ལྗོངས་ཆོས་ཀྱི་ཕུང་པོར་བསྐྲུན། །མུ་སྟེགས་གླང་པོའི་ཀླད་པ་འགེམ་མཛད་ཕྱོགས་ལས་རྣམ་རྒྱལ་ས་སྐྱ་པ། །སྙན་པའི་བ་དན་འཇིག་རྟེན་གསུམ་གྲགས་སྐྱོབ་པ་མཆོག་དེས་བདག་སྐྱོངས་ཤིག །ཅེས་དགེ་ལེགས་སུ་བྱ་བའི་ཚིག་གིས་མེ་ཏོག་གི་མདུན་བསུས་ནས། འདིར་ཀུན་མཁྱེན་རྒྱལ་བ་ཤཱཀྱ་སེང་གེའི་བསྟན་པ་རིན་པོ་ཆེ་དར་ཤིང་རྒྱས་པ་དང་། ཁྱད་པར་དུ་འཇམ་པའི་དབྱངས་དཔལ་ལྡན་ས་སྐྱ་པ་ཆེན་པོའི་མདོ་སྔགས་ཀྱི་བསྟན་པ་ཡུན་དུ་གནས་པ་དང་། འཁོན་གདུང་རིན་པོ་ཆེ་ཁྱད་པར་འཕགས་པ་ཆད་མེད་དུ་བྱོན་ཅིང་། ད་ལྟར་བཞུགས་པ་རྣམས་ཞབས་པད་བརྟན་ཅིང་། འཁོར་ལོ་གསུམ་གྱི་མཛད་ཕྲིན་ཕྱོགས་བརྒྱར་འཕེལ་བ་དང་། བསྟན་པའི་སྦྱིན་བདག་ཆེན་པོ་རྣམས་དབུ་འཕང་མཐོ་ཞིང་། ཁྱད་པར་སྡེ་དགེ་ལྷ་རིགས་ཆོས་རྒྱལ་ཆེན་པོའི་ཆབ་སྲིད་ཀྱིས་རྩ་ལག་བརླིངས་ཤིང་ཕན་བདེའི་སྣང་བ་རྒྱས་པ་དང་། དེ་རྣམས་ལ་འཁུ་བའི་ནག་ཕྱོགས་ཀྱི་བདུད་དང་དམ་སྲི་རྒྱལ་འགོང་ཀླ་ཀློའི་བར་དུ་གཅོད་པ་རྣམས་གཞོམ་པར་བྱ་བའི་ཕྱིར་ཁྲོ་རྒྱལ་སྟོབས་འདུས་ལྷ་མཆོག་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་འཁོན་སྟོན་ཀླུ་དབང་སྲུང་བ་ལ་གནང་བ་ནས། དེང་སང་གི་བར་ལྷག་པའི་ལྷ་མཆོག་འདི་ལ་བརྟེན་ནས་སྔགས་འཆང་གྲུབ་བརྙེས་རིག་འཛིན་རྩལ་འཆང་མཐུ་སྟོབས་ནུས་པའི་དབང་ཕྱུག་བར་མ་ཆད་དུ་བྱོན་པའི་འཁོན་ས་སྐྱ་པའི་ཡབ་ཆོས་ཐུགས་དམ་ཕུར་པའི་སྒྲུབ་མཆོད་ཆེན་པོ་གངས་ཅན་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་བཀའ་བབ་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པའི་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཟབ་དགོངས་རྫོགས་ཕྱིར། དེ་ཉིད་ཀྱི་ཕྲིན་ལས་ལ་དབང་འབྱོར་དུ་མིང་གི་དབང་བསྐུར་ཐོབ་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས། རབ་བྱུང་བཅུ་དྲུག་པའི་གནམ་ལོ་ཐོག་མར་ཚེས་པའི་མེ་ཡོས་ལོར་བླ་བྲང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་རས་བྲིས་སྒྲུབ་མཆོད་བྱས་ཤིང་ས་འབྲུག་ལོར་འདུ་ཁང་ཆེན་པོར་སྤྲོས་བཅས་རྡུལ་ཚོན་ལ་བརྟན་པའི། སྒྲུབ་མཆོད་རྒྱས་སྤྲོས་ཉིན་བཅུ་གཉིས་འཛུགས་པའི་སྒྲུབ་ཆས་དང་། གར་འཆམ་བཅས་ཀྱི་ཐོ་དང་གཏེང་དེབས་རྟེན་རྩ། དེའི་སྐྱེད་འགྲེས་ཀྱི་བགྱིད་སྒོ་ཇི་ལྟར་དགོས་ཚུལ་བཅས་ཀྱི་དེབ་གསལ་བར་བཀོད་པ་ལ། རྔ་རོལ་སིལ། དུང་རྒྱག །འཆམ་ཆས་སྐོར་ཕུར་སྒྲུབ་འཚོགས་རིང་ལ་རང་རང་ལ་རྩིས་སྤྲོད་པ་ལྟར། ལག་ཚགས་གཅེས་སྤྲས་ཀྱི་བོར་བརླག་ཆག་གྲུམ་སྐྱོན་ཤོར་རྣམས་གསར་བཟོ། ཚབས་འཛུགས་སྔ་མ་དོ་ངེས་བཙུགས་པ་ལས། སྤུས་ཞན་བྱས་ལོ་མི་ཆོག་པ། བླ་ཆོས་གྲྭ་སྤྱི་གསུམ་དང་མཆོད་དཔོན་གཉིས་བཅས་ནས་འགན་ཧྲིལ་ལེན་ཚགས་སུ་ཚུད་ངེས་དགོས་པ་བཅས། ཐོག་མར། ཞལ་ཐང་ལ། ཀྱེ་རྡོར། བདེ་མཆོག །གསང་འདུས་མི་བསྐྱོད་པ། དཔལ་དུས་ཀྱི་འཁོར་ལོ། འཇིགས་བྱེད་ལྷ་བཅུ་གསུམ་མ་བཅས། རྒྱུད་སྡེའི་ཐང་སྐུ་ཆེ་ལྔ། མཁའ་སྤྱོད་ཞིང་བཀོད་བཅས་དྲུག་ལ། གཙོ་ཐང་ལྕིམ་ཁབ་སྔོན་པོ་ཤིན་ཏུ་རྒྱུ་བཟང་། གཞན་རྣམས་ཇུས་ལྗང་གུ་ནི་གོང་ཤམ། ལིང་སེར་ཞལ་ཁེབ། དྲིལ་ཏོག་རག་གསེར། འདོག་ལུང་དངུལ་ལས་བྱས་པ། ཐང་སྒམ་ཤན་ལྕག་གསེར་ལས་བྱས་པ་སྤུས་ལྡན། མགོན་ཐང་གཉིས་གཟབ་སྒྲེས། ལྕགས་གསེར་བཀྲ་མའི་བསྒྲིལ་ཏོག །རྒྱལ་ཆེན་བཞིའི་ཞལ་ཐང་ལ། བཟང་གོས་གོང་གཤམ། རག་གི་བསྒྲིལ་ཏོག །ཧུ་ཚུས་ཞལ་ཁེབ་ཅན། འཇམ་དབྱངས་མི་གཟུགས་སུ་བྱོན་པ་ས་སྐྱ་པ་སྐྱབས་མགོན་༧གོང་མ་ཁྲི་འཛིན་དྲག་ཤུལ་རིན་པོ་ཆེས་རྩལ་བའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སྒྲུབ་ཕུར་ཤེར་ཤིང་ལས་གྲུབ་པ་བརྐོས་མ་སྒྲོས་ལྡན་ལ་ཤུ་ཚང་སྣ་ལྔ་ཁ་ཚར་ཅན་གྱི་ན་བཟའ་བཅས་དམ་ལྡན་ཁྱད་འཕགས་བྱིན་ཆེ་གཅིག །གོང་མའི་མནབ་འབག་བྱིན་ལྡན་སྒྲོས་ལེགས་ལ་ཤིང་བརྐོས་ནོར་བུའི་རྩེ་བྲན། བཟང་གོས་སྣ་ལྔའི་རྩེ་བྲན་ཅན། ན་བཟའ་ཤུ་ཚང་སྔོན་པོ་དང་། ཨ་ཤེ། སྒྲིལ་ཚར་ཟངས་གསེར་ལས་གསར་བཞེངས་རྡོ་རྗེ་གཞོན་ནུའི་སྐུ་ཕྱག་མཚན་མེ་རི་བཅས་ཆ་ཚང་ཁྲུ་གང་པ། ཕུར་པ་ཙནྡན་དམར་པོ་ལ་བརྐོས་པའི་གཙོ་ཕུར་ལྕགས་གསེར་བཀྲ་མའི་གཤོག་པ་ཅན་ཆེ་ཕུར་གདན་ཤིང་མཚོན་ཅན། སྐྱོན་མེད་དང་། ཙན་དམར་ལས་བརྐོས་པའི་ཕུར་པ་ཁྲོ་བོ་བཅུ། ཟ་གསོད་ཉི་ཤུ། སྒོ་མ་བཞི་བཅས། རང་རང་ཕྱག་མཚན། ལྕགས་གསེར་བཀྲ་མའི་གཤོག་པ་ཅན་ཕུར་གདན་རྡོ་མཉན་བརྐོས་མ། སེང་ལྡེང་ལས་བརྐོས་པའི་དབང་ཕྱུག་ཉེར་བརྒྱད་དང་དམ་ཅན་བཅུ་གཉིས་བཅས་ཀྱི་གདབ་ཕུར། རྒྱ་མདུད་ཅན་རྡོ་མཉན་ཕུར་གདན་བཅས། སྲས་མཆོག་རིགས་ལྔའི་ཕུར་པ་ལྔ་ལ། ཤུས་ཚང་ཁ་དོག་ལྔ། གོས་སྣ་ལྔ་རེའི་ཅོད་པཎ། ཡུངས་ཀར་ཐུམ་བཅས་རྟགས་འབྱར། ལྕགས་གསེར་བཀྲ་མའི་ཕུར་གདན་གཅིག །དངུལ་བུམ་རག་གསེར་ཁ་མཆུ་ཅན་ཤིན་ཏུ་སྒྲོས་ལྡན་ཆ་གཅིག་ཤུབ་འབྱར་སྒྲོ་ཤུབ་དེ་མཚུངས་ཆ་ལ་རེ་རེ་གཡུ་བྱེར་ཕྲ་གཉིས་རེ། ཙནྡན་ཆུ་འཛིན། བཟང་གོས་གསེར་མ་སྤྲས་པའི་ཕྱི་ནང་གསུམ་རེ་ནང་ཤ་བཟང་གོས་ཅན་བུམ་གོས་གཉིས་བུམ་གདན་ཐོར་རྣམ་པདྨ་འདབ་བརྒྱད། བུམ་སྒྲོ་ཆེ་ལེགས། གཟུང་ཐག་དངུལ་གྱི་རྡོ་རྗེ་དང་། བྱེ་རུ་ཆུང་དྲུག་ཅུ་རེ་ལྔ་ནང་ཕྱ྄ེ༵་འདྲ་ཆུང་གཅིག་ཡོད་གཡུ་རིལ་ཆེ་ཆུང་གཉིས། གཟི་སྟག་སོ་ཅན་གཅིག །མུ་མན་གཅིག །སྤེལ་ཤེལ་གཅིག །བྱེར་ཞིབ་དོ་ཤལ་དྲུག་གི་ཛར་ལྡན། དུང་ཆོས་ལྕུག་ར་བཅས་ཀྱི་སྣོད་འབྱར་མ། བུམ་ལྕོག་བཟང་གོས་ཤོ་ཁྲིག་མར་ཉིང་ཁྲུས་དམར་སྨུག་མཐའ་ཤན་འཇའ་ཅན་ཁ་གསར་ལ་སྒྲིལ་ཚར་ལྡན་པ། དངུལ་གྱི་གཏོར་འགུ་ཆེ་ལེགས་ལ་མཆུ་ཤུབ་གསེར་གན་བརྡུང་གཡུ་དྲུག་དཀར་ཕྲ་ཡོད་པ། དངུལ་ཐེབས་བདུན་བཅས་ཤུབ་འབྱར། ཉི་ཕྱིས་དུང་ཡོར་བཞི་ནང་གསུམ་ལ་གས་སྐྱོན་ཕྲན་བུ་རེ། ཟངས་ཀྱི་བུམ་པ་དངུལ་གྱི་འབུ་རིས་ཅན་ཤུབ་འབྱར་ཆ་གཅིགབུམ་པ་དངུལ་གྱི་ཁ་མཆུ་དང་ཞབས་སྟེགས་ཅན་ཆ་གཅིགབཟང་གོས་ལྷན་གྲུབ་ཅན་གྱི་དྲག་མཆོད་འདི་རྣམས་བཙུད་ས་སྒམ་ཆུང་གཅིག །ཤར་དྲུག །རྟགས་བརྒྱད་ཆུང་བ་གཅིག །སྣ་བདུན་དཔེ་འབྲིང་ཆ་གཅིག །མདའ་དྲྭ་ཚོན་སྐུད་གྲུ། མདའ་བཅུ་ལ་མདའ་དར་ལིང་ཁ་བབ་དམ་འབྱར་བཅུ། རག་གསེར་གྱི་མེ་ལོང་ཆུང་བཅུ། རས་སྔོ་ཁྲ་འདི་ལ་སྤྲུས་ཀྱི་སྐྱོན་བཅུ་གཉིས་ཙམ་འདུག །རྒྱུད་བཟང་བཏེགས་ཁེབ་གཅིག །རས་ཁྲ་བསྒྲིགས་ཀྱི་སྟེགས་ཁེབ་ཁ་བབ་ལ་བུག་སྐྱོན་ཡོད་པ། རོལ་མོ་ཕུར་སྒྲུབ་སྐབས་སུ་རྒྱུན་བརྡུང་ཉི་ཟེར་འགག་མ་སྤུས་ལྡན་ཁྱད་ནམ་ཅན་ཆ་གཅིག །བར་ཚང་། རྒྱ་ནག་ཆུ་འཁོར་མ་སྦུབ་ཆལ་ཆེ་གཅིག །བར་ཚང་། འཆམ་རོལ་རྒྱ་སྦུག་ཆེ་ཤིན་ཏུ་རྒྱུ་བཟང་སྤུས་ལྡན། བར་ཚང་བཟང་གོས། ཟར་བབ་གདོང་བསྒྲིལ་ཅན། ཕྱི་བསྒྲིལ་རྩི་ཁྲུས་དང་། ཨོ་རོ་སུ་ཡི་རས་དམར་སྨུག །བྲུབ་འཆམ་ལ་མཁོ་བོའི་ལྕགས་ཐོག་གསེར་དངུལ་བཀྲ་མའི་གདབ་ཕུར་གསུམ། དངུལ་གར་བླུག་སྨན་རག་ཆ་གཅིག་གདན་ཁེབ་རག་གསེར་ལ། ཏོག་བརྩབ་བྱེ་རུ་རེ་རེ་བཅས་སྤུས་ལྡན། དངུལ་གྱི་སྦྲེན་ཐུར་ཆ་གཅིག་གཡུ་བྱེར་ཕྲ་ལྡན། རྣམ་ལྔ་ཆས་དངུལ་གྱི་ཏིང་ཕོར་ཆེ་བཞི་ལ། ཟངས་གསེར་གྱི་སྟེགས་བཞི། བཟང་གོས་གོར་བུ་བཞི། ཟངས་གསེར་སྤོས་ཕོར། སྤོས་དབྱུག་དཀྲིས་ཅན། ཟངས་གསེར་མེ་བུམ་གཅིག །དངུལ་གྱི་མཚན་ཐུབ་གཅིག །བུ་སྤྲུག་ནས་བཞག་པའི་དངུལ་ཏིང་ཆེ་ལེགས་བདུན་ཆ། ཕུག་གཏོར་དང་ས་ལྷ་གཏེར་མར་འཛུགས་རྒྱུ་མདའ་དྲུག །གཏོར་གདུགས་ཧུ་ཚུས། དཀར་སེར་པོ་ཤར་གཉིས། ལྗང་ལིང་སྔོན་བཅས་ཤར་ལྔ་དམ་འབྱར། ཧུ་ཚུས་དམར་ཁ་ཕྱེད་དོ་ལ་ཕྱག་དམ་མེད། ཚོགས་ཆང་སྣོད་ཐོད་པ་དངུལ་ཤན་ཅན། དངུལ་ཕྱི་ཕུད་ཁག་བྱེར་ཕྲ་གཉིས་ལྡན། གུར་ཡུངས་ཐུན་རྫས་སྣོད་ལྕགས་གསེར་བྲབ་སྤར་ལྷུ་གསུམ་པ་སྤུས་ལྡན། འཇམ་མགོན་ངག་དབང་ལེགས་གྲུབ་ཀྱི་ཕྱག་ཌར་བ་སོའི་ཌཱ་མ་རུ། དབྱིབས་དངུལ་དཀྲིས་ཅན་བྱེ་ཕྲ་གསུམ། གཡུ་ཕྲ་དྲུག །གོས་ཅན་ཌར་ཕན་ཛར་ལྡན་པ། གཟི་ནར་སྟག་སོ་གཅིག །བྱེ་རུ་དཀྲུག་མ་གཅིག་ལ་གས་སྐྱོན་གཉིས་དངུལ་གྱི་སྤྱི་བླུགས་མཆུ་ལ་གཡུ་ཕྲ་བྱེར་གས་མདའ་ཡོད་ཕྲ་གཉིས་ཡོད་པ་གཅིགབསྒྲལ་ཆས་ལྕགས་གསེར་བཀྲ་མའི་ཐོ་བ་གྲུ་གསུམ་ཡུ་བ་ཅན། ཆུ་གྲི་ཡུ་བ་ཆུང་སྲིན་རྡོ་རྗེ་ལྕགས་བརྐོས། སྤྱི་ཆུང་ནས་གསར་བཞག་གསེར་སྐྱེམས་སྣོད་དངུལ་ལྡེར་འདེགས་སྲང་བཅོ་ལྔ་ཡོད་པ་གཅིག །ཚ་གསེར་བྱ་བུམ་ཕུད་ཕོར་སྡེ་རུ། ཕུད་ཁབ་བྱེ་ཕྲ་སྤུས་ལྡན་ཟངས་གསེར་ཅན་གཅིག །སྨན་རག་སྣོད་རག་གི་ཐོད་པ་ཆུང་ངུ་ཁེབ་མེད་བརྒྱད་ཅུ། དཀྱིལ་འཁོར་ཡོལ་གོས་ཆེན་སེར་པོ་སྤོས་རྒྱ་རིས་ཞིང་དགུ་ཡོད་པ། འཇའ་གཉིས། གོང་བ་ཧུ་ཚུས་དམར་པོའི་ཕུར་མ་ཨ་ལུང་ནང་ཤ་བཅས་ཆ་འཛོམས་སྤུས་ལྡན་ཤར་གཉིས་བཟང་གོས་བཀྲ་མའི་རྒྱལ་མཚན་བཞི་ལ་མགོ་ཕོར་ཤིང་གོར་བཞི། འཕན་ཤར་བཞི། དཀྱིལ་འཁོར་སྟེང་བཟང་གོས་ཀྱི་གདུགས་ཆེན་ཧུ་ཚུས་དཀར་པོའི་ཕུར་མ་ཅན་ཟངས་གསེར་ཏོག་ལྡན་ཟི་དཀར་མགོ་ཕོར། ཤིང་གི་གདུགས་རྩིབ་བཅས། བུ་སྤྲུག་ནས་འཆམ་པ་བཞི་བཅུ་ཞེ་གཅིག་ལ་གོར་བརྒྱད་རེས་བརྡུངས་པའི་བྷནྡྷ་ཟངས་ཀྱི་ནང་ཤར་འབྱར་མ་བཞག་པ་གཤམ་འཆམ་ཆས་ཁོངས་འཁོད། སྲས་མཆོག་རིགས་ལྔའི་རྒྱན་ཤིང་ལྔ། ས་གཏོར་རྒྱན་ཤིང་ཚོན་མ་གཅིག །དམ་རྫས་རྩེ་བྲན་བཅུ། བསྐང་གཏོར་རྒྱན་ཤིང་བཅུ། རྒྱན་གོར་ཆེ་ཆུང་སུམ་ཅུ་སོ་བདུན། དྲག་བཤོས་རྩེ་བྲན་གཉིས། དབང་ལྔའི་ཆས་རྒྱན་ཤིང་བདུན། སྲས་མཆོག་གཏོར་གདན་ཚོན་ཕྲ་ཅན་ལྔ། ས་གཏོར་གདན་ཚོན་མ་སྤུས་ལེགས། ཞི་དྲག་གཉིས་དང་དབང་ལྔའི་གདན་ཚོན་ཁྲ་ཆུང་གསུམ། དམ་རྫས་དང་བསྐང་བ་གཉིས་ཀྱི་གདན་རྒྱ་འབོ་བཞི། གོས་སྒོམ་སྐྱ་མ་ཆེ་ཆུང་གསུམ། གཞི་ཁྲི་ཚོན་ཁྲ་ཅན་མཐོ་དམན་གཉིས། གཞི་གདན་ཤིང་ལེབ་རིང་གཉིས། གཏོར་ཚད་ཤིང་ཏྲིལ་བུ་ལྔ། ཚོགས་གདན་ཤིང་ལེབ་སྒོ་སྲོག་ཅན་གཉིས། རྒྱན་གདན་མཁྲིག་ལེབ་ཤར་གཅིག་བཅས་དང་། འཆམ་ཆས་ལ། བླ་མའི་འབག་བྱིན་ལྡན་གང་གསལ། གཟབ་སྤྲོས་སྐབས་སྐུ་བེར་ཨོ་རོ་སུའི་རྒྱ་གསེར་གཞི་ཚོན་མ་འཇའ་ཟར་བབ་དང་ཧུས་སྔོ་ནག་འཇའ་ཅན། གསེར་ཞྭ་ནམ་མཁའ་རབ་འབྱམས་ཞྭ་ཏོག་ལ་སྒྲོ་གོར་གྱི་རྗེས་སྐྱོན་ཡོད་པ་གཅིག །སྟོད་ཁེབས་གོས་སེར་གསེར་རིས་ཅན་དྷོ་གོར་གཅིག །གོས་ཡ་ཤི་ནག་པོའི་གཞི་ལ་ཁྲོ་ཞལ་ལྡན་པའི་སྟོད་ཁེབ་རྒྱབ་མདུན་ལ་རུས་བརྐོས་བྱང་བུ་དགུ་རེ་ཡོད་པའི་རུས་རྒྱན། རྒྱབ་དར་ཧུ་ཚུས་འདོམ་རེ་ཞིང་གསོན་མདོག །དཀར་སེར། དམར་ལྗང་། སྔོ། རག་གསེར་ཕུར་པ་རྒྱ་མདུད་ཅན། ཕུར་དར་ཧུ་ཚུས་ཞིང་གསོན་འདམས་ཕྱེད་རེ་ཡོད་པའི། དཀར། སེར། དམར། ལྗང་། སྔོ། གསེར་ཐེབ་དར་ཧུ་ཚུས་ཞིང་བརྐས་ཀྱི་ཕྱེད་ལ་ཁ་གསུམ་ལྷག་རེ་ཡོད་པའི། དམར་ལྗང་སེར་སྔོ་གདུགས་དར་སྔོན་པོ་ཞིང་བརྐས་ཅན་ལ་ཁ་དོ་རེ་མེད་པ་རེ། གསེར་རྔ་གཉིས། རྔ་ལྕགས་སྦ་ཡུ་ཆུ་སྲིན་ཤིང་བརྐོས་ཚོན་མ། རྔ་དར་ཧུ་ཚུས་དམར་སེར་ཞིང་གསོན་ཁ་གང་ལྷག །དངུལ་གྱི་མེ་ལོང་ཆེ། མེ་ལོང་དར་ཧུ་ཚུས་དམར་པོ་ཞིང་གསོན་ཁ་དོ་མེད་རྩམ། ལྕགས་གསེར་རལ་གྲི་ཡུ་བ་རག་གསེར་ནོར་བུ་ཅན། གྲི་དར་ཧུ་ཚུས་དམར་པོ་ཁ་ལྔ། སྐེད་དར་ནང་མཛོད་ཤར་གཅིག །དངུལ་ཐོད་ནང་ཟང་ཅན། བྷནྡྷ་གཅིག །སྟོང་སྐུད་ནག་པོའི་བྷན་ཚར། བྷན་དར་ཧུ་ཚུས་ངུར་སེར་ཞིང་གསོན་ཁ་ཕྱེད་དྲུག །སྟོང་སྐུད་ནག་པོའི་སྐྲ་ཚབ་སྤུ་མ་ནག་པོའི་མགོ་ཕོར་ལ་རས་དཀར་ནང་ཤ་ཅན། སྤང་ཁེབ་གོས་ནག་ཁྲོ་ཞལ་ཅན་མཐའ་ལ་སྟོང་སྐུད་ཁ་དོག་ཛར་ལོ་ཡོད་པ། དྲི་ལེན་སྤང་ཁེབ་ཁྲུས་རས་དཀར་པོ། རྒྱུན་ཚར། རྒང་ཐུར་གཉིས་༡ལ་སྐྱོན་ཡོད། དངུལ་མེ་ཆུང་། སྒྲོ་ཐིག་ཉི་ཤུ་ཡོད་པའི་སྒྲོ་གོར་གཅིག །རྨ་བྱའི་སྒྲོ་ཤར་བཞི་བཅུ་ཞེ་བརྒྱད་བཅས།། །། ༈ འཆམ་མགོ་མཐའ་གཉིས་ལ། གསེར་ཞྭ་ནམ་མཁའ་རབ་འབྱམས་ཏོག་ལ་སྐྱོན་ཕྲན་ཡོད༡། རས་འདག་ཚོན། ཞྭ་གསར་བཟོས༡། གསེར་རྔ་གཉིས་རེ། འཆམ་དཔོན་རྔ་ལ་བུག་སྐྱོན། འབག་སྒམ་ཨང་གཅིག་པ་དང་། ༤༡གཉིས་ནང་། འཆམ་གོས་སྔོ་ནག་ཚོན་སྐུད་གསེར་རིས་འབྲུག་མ་ཟི་དཀར་ནང་ཤ་ཆ་འགྲིགས། སྟོད་ཁེབ་གོས་རྟ་པག་དམར་པོའི་རྡོ་གོར་ཆ། གོས་སྔོན་གཞི་ཅན་ཁྲོ་ཞལ་ཡོད་པའི་སྟོད་ཁེབ་ཆ། རུས་རྒྱན་བྱང་བུ་བརྐོས་མ་དགུ་རེ་ཡོད་པའི་རུས་རྒྱན་པོ་རལ་ཁ་གཉིས། རྒྱབ་དར་ཧུ་ཚུས་ཞིང་གསོན་འདོམ་རེ་ཡོད་པ། དཀར། སེར། དམར་པོ་ལ་བུག་སྐྱོན་ཕྲན་བུ། ལྗང་། སྔོ་རག་གསེར་ཕུར་པ་རྒྱ་མདུད་ཅན་གཉིས་ལ། གཅིག་ལ་ལྕགས་ཀྱི་བཤུད་པ། ཕུར་དར་ཧུ་ཚུས་ཞིང་གསོན་འདམས་ཕྱེད་རེ་ཡོད་པའི་དཀར། སེར། དམར། སྡེ་སྐྱོན་ལྗང་། སྔོ། གདུགས་དར་ཧུ་ཚུས་དཀར་པོ་ཞིང་བཀས་ཁ་དོ་མེད། ཞྭ་དར་ཧུ་ཚུས་ཞིང་བཀས་དམར། སེར། སྔོ། ལྗང་བཅས་ཁ་ཕྱེད་རེར་ཁ་གསུམ་ལྷག་རེ། རྔ་ལྕགས་སྦ་ཡུ་ཆུ་སྲིན་ཤིང་བརྐོས་ཚོན་མ་རེ། རྔ་དར་ཧུ་ཚུས་དམར་སེར་ཞིང་གསོན་ཁ་གང་ལྷག་རེ། དངུལ་མེ་ཆེ་རེ། མེ་ལོང་དར་ཧུ་ཚུས་དམར་པོ་ཁ་གང་ལྷག་རེ། དངུལ་བྷན་ནང་ཟངས་ཅན་རེ། རུས་བྷན་རེ། སྟོང་སྐུད་ནག་པོའི་བྷན་ཚར་རེ། བྷན་དར་ཧུ་ཚུས་དམར་པོར་ཁ་བཞི་མེད་ཙམ་རེ། གཅིག་ལ་བུག་སྐྱོན་ཅུང་ཡོད། ལྕགས་གསེར་རལ་གྲི་ཟངས་གསེར་ཡུ་བ་རྡོ་རྗེ་ཅན་རེ། གྲི་དར་ཧུ་ཚུས་དམར་པོ་ཞིང་གསོན་ཁ་ཕྱེད་དྲུག་རེ་ཡོད་པ་ཤར་རེ། གཅིག་ལ་བུག་སྐྱོན་ཆུང་། སྐེད་དར་ཨ་ཤེ་རེ། སྟོང་སྐུད་ནག་པོའི་སྐྲ་ཚབ་འགོ་ཕོར་སྤུ་མ་ནག་པོ་ནང་ཤ་རས་དཀར་ཅན་རེ། གོས་ནག་གཞི་ཅན་སྤང་ཁེབ་ཁྲོ་ཞལ་མཐའ་ལ་སྟོང་སྐེད་སྣ་ཚོགས་ཚར་ལོ་ཡོད་པ་རེ། རྒྱུན་ཚར་རེ། སྒྲོ་ཐིག་༢༡རེ་ཡོད་པའི་སྒྲོ་གོར་གཉིས། རྒང་ཐུར་གཉིས་རེ། དངུལ་མེ་ཆུང་རེ། རྨ་བྱའི་སྒྲོ་ཤར་༢༠བཅས་དར་རྣམས་ལ་སྒྲིལ་ཚར་རེ།། །། ༈ ཡང་སྒམ་ཨང་གཉིས་པ་གསུམ་པ་གཉིས་ལ། འཆམ་གོས་སེར་པོ་ཚོན་སྐུད་གསེར་འབྲུག་ཅན་ཆ་གཅིག །སྟོད་ཁེབ་རྟ་པག་ལྗང་གུའི་སྦ་ལེ་ཆ། གཞི་གོས་ནག་ཁྲོ་ཞལ་ཅན་སྟོད་ཁེབ་ཆ། རུས་རྒྱན་རུས་ཕྲེང་གཉིས་གཤིབ་པོ་རལ་ཁ་རེ། རྒྱབ་དར་ཧུ་ཚུས་འདམས་རེ་ཡོད་པའི་ཞིང་གསོན། དཀར་སེར་དམར་ལྗང་སྔོ་རག་ཕུར་གཉིས་ཕུར་དར་ཧུ་ཚུས་འདོམས་ཕྱེད་རེ་ཡོད་པ་ཞིང་གསོན་སྣ་ལྔ། ཞྭ་དར་ཧུ་ཚུས་ཞིང་བཀས། དམར་སེར་ལྗང་སྔོ་རིང་ཐུང་ཁ་བ་གསུམ་པོར་གསུམ་རེ། གདུགས་དར་རེ་ཚུས་ཞིང་བཀས། དཀར་ལྗང་གཉིས་ཁ་དོ་མེད་དོ། །དར་རྣམས་སྒྲིལ་ཚར་རེ་རེ་ལྕགས་གསེར་རལ་གྲི་ཡུ་བ་ཤིང་བརྐོས་ཚོན་རྩི་ཅན་རེ། དངུལ་བྷན་ནང་ཟངས་ཅན་རེ། རུས་བྷན་རེ། སྟོང་སྐུད་ནག་པོའི་བྷན་ཚར་རེ། སྟོང་སྐུད་ནག་པོའི་སྐྲ་ཚབ་མགོ་ཕོར་ཡམ་བུ་རས་དཀར་ནང་ཤ་ཅན་རེ། རྔ་ལྕགས་སྦ་ཡུ་ཆུ་སྲིན་ཤིང་བརྐོས་ཚོན་མ་རེ། རྔ་དར་ཧུ་ཚུས་དམར་པོར་ཞིང་བཀས་ལ་ཁ་གསུམ་ལ་ཅུང་ཆག་རེ། རྒྱུན་ཚར་རེ། སྒྲོ་ཐིག་བཅོ་བརྒྱད་ཉེར་གཅིག་ཡོད་པ་གཉིས། སྒྲོ་གོར་སྣོད་ཟི་དཀར་ཁུག་མ། རྒང་ཐུར་གཉིས་རེ། དངུལ་མེ་ཆུང་རེ་བཅས་དང་། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། ༈ཡང་སྒམ་ཨང་བཞི་ལྔ་གཉིས་འཁོད་ལ། འཆམ་གོས་དམར་པོ་ཤིང་ལོ་གསེར་རིས་ཚོན་སྐུད་ཅན་ཆ་གཅིག །སྟོད་ཁེབས་རྟ་པག་དཀར་པོ་སྦ་ལེ་ཅན་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་མཚུངས་རྒྱབ་དར་སྣ་ལྔའི་ནང་གི་དཀར་པོ་ལ་ནག་དྲི་ཅུང་ཡོད། ཕུར་དར། ཞྭ་དར། གདུགས་དར། རྔ་དར་རག་ཕུར། དར་རྣམས་ལ་སྒྲིལ་ཚར་རེ། རལ་གྲི། རྔ་ལྕགས། རུས་རྒྱན། རུས་དངུས་བྷནྡྷ། བྷན་ཚར། སྐྲ་ཚབས་རྒྱུན་ཚར། སྒྲོ་ཐིག་བཅུ་དགུ། ཉི་ཤུ་རྩ་གཉིས་རེ་ཡོད་པའི་སྒྲོ་གོར་གཉིས། རྒང་ཐུར་དངུལ་མེ་ཆུང་བཅས་དང་། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ།། །། ༈ ཡང་སྒམ་ཨང་དྲུག་བདུན་གཉིས་འཁོད་ནང་། འཆམ་གོས་དཀར་པོ་ཤིང་ལོ་གསེར་རིས་ཚོན་སྐུད་ཅན་ཆ། སྟོད་ཁེབ་རྟ་པག་སྔོན་པོ་སྦ་ལེ་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་མཚུངས་རྒྱབ་དར། སྣ་ལྔ་དཀར་པོའི་སྣེར་བུག་སྐྱོན་ཆུང་། ཕུར་དར། ཞྭ་དར་གདུངས་དར། རྔ་དར། དར་རྣམས། སྒྲིལ་ཚར། རག་ཕུར། རལ་གྲི། རྔ་ལྕགས། རུས་བརྒྱན། རུས་དངུལ་བྷནྡྷ་གཉིས། བྷན་ཚར། སྐྲ་ཚབ། རྒྱུན་ཚར། སྒྲོ་ཐིག་ཉེར་གཉིས་རེ་ཡོད་པའི་སྒོར་གོར་གཉིས། རྒང་ཐུར། དངུལ་མེ། བཅས་དང་། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབགཨང་བརྒྱད་དགུ་གཉིས་ལ། སྒྲོ་ཐིག་ཉེར་དགུ་པོ་གཉིས་ཡོད་པའི་སྒྲོ་གོར་གཉིས། རྒང་ཐུར། དངུལ་མེ། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། དུར་ཁྲོད། ཟིང་དཀར་སྟོད་གོས་རེ། རྒྱབ་དར་ཧུ་ཚུས་སྣ་ལྔ་རེ། ཟིང་དཀར་སྨད་གོས་གཉིས། སྨད་གཡོག་གསེར་ཏྲམ་དམར་སྨུག་གོང་བ་མཇའ་དམར་སེར་ཅན་སྨན་ཚེ་དང་ལིང་དམར་སེར་སྨན་ཚེ་དང་ལིང་དམར་ཕུར་མ་ཉིས་བརྩེགས། རྒྱུ་མའི་སྐ་རགས་རེ་གདུགས་དར་གསེར་ཏྲམ་དམར་སྨུག་ཁ་ཕྱེད་རེ། ལག་ཤུབ་གཉིས་ལ་གཡས་སུ་ཐོད་དབྱུག་རེ། རས་ཚོས་གཉིས་མའི་བསྒྲིལ་ཚར་རེ། ཧ་ཤང་གི་གོས་མཛོད་གོས་སེར་པོ་ཁ་བབ་ནང་ཤ་གོས་ཆེན་སྔོ་ནག་རྒྱ་གོས་རག་གི་སྒྲོག་རྡིལ་བཞི་ཟེར་ནང་དངུལ་གྱི་སྒྲོག་རྡིས་གཉིས་ཡོད་བསྒྲིལ་ཚར་ཅན།། །། ༈ ཨང་བཅུ་པ་བཅུ་གཅིག་པ་འཁོད་པའི་སྒམ་ལ། འཆམ་གོས་སེར་པོ་ཚོན་སྐུད་སེར་འབྲུག་ཅན་རྒྱབ་སྟོད་གོས་སེར་སྤོས་རྒྱ་ཅན་ཆ། རྟ་པག་སྔོན་པོའི་སྦ་ལེ་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་མཚུངས་རྒྱབ་དར། ཕུར་དར་ཁ་དོག་ནང་ནས་དར་ལྗང་ལ་བུག་སྐྱོན་ཆུང་། ཞྭ་༤དར་གདུགས་དར་དཀར། རྔ་དར། དར་རྣམས། སྒྲིལ་ཚར། རག་ཕུར། རལ་གྲི། ལྔ་ལྕགསརུས་རྒྱན། རུས་དངུལ་བྷན་དྷ། བྷན་ཚར། སྐྲ་ཚབ། རྒྱུན་ཚར། སྒྲོ་ཐིག་ཉེར་བདུན། ཉེར་གཉིས་ཅན་སྒྲོ་གོར་གཉིས། ཤུབ་ཟི་དཀར་ཁུག་མ། རྒང་ཐུར། དངུལ་མེ། གསེར་ལྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཡང་ཨང་བཅུ་གཉིས་བཅུ་གསུམ་ལ། འཆམ་གོས་དམར་པོ་ཚོན་སྐུད་གསེར་འབྲུག་ཁོག་སྟོད་གསེར་ཏྲམ་དམར་སྨུག་ཅན་ཆ་གཅིག །སྟོད་ཁེབ་གོས་དཀར་པོ་ཚོན་སྐུད་ཤིང་ལོ་ཅན་སྦ་ལེ་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་མཚུངས་རྒྱབ་དར། ཕུར་དར། ཁ་དོག་ནང་ནས་གཅིག་སེར་པོའི་སྣེར་བུག་སྐྱོན་ཆུང་། ཞྭ་དར། གདུགས་དར་སྔོ། རྔ་དར་བཅས་ལ། སྒྲིལ་ཚར་རེ། རག་ཕུར། རལ་གྲི། རྔ་ལྕགས། རུས་རྒྱན་རུས་དངུལ་བྷན་དྷ་གཉིས། བྷན་ཚར། སྐྲ་ཚབ། རྒྱུན་ཛར། སྒྲོ་ཐིག་ཉེར་གཅིག །བཅོ་བརྒྱད། ཡོད་པའི་སྒྲོ་གོར་གཉིས། རྒང་ཐུར། དངུལ་མེ། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག་རེ།། །། ༈ ཨང་བཅུ་བཞི་བཅོ་ལྔ་གཉིས་འཁོད་སྒམ་ལ། འཆམ་གོས་སྔོ་ནག་ཚོན་སྐུད་གསེར་འབྲུག་ཅན་རྒྱབ་སྟོད་སྔོ་ནག་གསེར་ཏྲམ་ཅན་ཆ། སྟོད་ཁེབ་རྟ་པག་དམར་པོའི་སྦ་ལེ་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་འགྲིགས་ཀྱི་རྒྱབ་དར། ཕུར་དར། ཞྭ་དར། གདུགས་དར་སྔོ། རྔ་དར་བཅས་ལ་སྒྲིལ་ཚར། རག་ཕུར། རལ་གྲི། རྔ་ལྕགས། རུས་རྒྱན། རུས་དངུལ་བྷནྡྷ། བྷན་ཚར། སྐྲ་ཚབ། རྒྱུན་ཚར། སྒྲོ་ཐིག་ཉེར་གཉིས། ཉི་ཤུ་རེ་ཡོད་པའི་སྒྲོ་གོར་གཉིས། ཤུབ་ཟི་དཀར་ཁུག་མ། རྒང་ཐུར། དངུལ་མེ། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག་རེ།། །། ༈ ཡང་ཨང་བཅུ་དྲུག་བཅུ་བདུན་ཅན་ལ། འཆམ་གོས་སེར་པོ་ཤིང་ལོ་གསེར་རིས་ཚོན་སྐུད་ཅན་ཆ། སྟོད་ཁེབ་རྟ་པག་སྔོན་པོའི་སྦ་ལེ་ཆ། རྒྱུ་རྩ་ཁ་མདོག་རིང་ཐུང་གོང་མཚུངས། རྒྱབ་དར། གཅིག་སྔོན་པོའི་སྣེར་བུག་པ་ཆུང་གསུམ་ཡོད། ཕུར་དར། ཞྭ་དར། སེར་པོ་གཅིག་གི་སྣེར་བུག་སྐྱོན་ཆུང་ཡོད། གདུགས་དར་སྔོ། རྔ་དར་བཅས་རས་ཀྱི་སྒྲིལ་ཚར། རག་ཕུར། རལ་གྲི་ཤིང་བརྐོས། རྡོ་རྗེ་རྒྱ་གྲམ། ཤིང་བརྐོས་དྲིལ་བུ། རྔ་ལྕགས་རུས་རྒྱན། རུས་དངུལ་བྷནྡྷ། བྷན་ཚར། སྐྲ་ཚབ། རྒྱུན་ཚར། སྒྲོ་ཐིག་ཉི་ཤུ་དང་། ཉེར་གཅིག་ཡོད་པའི་སྒྲོ་གོར་གཉིས། རྒང་ཐུར། དངུལ་མེ། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈སྒམ་ཨང་བཅོ་བརྒྱད། བཅུ་དགུ་གཉིས་ལ། འཆམ་གོས་དམར་པོ་ཚོན་སྐུད་གསེར་རིས་འབྲུག་མ། རྒྱབ་སྟོད་གོས་དམར་སྨུག་གསེར་ཏྲམ་ཅན་ཆ་འགྲིགས། སྟོད་ཁེབ་དཀར་པོ་ཤིང་ལོ་ཅན་སྦ་ལེ་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་མཚུངས་རྒྱབ་དར། ཁ་དོག་ནས་སེར་པོའི་སྣེར་བུག་སྐྱོན་ཆུང་། ཕུར་དར་དམར་པོ་གཅིག་སྣེར་རལ་སྐྱོན། ཞྭ་དར། གདུགས་དར་སྔོ། རྔ་དར། རག་ཕུར། རལ་གྲི། ཤིང་བརྐོས་ལྕགས་ཀྱུ། རྔ་ཡབ། རུས་རྒྱན། རྔ་ལྕགས། རུས་དངུལ་བྷན་དྷ་གཉིས། བྷན་ཚར། སྐྲ་ཚབ། རྒྱུན་ཚར། སྒྲོ་ཐིག་ཉི་ཤུ། བཅུ་བདུན་ཡོད་པའི་སྒྲོ་གོར་གཉིས། ཟི་དཀར་ཁུག་མ། རྒང་ཐུར། དངུལ་མེ། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཡང་ཨང་ཉི་ཤུ་ཉེར་གཅིག་ཅན་ལ། འཆམ་གོས་ལྗང་ནག་ཤིང་ལོ་ཚོན་སྐུད་གསེར་རིས་ཅན། སྟོད་ཁེབ་དམར་སེར་གསེར་རིས་སྦ་ལེ་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་མཚུངས། རྒྱབ་དར་ཨང་ཉི་ཤུ་པའི་རྒྱབ་དར་ལྗང་བུག་སྐྱོན་ཆུང་། ཕུར་དར། གདུགས་དར་དཀར་དམར། རྔ་དར། བཅས་ལ་རས་ཀྱི་སྒྲིལ་ཚར། རག་ཕུར། རལ་གྲི། ཤིང་བརྐོས་མེ་རི། ཤིང་བརྐོས་དབྱུག་ཐོ། རྔ་ལྕགས། རུས་བརྒྱན། རུས་དངུལ་བྷནྡྷ། བྷན་ཚར། སྐྲ་ཚབ། རྒྱུན་ཛར། སྒྲོ་ཐིག་ཉི་ཤུ་ཉེར་གཅིག་ཅན་སྒྲོ་གོར་གཉིས། རྒང་ཐུར། དངུལ་མེ། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཨང་ཉེར་གཉིས་ཉེར་གསུམ་ཅན་སྒམ་ལ། འཆམ་གོས་སེར་པོ་ཚོན་སྐུད་གསེར་རིས་འབྲུག་མ་རྒྱབ་སྟོད་གོས་སེར་སྤོས་རྒྱ་ཅན་ཆ། སྟོད་ཁེབ་རྟ་པག་དམར་པོའི་སྦ་ལེ་ཆ། རྒྱུ་རྩ་རིང་ཐུང་གོང་མཚུངས། རྒྱབ་དར། ཕུར་དར། ཞྭ་དར། གདུགས་དར་དམར། རྔ་དར་བཅས་རས་ཀྱི་ཕྱི་སྒྲིལ་རེ། རག་ཕུར། རལ་གྲི། ཤིང་བརྐོས་དབྱུག་ཐོ། ཤིང་བརྐོས་དགྲ་སྟྭ། རྔ་ལྕགས། །རུས་རྒྱན། རུས་དངུལ་བྷནྡྷ་གཉིས། བྷན་ཚར། སྐྲ་ཚབ། རྒྱུན་ཛར། སྒྲོ་ཐིག་བཅོ་བརྒྱད། ཉི་ཤུ་ཡོད་པའི་སྒྲོ་གོར་གཉིས། གཅིག་གི་ངོས་ནས་སྒྲོ་རྩའི་མེ་ཏོག་གཅིག་མེད། ཕྱི་སྣོད་ཟི་དཀར་ཁུག་མ། རྒང་ཐུར། དངུལ་མེ་བཅས་དང་། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཨང་ཉེར་བཞི་ཉེར་ལྔ་གཉིས་ལ། འཆམ་གོས་རྒྱན་བཞི་སྔོ་ནག་འབྲུག་མ་ཆ། སྟོད་ཁེབ་རྟ་པག་དཀར་པོའི་སྦ་ལེ་ཆ། ཡང་སྟོད་ཁེབ་གོས་ནག་གཞི་ཁྲོ་ཞལ་ཅན་ཆ་རྒྱུ་རྩ་རིང་ཐུང་ཁ་དོག་གོང་མཚུངས། རྒྱབ་དར། ཁ་དོག་ཡོད་ནས་ཨང་ཉེར་ལྔ་པའི་རྒྱབ་དར་སེར་པོའི་སྣེར་བུག་སྐྱོན། ཕུར་དར། ཞྭ་དར། སེར་པོའི་སྣེར་རལ་སྐྱོན། གདུགས་དར་དམར། རྔ་དར། ཕྱི་སྒྲིལ་བཅས། རག་ཕུར། རལ་གྲི། ཤིང་བརྐོས་རལ་གྲི་དང་། ཞགས་པ། རྔ་ལྕགས། རུས་རྒྱན། རུས་དངུལ་བྷན་དྷ། བྷན་ཚར། སྐྲ་ཚབ། རྒྱུན་ཛར། སྒྲོ་ཐིག་ཉེར་གཅིག །བཅོ་བརྒྱད་ཡོད་པའི་སྒྲོ་གོར་གཉིས། རྒང་ཐུར། དངུལ་མེ་བཅས་གསེར་རྔ་གཉིས། རས་འདག་ཚོན་ཞྭ་རེ། འབག། །། ༈ཨང་ཉེར་དྲུག །ཉེར་བདུན་གཉིས་ལ། འཆམ་གོས་བརྒྱན་བཞི་དམར་པོ་ཆ། སྟོད་ཁེབ་རྟ་པག་སེར་པོ་སྦ་ལེ་ཆ། རྒྱུ་རྩ་རིང་ཐུང་ཁ་དོག་གོང་མཚུངས། རྒྱབ་དར། ཁ་དོག་ནས་ཨང་ཉེར་དྲུག་པའི་རྒྱབ་དར་དཀར་པོ་ལ་དམར་ཚོས་ནག་ཐིག་སྐྱོན། ཕུར་དར། ཁ་དོག་ནས་ཨང་ཉེར་བདུན་པའི་དར་དཀར་པོ་ལ་དྲི་མས་སྐྱོན་ཕྲན་ཡོད། ཞྭ་དར། གདུངས་དར་དམར། རྔ་དར། རས་ཀྱི་ཕྱི་སྒྲིལ་རེ། རག་ཕུར། རལ་གྲི། སྦྲུལ་ཞག །ཤིང་བརྐོས་པད་མ། རྔ་ལྕགས། རུས་རྒྱན། རུས་དངུལ་བྷན་དྷ། བྷན་ཚར། སྐྲ་ཚབ། རྒྱུན་ཚར། སྒྲོ་ཐིག་ཉེར་གཉིས། བཅོ་བརྒྱད་ཡོད་པའི་སྒྲོ་གོར་གཉིས། ཟི་དཀར་ཁུག་མ་རྒང་ཐུར། དངུལ་མེ་བཅས། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཨང་ཉེར་བརྒྱད། ཉེར་དགུ་གཉིས་ལ་འཆམ་གོས་སེར་སྨུག་ཚོན་སྐུད་གསེར་འབྲུག་རྒྱབ་སྟོད་གོས་སེར་སྤོས་རྒྱ་ཅན་ཆ། སྟོད་ཁེབ་རྟ་པག་དམར་པོའི་སྦ་ལེ་ཆ། རྒྱུ་རྩ་རིང་ཐུང་ཁ་དོག་གོང་མཚུངས། རྒྱབ་དར། ཕུར་དར། ཞྭ་དར། གདུགས་དར་དམར། རྔ་དར། རས་ཀྱི་སྒྲིལ་ཚར། རག་ཕུར། རལ་གྲི། ཤིང་བརྐོས་རྡོ་རྗེ། འཁོར་ལོ། རྔ་ལྕགས། རུས་རྒྱན། རུས་དངུལ་བྷནྡྷ་གཉིས། བྷན་ཚར། སྐྲ་ཚབ། རྒྱུན་ཚར། སྒྲོ་ཐིག་ཉེར་གཅིག་སུམ་ཅུ་ཡོད་པའི་སྒྲོ་གོར་གཉིས། རྒང་ཐུར། དངུལ་མེ་ཆུང་བཅས་དང་། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཨང་སུམ་ཅུ། སོ་གཅིག་གཉིས་ལ་འཆམ་གོས་གོས་ཆེན་ལྗང་ནག་ཤིང་ལོ་གསེར་རིས་ཚོན་སྐུད་ཅན་ཆ། སྟོད་ཁེབ་རྟ་པག་དཀར་པོའི་སྦ་ལེ་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་མཚུངས། རྒྱབ་དར། ཕུར་དར། ཞྭ་དར། གདུགས་དར་ལྗང་དམར། རྔ་དར་རེ་བཅས་རས་ཀྱི་ཕྱི་སྒྲིལ། རག་ཕུར། རལ་གྲི། ཤིང་བརྐོས་རྒྱ་གྲམ་དང་། བེ་ཅོན། རྔ་ལྕགས། རུས་རྒྱན། རུས་དངུལ་བྷན་དྷ་གཉིས། བྷན་ཚར། སྐྲ་ཚབ། རྒྱུན་ཛར། སྒྲོ་ཐིག་བཅུ་དགུ། ཉེར་བརྒྱད་ཡོད་པའི་སྒྲོ་གོར་གཉིས། ཕྱི་སྣོད་ཟི་དཀར་ཁུག་མ། རྒང་ཐུར་དངུལ་མེ་བཅས། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཨང་སུམ་ཅུ་སོ་གཉིས། སོ་གསུམ་གཉིས་ལ། འཆམ་གོས་དམར་པོ་ཚོན་སྐུད་གསེར་འབྲུག་ཅན་རྒྱབ་སྟོད་གོས་དམར་སྨུག་གསེར་ཏྲམ་ཅན་ཆ། སྟོད་ཁེབ་རྟ་པག་སྔོན་པོའི་སྦ་ལེ་ཆ། ཡང་སྟོད་ཁེབ་གཞི་གོས་ནག་ལ་ཁྲོ་ཞལ་ཡོད་པ་ཆ། རྒྱུ་རྩ་རིང་ཐུང་ཁ་དོག་གོང་མཚུངས། རྒྱབ་དར། ཕུར་དར། ཁ་མདོག་ནང་གིས་ཨང་སོ་གཉིས་པའི་དར་དམར་པོ་ཟུར་ནས་རལ་སྐྱོན། ཞྭ་དར། གདུགས་དར་ལྗང་། རྔ་དར། རས་ཀྱི་ཕྱི་སྒྲིལ། རག་ཕུར། རལ་གྲི། ཤིང་བརྐོས་རྡོ་རྗེ་དང་། རྩེ་གསུམ། རྔ་ལྕགས། རུས་རྒྱན། རུས་དངུལ་བྷནྡྷ་གཉིས། བྷན་ཚར། སྐྲ་ཚབ་རྒྱན་ཛར། སྒྲོ་ཐིག་བཅོ་བརྒྱད། ཉི་ཤུ་རེ་ཡོད་པའི་སྒྲོ་གོར་གཉིས། རྒང་ཐུར་དངུལ་མེ་བཅས། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཡང་ཨང་སུམ་ཅུ། སོ་བཞི་སོ་ལྔ་གཉིས་ལ། འཆམ་གོས་སྔོ་ནག་ཚོན་སྐུད་གསེར་འབྲུག་ཅན་རྒྱབ་སྟོད་གོས་སྔོན་གསེར་ཏྲཾ་ཅན་ཆ། སྟོད་ཁེབ་དཀར་པོ་ཤིང་ལོ་ཅན་སྦ་ལེ་ཆ། རྒྱུ་རྩ་རིང་ཐུང་ཁ་དོག་གོང་མཚུངས། རྒྱབ་དར། ཕུར་དར། ཞྭ་དར། གདུགས་དར་ལྗང་། རྔ་དར། རས་ཀྱི་ཕྱི་སྒྲིལ། རག་ཕུར། རལ་གྲི། ཤིང་བརྐོས་ཕྱག་མཚན་ཐོ་བ་དང་། གཏུན་ཤིང་། རྔ་ལྕགས། རུས་རྒྱན། རུས་དངུལ་བྷནྡྷ་གཉིས་རེ། བྷན་ཚར། སྐྲ་ཚབ། རྒྱུན་ཚར། སྒྲོ་ཐིག་ཉི་ཤུ། ཉེར་གཉིས་ཡོད་པའི་སྒྲོ་གོར་གཉིས། ཕྱི་སྣོད་ཟི་དཀར་ཁུག་མ། རྒང་ཐུར། དངུལ་མེ་བཅས་དང་། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཨང་སོ་དྲུགསོ་བདུན་གཉིས་ལ། འཆམ་གོས་དཀར་པོ་ཤིང་ལོ་ཚོན་སྐུད་གསེར་རིས་ཅན། སྟོད་ཁེབ་རྟ་པག་སྔོན་པོའི་སྦ་ལེ་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་མཚུངས། རྒྱབ་དར། ཨང་སོ་བདུན་པའི་དཀར་ལ་རལ་སྐྱོན། ཕུར་དར། ཞྭ་དར། གདུགས་དར་ལྗང་། རྔ་དར། རས་ཀྱི་ཕྱི་སྒྲིལ། རག་ཕུར། རལ་གྲི། ཤིང་བརྐོས་ལྕགས་ཀྱུ། ཞགས་པ། རྔ་ལྕགས། རུས་རྒྱན། རུས་དངུལ་བྷན་དྷ། བྷན་ཚར། སྐྲ་ཚབ། རྒྱན་ཛར། སྒྲོ་ཐིག་བཅུ་བདུན། བཅོ་བརྒྱད་ཡོད་པའི་སྒྲོ་གོར་གཉིས། རྒང་ཐུར། དངུལ་མེ་བཅས། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག། །། ༈ཨང་སོ་བརྒྱད། སོ་དགུ་གཉིས་ལ། འཆམ་གོས་དམར་པོ་ཚོན་སྐུད་གསེར་འབྲུག །རྒྱབ་སྟོད་དམར་སྨུག་གསེར་ཏྲམ་ཅན་ཆ། སྟོད་ཁེབ་རྟ་པག་དཀར་པོའི་སྦ་ལེ་ཆ། རྒྱུ་རྩ་ཁ་དོག་རིང་ཐུང་གོང་མཚུངས། རྒྱབ་དར། ཕུར་དར། ཞྭ་དར། ཨང་སོ་བརྒྱད་པའི། དར་ལྗང་ཟུར་བུག་སྐྱོན། གདུགས་དར་ལྗང་། རྔ་དར། རས་ཀྱི་ཕྱི་སྒྲིལ། རག་ཕུར། རལ་གྲི། ལྕག་སྒྲོགས། ཤིང་བརྐོས་དྲིལ་བུ། རྔ་ལྕགས། རུས་རྒྱན། རུས་དངུལ་བྷནྡྷ། བྷན་ཚར། སྐྲ་ཚབ། རྒྱུན་ཛར། སྒྲོ་ཐིག་ཉེར་བཞི། བཅོ་བརྒྱད་ཡོད་པའི་སྒྲོ་གོར་གཉིས། ཕྱི་སྣོད་ཟི་དཀར་ཁུག་མ། རྒང་ཐུར། དངུལ་མེ་བཅས། གསེར་རྔ་གཉིས་རེ། རས་འདག་ཚོན་ཞྭ་རེ། འབག་བཅས་དང་། སྤང་ཁེབ་ཟི་ཁྲིམ་དཀར་པོ་ཁ་ཕྱེ་བཅུ་བཞི་རེ་ཡོད་པའི་ཞིང་གསོན་ཤར་བཞི། ལྕགས་གསེར་རལ་གྲི་ཤིང་བརྐོས་ཡུ་བ་ཅན་གཅིག །ཨ་རྩ་རའི་འབག་གཅིག །ཞ་མོ་གཅིག །ལིང་གདན་ཚོན་མ་ཆེ་གཅིག །བརྡའ་རོ། །གྲྭ་མང་ནས་བཞག་པའི་འགའ་ནག་ཁྲའི་ལིང་ཁེབ་གཅིག །ཧ་ཤང་ལ། བོ་དྷི་ཀྲུག་མའི་ཕྲེང་བ་ཆེ་གཅིག །ཟངས་ཀོང་། རས་འདག་ཚོན་མ། དགེ་བརྐོས་ལ་རྨ་བྱའི་སྒྲོ་དབྱུག་བཅས། །། ༈ཕུར་པའི་འགྲོ་སོང་གཏོང་སྒོ་དགོས་པ྄༵ར། མཆོད་ཆས་རྒྱན་མར་རྒྱ་ཉེར་གཉིས། མར་མེ་རྒྱ་མཆོད་རེ་ལ་རྒྱ་བཞི་རེ་རྩིས་པའི་ས་ཆོག་ཉིན་མར་མེ་ཉེར་ལྔ་ལ་རྒྱ་གང་། སྟ་གོན་ཉིན་མར་མེ་ལྔ་བཅུ་ལ་རྒྱ་དོ། དངོས་གཞི་ཉིན་དགུ་ལ་བརྒྱ་མཆོད་རེ་རྩིས་མར་རྒྱ་སུམ་ཅུ་སོ་དྲུག །དཀྱིལ་འཁོར་མདུན་ཞི་མཆོད་དྲག་མཆོད་གཉིས་ཀྱི་ཚེ་འབར་གཉིས་ལ་མར་རྒྱ་དྲུག །སློབ་དཔོན། བླ་མ་གསུམ། ཆོས་ཁྲིམས་གཉིས། མ་ཆེན། གཏོར་མ་བཅའ་སྐབས་མཆོད་དཔོན་བཅས་ལ་ཕྱེ་མར་རྒྱ་དགུ་ཇ་མར་ཉིན་རེ་རྒྱ་ཕྱེད་བརྒྱད་རེ་འབོར་རྒྱ་དགུ་བཅུ། ཉིན་བཅུ་གཉིས་ལ་མཆན་རྡོར་རྒྱ་ཉེར་བཞི། ཉིན་བརྒྱད་ལ་ཕྱེ་ཐུབ་རྡོོར་རྒྱ་བརྒྱད། བཀྲ་ཤིས་དགུ་བརྩེགས་རྣམས་ལ་ཕྱེ་མར་རྒྱ་གཅིག །ཚོགས་རྫས་གྲོ་སླས་བཟོ་དཔྱད་མར་རྒྱ་བརྒྱད། གོང་འབོར་མར་རིགས་ཕྱོགས་གཅིག་སྡོམ་པའི་འདིར་ཕན་སྡེ་དགེ་གཞུང་གི་མར་རྒྱ་ལྔ་བཅུ་བརྩིས་པའི་མར་རྒྱ་ཉིས་བརྒྱ་དང་བདུན། མ་གོར་ཆིག་སྟོང་དང་སུམ་ཅུ་སོ་ལྔ་ཐོབ། བསྐོལ་ཇ་བག་བཅུ་དྲུག་ལ་བག་རེ་ལ་གོར་ཕྱེད་བཞི་རེ་རྩིས་གོར་ལྔ་བཅུ་ང་དྲུག །དེ་ལ་མ་གོར་ཉིས་བརྒྱ་བརྒྱད་བཅུ་ཐོབ། ཡོན་འབུལ་བླ་གྲ་དགུ་བཅུ་ཕྱེད་གོ་གསུམ། གྲྭ་རེ་གོར་བཞི་རེ་རྩིས་གོར་སུམ་བརྒྱ་དང་བདུན་ཅུ། ཡང་རྣམ་བཞག་གོར་བཅུ་གཉིས། ཚོང་རྫས་བུར་གོར་ཉེར་དྲུག་ལ་གོར་དྲུག་བཅས་འབོར་སུམ་བརྒྱ་དང་བརྒྱད་ཅུ་གྱ་བརྒྱད། དེ་ལ་མ་གོར་ཆིག་སྟོང་དགུ་བརྒྱ་བཞི་བཅུ། གོང་འབོར་འགྲོ་སོང་ཕྱོགས་གཅིག་བསྡང་དུས་གོར་དྲུག་བརྒྱ་ང་གཅིག །དེ་ལ་མ་གོར་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་ང་ལྔ་ལ། རྡིལ་ཚད་ཉི་ཤུ་དང་གོར་ལྔ་བཅུ་ང་ལྔ་འབབ། ཚོགས་ཤ་བུབ་གཅིག་ལ་གོར་ཉེར་དྲུག །སྤོས་གོར་དྲུག །ཚོན་མལ་གོར་བཞི་བུམ་རྫས། འབྲི་མོག །གུ་གུལ་བཅས་རིན་གོར་ཕྱེད་གཉིས། བུལ་ཏོག་གོར་གཉིས་བཅས་འབོར་ཕྱེད་བཞི་བཅུ་ལ། རྟེན་རྩ་མ་གོར་ཆིག་བརྒྱ་ཕྱེད་གོ་བརྒྱད་ཐོབ།། །། ༈ གྲོ་ནས་འགྲོ་སོང་ལ། གཏོར་གཞི་ལ་མཆོད་ཙམ་གྲ་འབོ་སུམ་བཅུ། ཉིན་བཅུ་གཅིག་ལ་ཚོགས་ཙམ། མཆོད་ཙམ་ཉིན་རེ་འབོ་གསུམ་རེ་རྩིས་འབོ་སུམ་ཅུ་སོ་གསུམ་མཆོད་ནས་འབོ་དྲུགཚོགས་ཆང་རྒྱུ་འབོ་གཅིག །ཚོམ་བུ་དང་། བཀྲ་ཤིས་དགུ་བརྩེགས་བཅས་ལ་གྲོ་འབོ་གང་། རྩམ་སྤར། རྩི་གཟར་བཅས་འབོ་བཅུ། ཚོགས་མཆུར། ཐུད་མཆུར་བཅས་འབོ་བཅོ་ལྔ། གྲོ་སླས་བཟོ་སྤྱོད་གྲོ་འབོ་བརྒྱད། ཐུགས་རྩམ་ཉིན་བརྒྱད་ལ་འབོ་ཉེར་ལྔ། ཉིན་བཅུ་གཉིས་ལ་གྲོ་མཆན་རེ་ཡི་ཆས། གྲོ་འབོ་བདུན་ཅུ་དོན་གཉིས། གོང་འབོར་ཕྱོགས་གཅིག་སྡོམ་གྲྭ་འབོ་ཉིས་བརྒྱ་དང་གཅིག །རྩམ་མལ་དམ་པ་བརྒྱད་ཅུ་ཕྱེད་གྱ་གསུམ། ཐིག་ཚོན་དམ་པ་དྲུག་བཅས་ལ། དམ་པ་ཕྱེད་དགུ་བཅུ་ལ་ཐེབས་རྩ་བཀྲ་ཐང་ཞིང་ས྄ོ༵ན་འགྲོ་གཤམ་གསལ། ཁམས་ཐང་ས་ཆུས་མགོ་ནས་གྲྭ་འབོ་ཉིས་བརྒྱ་དང་བཅས་འོང་དགོས།། །། ༈ ཕུར་པའི་མཆོད་རྒྱུན། ཇ་སྐྱོ། སྐུ་ཡོན་བཅས་ཀྱི། རྟེན་རྩ་དངུལ་རྡིལ་ཚད་བཅུ་དགུ་ནང་གོར་ལྔ་ཆག་ཡོད། འཆམ་ཇ་རྟེན་རྡིལ་ཚད་གཅིག །སྡེ་དགེའི་ཕུར་གཏོའི་ཆས་སྐུ་ཚབ་ནས་སྤྲོད་རྒྱུ་སྐོར་གྱིས་སྔར་རྒྱུན་ཕུར་གཏོར་ཚོགས་རྒྱུ་དང་། སྡེ་དགེའི་དེབས་འཁོད་ཀྱི་འབྲུ་མལ་བཀྲ་ཐང་སྤྱི་ཞིང་གསར་བཅད་གཤམ་འཁོད་དང་། ཇ་མར་ཤ་གསུམ་ཞིབ་བརྩིས་ཀྱི། ཤིང་ཕག་ལོར་རིན་པོ་ཆེས་རྟེན་ཐེབས་གསར་བཞག་གོར་བཞི་བརྒྱ་བཞི་བཅུ་ཞེ་བརྒྱད་ལ་སྐྱེད་གོར་ལྔ་ལ་དྲུག་རྩིས་སྒོར་ཕྱེད་དགུ་ཅུ། བཅས་བསྡམ་རྡ྄ོ༵་ཚད་ཉི་ཤུ་གོར་འདི་སྡེ་དགེ་གཞུང་མར་རྒྱ་ལྔ་བཅུའི་ལ་འདི་ནང་བརྩིས་གྲྭ་མང་ཕྱག་ལ་རྡིལ་ཚད་གསུམ་དང་། གོར་བདུན་བཅུ་དོན་དགུ། སྤྱི་ཆེན་ལག་ལ་རྡིལ་ཚད་བཞི་དང་། གོར་ཆིག་བརྒྱ་ཞེ་གཉིས། སྤྱི་ཆུང་ལག་ལ་རྡིལ་ཚད་བཞི་དང་། གོར་ཆིག་བརྒྱ་ཞེ་གཉིས། འཕྲོས་མདུན་ཕུ་མ་རྡོ་ཚད་གཅིག །མདུན་གྲུ་མོ་ལ་རྡོ་ཚད་གཅིག །མདུན་གནས་ར་ལ་རྡོ་ཚད་གཅིགངན་ཕྲད་ལ་གོར་བརྒྱད་ཅུ། ཉ་ཉི་མ་གོར་བརྒྱད་ཅུ། མཛོ་ཤོ་ལ་གོར་བརྒྱད་ཅུ། བསོ་ཚེ་ལ་གོར་བརྒྱད་ཅུ། བྱ་མོ་ལ་གོར་བརྒྱད་ཅུ། རྩག་རྡ་ལ་གོར་བརྒྱད་ཅུ། བ་སུག་ལ་གོར་བརྒྱད་ཅུ། བ་ཆུང་ལ་གོར་བརྒྱད་ཅུ། སྤག་ཚི་ལ་གོར་བརྒྱད་ཅུ། གོང་འདི་ཚུར་བླངས་ཏེ་རང་མེ་རྡོ་ཚེ་ནོར་བུ་ལ་རྩེ་ཤོད་ཐུགས་གྲོལ་གི༵ས་ལྕག་སྟག་ཟླ་༡༡ཚེས་༣༠རེ་གཟའ་ཉི་མ་སྤྲིད་བླགས་ཞུས་པ་རྡོ་ཚེ་ནོར་བུ་བའི་ཞུ་རྡབ། བྲ་བོ་ལ་གོར་བརྒྱད་ཅུ། མཁར་རྐེ་ལ་གོར་བརྒྱད་ཅུ། རྗེས་རུག་ལ་གོར་བརྒྱད་ཅུ། སྒོམ་ཕྲུག་ལ་གོར་བརྒྱད་ཅུ་བཅས་རྡིལ་ཚད་ཕྱེད་བཅུ་ལ་སྐྱེད་ལོ་རེ་སྒོར་ལྔ་ལ་དྲུག་རྩིས་སྤྲོད་དགོས་རྒྱུའི་གན་ཡིག་རྟགས་འབྱར་ཟུར་ཡོད་ལྟར་དང་། ས་ཞིང་གཏེར་ལུང་ཁམས་ཐང་དུ། རིས་བླའི་ཞིང་གྲངས་དང་། ས་བོན་ཐོ་ལ། ཡིད་ཁུང་ཁྲུལ་གཉིས་ལ། ས་བོན། ༡་༢༠དཀར་པོ་ཁྲུལ་གཅིག །ས་བོན། ༣་༠༠འབུ་རུ་ཆུ་ཁ་ཁྲུལ་གཅིག་ལ། ས་བོན། ༠་༢༠ལ་ལུང་ཁྲུལ་གཅིག་ལ་ས་བོན། ༢་༠༠ཟམ་པའི་ཆུ་ཁ་ཁྲུལ་གཅིག་ལ། ས་བོན། ༢་༢༠འཇའ་ཐང་ཁྲུལ་གཅིག །ས་བོན། ༣་༠༠འབྲུག་དར་ཁྲུལ་གཅིག་ལ། ས་བོན། ༢་༠༠གནམ་སྟོང་ཁྲུལ་གཅིག་ལ། ས་བོན། ༠་༢༠དིས་རྣུ་ཁྲུལ་གཅིག་ལ། ས་བོན། ༡་༢༠ནེ་འབྲང་ཁྲུལ་གཅིག་ལ། ས་བོན། ༢་༠༠ར་ཁོག་ཁྲུལ་གཅིག་ལ། ས་བོན། ༢་༠༠ཐང་བཀྲམ་ཕུག་ཞིང་ཁྲུལ་གཅིག་ལ། ས་བོན། ༡་༢༠ལུས་ཞིང་ཁྲུལ་གཅིག་ལ་ས་བོན། ༡་༡༠ཁང་རྒྱབ་ཁྲུལ་གཅིག་ལ། ས་བོན། ༢་༢༠མཁའ་བཤང་ཁྲུལ་གཅིག་ལ། ས་བོན། ༡་༣༠སྲུབ་རྩི་མ་ཁྲུལ་གཅིག་ལ། ས་བོན། ༠་༡༥བཅས་སོན་ཁལ་ཉེར་བདུན་མལ་དང་། བཀྲ་ཐང་དུ་རྫོང་གསར་སྤྱི་པའི་ཞིང་སྔར་ཡོད་ཐ་བ་ལུས་པ་ཆུ་བྱ་ལོ་སྤྱི་ཆེ་ཆུང་ག྄ི༵་བུན་མ་འཕྲོད་རིགས་ལ་ཐ་བཅད་སྐུ་ཚབ་ངག་དབང་ཤེས་རབ་སྐབས་སུ་འཇོག་པ་སྤྱི་བུན་བྱང་དག་ཚར་ནས་ད་ལན་འདིར་སྡེ་དགེའི་ཕུར་གཏོའི་འབྲུ་མལ་དུ་རྟེན་རྩ་བཞང་པ་ཁྲུལ་གཉིས་ལ་ས་བོན་ཁལ་ཉེར་དྲུག་འགྲོ་མལ་བཅས་ཡོད་པ་དགེ། ཤྲིཿབི་ཛ་ཡནྟུ། བཀྲ་ཤིས་ཉི་མ་གསར་པའི་སྣང་བས་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ། །བཀྲ་ཤིས་ལེགས་བྱས་པད་ཚལ་བཞད་ཅིང་དགེ་ལེགས་གེ་སར་ལྟ་ན་སྡུག །བཀྲ་ཤིས་ཕུན་སུམ་ཚོགས་པའི་རོལ་མོ་རྒྱུན་མི་ཆད་པར་སྒྲོགས་པ་དང་། །བཀྲ་ཤིས་རྫོགས་ལྡན་སྣང་བའི་དུས་སྟོན་ནུབ་པ་མེད་པས་ཁྱབ་གྱུར་ཅིག །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོས་པའི་དཔལ། །དཔལ་གྱི་དབང་ཕྱུག་མཆོག་གི་ཐུགས་རྗེའི་དཔལ། །དཔལ་དང་བསྐལ་པ་བཟང་པོ་རབ་སྨིན་དཔལ། །དཔལ་ལྡན་གྲུབ་གཉིས་མཆོག་དཔལ་ཐོབ་པར་ཤོག །ཚེ་རབས་ཀུན་ཏུ་རྗེ་བཙུན་ས་སྐྱ་པའི། །གསུང་གི་བདུད་རྩིས་རྟག་ཏུ་འཚོ་བ་དང་། །བཛྲ་ཀཱི་ལ་ཡ་ཡི་སྲིད་གསུམ་བསྒྲལ། །མི་གནས་མྱ་ངན་འདས་ལ་འགོད་པར་ཤོག །བསྟན་དང་བསྟན་འཛིན་དབུ་འཕང་དགུང་བས་མཐོ། །མཐུ་སྟོབས་ནུས་པ་བསྐལ་མེ་བཞིན་དུ་འབར། །ལོག་འདྲེན་བདུད་ཀྱི་སྡེ་ཚོགས་ཉམས་སྨད་ཅིང་། །བསྟན་པའི་རྒྱལ་མཚན་ཕྱོགས་ལས་རྒྱལ་གྱུར་ཅིག །སརྦ་དཱ་མངྒ་ལཾ། ཅེས་པའི་དེབས་ཡིག་འདི་ཡང་། ཤིང་ཕག་ལོར་མཁྱེན་བརྩེ་སྤྲུལ་སྐུ་དང་། སྡེ་དགེ་ཆོས་རྒྱལ་ཆེན་པོའི་སྐུ་ཚབ་གཉེར་ཟུར་པད་རྡོར། རྫོང་གསར་བླ་ཆོས། སྤྱི་པ་ལྷན་རྒྱས་ཀྱིས་གཏན་འབེབས་བགྱིས་ནས་གསལ་བར་བཀོད་པ་དགེ་ལེགས་སུ་གྱུར་ཅིག །ཤུ་བྷཾ།། །། ༈ གོང་གི་མ་ཡིག་ནང་མ་འཁོད་པ་སྐྱབས་རྗེ་རིན་པོ་ཆེའི་མདུན་ནས་གསར་བཞག །གསེར་དངུལ་བཀྲ་མའི་རྐང་གླིང་ཚ་ཤད་ཤུབ་འབྱར། གཏོར་སྣོད་དངུལ་གཞོང་གསེར་ཤན་ཅན། སྤོས་ཕོར་ཆུང་༡དངུལ་ཐག་བྱེ་རུ་ལྔ་པུ་ཤེལ་གཅིག །ཨོ་རོ་སུའི་རྒྱ་གསེར་འཆམ་གོས། གསེར་ཞྭ་༡ཏོག་ལ་སྐྱོན་ཅུང་ཡོད། དངུལ་གྱི་ཆུ་བུམ་སྤུས་ལེགས། མཛོད་ཚེ་དཔལ་ནས་གནང་བའི་སྟག་ལྤགས་སྤུས་ལེགས། ༣གཉེར་པད་རྡོར་རོལ་མོ་སྤུས་ལྡན། བྱ་མོ་ཚང་གི་རོལ་མོ།། །།}} | ||
</onlyinclude> | </onlyinclude> |
Revision as of 15:09, 11 January 2022
Wylie title | skyabs rje mkhyen brtse rin po ches gsar bzhag gnang ba'i rten gsum mchod cha yo byad rten rtsa dngul dang zhing bcas gtan bzhag gnang ba'i ma deb mgo brjod | |
---|---|---|
Location | chos kyi blo gros bka' 'bum Volume 10, Text 78, Pages 605-636 (Folios 1a to 16b1) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. skyabs rje mkhyen brtse rin po ches gsar bzhag gnang ba'i rten gsum mchod cha yo byad rten rtsa dngul dang zhing bcas gtan bzhag gnang ba'i ma deb mgo brjod. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 605-636. Bir, H.P.: Khyentse Labrang, 2012. | |
Genre | ||
Colophon |
ཅེས་པའི་དེབས་ཡིག་འདི་ཡང་། ཤིང་ཕག་ལོར་མཁྱེན་བརྩེ་སྤྲུལ་སྐུ་དང་། སྡེ་དགེ་ཆོས་རྒྱལ་ཆེན་པོའི་སྐུ་ཚབ་གཉེར་ཟུར་པད་རྡོར། རྫོང་གསར་བླ་ཆོས། སྤྱི་པ་ལྷན་རྒྱས་ཀྱིས་གཏན་འབེབས་བགྱིས་ནས་གསལ་བར་བཀོད་པ་དགེ་ལེགས་སུ་གྱུར་ཅིག །ཤུ་བྷཾ།། | |
ces pa'i debs yig 'di yang /__shing phag lor mkhyen brtse sprul sku dang /__sde dge chos rgyal chen po'i sku tshab gnyer zur pad rdor/__rdzong gsar bla chos/__spyi pa lhan rgyas kyis gtan 'bebs bgyis nas gsal bar bkod pa dge legs su gyur cig__/shu b+haM// |
1 Texts in this Section (sde tshan or chos tshan)