JKCL-KABUM-10-THA-019: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 10: . Bir, H.P.: Khyentse Labrang, 2012. | |fulltitletib=བླ་མའི་རྣལ་འབྱོར་གྱི་ཟིན་བྲིས་ཡེ་ཤེས་གསལ་སྒྲོན། | ||
|fulltitle=bla ma'i rnal 'byor gyi zin bris ye shes gsal sgron | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''bla ma'i rnal 'byor gyi zin bris ye shes gsal sgron''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 10: 131-174. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | ||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|tibgenre= | |tibgenre=Guru Yoga Texts - bla ma'i rnal 'byor, Notes - zin bris | ||
|terma=No | |terma=No | ||
|jkcloutline=Eleven | |jkcloutline=Eleven | ||
Line 15: | Line 17: | ||
|volyigtib=ཐ་ | |volyigtib=ཐ་ | ||
|totalvolumes=12 | |totalvolumes=12 | ||
|textnuminvol=019 | |||
|pagenumbers=131-174 | |||
|totalpages=44 | |||
|beginfolioline=1a | |beginfolioline=1a | ||
| | |endfolioline=22b5 | ||
|totalfolios=22 | |||
|multivolumework=No | |||
|colophontib=དེ་ལྟར་འཇམ་མགོན་ཐམས་ཅད་མཁྱེན་གཟིགས་༧རྡོ་རྗེ་འཆང་གི་གསུང་བྱིན་རླབས་ཅན་འདིའི་རྩ་འགྲེལ་གཉིས་ཀྱི་དངོས་བསྟན་དུ་མ་གསལ་བའི་ཞལ་རྒྱུན་ལ། གྲུབ་ཐོབ་སྤྱི་འགྲེ་ལྟར་དབུ་བརྒྱན་གྱི་དཔྲལ་བར་པདྨས་བརྒྱན་པ་དང་ཐོད་སྐམ་གཅིག་ལ་མེ་ཏོག་གི་ཕྲེང་བ་གཡས་གཡོན་དུ་གཉིས་རེ། ཞབས་རྒྱལ་པོ་རོལ་སྟབས་སུ་གཡོན་བསྐུམ། གཡས་ཀྱི་ཞབས་མཐིལ་གདན་ལ་བསྟན་ཅིང་པུས་མོ་གྱེན་དུ་བསླང་བའི་ཚུལ་ཅན། སྒོམ་ཐག་ཕྲག་པ་གཡོན་པར་བཀལ་ཏེ། གཡས་ཀྱི་མཆན་འོག་ཏུ་བཞེང་པ། བཞུགས་གདན་ཀྲྀཥྞ་སཱ་རའི་པགས་པ་བྱས་ཀྱང་ཆོག་པར་གསུངས་བའི་ཚུལ་ཞལ་ནས་སྙན་དུ་བརྒྱུད་པ་དག་ལས་ཤེས་སོ།། | |||
|colophonwylie=de ltar 'jam mgon thams cad mkhyen gzigs 7rdo rje 'chang gi gsung byin rlabs can 'di'i rtsa 'grel gnyis kyi dngos bstan du ma gsal ba'i zhal rgyun la/__grub thob spyi 'gre ltar dbu brgyan gyi dpral bar pad+mas brgyan pa dang thod skam gcig la me tog gi phreng ba g.yas g.yon du gnyis re/__zhabs rgyal po rol stabs su g.yon bskum/__g.yas kyi zhabs mthil gdan la bstan cing pus mo gyen du bslang ba'i tshul can/__sgom thag phrag pa g.yon par bkal te/__g.yas kyi mchan 'og tu bzheng pa/__bzhugs gdan kr-iSh+Na sA ra'i pags pa byas kyang chog par gsungs ba'i tshul zhal nas snyan du brgyud pa dag las shes so// | |||
|pdflink=File:JKCL-KABUM-10-THA-019.pdf | |pdflink=File:JKCL-KABUM-10-THA-019.pdf | ||
}} | }} | ||
Line 24: | Line 33: | ||
{{TibP|༅། ཛྙཱནཾསྭཱརོལྐཱནམགུརུཪྻོགཱཎཱཾགཏེལིཁིཏཾབིཧརཏིསྨ། །། | {{TibP|༅། ཛྙཱནཾསྭཱརོལྐཱནམགུརུཪྻོགཱཎཱཾགཏེལིཁིཏཾབིཧརཏིསྨ། །། | ||
༄༅། །བླ་མའི་རྣལ་འབྱོར་གྱི་ཟིན་བྲིས་ཡེ་ཤེས་གསལ་སྒྲོན་ཞེས་བྱ་བ་བཞུགས་སོ། ། | ༄༅། །བླ་མའི་རྣལ་འབྱོར་གྱི་ཟིན་བྲིས་ཡེ་ཤེས་གསལ་སྒྲོན་ཞེས་བྱ་བ་བཞུགས་སོ། ། | ||
ན་མོ་གུ་རུ་ཛྙཱ་ན་ཀཱ་ཡཱ་ཡ། །ཡེ་ཤེས་སྐུ་ཅན་ཉིན་མོར་བྱེད་པའི་གཟིས། །སྲིད་གསུམ་རྨོངས་པའི་མུན་པ་ཀུན་སེལ་བ། །དཀོན་མཆོག་ཀུན་འདུས་རྩ་གསུམ་འདུས་ཞལ་ཆེ། །ཁྱབ་བདག་དཔལ་ལྡན་བླ་མར་གུས་བཏུད་ནས། །སངས་རྒྱས་ཀུན་གྱི་གསང་བའི་ཉེ་ལམ་ཆེ། །བླ་མའི་རྣལ་འབྱོར་སྙིང་གི་ཏི་ལ་ཀ །རྒྱུད་ལུང་མན་ངག་ཟབ་དོན་འདུས་པའི་བཅུད། །ཡེ་ཤེས་གསལ་བའི་སྒྲོན་མེ་ཉུང་ངུར་དབྱེ། །དེ་ལ་དཀྱིལ་འཁོར་ཆེན་པོ་གང་དུ་དབང་རྫོགས་པར་ཐོབ་པའམ། ཡང་ན་སྡོམ་པ་གསུམ་སྦྱིན་པར་མཛད་པ་ཉིད་དང་། །ཁྱད་པར་གཉུག་མའི་ཡེ་ཤེས་ངོ་སྤྲོད་པར་མཛད་པ་པོ་ནི་རྩ་བའི་བླ་མ་ཡིན་ལ། དེ་ཉིད་ལ་དད་པ་དང་དམ་ཚིག་ལ་ངོས་ལྐོག་དང་གཡོ་སྒྱུ་མེད་པས་གསོལ་བ་སྙིང་གི་དཀྱིལ་ནས་འདེབས་པར་ནུས་ན་བྱིན་རླབས་འཇུག་པ་ཐེ་ཚོམ་མེད་པས་དེ་ལ་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ལ་དབང་དམན་རྣམས་ཀྱིས། རང་ལ་བཀའ་དྲིན་དངོས་སུ་ཐོབ་པའི་འདྲེན་མཆོག་བླ་མ་དེ་ཉིད་སངས་རྒྱས་བྱང་སེམས་ཐམས་ཅད་གཅིག་ཏུ་བསྡུས་པ་དགེ་བའི་བཤེས་གཉེན་ཐ་མལ་པའི་གཟུགས་སུ་བསྒྱུར་ནས་བདག་ལ་ལམ་སྟོན་པར་མཛད་ཅིང་། དེ་ལ་ཁ་ཞེ་ངོས་ལྐོག་མེད་པར་དད་མོས་གདུང་བས་ཕྱག་མཆོད་གསོལ་འདེབས་ལ་བརྩོན་ན་ཆུ་སྣོད་དྭངས་པར་ཟླ་གཟུགས་འཆར་བ་བཞིན་བླ་མའི་བྱིན་རླབས་སློབ་མའི་རྒྱུད་ལ་འཕོ་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས་དེས་ན་བླ་མ་ཉིད་མདུན་གྱི་ནམ་མཁར་བླ་མའི་སྐུའི་རྣམ་པ་ལྟར་བསྒོམ་པའམ་གུ་རུ་པད་འབྱུང་སོགས་གང་མོས་བསྒོམ་པ་བླ་མ་སྤྲུལ་སྐུའི་སྒྲུབ་པ་དང་། དེ་ལས་བློ་ཆེ་བར་གྱུར་པས་བླ་མ་ཉིད་ཀྱི་གསང་གསུམ་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་གདོད་ནས་ལྷུན་གྱིས་རྫོགས་པར་བཞུགས་པ་ཉིད་ལ་ཐེ་ཚོམ་བྲལ་བའི་ངེས་ཤེས་བརྟན་པོས་རང་སེམས་གཉུག་མའི་རོལ་པ་བླ་མ་ཞི་དང་ཁྲོ་བོའི་གཙོ་བོར་ཤར་བ་བསྙེན་སྒྲུབ་ཡན་ལག་བཞིས་བཅིངས་དེ་བསྒོམ་པ་བླ་མ་ལོངས་སྐུར་སྒྲུབ་པ་དང་། དེ་ལས་ཀྱང་བློ་ཆེ་བ་རྣམས་ཀྱིས་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པ་རང་རིག་འོད་གསལ་མཚན་མཚོན་བརྗོད་པ་ཐམས་ཅད་ལས་འདས་པ་སྐྱེ་མེད་ཆོས་སྐུ། འགགས་མེད་ལོངས་སྐུ། གནས་མེད་སྤྲུལ་སྐུ་སྟེ་སྐུ་གསུམ་དབྱེར་མེད་རང་རིག་བདེ་བ་ཆེན་པོའི་ངོ་བོར་བྱར་མེད་རྩོལ་བྲལ་འཛིན་མེད་རང་བབ་ཏུ་བཞག་པ་བླ་མ་ཆོས་སྐུར་སྒྲུབ་པ་སྟེ་གསང་སྒྲུབ་ཡིན་ལ། དོན་སྙིང་སེམས་རྟོག་རྩོལ་སྒྲུབ་དང་བཅས་པའི་རིང་ལ་བླ་མའི་རྣལ་འབྱོར་དང་། བསྐྱེད་རྫོགས་སྒོམ་པ་ཐམས་ཅད་ཐུན་མོང་བ་དང་། སེམས་ཆོས་ཉིད་ཀྱི་དབྱིངས་སུ་ཐག་བཅད་ནས་རིག་སྟོང་རྗེན་པའི་ངང་ནས་བླ་རྣལ་སོགས་གང་བསྒོམ་པ་ཐམས་ཅད་ཐུན་མིན་ཤིན་ཏུ་ཟབ་པ་ཡིན། དེའང་རྩ་བའི་བླ་མ་དེ་ཉིད་དུས་ད་རེས་ཙམ་མིན་པ་ཚེ་རབས་ཐོག་མེད་ནས་རང་སེམས་གཉུག་མའི་རྩལ་སྣང་ཞིག་ཕྱི་རོལ་དུ་དག་དང་མ་དག་ཅིར་ཡང་བསྒྱུར་ནས་དངོས་དང་བརྒྱུད་ནས་རང་ལ་ཕན་འདོགས་ཤིང་བཀའ་དྲིན་ཅན་དང་འབྲལ་བ་མེད་པ་ཡིན་པ་ལ། ད་རེས་སྔོན་བསགས་བསོད་ནམས་ཀྱི་སྟེས་དབང་གིས་དགེ་བའི་བཤེས་ཀྱི་རྣམ་པར་སྣང་ཞིང་ལས་དབང་བཙན་པོས་འབྲེལ་ཏེ་མཇལ་རྒྱུ་བྱུང་ནས་ཟབ་དང་རྒྱ་ཆེའི་གདམས་ངག་གི་བདུད་རྩི་སྦྱིན་ནས་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་པ་དང་། ད་དུང་ཡང་འདི་ནས་བྱང་ཆུབ་བར་དུ་སྐད་ཅིག་ཙམ་ཡང་འབྲལ་མི་ཤེས་ཤིང་། འོན་ཀྱང་དམ་ཚིག་ཉམས་པའི་སྐྱོན་བྱུང་ན་ཆུ་སྣོད་རྙོགས་མ་ཅན་དུ་ཟླ་གཟུགས་མི་འཆར་བ་ལྟར་བླ་མས་ཉེ་རིང་མཛད་པ་མིན་ཀྱང་རང་གི་བློ་སྐྱོན་གྱིས་རེ་ཞིག་འབྲལ་བ་ལྟར་སྣང་བ་ཡིན་ནོ། །བླ་མ་ལ་སོ་སྐྱེ་དང་། ཉན་རང་དགྲ་བཅོམ་དང་། བྱང་ཆུབ་སེམས་དཔའ་སློབ་པ་དང་། མི་སློབ་པ་གང་མཐོང་བ་དེ་དང་འཚམས་པའི་དངོས་གྲུབ་ཐོབ་པ་ཡིན་ལ། རྩ་བའི་བླ་མ་ཐ་མལ་པའི་རྣམ་པ་ཅན་དུ་མཐོང་བའི་སྐབས་དངོས་གྲུབ་སྤྱི་དང་། ཁྱད་པར་རང་སེམས་གཉུག་མའི་ཡེ་ཤེས་ལ་ཕྱོགས་ཙམ་ཉེ་བར་དཀའ་ཞིང་། དེས་ན་བླ་མའི་གསང་བ་གསུམ་གྱི་གནས་ཚུལ་ཟག་མེད་རང་བྱུང་ཡེ་ཤེས་ཀྱི་སྐུ་འཁོར་འདས་སྲིད་ཞི་ཀུན་ཁྱབ་ཀྱི་བདག་ཉིད་ཆེན་པོ་རྩ་སྤྲུལ་སྐུ། རླུང་ལོངས་སྐུ། ཐིག་ལེ་བདེ་བ་ཆེན་པོ་ཆོས་ཀྱི་སྐུ། སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་དང་། བླ་མའི་ཐུགས་རང་བྱུང་རིག་པ་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། །ཐུགས་རྗེ་རིག་པ་སྤྲུལ་སྐུ་སྟེ། མདོར་ན་སྐུ་བཞི་དབྱེར་མེད་རྣམ་པ་ཞི་དང་ཁྲོ་བོའི་རོལ་གར་ཅིར་ཡང་སྟོན་ཞིང་། གང་ལ་གང་འདུལ་དེ་ལ་དེར་སྟོན་གྱི་སྤྲུལ་པ་སྣ་ཚོགས་པས་འགྲོ་ཁམས་རྒྱ་མཚོ་གདུལ་བའི་ཐབས་མཁས་ཕྲིན་ལས་ཀྱི་རོལ་པ་ཅིར་ཡང་བསྒྱུར་ཞིང་། ངེས་དོན་དུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་ཐམས་ཅད་འདུས་པའི་སྤྱི་གཟུགས་མོས་བློས་ཡར་གཞལ་བ་ཙམ་མིན་པའི་བླ་མ་ཉིད་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བའི་བྱེད་པོ་རིགས་ཐམས་ཅད་འདུས་པའི་བདག་ཉིད་ཅན་དུ་ཡིན་པར་ཤེས་དགོས་པ་ལས། ངའི་བླ་མ་འདི་བན་རྒན་བཟང་པོ་ཡོན་ཏན་སྐྱོན་མེད་ཙམ་ཡིན། བཀའ་དཔེ་ཆ་ནས་བླ་མ་སངས་རྒྱས་ཡིན་ཟེར་བ་འདུག་པས་སངས་རྒྱས་སུ་མོས་པ་བྱེད་དགོས་འདྲ་སྙམ་པས། དཔེར་ན་མི་ཞིག་གོས་བཟང་པོས་གཡོགས་པ་འདྲ་ཞིག་རེད་ཤོར་ན་ཅིའང་མི་ལོ། ལར་སངས་རྒྱས་དངོས་བྱོན་ཀྱང་གདུལ་བྱ་ལོག་སྲེད་ཅན་གྱིས་ཡང་དག་པ་ཞིག་མཇལ་བར་དཀའ། ད་ལྟའི་དུས་ན་ང་འདྲ་བའི་རྒྱུད་མ་རུངས་བ་དག་གིས་བླ་མའི་སྐུ་ལ་མི་མཛེས་པ་སོགས་ཀྱི་སྐྱོན་དང་། གསུང་སྨྲ་ལུགས་མི་ལེགས་པ་དང་། ཆོས་གསུངས་པ་ལའང་རྟོག་གེའི་རིགས་པ་ལྟ་བུས་སྐྱོན་མང་པོ་དང་། ཐུགས་ལ་འཁྲུལ་པ་དང་། ལུགས་གཉིས་ཅིའང་མི་ཤེས་པ་དང་། གཞན་ཡང་སྒོ་དུ་མ་ནས་ལེགས་པའི་ཚོགས་ཆེར་མ་མཐོང་ཞིང་། སྐྱོན་དུ་རྟོག་པ་ཤས་ཆེ་བས། ཁ་ནས་བླ་མ་རྡོ་རྗེ་འཆང་ཞེས་དང་། གསོལ་འདེབས་སོགས་ཉབ་ཉོབ་མང་པོ་འདོན་པ་དེ་འདྲས་ཅིའང་གོ་མི་ཆོད་ངོ་མ་རེད། ལར་དང་པོ་ནས་སངས་རྒྱས་སུ་མཐོང་བ་དཀའ་མོ་རེད་ཀྱང་། དང་པོ་བཅོས་ཏེ་མོས་གུས་བསྒོམ། བཀའ་དྲིན་ཡང་ཡང་དྲན། སྐྱོན་རྟོག་ཐམས་ཅད་རང་བློའི་སྐྱོན་ཡིན་པར་གོབླ་མ་ལ་སྐྱོན་དེ་མི་བགོརང་སེམས་དག་ན་སྣང་སྲིད་ཐམས་ཅད་བླ་མར་ཤར་རྒྱུ་ཡིན། རང་བློ་མ་དག་ན་མཁྲིས་ནད་ཅན་གྱི་དུང་དཀར་སེར་པོར་སྣང་བ་བཞིན། སྐྱོན་ཅན་མ་གཏོགས་མི་ཤར། དེ་དད་པ་དང་དག་སྣང་ཆུང་བས་ལན་པ་ཡིན་ནོ། །ཁྱད་པར་དུའང་རང་རིག་ཆོས་སྐུའི་བླ་མར་ཤེས་པ་ལ། གཞི་གནས་ལུགས་ཀྱི་ལྟ་བ་ངོ་སྤྲོད་གནང་བའི་དཔལ་མགོན་རྩ་བའི་བླ་མ་དེ་ཕྱི་རོལ་ན་ཡོད་པ་ལྟར་སྣང་ཡང་། དོན་ལ་རིག་སྟོང་དབྱེར་མེད་པའི་རྩལ་སྣང་ཕྱི་རོལ་དུ་གོ་འཕོས་པ་ཙམ་ལས། རང་དང་རྒྱུད་ཐ་དད་དུ་གྲུབ་པ་མེད་དེ། ཡུལ་དང་ཡུལ་ཅན་དབྱེར་མེད་རང་རིག་ལྟ་བའི་ངོ་བོ་དེ་ཉིད་བླ་མ་སྐུ་གསུམ་དབྱེར་མེད། དེ་ཉིད་ཀྱི་ངང་ཡེངས་མེད་འཛིན་མེད་དུ་བསྐྱང་བ་བསྒོམ་པ། དེ་ལས་མ་གཡོས་པར་ཅིར་སྣང་ཅི་ཤར་བླ་མའི་ལམ་ཁྱེར་གྱིས་དུས་འདའ་བ་སྤྱོད་པ། རང་རིག་བླ་མའི་ངོ་བོར་བྱང་ཆུབ་པ་འབྲས་བུ་སྟེ། གཞི་ལྟ་བ། ལམ་སྒོམ་པ། འབྲས་བུ་སྤྱོད་པ་རྣམས་བླ་མའི་ངོ་བོ་བླ་མ་དང་དབྱེར་མེད་ཆེན་པོར་ཉམས་སུ་བླངས་ཤེས་ན་བླ་མ་སྒྲུབ་པའི་སྲོག་མཁར་ཚུགས་པའོ། །དེ་ནི་གང་ཟག་རིག་པ་རང་སྣང་གི་བློ་ཅན་རྣམས་ཀྱིས་ཉམས་སུ་བླངས་བྱ་ཡིན་ལ། འབྲིང་དང་ཐ་མ་རྣམས་ཀྱིས་མོས་པ་ལམ་བྱེད་ཀྱིས་བསྒོམ་དགོས་ཏེ། དེའང་བཀའ་དྲིན་ཅན་གྱི་བླ་མ་དེ་ནི་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སྒྱུ་མའི་སྐུ་ཡིན་པ་ལ། རང་དང་འདྲ་བའི་གང་ཟག་ཕལ་པའི་རྣམ་པ་སྟོན་ཀྱང་སྐུ་ནི་དགེ་འདུན་དཀོན་མཆོག་ཡིན་ཏེ། དེ་ནི་རིག་གྲོལ་གྱི་ཟག་མེད་འདུས་མ་བྱས་ཀྱི་ཡོན་ཏན་གྱིས་མངོན་པར་འབྱེད་པས་ན་ཡོན་ཏན་དེ་དག་བླ་མར་ཚང་ཞིང་། དགེ་འདུན་གྱི་མཛད་པ་དེ་བླ་མས་ཀྱང་མཛད་པའི་ཕྱིར་དང་། གསུང་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ལམ་བདེན་ལུང་གི་ཆོས་ཐུགས་ལ་མངའ་ཞིང་རྟོགས་པའི་ཆོས་འགོག་བདེན་དམ་པ་མངོན་དུ་མཛད་པ་དང་། མཁྱེན་པ་དང་བརྩེ་བས་བདག་ཅག་ལ་ལེགས་པར་འདོམས་པས་གསུང་གི་ཕྲིན་ལས་འགགས་པ་མེད་པ་དང་། ཐུགས་ནི་སངས་རྒྱས་རྣམས་དང་དགོངས་པ་རོ་གཅིག་པ་བཀའ་ལུང་མན་ངག་རིགས་པ་ཚད་མ་དག་གིས་གྲུབ་ཅིང་། དེ་ལྟར་དཀོན་མཆོག་ཀུན་འདུས་བླ་མ་དེ་ལ་དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་ཐམས་ཅད་དེ་ལ་འདུས་པ་ཡིན་ཏེ་ཆོས་ཉིད་དོན་དམ་གྱི་ངོས་ནས་དབྱེར་མེད་པ་དང་། ཆོས་ཅན་ཀུན་རྫོབ་ཀྱི་ངོས་ནས་ནམ་མཁའི་ཟླ་བ་གཅིག་ཆུ་སྣོད་བརྒྱར་འཆར་བ་བཞིན་གདུལ་བྱའི་སྣང་ངོར་དེ་དང་དེར་ཤར་བ་ལས་དོན་དུ་རྒྱལ་བ་ཐམས་ཅད་ཡེ་ཤེས་གཅིག་གི་ངོ་བོར་བསྡུས་པ་ཡིན་ནོ། །དེས་ན་དཀྱིལ་འཁོར་གང་དུ་དབང་བསྐུར་རྫོགས་པར་སྦྱིན་པ་དང་། རྒྱུད་རྡོ་རྗེ་བཞིའི་ངོ་བོར་སྨིན་བྱེད་ཀྱི་ས་བོན་བཏབ་མཁན་དེ་རྡོ་རྗེ་སློབ་དཔོན་ཡིན་ཞིང་། །བཀའ་དྲིན་གསུམ་ལྡན་གྱི་བླ་མ་དེ་ལ་བླ་མ་གཞན་ཐམས་ཅད་འདུས་པ་ཡིན། བླ་མའི་རྣལ་འབྱོར་གསར་རྙིང་གི་ལུགས་གང་བསྒོམ་ཀྱང་རྩ་བའི་བླ་མ་དེ་བསྒོམ་པས་ཆོག་ལ་སོ་སོར་སྒོམ་དགོས་པ་མིན། རྩ་བ་གསུམ་དང་། ཆོས་སྐྱོང་ནོར་ལྷ་གང་བསྟེན་ཀྱང་རྩ་བའི་བླ་མ་དང་དབྱེར་མེད་དུ་བསྒྲུབ་པའི་གནད་ཤེས་ན་འགྲུབ་ཐག་ཉེ་ཞིང་བར་ཆོད་ཆུང་བར་གསུངས། སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་ཕྲིན་ལས་རྒྱས་བསྡུས་གང་བཏོན་ཀྱང་རང་སེམས་བླ་མའི་ངོ་བོར་གདོད་ནས་རང་ཆས་སུ་གནས་པ་དེས་སྣང་ཆ་འགགས་མེད་དུ་ཤར་བ། དཔེར་ན་སྐྱབས་འགྲོ་ལྟ་བུར་མཚོན་ན། རང་སེམས་གསལ་བ་དགེ་འདུན་དཀོན་མཆོག །སྟོང་པ་ཆོས། ཟུང་འཇུག་སངས་རྒྱས། དེའི་གདངས་ཕྱིར་ཤར་བ་སྐྱབས་ཡུལ། དེ་རྣམས་དུ་མ་རོ་གཅིག་ཏུ་ཤེས་པ་རྒྱུ་འབྲས་ཀྱི་སྐྱབས་འགྲོ་ངོ་བོ་གཅིག་པ། དེ་བཞིན་དུ་སེམས་བསྐྱེད། སྲུང་འཁོར། ལྷ་བསྐྱེད་སོགས་ལའང་ཤེས་པར་བྱ་ཞིང་། ལྷ་སྔགས་གང་ལའང་། དེ་དང་བདག་རྟོག་དབྱེར་མེད་བདེན་གཉིས་མཉམ་པ་ཆེན་པོ་དགོངས་པ་མི་འགྱུར་བའི་གཟེར་གྱིས་མ་ཐེབས་ན་ལྷ་སྔགས་འགྲུབ་པར་དཀའ་ཞིང་། དངོས་གྲུབ་ཆེན་པོ་ཐོབ་པར་མི་འགྱུར་བས། དེས་ན་རང་རིག་བླ་མ་སྐུ་གསུམ། རྩ་བ་གསུམ་གྱི་ངོ་བོར་ཤེས་པ་གནད་དུ་ཆེ་ཞིང་། དེ་ལྟར་ཉམས་ལེན་བྱས་ན་གང་བསྒྲུབ་ཐམས་ཅད་བླ་མ་སྒྲུབ་པའི་བྱེ་བྲག་ཏུ་གོ་བ་ནི་གནད་གསང་གལ་པོ་ཆེའོ། །དེས་ན་ཟབ་ལམ་བླ་མའི་རྣལ་འབྱོར་བསྒོམ་པ་ན་བླ་མ་སྒྲུབ་པའི་གནད་དང་། གདམས་ངག་རྣམས་མི་བརྗེད་པའི་དྲན་པ་དང་། བླ་མ་སྒྲུབ་པའི་ཕན་ཡོན། བླ་མའི་སྒྲུབ་པ་དང་མ་འབྲེལ་བའི་ལམ་རྣམས་དངོས་གྲུབ་ལ་རིང་བའི་ཚུལ་རྣམས་ཡང་ཡང་དྲན་པར་བྱས་ནས། ཡེ་ཤེས་བླ་མ་སྒྲུབ་པ་དངོས་ལ་ཞུགས་པའི་ཚེ་ངེས་འབྱུང་གིས་བློ་བཅོས། བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོངས། རིག་སྟོང་གཉུག་མ་ཆོས་ཉིད་ཀྱི་ལྟ་བའི་ངང་ནས་མ་ཡེངས་པར་ཚིག་རྗེས་དོན་དྲན་གྱི་དམིགས་པའི་རྩལ་སྣང་འགགས་མེད་དུ་འཆར་ཞིང་ཅིར་ཡང་བསྒྱུར་ནུས་པ་ཞིག་དགོས་རྒྱུ་ལས་ཁ་ཡེངས་མིག་ཡེངས་ནེ་ཙོའི་མ་ཎི་འདོན་པ་ལྟ་བུས་ཅི་ཡང་ས་མི་ཆོད་པས། དྲན་ཤེས་ཀྱི་འཇུར་མིག་ནས་བཏོན་ཏེ། ཉམས་ལེན་གྱི་བཅུད་མ་ཤོར་བ། གདམས་ངག་བོར་ཟག་ཏུ་མ་སོང་བ། ཡིད་སྨོན་ཙམ་དུ་མ་ལུས་པ་ཞིག་གིས་སྟན་ཐོག་ཏུ་སྡོད་ཚུགས། སྒོམ་སྲན་དང་སྙིང་རུས་བསྐྱེད། འཇིག་རྟེན་ཆོས་བརྒྱད་དང་། བྲེ་མོའི་གཏམ་དང་། གཉིད་དང་ལེ་ལོའི་དབང་དུ་མ་ཤོར་བ། དད་པ་དང་དག་སྣང་གི་རྒྱ་བསྐྱེད་དེ་གསོལ་བ་སྙིང་ནས་འདེབས་ན་བྱིན་རླབས་མྱུར་དུ་འགུགས་པའི་ལྕགས་ཀྱུས་ཐེབས་པས་རྡོ་རྗེའི་ཡེ་ཤེས་བཙན་ཐབས་སུ་འབེབས་པར་གདོན་མི་ཟ་བ་ཉིད་དོ། །རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་དབང་གི་རྣམ་གྲངས་དབང་བཞིར་འདུས་ཤིང་། དེ་ལམ་དུ་བྱེད་ཚུལ་བླ་རྣམ་ལ་ཇི་ལྟར་ཚང་ན། བླ་མའི་སྐུ་གདན་གསུམ་རྡོ་རྗེའི་བདག་ཉིད་དུ་གསལ་བཏབ་ནས་སེམས་འཛིན་པ་བུམ་དབང་། དེའི་རང་བཞིན་གསལ་སྟོང་དུ་ཤེས་པ་གསང་དབང་། དེ་བསྒོམ་པས་རང་སེམས་ལ་བདེ་སྟོང་གི་ཡེ་ཤེས་སྐྱེ་བ་ཤེར་དབང་། བླ་མ་དང་རང་སེམས་དབྱེར་མེད་དུ་ཤེས་པས་བརྗོད་བྲལ་བློ་འདས་ཀྱི་ངང་བསྐྱང་བ་དབང་བཞི་པའོ། །བསྙེན་སྒྲུབ་ཡན་ལག་བཞི་དང་སྦྱར་ན་སྤྱི་བོར་སྒོམ་ནས་གསོལ་འདེབས་བསྙེན་པ། ཐུགས་དམ་རྒྱུད་བསྐུལ་གྱི་བཟླས་པ་ཉེ་བསྙེན། དབང་བླང་བ་སྒྲུབ་པ། ཐུགས་ཡིད་བསྲེ་བ་སྒྲུབ་ཆེན་དང་། མདོར་ན་ལམ་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་མཐའ་དག་དང་སྦྱར་རྒྱུ་ཡོད་ཀྱང་འདིར་ཞིབ་པར་སྤྲོ་བར་མ་ནུས། སྙིང་པོར་དྲིལ་ན་ཉམས་ལེན་མཚན་བཅས་མཚན་མེད་ཐམས་ཅད་བླ་མའི་རྣལ་འབྱོར་གྱིས་ཁོག་ཕུག །ལམ་གྱི་གཞུང་ཤིང་དུ་བྱས་ཏེ་ཉམས་ལེན་ཐམས་ཅད་དེར་འདུ་བར་བསྒོམ། མཉམ་བཞག་ཏུའང་དེ་ལྟར་སྒོམ། རྗེས་ཐོབ་ཀྱང་སྣང་གྲགས་རིག་གསུམ་བླ་མའི་ལམ་ཁྱེར་གྱིས་བསྐྱངས། གཏུམ་མོ་དང་། རྨི་ལམ་དང་། སྒྱུ་ལུས། འོད་གསལ། འཕོ་བ། བར་དོ་རྣམས་ཀྱང་བླ་མའི་ལམ་ཁོ་ནས་བསྒྲོད་རྒྱུ་ཡིན་པ་གསར་རྙིང་གི་ཁྲིད་གཞུང་རྣམས་སུ་གསལ། ཚེ་འདི་ཕྱི་བར་དོའི་ལམ་ཁྱེར་ཐམས་ཅད་བླ་མའི་སྒྲུབ་པར་ཤེས་ནས་བརྩོན་པ་འདི་ནི། ནད་བརྒྱ་སྨན་གཅིག །དཀར་པོ་ཆིག་ཐུབ་ཡིན་པ་དང་། གཞི་ལམ་འབྲས་གསུམ་གྱི་དབང་ཐམས་ཅད་ཀྱང་བླ་མས་བསྐུར་ཏེ། གཞི་རིགས་རང་བཞིན་རྣམ་དག་གི་བླ་མ་དེས་ཐུགས་རྗེ་ཆེན་པོའི་རྩལ་ཕྱིར་ཤར་རྡོ་རྗེ་སློབ་དཔོན་གྱིས་རྡུལ་ཚོན་དང་། རས་བྲིས། ཚོམ་བུ། ལུས་དཀྱིལ་སོགས་སློབ་མའི་བློ་ནུས་དང་འཚམས་པར་རྒྱུ་དུས་ཀྱི་དབང་བསྐུར་བས་གཞི་རིགས་སད་པར་བྱེད་ཅིང་རྡོ་རྗེ་བཞིའི་ས་བོན་ཐེབས། ལམ་དུས་སུ་བླ་མ་ལས་དངོས་སུ་དབང་བླང་བའམ། རང་གི་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་བདག་འཇུག་བླངས་པ་དང་། ཏིང་ངེ་འཛིན་གྱི་དབང་རྒྱས་བསྡུས་དག་ཀྱང་བླ་མ་ལས་དབང་བླངས་བ་དང་། འབྲས་དུས་སུ་བླ་མ་རྡོ་རྗེ་འཆང་ཆེན་པོས་འབྲས་དབང་བསྐུར་ནས་རྡོ་རྗེ་འཆང་གི་སར་དབུགས་དབྱུངས་བའོ། །དེས་ན་བླ་མ་ལ་མ་བརྟེན་པ་གཅིག་ཀྱང་མེད། ཇི་ལྟར་འཇིག་རྟེན་གྱི་རིག་ཤེས་ཐམས་ཅད་ཀྱང་སློབ་དཔོན་ཞིག་ལས་ཁྲིད་དགོས་པ་དང་། ཉན་རང་བྱང་སེམས་གྱི་ལམ་ཐམས་ཅད་ཀྱང་། མཁན་པོ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་དགོས་པ་དང་། རྡོ་རྗེ་ཐེག་པའི་རྒྱུད་དག་ཀྱང་བླ་མ་ལས་དབང་མནོས་ཏེ། དེ་ཡི་དམ་ཚིག་དག་ལེགས་པར་བསྲུང་ནས་དངོས་གྲུབ་སྒྲུབ་པ་དང་། བླ་མེད་ཐེག་པ་ནི་སྔར་སྨོས་པ་ལྟར་དང་། ཁྱད་པར་རང་སེམས་གཉུག་མའི་ཡེ་ཤེས་ནི་བླ་མའི་བྱིན་རླབས་ཁོ་ན་ལས་གཞན་ཅི་བྱར་མེད་དེ། ལུང་ལས། རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསག་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་སོགས་རྒྱ་ཆེར་མདོ་རྒྱུད་བསྟན་བཅོས་ཀུན་ནས་གསུངས་ཤིང་། དེ་ལྟའི་བླ་མ་དེའང་བསམ་པ་རྣམ་པར་དག་པས་བསྟེན་ཚུལ་རྒྱུ་མཚན་ཤེས་པའི་དད་པ་དང་། བློ་སྣ་གཞན་གྱིས་འཕྲོག་མི་ནུས་པའི་མོས་གུས་བརྟན་པོས་བསྙེན་དགོས་ཤིང་། སྦྱོར་བ་གུས་སྦྱོར་དང་། རྟག་སྦྱོར་གྱི་བརྩོན་འགྲུས་དྲུག་པོས་རབ་སྒོམ་སྒྲུབ་ཀྱི་མཆོད་པས་མཉེས་པ། འབྲིང་ལུས་ངག་གི་ཞབས་ཏོག་གིས་མཉེས་པ། ཐ་མ་བཀུར་བསྟི་ཟང་ཟིང་གིས་མཉེས་པ་སྒྲུབ་པ་ལས་མི་མཉེས་པ་སྐད་ཅིག་ཀྱང་མི་བྱ་ཞིང་། ཅི་གསུང་ཚད་མ། ཅི་མཛད་ལེགས་མཐོང་གིས་རང་གི་བློ་མིག་དག་པར་བྱས་ནས་གདམས་ངག་གི་བདུད་རྩི་ནོས། བླ་མ་སཱཙྪའི་བསྐོས་ཕོར་ལྟ་བུ། སློབ་མ་རང་ཉིད་འཇིམ་པའི་གོང་བུ་ལྟ་བུ་ལ་བསྐོས་ཕོར་གྱི་རི་མོ་དོད་ཐུབ་པ་ཞིག་བྱུང་ན་བླ་རྣམ་ལ་བརྩོན་པའི་དོན་གྲུབ་པ་ཡིན། དེ་མིན་བླ་མས་གསོལ་རས་གནང་སྦྱིན་གསུང་བཟང་ཞལ་ཡག་གནང་དུས་དགའ། དད་པ་ཡོད་མདོག །རང་གི་ཞེ་ལ་མི་འབབ་པའི་བཀའ་བཀྱོན་ཐུགས་སྡང་། དོན་མ་འགྲུབ་པ་སོགས་བྱུང་ན་མ་གུས་པ་བྱེད་པ་རང་གཞན་ཐམས་ཅད་དེ་འདྲ་མང་བས་བླ་མའི་ཐུགས་རྗེས་མ་གཟིགས་པ་མ་རེད་ཀྱང་། ཁ་བྱང་ལྟས་ཀྱི་ཕུག་པར་ཉི་མ་མི་ཤར་བ་བཞིན་དུ་བྱིན་རླབས་འཇུག་པ་དཀའ་མོ་ཡིན་པར་གདའ་ལགས། དེ་ལྟར་བླ་མའི་རྣལ་འབྱོར་གནད་དུ་ཟབ་པའི་ལུང་སྦྱོར་འགའ་ཞིག་བཀོད་ན། འཁོར་ལོ་སྡོམ་པའི་བཤད་རྒྱུད་ཀུན་སྤྱོད་ལས། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །ཞེས་དང་། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱིས་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་ཧེ་རུ་ཀཿཞེས་དང་། རྡོ་རྗེ་གུར་གྱི་རྒྱུད་ལས། །སློབ་དཔོན་སྟོན་པར་གྱུར་པ་ནི། །སངས་རྒྱས་རྣམས་ཀྱིས་ཕྱག་མཛད་པ། །བདག་ཅག་རྣམས་ཀྱི་ཕ་དང་མར། །འདི་ཉིད་ཡིན་པ་ཤེས་པར་བྱ། །ཞེས་དང་། བ་ཚྭ་ཅན་གྱི་མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་མཁན་པོའི་གཟུགས་འཛིན་ཏེ། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་དང་། རྡོ་རྗེ་དྲིལ་བུ་པས། བླ་མའི་བྱིན་བརླབ་ཙམ་གྱིས་ནི། །སྐད་ཅིག་ཉིད་ལ་འབྱུང་གང་ཡིན། །འཁོར་ལོ་སྡོམ་པར་སྦས་པ་ཡི། །བྱིན་བརླབ་རིམ་པ་དེ་བཤད་བྱ། །ཞེས་དང་། ས་ར་ཧས། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་དུ་གནས་པའི་གཏེར་མཐོང་འདྲ། །ཞེས་དང་། སྤྱི་མདོ་དགོངས་འདུས་ལས། །བསྐལ་པ་སྟོང་གི་སངས་རྒྱས་ལས། །བླ་མ་གཉན་པར་ཤེས་པ་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བསྟེན་ནས་འབྱུང་། །ཅེས་དང་། དབང་བསྐུར་བ་ན་སངས་རྒྱས་ཐམས་ཅད་བླ་མའི་སྐུ་ལ་བཞུགས་ནས་བྱིན་གྱིས་རློབས་པ་སྟེ། འདི་ཡིས་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལས་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་གསུངས། དམ་ཚིག་མཆོག་གི་རྒྱུད་ལས། དངོས་གྲུབ་འདོད་པའི་དད་པ་ཅན། །དངོས་གྲུབ་བླ་མ་མཉེས་ལས་འབྱུང་། ཞེས་དང་། །སྒྲ་ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ལས། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྙེན། །འཁོར་བའི་གཡུལ་ངོ་བཟློག་ཕྱིར་རོ། །ཞེས་དང་། གསང་སྙིང་ལས། བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི། །དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་འདག་པ་དང་། །ཡོན་ཏན་མཆོག་རྣམས་ཐོབ་པར་འགྱུར། །ཞེས་དང་། བསྐྱེད་རིམ་བསྐལ་པར་སྒོམ་པ་བས། །བླ་མ་སྐད་ཅིག་དྲན་པ་མཆོག །བཟླས་བརྗོད་ས་ཡ་དུང་ཕྱུར་ལས། །བླ་མའི་གསོལ་འདེབས་ཐུན་ཅིག་མཆོག །ཅེས་དང་། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། །བླ་མ་ཅུང་ཟད་དྲན་ལ་མཆོག །ཞེས་དང་། །རྗེ་ས་པཎ་གྱིས། ཉི་མའི་འོད་ཟེར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་བྱིན་བརླབས་ཀྱང་། །བླ་མ་མེད་པར་འབྱུང་མི་འགྱུར། ཞེས་དང་། མགོན་པོ་འབྲི་གུང་པས། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབ་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་དང་། ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས། དཔལ་ལྡན་ཡོན་ཏན་མཆོག་གིས་ཡོངས་གང་བ། །སྲིད་གསུམ་འདྲེན་པའི་བླ་མ་དམ་པ་ལ། །འདི་ཕྱིའི་དོན་སྒྲུབ་སླད་དུ་གུས་པས་བསྟེན། །རྣམ་གྲོལ་ཡོན་ཏན་མཆོག་གིས་ཡོངས་གང་བ། །སྲིད་གསུམ་འདྲེན་པའི་བླ་མ་དམ་པ་ལ། །འདི་ཕྱིའི་དོན་སྒྲུབ་སླད་དུ་གུས་པས་བསྟེན། །རྣམ་གྲོལ་ཡོན་ཏན་མཛོད་མང་ཐོབ་པར་འགྱུར། །དུས་རྣམས་རྟག་ཏུ་དྲིན་ཡང་མི་བརྗེད་པར། །རྩ་བའི་བླ་མ་སངས་རྒྱས་ཀུན་བས་ལྷག །དེ་མཉེས་པ་ལས་ཡོན་ཏན་ཀུན་འབྱུང་བས། །སྐལ་ལྡན་རྣམས་ཀྱིས་གཙང་མའི་སྤྱི་བོས་བསྟེན། །མཛད་སྤྱོད་ཕྲིན་ལས་རྣམ་བཞིའི་རྗེས་འགྲོ་བ། །ཞི་དང་ཁྲོ་ཚུལ་སྣ་ཚོགས་ཐབས་ཀྱིས་འདུལ། །དགོངས་སྤྱོད་རྒྱ་མཚོ་དཔག་གིས་མི་ལོང་བ། །དེ་འདྲའི་བླ་མ་གཡོ་མེད་གུས་པས་བསྟེན། །ཞེས་དང་། འཇིགས་མེད་གླིང་པས། བླ་མ་སྒྲུབ་པའི་རྣལ་འབྱོར་ཕྱི་ནང་གཉིས། །བསྐྱེད་རྫོགས་སྒྲུབ་རྒྱུའི་ངོ་བོ་འདིར་འདུས་པས། །མདོ་རྒྱུད་ཀུན་ནས་སངས་རྒྱས་ཉིད་དུ་བསྟན། །རྨོངས་པ་ཕལ་ཆེར་གཟུགས་བརྙན་འབྲི་ཞིང་སྒོམ། །དངོས་སུ་བཞུགས་ལ་རིམ་གྲོ་བགྱི་བ་མེད། །གནས་ལུགས་བསྒོམ་ཟེར་བླ་མའི་ཐུགས་མི་ཤེས། །སྒྲུབ་དང་བསྒྲུབ་བྱ་འགལ་བ་ཉོན་རེ་མོངས། །མོས་གུས་མེད་བཞིན་བར་དོར་མཇལ་བ་མཚར། །དང་པོ་བླ་མ་བརྟགས་ལ་མཁས་པ་དང་། །བར་དུ་བླ་མ་བསྟེན་ལ་མཁས་པ་དང་། །ཐ་མར་དགོངས་སྤྱོད་བསླབ་ལ་མཁས་པ་ཡི། །སྐྱེས་བུ་དེ་ནི་ཡང་དག་ལམ་དུ་འགྲོ། །ཞེས་སོགས་རྒྱ་ཆེར་འབྱུང་བ་ལ་དྲན་པ་ཉེ་བར་བཞག་སྟེ་ཡིད་ཆེས་བསྐྱེད་པ་གལ་ཆེ། བླ་མ་བསྟེན་པར་ཉེས་ཤིང་དམ་ལས་ཉམས་ན་ཉེས་པའང་ཆེས་ཆེར་ལྕི་བ་ཡིན་ཏེ། སྒྱུ་འཕྲུལ་དྲྭ་བ་ལས། བླ་མ་ལ་ནི་སྨོད་པ་དང་། །ཐུགས་དཀྲུགས་པ་ཡི་ཉེས་པ་ནི། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལས། །ཆུ་ཐིག་སྐྲ་ཡིས་གཏོར་ནུས་པ། །དེ་ཡི་ཚད་དུ་དམྱལ་བར་ལྟུང་། །རྡོ་རྗེའི་དམྱལ་བར་གྲགས་པ་ཡིན། །ཞེས་གསུངས་པ་དང་། རྡོ་རྗེ་མཁའ་འགྲོ་ལས། སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །སློབ་དཔོན་ལ་ནི་གང་སྨོད་པ། །ཚེ་འདི་ཉིད་ལ་སྡུག་བསྔལ་འགྱུར། །རིམས་དང་དུག་དང་དབྱིག་དུག་དང་། །མཁའ་འགྲོ་རྣམས་ཀྱིས་འཚེ་བ་དང་། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ལྟུང་། །ཞེས་སོགས་ཉེས་དམིགས་རྒྱ་ཆེར་གསུངས་ཤིང་། སྔགས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཡར་འགྲོ་མར་འགྲོའི་ལམ་གཉིས་ལས་གསུམ་པ་ཞིག་མེད་པས། ཤིན་ཏུ་སྒྲིམས་ཏེ་དམ་ཚིག་བསྲུང་བར་གཅེས་ཤིང་། ཉམས་ན་ཐུན་ཚོད་ལས་མ་འདས་པའི་བཤགས་པ་དང་། ཚོགས་དང་། བདག་འཇུག་སྦྱིན་སྲེག །ན་རཀ་སྐོངས་བཤགས་སོགས་ཀྱིས་རང་རྒྱུད་རྣམ་པར་དག་པའི་ཐབས་ལ་བརྩོན་པ་ཤིན་ཏུ་གཅེས་སོ། །དེ་ལྟར་བླ་མ་བསྟེན་ཅིང་སྒྲུབ་པའི་རྣལ་འབྱོར་ལམ་དུ་བྱས་པས་སངས་རྒྱས་ཐམས་ཅད་སྒྲུབ་པར་འགྱུར་བ་དང་། །ཏིང་ངེ་འཛིན་མ་སྐྱེས་པ་བསྐྱེད། སྐྱེས་པ་བོགས་དབྱུངས། གེགས་དང་གོལ་ས་རང་ཆོད། ཉམས་རྟོགས་བརྟན་ཅིང་མཐར་ཕྱིན་པར་འགྱུར་བ་ཡིན་ནོ། །དེ་རྣམས་ཀྱི་གོ་དོན་སྤྱིར་བཤད་ནས། ད་ནི་སྐབས་དོན་དངོས་ལ་འཇུག་སྟེ། དེའང་བླ་རྣམ་སྙིང་ཐིག་གསལ་སྒྲོན་ཞེས་པའི་མིང་ཆེ་བ་འདི་ནི། དད་པ་དང་ལྡན་པས་ནན་ཏན་ཆེན་པོས་གསུང་གི་བསྐུལ་བས་གང་དྲན་བྲིས་པ་ལ་དགོས་པ་ཆུང་ཞིང་། རང་ལ་བླ་རྣམ་སྦྱོར་ཡུལ་གྱི་ཡོན་ཏན་རུས་སྦལ་གྱི་སྤུ་དང་མཚུངས་ཀྱང་། རྒྱལ་ཚབ་བྱམས་པས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། དབང་བྱས་རྣམ་གཡེངས་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་འབྲེལ་བ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་གསུངས་པ་ལྟར། སྙིགས་དུས་འདིར་ཕྲན་ལྟ་བུ་སྐྱེ་བོ་ངན་པས་རྡོ་རྗེ་སློབ་དཔོན་གྱི་ཁུར་ཁྱེར་ནས་གསང་སྔགས་ཀྱི་དབང་ཆོས་རྣམས་ལ་ཇི་མི་སྙམ་དུ་ཞུགས་པ་མང་པོར་གྱུར་སོང་བས་དབང་ཆོས་ཀྱི་འབྲེལ་ཐོབ་རྣམས་ཀྱིས་དམ་ཚིག་མི་ཉམས་རྟེན་ཙམ་དུ་འདོན་ཀྱང་མི་རུང་རྒྱུ་མེད་ཅིང་། རྒན་མོ་ཁྱི་སོ་རིང་བསྲེལ་གྱི་དཔེས་དད་པ་ཡོད་ན་བྱིན་རླབས་འཇུག་པའང་སྲིད་པས། དེས་ན་འདི་ཉིད་ལ་རྣལ་འབྱོར་དུ་བྱ་བར་འདོད་པ་དག་གིས་ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ་དང་། མཚན་མོ་སྒྲ་ཡི་གླགས་ཅོར་མེད་པའི་གནས་དབེན་པ་དམ་པ་གོང་མས་བྱིན་གྱིས་བརླབས་པའི་སྒྲུབ་གནས་ལྟ་བུར་བསམ་གཏན་གྱི་ཁང་བུར་ཕྱག་དར་བྱ། བླ་མའི་སྐུ་འབག་སོགས་རྟེན་ཡོད་ན་བཀྲམ་བའི་མདུན་མཆོད་པ་རྣམ་བདུན་བཀོད་མཛེས་དང་། མཎྜལ་ཀྱང་འདུ་བྱ། སྟན་ནང་ཚངས་ཅན་གྱི་སྟེང་དུ་བདེ་བར་ལུས་དྲང་པོར་འཁོད་དེ་ཐོག་མར་རླུང་རོ་ལན་གསུམ་བསལ་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་རླུང་དཀར་དམར་ནག་པ་ཁ་དོག་མི་གསལ་བའི་རྣམ་པ་ཕྱིར་བུས་པས་རླུང་དྭངས་སྙིགས་འབྱེད་ཅིང་ལུས་ཀྱི་ནང་ཐམས་ཅད་སྟོང་སངས་སངས་གྱུར་པར་བསམས་ལ་ཅུང་ཟད་ངལ་གསོ། དེ་ནས་འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས་ལས་རྒྱུ་འབྲས་རྣམས་དྲན་གང་ཐུབ་བྱ། ཐོག་མར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟབ་ལམ་བླ་མ་སྒྲུབ་པར་བགྱིའོ་སྙམ་པའི་སེམས་བསྐྱེད་ཡུན་རིང་དུ་བསྒོམ་ནས་ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོར་གསལ་བའི་མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་རྩ་བའི་བླ་མ་སྐུ་གཟི་བརྗིད་དང་ལྡན་པ་སྒོམ་ལ། དེ་ཉིད་དཀོན་མཆོག་ཀུན་འདུས་སུ་ཤེས་པ་དང་བདག་གཞན་སེམས་ཅན་ཐམས་ཅད་མངོན་སུམ་བཞིན་དུ་འཁོད་དེ་སྒོ་གསུམ་འདུན་པ་ཆིག་བསྒྲིལ་གྱིས། ཨཿརང་རིག་ཀ་དག་ཆོས་ཀྱི་སྐུ། །རང་གསལ་ལྷུན་གྲུབ་ལོངས་སྤྱོད་རྫོགས། །རིག་རྩལ་ཐུགས་རྗེ་སྤྲུལ་པའི་སྐུ། །རང་ངོ་ཤེས་པས་སྐྱབས་སུ་མཆི། །ཞེས་གྲངས་ཅི་ནུས་བྱས་མཐར་སྐྱབས་ཡུལ་གྱི་སྐུ་ལས་འོད་ཟེར་འཕྲོས་རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག །ལས་ཉོན་སྡིག་སྒྲིབ་ཐམས་ཅད་བྱང་། མཁྱེན་བརྩེ་ནུས་པའི་བྱིན་རླབས་རྒྱུད་ལ་ཞུགས། ལུས་ཟག་མེད་འཇའ་ལུས་རྡོ་རྗེའི་སྐུ་དང་། སེམས་རྟོག་མེད་ཆོས་ཀྱི་སྐུར་གྱུར་པར་བསམས་ལ་རང་སེམས་གཉུག་མ་འབྲས་སྐྱབས་ཀྱི་ངོ་བོར་བལྟ། དེ་ནས་སྐྱབས་ཡུལ་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམ་པར་མོས་པའམ། སེམས་བསྐྱེད་ཀྱི་དཔང་པོར་བཞུགས་ཀྱང་རུང་། སེམས་བསྐྱེད་པ་ནི། ཨཿམ་རིག་འཁྲུལ་པའི་སེམས་ཅན་རྣམས། །སྐུ་གསུམ་ས་ལ་འགོད་པའི་ཕྱིར། །སྨོན་འཇུག་བྱང་ཆུབ་སེམས་སྦྱངས་ཤིང་། །རང་གྲོལ་ཆེན་པོར་སེམས་བསྐྱེད་དོ། །ཞེས་ཚིག་བརྗོད་པ་དང་། མཁའ་མཐར་གཏུགས་པའི་སེམས་ཅན་རྣམས་ཕ་མར་མ་གྱུར་པ་མེད་ཀྱང་ལས་ཉོན་གྱི་ལྕགས་སྒྲོག་དམ་པོས་བཅིངས། སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་བྱིང་ནས། སྡུག་བསྔལ་སྣ་ཚོགས་ཀྱིས་ཤིན་ཏུ་མནར་པའི་སེམས་ཅན་དེ་རྣམས་ལ་བྱམས་དང་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་དྲངས་ཏེ། བདག་ཁོ་ནས་གཏན་བདེ་ལ་འགོད་པར་བྱ། དེ་ཡི་ཆེད་དུ་བླ་མའི་རྣལ་འབྱོར་སངས་རྒྱས་ཀུན་གྱི་གསང་བའི་ཉེ་ལམ་འདི་ལ་བརྩོན་པར་བགྱིའོ་སྙམ་དུ་ཡང་ཡང་དྲན་པར་བྱ། དབུགས་འགྲོ་འོང་དང་བསྟུན་པའི་བློ་སྦྱོང་སྒོམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་བཏང་སྙོམས་ལ་གནས་ཤོག །ཅེས་ཚད་མེད་བཞི་སྒོམ་པ་སྟེ། བདེ་བ་དང་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། བདེ་ལྡན་སྡུག་བསྔལ་བྲལ་བའི་དགའ་བ། ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་བཞི་པོ། དུས་ཚད་མེད་པ་བྱང་ཆེན་ལ་ཐུག་གི་བར། སེམས་ཅན་ཚད་མེད་པ་ནམ་མཁའི་མཐའ་ཁྱབ། ཐོབ་བྱེད་ལྷག་བསམ་ཚད་མེད་པ། ཐོབ་བྱའི་འབྲས་བུ་ཚད་མེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ལ་དམིགས་པ་སྟེ་ཁྱད་པར་རྣམ་པ་བཞི་དང་ལྡན་པས་བསྒོམ། མཐར་སེམས་བསྐྱེད་བྱ་བསྐྱེད་ཡུལ། སྐྱེད་བྱེད་རྣམས་རང་རིག་བྱང་ཆུབ་སེམས་ཀྱི་ངོ་བོར་མཉམ་པར་བཞག་གོང་དུ་སྐྱབས་ཡུལ་མ་བསྡུས་ན་འདིར་བསྡུ་བར་བྱ། །དེ་ནས་རྟེན་བསྐྱེད་པ་ལ། ཨཿཞེས་བརྗོད་པ་དང་གཉིས་སྣང་གི་ཆོས་ཐམས་ཅད་སྐྱེ་འགགས་གནས་པ་འགྲོ་འོང་རྟག་ཆད་ཐམས་ཅད་དང་བྲལ་བའི་ཆོས་ཉིད་ཀྱི་དབྱིངས་ངོ་བོ་སྟོང་པ་ཆེན་པོ། རྒྱུ་མཚན་མ་མེད་པ། འབྲས་བུ་སྨོན་པ་མེད་པའི་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ཆོས་དབྱིངས་འདུས་མ་བྱས་པའི་ཀློང་ཆེན་པོར་ཐིམ་པ་དང་། ཀུན་ཏུ་སྣང་བའི་རྩལ་མ་འགགས་པ་སྙིང་རྗེ་ཆེན་པོར་ཤར་བའི་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་ཆོ་འཕྲུལ་ཆེན་པོ་ལས། མདུན་མཁར་འཇའ་ཟེར་སོགས་བརྗོད་པ་དང་སྒོམ་དོན་སྣང་སྲིད་སྣོད་བཅུད་རྣམས་གདོད་ནས་དག་པ་རབ་འབྱམས་བདེ་ཆེན་ཞིང་གི་བཀོད་པ་ལྟ་བུ་ཕྱོགས་བཅུ་ཀུན་ཏུ་འབྱམས་ཀླས་ཤིང་ཀུན་ཏུ་གསལ་བ། ཕྱི་དང་ནང་མེད་པ་ཞིང་ཁམས་དང་རྒྱན་གྱིས་བཀོད་པ། འདོད་ཡོན་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་ཁོར་ཡུག་ཐམས་ཅད་རིན་ཆེན་སྣ་བདུན་གྱི་རི་བོ། སྤོས་ཆུའི་ཀླུང་ཆེན་ཡན་ལག་བརྒྱད་ལྡན་གསེར་གྱི་བྱེ་མ་འདྲེན་པ། མཚོ་དང་། རྫིང་བུ། ལྟེང་ཀ་སོགས་དང་། སྤུ་སྡུག་མཛེས་ཤིང་ཡིད་དུ་འོང་བའི་བྱ་རིགས་སྣ་ཚོགས་པ་སྐད་སྙན་སྒྲོགས་པ་དང་། རི་དྭགས་མང་པོའི་རྩེ་དགའ་འཁྲབ་པ། ཤིང་ལྗོན་པ་རིན་ཆེན་སྣ་ཚོགས་ལས་འཁྲུངས་པ་ཡལ་འདབ་ལོ་འབྲས་ཕུན་སུམ་ཚོགས་པ་ལ་རིན་པོ་ཆེའི་འཕྱང་འཕྲུལ་སྣ་ཚོགས་པ། བཻཌཱུརྱ་དང་། ཨ་མོ་ནི་ཀ་ལ་སོགས་པ་ས་གཞིར་གཅལ་དུ་བཀྲམ་པ། ལྷ་དང་མིའི་མེ་ཏོག་སྣ་ཚོགས་པས་ཁེབས་པ། དྲི་ཞིམ་པོ་བརྗོད་ལས་འདས་པ། རོལ་མོ་སྣ་ཚོགས་ཀྱི་སྒྲ་སྒྲོགས་པ། ནམ་མཁའ་ནས་ལྷ་མོ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་བ་དན་སྒྲེངས་ཤིང་། གུར་གུམ་སོགས་ཀྱི་ཆར་འབེབས་པ། དེ་ལྟ་བུའི་ཞིང་ཁམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུ་ལས་བྱུང་བ་དེ་ལྟར་གསལ་ཡང་ཡང་བཏབ་པ་ནི། ཞིང་སྦྱོང་བ་སྟེ་དམིགས་པའི་གསལ་སྣང་ཐེབས་ངེས་བསྒོམ། རང་ཉིད་གཞི་ལུས་ཡི་དམ་གྱི་ལྷར་གསལ་བའམ། ཐ་མལ་དུ་གནས་ཀྱང་རུང་ལ། འོན་ཀྱང་རྒྱུན་གྱི་ཡི་དམ་གང་ཡིན་གསལ་ན་ལེགས། རང་གི་མདུན་གྱི་ནམ་མཁར་རང་བྱུང་གི་ཡེ་ཤེས་འོད་ལྔའི་ཟེར་ཐག་དང་དྲྭ་བ་མིག་མང་རིས་སུ་འབྲེལ་བའི་ནང་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི། ནོར་བུ་རིན་པོ་ཆེ་འོད་འབར་བ་སྣ་ཚོགས་ཀྱི་རྒྱན་གྱིས་སྤྲས་པ་མཐོ་ཞིང་མཛེས་པ་ཡངས་ཤིང་རྒྱ་ཆེ་བར་གསལ་བའི་སྟེང་དུ་ཁུ་རྡུལ་རླུང་གསུམ་དག་པའི་སྣ་ཚོགས་པདྨ་འདབ་མ་འབུམ་ལྡན་དང་། ཟླ་བ་ཉི་མའི་དཀྱིལ་འཁོར་བརྩེགས་པའི་གདན་ལ། ང་རྒྱལ་རྩད་ནས་འཇོམས་ཤིང་སྣང་སྲིད་ཟིལ་གྱིས་གནོན་ཅིང་། དྲེགས་ཚོགས་ལས་ལ་བཀོལ་བའི་བརྡར་སྟག་ལྤགས་གསར་པ་སྡེར་བཞི་མ་ཉམས་པ་མགོ་བོ་མདུན་ཏུ་བསྟན་པས་བཀབ་བའི་སྟེང་། རིག་འཛིན་གྱི་རྒྱལ་པོ་རྡོ་གྲུབ་ཐམས་ཅད་མཁྱེན་པས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་བཅུག་ནས་དབང་གི་གསང་བའི་མིང་པདྨ་ཡེ་ཤེས་རྡོ་རྗེ་ཞེས་དོན་གྱི་དགོངས་པ་དགོས་འབྲེལ་དུ་མ་དང་ལྡན་པའི་མིང་གི་ཅོད་པན་ཐོགས་པ་ཉིད། གཞི་གཉུག་མ་རིག་པ་རང་བྱུང་ཧེ་རུ་ཀའི་ཁྲོ་བོ་ཆེན་པོ་སྟེ། རྒྱུད་ལས། ཧེ་ནི་སྙིང་རྗེ་ཆེན་པོ་དང་། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་སྙིང་རྗེ་དང་། སྟོང་པ་ཟུང་དུ་འཇུག་པ་སྟེ་སྲིད་ཞི་ཀུན་ཁྱབ། ཡང་ན་རུ་དྷི་ར་ཁྲག་སྟེ་བདུད་བཞི་དབྱིངས་སུ་བསྒྲལ་བའི་ཁྲག་འཐུང་དཔལ་ཆེན་པོ་བརྟན་གཡོའི་སྤྱི་དཔལ་དུ་གདོད་ནས་ལྷུན་རྫོགས་ཆེན་པོར་བཞུགས་པ་ཉིད། རྣམ་པ་རིག་འཛིན་རྣལ་འབྱོར་སྤྱོད་པའི་སྐུར་བཞེངས་པ་སྟེ། དེའང་གསུང་པདྨའི་རིགས་གཙོ་ཆེ་བས་མ་ཆགས་ཆགས་བྲལ་ཆགས་པ་ཆེན་པོ་སོར་རྟོག་ཡེ་ཤེས་ཀྱི་རང་མདངས་སུ་ཤར་བས་སྐུ་མདོག་དམར་སྨུག །དབུ་སྐྲ་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེར་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ་གདུལ་བྱར་སྙིང་རྗེ་ཆེན་པོས་འཛུམ་པ་ལ་སྙིགས་དུས་མ་རུངས་པའི་དམ་སྲི་རྒྱལ་འགོང་ལྷ་མིན་བདུད་སྡེའི་གཤེད་དུ་གྱུར་པས་སྨིན་མཚམས་སུ་ཁྲོ་བོའི་གཉེར་མ་ཅུང་ཟད་དང་བཅས་ཞལ་ནས་ཧེ་ཞེས་སྒྲོགས་པ་ལྟ་བུའི་ཡིད་ཙམ་གདངས་པ། ཐབས་ཤེས་ཀྱི་ཕྱག་གཉིས་གཡས་བཅུ་དྲུག་ལྟག་སྤྲོད་ཀྱི་ཐོད་པའི་ཌཱ་མ་རུ་སྙན་གྱི་ཐད་ཀར་འཁྲོལ་བས་བདེ་སྟོང་གི་ཕྲཻཾ་ཧཱུྃ་ཕྲཻཾ་ཧཱུྃཿཞེས་པའི་སྒྲ་གདང་གིས་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་བསྐུལ་ཞིང་། གཡོན་བདེ་སྟོང་ཟག་མེད་ཀྱི་ཏིང་ངེ་འཛིན་ལས་མི་གཡོ་བར་མཚོན་པའི་ཕྱག་མཉམ་བཞག་གི་སྟེང་རྟོག་མེད་བདེ་སྐྱོང་ཀ་པཱ་ལའི་སྣོད་དུམ་བུ་གཅིག་པའི་ནང་དུ་འཆི་བ་མེད་པའི་བདུད་རྩིས་བཀང་བ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་དབུས་ནས་ཅུང་ཟད་གྱེན་ལས་ཕྱུར་བའི་རྣམ་པ་ཅན་དང་། སྐུ་ལ་ཕར་ཕྱིན་དྲུག་དང་རྒྱལ་བ་རིགས་དྲུག་རྫོགས་པའི་རུས་རྒྱན་དྲུག་སྟེ། ཐོད་སྐམ་གྱི་དབུ་རྒྱན། སྙན་རྒྱན། མགུལ་ཆུ། གདུ་བུ། སེ་རལ་ཁ། སྐ་རགས་དང་། དེའི་སྣ་ལ་སྟོང་ཉིད་ཆོས་ཀྱི་སྒྲ་སྒྲོགས་པའི་དྲིལ་བུ་གཡེར་ཁས་མཚན་པ། སྐུ་སྨད་ལ་ལྷ་རྫས་ཀྱི་ཨཾ་རག་དང་། སྟག་ཤམ་མགོ་བོ་གཡས་སུ་བསྟན་པའི་ཤམ་ཐབས། སྐུ་ཤིན་ཏུ་གྲིམ་པ་སྤྱན་གཉིས་ལྟ་སྟང་གི་འབྲུ་ཚུགས་སུ་གཟིགས་པ། མཆན་ཁུང་གཡོན་དུ་ཤེས་རབ་དབྱིངས་ཡུམ་སྦས་པའི་ཚུལ་གྱིས་ཁ་ཊྭཱྃ་རྩེ་གསུམ་རྭ་ལོང་དང་ལྡན་པ། ཐོད་པ་སྐམ་རློན་རྙིད་གསུམ་དང་བུམ་པ་སྣ་ཚོགས་རྡོ་རྗེ་དྲིལ་བུ་ཌཱ་མ་རུ་དར་དཔྱངས་དང་བཅས་པ་འཕྱང་བ། ཡུ་བ་བརྒྱད་གཞོགས། རྩ་བར་རྡོ་རྗེ་ཕྱེད་པས་བརྒྱན་པ་ནི་རྡོ་རྗེའི་སྲུང་འཁོར་གཞལ་ཡས་ཁང་འཕགས་ལམ་ཡན་ལག་བརྒྱད་སྐུ་གསུམ་སོགས་མཚོན་པ་སྟེ་རྣལ་འབྱོར་ནང་བའི་བསྐྱེད་རྫོགས་ཀྱི་མཚོན་དོན་སོགས་དང་སྦྱར་རྒྱུ་ཡོད་ཀྱང་འདིར་དེ་ཙམ་མོ། །དེ་ལྟར་གསལ་བའི་དཔྲལ་བ་སྟེ་སྨིན་མཚམས་སུ་སྐུ་རྡོ་རྗེ་རྣམ་སྣང་གི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེ་སྣང་མཐའི་ངོ་བོ་ཨཱཿ དམར་པོ། སྙིང་ཁར་ཐུགས་རྡོ་རྗེ་མི་བསྐྱོད་ངོ་བོ་ཧཱུྃ་སྔོན་པོ་རྣམས་འོད་ཟེར་གཟི་བརྗིད་ལྡན་པར་གསལ་བཏབ། དེའང་གདོད་ནས་རྡོ་རྗེ་གསུམ་ལྷུན་གྱིས་གྲུབ་པ་གསལ་གདབ་པ་ཙམ་ཡིན་ནོ། །དེས་ན་དམ་ཡེ་གཉིས་མེད་རང་བྱུང་ལྷུན་གྲུབ་ཀྱི་ཆོས་གཟུགས་དབྱེར་མེད་དུ་བཞུགས་པས་སྤྱན་འདྲེན་པ་སོགས་མི་དགོས་ཀྱང་། དང་པོའི་ལས་ཅན་འགའ་ཞིག་གི་སྤྲོས་པར་འདོད་པས། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཡི་ཞིང་མུ་མཐའ་མེད་པ་རྣམས་དང་། ཁྱད་པར་དུ་ས་སྤྱོད་སྤྲུལ་པའི་ཞིང་ཁམས་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་ཆེན་པོ། རྒྱ་ནག་རི་བོ་རྩེ་ལྔའི་ཞིང་རྣམས་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སོགས་རྩ་གསུམ་རབ་འབྱམས་རྒྱ་མཚོ་དང་། ཨོ་རྒྱན་པདྨ་འབྱུང་གནས་པཎ་ཆེན་བི་མ་མི་ཏྲ་གཉིས་ལ་འཁོར་རིག་འཛིན་གྲུབ་ཐོབ་རྒྱ་མཚོ། ཁྲོ་བོ་ཁྲོ་མོ་དཔའ་བོ་མཁའ་འགྲོ་སོགས་ཀྱི་དྲི་ཞིམ་སྤོས་ཀྱི་དུད་སྤྲིན། འཇའ་འོད་ཀྱི་གུར་ཁང་། ལྷའི་སིལ་སྙན་དང་། རོལ་མོ། ཧཱུྃ་དང་ཕཊ་སྒྲ། གདུགས་དང་། རྒྱལ་མཚན། བསྟོད་པའི་གླུ་དབྱངས་དང་། བཀྲ་ཤིས་མེ་ཏོག་གི་ཆར་འབེབས་པ་སོགས་གནམ་ས་འགེངས་པ་ཙམ་དུ་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བྱོན་ནས་སྤྱི་བོའི་བླ་མ་ལ་ཐིམ་པར་བསྐུལ་བའི་གསང་བའི་སྔགས་རྒྱ་དང་། ཡེ་ཤེས་པ་ནམ་མཁར་བྱོན་པ་རྣམས། ཛཿཞེས་ཉེ་བར་དགུག །ཧཱུྃ་གིས་བསྟིམ། བྃ་གྱིས་དབྱེར་མེད་དུ་བྱས། ཧོཿས་དགྱེས་པ་བསྐྱེད་དོ། །དེ་ཡང་རྒྱུད་སྡེ་འོག་མ་རྣམས་ལྟར་གཤེགས་ཐག་རིང་ནས་སྤྱན་འདྲེན་པ་མིན་ལ། ནམ་མཁའ་ལ་གཟའ་སྐར་བཀྲ་བ་ལྟར་སྐད་ཅིག་གི་ཡེ་ཤེས་པའི་ལྷ་ཚོགས་བཀྲ་ལམ་གྱིས་སད་པར་བསམ་པ་ནི་སྔགས་བླ་མེད་ཀྱི་ལུགས་རྨད་དུ་བྱུང་བའོ། །དེ་ལྟར་བསྟིམ་པས་སླར་ཡང་དགྱེས་པ་ཆེན་པོས་གཟི་བྱིན་ལྷག་པར་འབར་བར་མོས། ཚོགས་བསགས་ལ་གཞུང་ཚིག་གི་ཡན་ལག་བརྒྱད་པ་དོན་དམ་བརྗོད་པ་ཚིག་གི་གསལ་འདེབས་ཡིན་ཀྱང་། དང་པོའི་ལས་ཅན་གྱིས་ཀུན་རྫོབ་ཀྱི་དམིགས་པས་གསལ་འདེབས་པར་བྱ་སྟེ། ང་རྒྱལ་གྱི་གཉེན་པོར་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཏུ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་མ་ལྔ་ས་ལ་ཕབ་པའི་ཕྱག་བྱ་བ་དང་། འདོད་ཆགས་དང་། སེར་སྣའི་གཉེན་པོར་བདག་པོས་བཟུང་བ་དང་མ་བཟུང་བའི་ལྷ་མིའི་ལོངས་སྤྱོད་དངོས་འབྱོར་ཡིད་སྤྲུལ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱིས་རྣམ་པར་འཕྲུལ་པ་ལས་བྱུང་བའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པའི་སྤྲིན་རབ་འབྱམས་རྒྱ་མཚོ་འབུལ་བ་དང་། ཞེ་སྡང་གི་གཉེན་པོར་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་པ་མི་དགེ་བ་བཅུ། མཚམས་མེད་ལྔ། ཉེ་བ་ལྔ། ལོག་པ་བརྒྱད། ལྕི་བ་བཅུ་དྲུག །གསུང་རབ་ཀྱི་གླུད་ཟོས་པ། དམ་པའི་ཆོས་སྤངས་པ། འཕགས་པ་ལ་སྐུར་པ་བཏབ་པ། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་སོགས་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་། སྟོན་པས་བཅས་པའི་ཁྲིམས། དགེ་བསྙེན། དགེ་ཚུལ་སློང་གི་སྡོམ་པ་དང་འགལ་བ། བྱང་སེམས་ཀྱི་ནག་པོའི་ཆོས་བཞི། རྩ་ལྟུང་བཅོ་བརྒྱད། སྨོན་འཇུག་གཏོང་བ། ཉེས་བྱས་ཞེ་དྲུག་སོགས་བྱང་སའི་ཚུལ་ཁྲིམས་གསུམ་དང་འགལ་བ། གསང་སྔགས་ཕྱི་ནང་གི་དམ་ཚིག་དང་། ཁྱད་པར་ནང་པ་ཐབས་ཆེན་ཐེག་པའི་མ་ཧཱ། ཨ་ནུ། ཨ་ཏིའི་དམ་ཚིག་དང་། བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉེར་བདུན། རྩ་ལྟུང་བཅུ་བཞི། སྦོམ་པོ་བརྒྱད། ཡན་ལག་གི་དམ་ཚིག་ཉེར་ལྔ། མེད་ཕྱལ་ཅིག་པུ་ལྷུན་གྲུབ་ཀྱི་དམ་ཚིག་རྒྱལ་པོ་བཞི་སོགས་དང་འགལ་བའི་དྲན་པ་དང་མ་དྲན་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ལ་གནོད་འགྱོད་དྲག་པོས་མི་འཆབ། མི་སྦེད་པར་མཐོལ་ཞིང་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་དང་། ཕྲག་དོག་གི་གཉེན་པོར་འཕགས་པ་སློབ་པ་དང་མི་སློབ་པ། སོ་སྐྱེས་བསགས་པའི་དགེ་བའི་རྩ་བ་རྣམས་ལ་དགའ་ཞིང་ཕྲག་པ་མི་དོག་པར་རྗེས་སུ་ཡི་རང་བ་དང་། ལོག་པར་ལྟ་བ་འཛིན་པའི་གཉེན་པོར་ཐེག་པ་གསུམ་གྱི་རིགས་ཅན་མཐའ་དག་ལ། རང་རང་གི་བློ་དང་འཚམས་པའི་ཟབ་པ་དང་རྒྱ་ཆེ་བའི་དྲང་ངེས་ཀྱི་ཆོས་འཁོར་བསྐོར་བར་བསྐུལ་ཞིང་། གཏི་མུག་གི་གཉེན་པོར་སངས་རྒྱས་བྱང་སེམས་སྐྱེས་བུ་དམ་པ་གང་དག་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ་བསྐལ་པའི་བར་དུ་བཞུགས་པར་གསོལ་བ་འདེབས་པ་དང་། ཐེ་ཚོམ་གྱི་གཉེན་པོར་སངས་རྒྱས་འཕགས་པ་ནས་སོ་སྐྱེ་ཡན་ཆོད་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བ་ཟག་བཅས་ཟག་མེད་ཐམས་ཅད་ཆོས་ཀྱི་དབྱིངས་དམིགས་མེད་བསམ་བརྗོད་བྲལ་བའི་དབྱིངས་སུ་ཡང་དག་པར་བསྔོ་བ་དང་། འདས་ད་ལྟ་མ་འོངས་པའི་སེམས་ཅན་ཐམས་ཅད་ལ་ཇི་ལྟར་བསྔོས་པ་དེ་བཞིན་ཡོངས་སུ་འགྲུབ་པའི་སྨོན་ལམ་ཀུན་ཏུ་བཟང་པོའི་རྗེས་སུ་འགྲོ་བར་གྱུར་ཅིག །ཅེས་པའོ། །དོན་དམ་པར་ནི། རང་སྣང་ཆོས་སྐུའི་བླ་མ་རང་ཞལ་མཇལ་བའི་ཕྱག་དང་། སྣང་སྲིད་གདོད་ནས་དག་པའི་མཆོད་པ་དང་། སྡིག་སྒྲིབ་རང་བཞིན་སྐྱེ་མེད་དུ་ཤེས་པའི་བཤགས་པ་དང་། བྱ་རྩོལ་བྲལ་བའི་དགེ་བར་རྗེས་སུ་ཡི་རང་། ངག་ཚིག་རྩོལ་བྲལ་གྱི་ཆོས་འཁོར། འགྱུར་མེད་སྐྱེ་འཆི་ལས་འདས་པའི་བརྟན་བཞུགས། བསྔོ་བྱ་སྔོ་བྱེད་བྲལ་བའི་བསྔོ་བ། རང་རིག་སྐུ་གསུམ་གྱི་རང་ཞལ་མཇལ་བའི་སྨོན་ལམ་སྟེ། དམིགས་བཅས་དམིགས་མེད་ཟུང་འཇུག་གི་ངང་ནས་ཚོགས་བསགས། དངོས་སུ་ཕྱག་གྲངས་བ་སོགས་ན་སྐབས་འདིར་བྱའོ། །མཎྜལ་འབུལ་བ་ནི། གསེར་དངུལ་དང་། ལི་མཁར་བ། ཤིང་དང་རྡོ་སོགས་ལས་བཟོས་པའི་མཎྜལ། ཚོམ་བུའི་རྒྱུ་རིན་པོ་ཆེ། སྨན་སྤོས། དྲི་བཟང་། འབྲུ་དཀར་སྣ་ཚོགས་རྣམས་རྡུལ་མེད་པར་བྱས། དྲི་བཟང་གི་ཆུས་བཀྲུ་དག་ཅིང་གཙང་བ་དང་། གུར་གུམ་སོགས་ཀྱིས་འབྲུ་མདོག་བསྒྱུར། ཞིང་དང་བསམ་པ་དངོས་པོ་གསུམ་དག་པས་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པ་ཡོད་ན་སྟེགས་ཀྱི་ཁར་བཞགདེ་ཚོགས་ཞིང་གསལ་བཏབ་པའི་དམིགས་རྟེན་ཡིན། མེད་ཀྱང་རུང་། མཆོད་པའི་མཎྜལ་བྱི་དོར་ལེགས་པར་བྱས་ལ་དྲི་དང་བ་བྱུང་བྱུགས། རྒྱས་པར་ནི་ཚོམ་བུ་སོ་བདུན། བསྡུ་ན་ཚོམ་བུ་བདུན་མ་དང་། ངག་འདོན་ཀྱང་རྒྱས་བསྡུས་དེ་ལྟར་བྱ་བའམ། རྒྱུན་དུ། ཨོཾ་ཨཱཿཧཱུྃ། བདག་དང་མཐའ་ཡས་སེམས་ཅན་གྱི། །ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན། །ཕྱི་ནང་གསང་བའི་མཎྜལ་གྱིས། བླ་མ་རྒྱལ་བ་སྲས་བཅས་མཆོད། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་ཧོ། ཞེས་དབུལ། གྲངས་ཆེད་དུ་བསོགས་ན་འབུམ་ཐེར་ལོངས་པར་འདོན། དམིགས་པ་ནི་རྩ་བའི་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་རྩལ་སྣང་ལས་རང་ཤར་བའི་ཚོགས་ཀྱི་ཞིང་བསྒོམ་ཀྱང་རུང་། ཡང་ན་ཀུན་འདུས་ནོར་བུ་ལུགས་སུ་སྔར་གསལ་བཏབ་པ་ལ་འབུལ་བས་ཆོག །རང་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་རྒྱུར་བྱས་ཏེ། རྣམ་པ་གླིང་བཞི་རི་རབ་ཉི་ཟླ་བྱེ་བ་ཕྲག་བརྒྱ་ལྷ་མིའི་ལོངས་སྤྱོད་དཔལ་འབྱོར་ཕུན་སུམ་ཚོགས་པ་སྲིད་ཞིའི་ཁམས་ན་ཇི་སྙེད་མཆིས་པ་མཎྜལ་དུ་སྤུངས་ཏེ་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་ཏེ་འབུལ་བར་བྱ་ཞིང་། དེ་ལ་ཕར་ཕྱིན་དྲུག་ཀྱང་ཚང་བ་སྟེ། མཎྜལ་གྱི་མདོ་ལས། བ་ལྕི་ཆུར་བཅས་སྦྱིན་པ་སྟེ། །བྱི་དོར་བྱེད་པ་ཚུལ་ཁྲིམས་ཡིན། །སྲོག་ཆགས་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་སྐད་ཅིག་མ། །རི་མོ་ལེགས་འབར་ཤེས་རབ་བོ། །ཞེས་གསུངས་པ་ལྟར་ཕར་ཕྱིན་དྲུག་ཚངས་ཤིང་། བསགས་སྦྱངས་གཉིས་ཀ་ཕྲུགས་གཅིག་ལ་འགྲོ་བ་ཡིན་ནོ། །དེ་ནས་གསོལ་བ་འདེབས་པ་ནི། ཇི་སྐད་དུ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། སོགས་དང་། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་སོགས་སྔར་གོང་དུའང་ལུང་མང་དུ་སྤྲོས་པ་དང་། ནམ་མཁའ་དྲི་མ་མེད་པའི་མདོ་ལས་ཀྱང་། ཀུན་དགའ་བོ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྣང་བའང་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིག །ཅེས་གསུངས་པ་ལྟར། ཡོན་ཏན་གྱི་ངོས་ནས་སངས་རྒྱས་དང་མཉམ་པ་ལས་ལྷག་པ་མིན་ཡང་། བཀའ་དྲིན་གྱི་ངོས་ནས་ལྷག་སྟེ། སངས་རྒྱས་ཀྱི་ཞལ་རང་རེས་མ་མཇལ། གསུང་མ་ཐོས། དགེ་བའི་བཤེས་གཉེན་གྱི་སྐུ་དངོས་སུ་སྟོན། གསུང་གདམས་པའི་བདུད་རྩི་སྟེར། ཐུགས་བརྩེ་བས་དགོངས་ཏེ་བྱིན་གྱི་བརླབ་པར་མཛད་པས་སྐུ་དྲིན་འཁོར་མཐའ་མེད་པ་ཡིན། དགོངས་པ་ནམ་མཁའ་ལྟར་མཐོ། རང་བཞིན་རི་རྒྱལ་ལྟར་བརྟན། མཁྱེན་བརྩེ་ཉི་ཟླ་ལྟར་གསལ། ཐུགས་རྗེ་ཆུ་ཀླུང་ལྟར་ཤུགས་དྲག །བྱིན་རླབས་གློག་ལྟར་མྱུར་བས་རང་རེས་གསོལ་བ་འདེབས་ནུས་ན་བླ་མས་བྱིན་གྱིས་རློབས་ངེས་རེད་ཀྱང་། རང་རེ་རྣམས། རྣམ་རྟོག་རྒོད། དད་པ་མི་བརྟན། ཐེ་ཚོམ་ཆེ། དག་སྣང་ཆུང་བས་དངོས་གྲུབ་བུལ་བ་ཡིན། ཨོ་རྒྱན་ཆེན་པོས། ཡིད་ཁྱེད་ཤེས་ཀྱི་དད་པས་དངོས་གྲུབ་འབྱུང་། །སེམས་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། །ཅེས་གསུངས་པས། རྐང་གི་ཁོངས། སྙིང་གི་དཀྱིལ། རུས་པའི་གཏིང་ནས་ཁ་ཙམ་ཚིག་ཙམ་མིན་པ། བསམ་རྒྱུ་བླ་མ་ལས་མེད་པ། བློ་སྣ་མོས་གུས་ཀྱིས་འཕྲོག་ནུས། ཅི་མཛད་འགྲོ་བ་འདུལ་བའི་ཐབས་མཁས་ཀྱི་རོལ་པར་ཤེས་པ། མོས་གུས་ཀྱིས་ཐ་མལ་གྱི་སྣང་བ་རང་འགག་ཏུ་འགྲོ་བ་ཞིག་མ་བྱུང་གི་བར་དུ་གསོལ་བ་འདེབས་ཤིང་། རེས་འགའ་སྐད་གདངས་མཐོན་པོ། རེས་འགའ་སྙན་པའི་དབྱངས་ལ་དྲངས་ནས་བློ་རྒྱུད་འཁུལ་ངེས་པར་དགོས། བདག་ལྟ་བུ་དཀོར་རྐྱལ་སྡོམ་ཤོར། ཆོས་མེད་ཀྱི་དྲེད་པོ་གདོལ་སྤྱོད་པ་རྒྱལ་བའི་སྲས་དང་། འཇམ་དཔལ་དང་། ཧེ་རུ་ཀ་ག་ལ་ཡིན་ཡང་མིང་ཐམས་ཅད་འདོད་རྒྱལ་དུ། དཔེར་ན་མི་ཞིག་ལ་སངས་རྒྱས་སེང་གེ་བཏགས་ཀྱང་དེ་གཉིས་ཀ་མིན་པ་དང་འདྲ། འོན་ཀྱང་སྐྱེས་ཆེན་མཆོག་གཟིགས་དམ་པ་རྣམས་ཀྱིས་རང་ལ་དབུགས་དབྱུངས་མཛད་པ་དང་། མ་འོངས་པ་ན་འཁོར་བ་མཐའ་ཅན་དུ་འགྱུར་བ་དང་། གཞི་རང་བཞིན་རྣམ་དག་གི་སངས་རྒྱས་སྐྱེ་འགྲོ་ཐམས་ཅད་ལ་ཁྱབ་པར་བཞུགས་པ་དབང་བཙན་དུ་བྱས་ནས་གསོལ་འདེབས་ཀྱི་ཚིག་འདི་བྲིས་པ་ལ་བདག་འབྲེལ་རྣམས་ཀྱིས་ར་གན་ལ་གསེར་དུ་སྒོམ་ནས་དད་མོས་ཀྱི་འདོན་ན། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་པ་ལྟར་བྱིན་རླབས་མེད་པའང་མ་ཡིན། གསོལ་བ་བཏབ་ནས་འདོད་དོན་ཅི་ཞུ་ན་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པ་སྟེ། བདག་གི་རྒྱུད་ཀྱི་ལས་ཉོན་གྱི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་བྱང་ཞིང་དག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས། བློ་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་གྱི་འཁྲུལ་པ་ཞི་བ། འཁྲུལ་སྣང་ཡེ་ཤེས་སུ་འཆར་བ། ཚེ་འདི་ཉིད་ལ་རིག་སྟོང་གཉུག་མའི་ཡེ་ཤེས་ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་ནས་འཇའ་ལུས་འཕོ་བ་ཆེན་པོའི་གོ་འཕང་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ལ་མ་གྲོལ་ན་འཆི་ཁའི་བར་དོ་ངོ་ཤེས་ཤིང་། གྲོལ་བ་དང་། དེར་ཡང་མ་གྲོལ་ན་སྲིད་པའི་བར་དོ་ཤར་ཙམ་ནས་བླ་མ་མཆོག་གི་ཐུགས་རྗེས་དྲངས་ཏེ་བདེ་ཆེན་དག་པའི་ཞིང་དུ་འདྲེན་པར་མཛད་དུ་གསོལ། སྙམ་པ་སོགས་ཀྱིས་འདོད་དོན་ཞུ་བ་ལས། ངེད་ནད་མེད་ཚེ་རིང་བདེ་སྐྱིད་འཛོམ། ཕྱི་མ་ངན་སོང་དུ་མི་སྐྱེ་བ་སོགས་ཀྱི་གསོལ་བ་འདེབས་པ་ནི་ཤིན་ཏུ་དམན་པ་ཡིན་ནོ། །ཐུགས་དམ་རྒྱུད་བསྐུལ་གྱི་བཟླས་པ་ནི། མི་ཡི་མིང་ནས་བོས་ན་མྱུར་བར་གམ་དུ་འབྱོར་བ་ལྟར། བླ་མའི་སྲོག་སྔགས་ནས་བོས་ན་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ནུས་ཡིན། དེ་ཡང་། ཨོཾ་ནི་ཡེ་ཤེས་ལྔ་ལྡན་སྔགས་ཀྱི་མགོ་འདྲེན་ནམ། སྐུ་ཡི་ངོ་བོ་དཔལ་དང་མཆོག་སྟེར་བའི་དོན་དང་། ཨཱཿ རིང་པོ་གསུང་གི་ངོ་བོ་གྲགས་སྟོང་བརྗོད་པ་བྲལ་བ་ཆོས་རྣམས་ཀུན་གྱི་འབྱུང་གནས། གུ་རུ་ཤྲཱི་ནི་དཔལ་དང་བླ་མ་ཞེས་པ་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་དང་ལྡན། བླ་མ་ཡོན་ཏན་གྱི་ཁུར་གྱིས་ལྕི་བ། པདྨ་ནི་སོ་སོར་རྟོགས་པའི་རིག་རྩལ་ཆགས་བྲལ་བདེ་བ་ཆེན་པོའི་ངོ་བོ་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ། མཆན། ཧེ་རུ་ཀ་ཁྲག་འཐུང་ཆེན་པོ་གཟུང་འཛིན་གཉིས་སྣང་གི་རྟོག་ཚོགས་ཐམས་ཅད་དབྱིངས་སུ་བསྒྲལ་བའི་ཁྲག་དང་། གསང་སྔགས་ཀྱི་དོན་ལས་གོལ་བའི་བདུད་དང་རུ་ཏྲའི་སྙིང་ཁྲག་དྲོན་མོ་འཐུང་བ་དང་། སྙིང་རྗེ་ཆེན་པོས་སེམས་ཅན་ལ་དགྱེས་ཤིང་རྗེས་སུ་ཆགས་པའི་རཀྟ་བཞེས་པའམ་འཐུང་བ། དེ་ལྟ་བུའི་ཧེ་རུ་ཀ་ཆེན་པོའི་སརྦ་སིདྡྷི་སྟེ་གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་ཐམས་ཅད་ཕ་ལ་ནི་བཟང་པོ་སྩོལ་ཞེས་པ་དང་། ཧཱུྃ་ནི་ཐུགས་ཀྱི་ངོ་བོ་གཟུང་འཛིན་གཉིས་བྲལ་གྱི་ཡི་གེ་དེས་བརྟན་པར་བྱེད་པ་སྟེ་སྐུ་གསུང་ཐུགས་ཀྱི་ཡི་གེའི་བར་དུ་བླ་མའི་སྲོག་སྔགས་ཐེམ་དུ་བཅུག་ཅིང་ཐུགས་སྲོག་འཕྲོག་པས་རྡོ་རྗེའི་ཡེ་ཤེས་བཙན་ཐབས་སུ་འབེབ་པར་བྱེད་པའོ། །མཚན་སྔགས་བཟླ་བའི་སྐབས་བླ་མའི་སྐུ་ལ་སེམས་གཏད་པ་དང་། ཡོན་ཏན་བསམ་ཞིང་མོས་གུས་བྱ་བ་དང་། བཀའ་དྲིན་རྗེས་སུ་དྲན་པ་དང་། རེས་ལྟ་བའི་ངང་དུ་བཞག་པ་དང་། སེམས་ཅན་ལ་སྙིང་རྗེ་བསྒོམ་པ་དང་། ཁྱད་པར་དུ་དབང་བླང་བའི་དམིགས་པ་ཡང་ཡང་བྱ་བ་གནད་དུ་ཆེ་ཞིང་སྔགས་འབྲུ་འབུམ་དང་། གསོལ་འདེབས་འབུམ་ཕྲག་གཅིག་བཏོན་ན་ལེགས། ཐུན་མཐར་དབང་དང་དངོས་གྲུབ་ཞུ་བ་ནི། བླ་མའི་གནས་གསུམ་སོགས་བརྗོད་རིམ་བཞིན། བླ་མའི་གནས་གསུམ་གྱི་འབྲུ་གསུམ་གསལ་བའི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། རགས་པ་ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་ཐོབ་པའི་སྐལ་བ་ཅན་དུ་བྱས། མགྲིན་པའི་ཨཱཿ དམར་པོ་ལས་འོད་ཟེར་འཕྲོས། རང་གི་མགྲིན་པར་ཐིམ། གསང་དབང་ཐོབ། ངག་རགས་པའི་སྒྲིབ་པ་སྦྱངས། ལམ་རྩ་རླུང་གཏུམ་མོ་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་མཐིང་ཀ་ལས་འོད་ཟེར་འཕྲོས། རང་གི་སྙིང་གར་ཐིམ། ཤེར་དབང་ཐོབ། ཡིད་རགས་པའི་སྒྲིབ་པ་དག །ལམ་ཐིག་ལེའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་ཅིག་ཆར་དུ་འཕྲོས། རང་གི་གནས་གསུམ་དུ་ཅིག་ཆར་དུ་ཐིམ་པས་དབང་བཞི་པ་ཐོབ། ཀུན་གཞིའི་སྒྲིབ་པ་ཕྲ་བ་དང་བཅས་པ་དག །ལམ་རྫོགས་པ་ཆེན་པོ་ཁྲེགས་ཆོད་ཐོད་རྒལ་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པར་མོས་ལ་དབང་སོ་སོའི་མཐར་དབང་དོན་གྱི་ཡེ་ཤེས་ལ་མཉམ་པར་བཞག །མཐར་བླ་མ་ཉིད་དགྱེས་པ་ཆེན་པོས་གདན་སེང་ཁྲི་ནས་ཡར་འོད་དུ་ཞུ། ཐོར་ཅོག་གི་རྩེ་ནས་མར་འོད་དུ་ཞུ་སྟེ་ཐུགས་ཀའི་ཐད་དུ་འོད་དམར་སྨུག་གཏིང་གསལ་ཡེ་ཤེས་ལྔ་ཡི་འོད་གདངས་འདྲེས་པའི་གོང་བུ་ཞིག་ཏུ་གྱུར་པ་རང་གི་སྙིང་དབུས་སུ་སིབ་ཀྱིས་ཐིམ་པར་མོས་ལ། སྒོ་གསུམ་བླ་མའི་གསང་བ་གསུམ་དང་དབྱེར་མེད་རོ་གཅིག་ཏུ་འདྲེས་ཏེ་དུས་གསུམ་གྱི་རྟོག་པས་མ་བསླད་པའི་ཤེས་རིག་གཉུག་མ་ཟང་ཀ་མའི་ངང་ལ་སྒོམ་མེད་ཡེངས་མེད་འཛིན་མེད་མ་བཅོས་ལྷུག་པར་བཞག་པ་ནི་བླ་མ་ཆོས་སྐུའི་རང་ཞལ་བལྟ་བ་སྟེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཀྱེ། ང་ནི་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ང་ལ་སྒྲོ་སྐུར་བྱ་བའི་ཡུལ་མེད་པས། །གང་ལའང་སེམས་པར་མ་བྱེད་སྒོམ་མ་བྱེད། །སྒོ་གསུམ་མ་བཅོས་ཇི་བཞིན་ལྷུག་པར་ཞོག །ཇི་ལྟར་ཤར་ཡང་རང་བཞིན་ངང་གིས་གྲོལ། །སྐྱེ་མེད་ནམ་མཁའ་ལྟ་བུར་ཕྱོགས་བརྡལ་བས། །རང་བཞིན་རྫོགས་པ་ཆེན་པོར་ཤེས་པར་གྱིས། །ཞེས་དང་། མ་བཅོས་རྣལ་མ་ཀུན་གྱི་ཆོས་ཉིད་ཡིན། །ཆོས་ཉིད་ལས་ནི་སངས་རྒྱས་གུད་ན་མེད། །སངས་རྒྱས་མིང་དུ་བཏགས་པ་བླ་དྭགས་ཡིན། །ཆོས་ཉིད་བྱ་བ་གཞན་མེད་རང་སེམས་ཏེ། །རང་སེམས་མ་བཅོས་ཆོས་ཀྱི་སྐུ་རུ་བཤད། །མ་བཙལ་ངང་ལ་ཡེ་ནས་སྐྱེ་མེད་པས། །སྐྱེ་མེད་དོན་ལ་བཙལ་ཞིང་སྒྲུབ་ཏུ་མེད། །བཙལ་ཞིང་སྒྲུབ་པས་བྱར་མེད་འགྲུབ་མི་འགྱུར། །ཞེས་དང་། བྱར་མེད་འདི་ལ་གང་གནས་པ། །ལུས་ནི་གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །ཞེས་སོགས་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག །བླ་མའི་གདམས་ངག་གི་བཞག་ཐབས་བསྟན་པ་ལྟར་ཡེངས་བ་རྒྱ་འབྱམས་སུ་མ་ཤོར་ཞིང་། གཟུང་འཛིན་གྱིས་མ་རྙོགས་པར་རང་ཤར་རང་གནས་རང་གྲོལ་དུ་མཉམ་པར་བཞག་པར་བྱའོ། །ཐུན་དེ་ལས་ལྡང་བ་ན་སྣང་གྲགས་རིག་གསུམ་བླ་མའི་རྡོ་རྗེ་གསུམ་གྱི་ཁྱེར་སོ་དང་མ་བྲལ་བའི་ངང་། འགྲོ་འཆག་ཉལ་འདུག་གང་གི་སྐབས་སུའང་བླ་མའི་ཐུགས་ཀྱི་ངོ་བོ་རིག་སྟོང་རྗེན་པའི་ངང་ལས་མི་གཡོ་བར་དྲན་ཤེས་ཀྱི་རྩི་དང་མ་བྲལ་བ་དང་། གཉིད་དུས་སྙིང་དབུས་སུ་བཞུགས་པའི་ཐུགས་ཀའི་ཨ་ཡིག་ཕྲ་བ་ལ་སེམས་གཏང་དེ་འོད་གསལ་བཟུང་བ་དང་། མགྲིན་པར་ཨཾ་དམར་པོ་ལ་སེམས་གཏད་ནས་རྨི་ལམ་སྦྱོར་བ་དང་། སྤྱི་བོར་བསྒོམ་ནས་རང་རིག་ཨ་ཡིག་གི་རྣམ་པས་ཐུགས་ཀར་སྤར་ཏེ་འཕོ་བ་དང་། འཇིགས་སྐྲག་བྱུང་དུས་བླ་མ་བསྒོམ་ནས་བར་དོ་སྦྱོང་བ་དང་། གཞན་ཡང་ཟས་ཀྱི་རྣལ་འབྱོར་སྐབས་མགྲིན་པ་དང་། གོས་གསར་པ་གྱོན་པ་ན་བླ་མས་ཐོག་མར་གསོལ་ནས་རང་ལ་བཞེས་འཕྲོ་དངོས་གྲུབ་ཏུ་སྩོལ་བར་མོས་ཤིང་། གཏུམ་མོའི་སྐབས་བླ་མ་ཡབ་ཡུམ་ཧྃ་དང་། ཨ་ཐུང་གི་རྣམ་པས་འབར་འཛག་བདེ་སྟོང་གི་མཆོད་པ་བྱ་བ་སོགས་མདོར་ན་བླ་མའི་ལམ་ཁྱེར་ཁོ་ནས་དུས་འདའ་བར་བྱ་དགོས་པ་ཡིན་ནོ། །ཚོགས་མཆོད་བྱ་ན་དབང་བླང་གི་གོང་དུ་བྱ། ཡེ་ཤེས་སྐུ་མཆོག་གི་བཤགས་པ་བཏང་བའམ། རྒྱས་པར་ནི་བླ་མའི་སྐུ་ལ་ཞི་ཁྲོའི་ལྷ་ཚོགས་བཞུགས་པར་མོས་ནས་ན་རཀ་སྐོང་བཤགས་རྒྱས་པར་བཏང་ན་ལེགས། ཚོགས་ཀྱི་རྒྱུ་ཐབས་ཤེས་ཀྱི་རྫས་རྣམས་སེར་སྣས་མ་སྦགས་པ་སྡིག་དང་མ་འདྲེས་པའི་ཚོགས་རྫས་རྣམས་ཚོགས་སྣོད་ཐོད་པ་དུམ་བུ་གསུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་གྱུར་པ་མོས་ལ། ཚོགས་ཞིང་སྤྱན་འདྲེན་བླ་མའི་སྟེང་འོག་ཕྱོགས་མཚམས་མཐའ་བསྐོར་དུ་བཞུགས་པར་མོས་ལ། ཚོགས་ཀྱི་ཞལ་ཟས་ལས་འདོད་ཡོན་ལྔ་འཕྲོ་བས་མཆོད་པ་དང་། བསྐང་བཤགས། བདག་རྟོག་གི་རུ་ཏྲ་བསྒྲལ་ཞིང་སྟོབས་པ་དང་། བར་པ་བདུད་རྩིར་རོལ་པས་ལུས་དཀྱིལ་གྱི་ལྷ་མཉེས། གཙང་དམན་གཅིག་ཏུ་བསྲེ་ཞིང་ཞལ་ཆབ་ཀྱིས་བྲན་པའི་ལྷག་མས་ཧེ་རུ་ཀའི་བཀའ་ཉན་གྱི་ལྷག་སྡུད་མཉེས། སྨོན་ལམ་བཏབ། །རྡོ་རྗེའི་གླུ་གར་བྱ་སྟེ་ཚོགས་མགྲོན་གྱི་ལྷ་ཚིམས་པ། བདག་གི་ལུས་དཀྱིལ་འཁོར་ཚིམས་པ། དཀྱིལ་འཁོར་པ་མཆོད་པས་ཚིམས་པ། རྣལ་འབྱོར་པ་ཟས་ཀྱིས་ཚིམས་པ། འབྱུང་པོ་རྣམས་གཏོར་མས་ཚིམས་པ། སྐྱེ་མཆེད་ཀྱི་ལྷ་རྣམས་རྡོ་རྗེའི་གླུ་གར་གྱིས་ཚིམས་པ་སྟེ་ཚོགས་འཁོར་ཚིམས་པ་དྲུག་ལྡན་གྱི་རྣལ་འབྱོར་ཟབ་མོ་དང་། རྗེས་རྒྱུད་གསུམ་དྲེགས་ཚོགས་རྒྱ་མཚོར་ཆད་ཐོ་བསྒྲགས་པའི་སྒོ་ནས། གཏོར་སྐྱོངས་རྟ་བྲོ་དང་། དབང་བླངས། བསྔོ་སྨོན་ཤིས་བརྗོད་བྱ་བ་བཅས་ཀྱིས་གྲུབ་བོ། །སླར་སྨྲས་པ། བདག་ལྟ་སྐྱབས་ཀྱི་ཡུལ་དུ་འོས་མིན་ཡང་། །དད་ལྡན་འགའ་ཡི་དགོས་ཞེས་བསྐུལ་བའི་ངོར། །བླ་རྣམ་མང་དག་བྲིས་ལས་ཁྱད་པར་དུ། །སྡེ་བཞི་དགེ་བཅུའི་རིགས་ཀྱི་མྱུ་གུ་ནི། །དགེ་བློས་རྒྱུད་ཕྱུག་རྣམ་དཀར་སྤྱན་རས་མཛེས། །གཡུ་ཡི་སྒྲོན་མས་ནན་ཏན་གསུང་བསྐུལ་གྱི། །རྐྱེན་ལས་རིག་པའི་རྩལ་ལས་རང་ཤར་བའི། །སྙིང་ཐིག་གསལ་བའི་སྒྲོན་མ་འདི་རྨད་བྱུང་། །རང་བྲིས་རང་འགྲེལ་ཤིན་ཏུ་མི་མཛེས་ཀྱང་། །དད་ལྡན་སློབ་མའི་ངག་ནན་མ་གཅོག་པར། །བྲིས་པའི་དགེ་འདིས་མཁའ་ཁྱབ་འགྲོ་བ་རྣམས། །གུ་རུ་པདྨས་རྗེས་སུ་འཛིན་གྱུར་ཅིག །བསྟན་ལ་འཚེ་བའི་བདུད་སྡེའི་ཕྲུ་མ་བཅོམ། །བསྟན་པའི་རིན་ཆེན་ནོར་བུའི་འོད་གསལ་ཞིང་། །བསྟན་འཛིན་སྐྱེས་རྣམས་ཞབས་པད་བརྟན་པ་དང་། །བསྟན་པའི་སྦྱིན་བདག་དར་ཤིང་རྒྱས་གྱུར་ཅིག །ཅེས་པའང་རང་སློབ་སྤར་བརྐོས་ཆོས་འཕེལ་ནས་རྟེན་བཅས་སྔ་ཕྱིར་ནན་ཏན་ཆེན་པོས་བསྐུལ་བ་དོན་ཡོད་པའི་ཕྱིར་དུ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྟེན་བསྐྱེད་ཁ་བསྒྱུར་ཙམ་ལས་བླ་རྣམ་གཞན་ལའང་ཅུང་ཟད་ཕན་པར་འགྱུར་སྙམས་ནས་སུག་བྲིས་སུ་བསྟར་བ་འདིས་ཀྱང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།འཇམ་མགོན་བླ་མའི་ཡེ་ཤེས་དགོངས་པའི་བཅུད། །ཟབ་གསང་བླ་མ་སྒྲུབ་པའི་རྡོ་རྗེའི་ཚིག །ས་སྐྱོངས་བདག་མོའི་ཆོས་སྐལ་ལེགས་ཤར་བ། །སྐལ་བཟང་དད་ལྡན་འདོད་འཇོའི་བཙས་སུ་དར། །སླར་ཡང་ཟབ་དོན་གསལ་བྱེད་ཁྲིད་ཡིག་བཅས། །ཀུན་དགའ་ཕྲིན་ལས་གཞན་ཕན་རྒྱ་མཚོ་ཡི། །ཐུགས་བསྐྱེད་ཟླ་སྣང་གསར་པའི་དགེ་མཚན་དང་། །བསོད་འཕེལ་དད་བརྩོན་བདུད་རྩིའི་དཔལ་ལས་བྱུང་། །ལེགས་བྱས་སྣང་བས་སྐྱེ་ཀུན་བླ་མ་རྗེའི། ཞབས་ཀྱི་ཆུ་སྐྱེས་ལེགས་བསྙེན་སྨིན་གྲོལ་གྱིས། །གསང་གསུམ་རྡོ་རྗེའི་ཡེ་ཤེས་ཆེན་པོ་རུ། །མངོན་པར་བྱང་ཆུབ་གོ་འཕང་བརྙེས་གྱུར་ཅིག །ཅེས་གུས་སློབ་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་སིདྡྷི་རསྟུ། ། ༈ བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །གང་ལྗོངས་རིས་མེད་བསྟན་པ་རྒྱ་མཚོའི་བདག །ངོ་མཚར་བཀའ་བབས་བདུན་གྱི་འཁོར་ལོས་བསྒྱུར། །འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོ་ཡི། །རིང་ལུགས་བསྟན་པ་དར་རྒྱས་བཀྲ་ཤིས་ཤོག །དགེའོ། །དགེའོ། །དགེའོ། | ན་མོ་གུ་རུ་ཛྙཱ་ན་ཀཱ་ཡཱ་ཡ། །ཡེ་ཤེས་སྐུ་ཅན་ཉིན་མོར་བྱེད་པའི་གཟིས། །སྲིད་གསུམ་རྨོངས་པའི་མུན་པ་ཀུན་སེལ་བ། །དཀོན་མཆོག་ཀུན་འདུས་རྩ་གསུམ་འདུས་ཞལ་ཆེ། །ཁྱབ་བདག་དཔལ་ལྡན་བླ་མར་གུས་བཏུད་ནས། །སངས་རྒྱས་ཀུན་གྱི་གསང་བའི་ཉེ་ལམ་ཆེ། །བླ་མའི་རྣལ་འབྱོར་སྙིང་གི་ཏི་ལ་ཀ །རྒྱུད་ལུང་མན་ངག་ཟབ་དོན་འདུས་པའི་བཅུད། །ཡེ་ཤེས་གསལ་བའི་སྒྲོན་མེ་ཉུང་ངུར་དབྱེ། །དེ་ལ་དཀྱིལ་འཁོར་ཆེན་པོ་གང་དུ་དབང་རྫོགས་པར་ཐོབ་པའམ། ཡང་ན་སྡོམ་པ་གསུམ་སྦྱིན་པར་མཛད་པ་ཉིད་དང་། །ཁྱད་པར་གཉུག་མའི་ཡེ་ཤེས་ངོ་སྤྲོད་པར་མཛད་པ་པོ་ནི་རྩ་བའི་བླ་མ་ཡིན་ལ། དེ་ཉིད་ལ་དད་པ་དང་དམ་ཚིག་ལ་ངོས་ལྐོག་དང་གཡོ་སྒྱུ་མེད་པས་གསོལ་བ་སྙིང་གི་དཀྱིལ་ནས་འདེབས་པར་ནུས་ན་བྱིན་རླབས་འཇུག་པ་ཐེ་ཚོམ་མེད་པས་དེ་ལ་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ལ་དབང་དམན་རྣམས་ཀྱིས། རང་ལ་བཀའ་དྲིན་དངོས་སུ་ཐོབ་པའི་འདྲེན་མཆོག་བླ་མ་དེ་ཉིད་སངས་རྒྱས་བྱང་སེམས་ཐམས་ཅད་གཅིག་ཏུ་བསྡུས་པ་དགེ་བའི་བཤེས་གཉེན་ཐ་མལ་པའི་གཟུགས་སུ་བསྒྱུར་ནས་བདག་ལ་ལམ་སྟོན་པར་མཛད་ཅིང་། དེ་ལ་ཁ་ཞེ་ངོས་ལྐོག་མེད་པར་དད་མོས་གདུང་བས་ཕྱག་མཆོད་གསོལ་འདེབས་ལ་བརྩོན་ན་ཆུ་སྣོད་དྭངས་པར་ཟླ་གཟུགས་འཆར་བ་བཞིན་བླ་མའི་བྱིན་རླབས་སློབ་མའི་རྒྱུད་ལ་འཕོ་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས་དེས་ན་བླ་མ་ཉིད་མདུན་གྱི་ནམ་མཁར་བླ་མའི་སྐུའི་རྣམ་པ་ལྟར་བསྒོམ་པའམ་གུ་རུ་པད་འབྱུང་སོགས་གང་མོས་བསྒོམ་པ་བླ་མ་སྤྲུལ་སྐུའི་སྒྲུབ་པ་དང་། དེ་ལས་བློ་ཆེ་བར་གྱུར་པས་བླ་མ་ཉིད་ཀྱི་གསང་གསུམ་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་གདོད་ནས་ལྷུན་གྱིས་རྫོགས་པར་བཞུགས་པ་ཉིད་ལ་ཐེ་ཚོམ་བྲལ་བའི་ངེས་ཤེས་བརྟན་པོས་རང་སེམས་གཉུག་མའི་རོལ་པ་བླ་མ་ཞི་དང་ཁྲོ་བོའི་གཙོ་བོར་ཤར་བ་བསྙེན་སྒྲུབ་ཡན་ལག་བཞིས་བཅིངས་དེ་བསྒོམ་པ་བླ་མ་ལོངས་སྐུར་སྒྲུབ་པ་དང་། དེ་ལས་ཀྱང་བློ་ཆེ་བ་རྣམས་ཀྱིས་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པ་རང་རིག་འོད་གསལ་མཚན་མཚོན་བརྗོད་པ་ཐམས་ཅད་ལས་འདས་པ་སྐྱེ་མེད་ཆོས་སྐུ། འགགས་མེད་ལོངས་སྐུ། གནས་མེད་སྤྲུལ་སྐུ་སྟེ་སྐུ་གསུམ་དབྱེར་མེད་རང་རིག་བདེ་བ་ཆེན་པོའི་ངོ་བོར་བྱར་མེད་རྩོལ་བྲལ་འཛིན་མེད་རང་བབ་ཏུ་བཞག་པ་བླ་མ་ཆོས་སྐུར་སྒྲུབ་པ་སྟེ་གསང་སྒྲུབ་ཡིན་ལ། དོན་སྙིང་སེམས་རྟོག་རྩོལ་སྒྲུབ་དང་བཅས་པའི་རིང་ལ་བླ་མའི་རྣལ་འབྱོར་དང་། བསྐྱེད་རྫོགས་སྒོམ་པ་ཐམས་ཅད་ཐུན་མོང་བ་དང་། སེམས་ཆོས་ཉིད་ཀྱི་དབྱིངས་སུ་ཐག་བཅད་ནས་རིག་སྟོང་རྗེན་པའི་ངང་ནས་བླ་རྣལ་སོགས་གང་བསྒོམ་པ་ཐམས་ཅད་ཐུན་མིན་ཤིན་ཏུ་ཟབ་པ་ཡིན། དེའང་རྩ་བའི་བླ་མ་དེ་ཉིད་དུས་ད་རེས་ཙམ་མིན་པ་ཚེ་རབས་ཐོག་མེད་ནས་རང་སེམས་གཉུག་མའི་རྩལ་སྣང་ཞིག་ཕྱི་རོལ་དུ་དག་དང་མ་དག་ཅིར་ཡང་བསྒྱུར་ནས་དངོས་དང་བརྒྱུད་ནས་རང་ལ་ཕན་འདོགས་ཤིང་བཀའ་དྲིན་ཅན་དང་འབྲལ་བ་མེད་པ་ཡིན་པ་ལ། ད་རེས་སྔོན་བསགས་བསོད་ནམས་ཀྱི་སྟེས་དབང་གིས་དགེ་བའི་བཤེས་ཀྱི་རྣམ་པར་སྣང་ཞིང་ལས་དབང་བཙན་པོས་འབྲེལ་ཏེ་མཇལ་རྒྱུ་བྱུང་ནས་ཟབ་དང་རྒྱ་ཆེའི་གདམས་ངག་གི་བདུད་རྩི་སྦྱིན་ནས་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་པ་དང་། ད་དུང་ཡང་འདི་ནས་བྱང་ཆུབ་བར་དུ་སྐད་ཅིག་ཙམ་ཡང་འབྲལ་མི་ཤེས་ཤིང་། འོན་ཀྱང་དམ་ཚིག་ཉམས་པའི་སྐྱོན་བྱུང་ན་ཆུ་སྣོད་རྙོགས་མ་ཅན་དུ་ཟླ་གཟུགས་མི་འཆར་བ་ལྟར་བླ་མས་ཉེ་རིང་མཛད་པ་མིན་ཀྱང་རང་གི་བློ་སྐྱོན་གྱིས་རེ་ཞིག་འབྲལ་བ་ལྟར་སྣང་བ་ཡིན་ནོ། །བླ་མ་ལ་སོ་སྐྱེ་དང་། ཉན་རང་དགྲ་བཅོམ་དང་། བྱང་ཆུབ་སེམས་དཔའ་སློབ་པ་དང་། མི་སློབ་པ་གང་མཐོང་བ་དེ་དང་འཚམས་པའི་དངོས་གྲུབ་ཐོབ་པ་ཡིན་ལ། རྩ་བའི་བླ་མ་ཐ་མལ་པའི་རྣམ་པ་ཅན་དུ་མཐོང་བའི་སྐབས་དངོས་གྲུབ་སྤྱི་དང་། ཁྱད་པར་རང་སེམས་གཉུག་མའི་ཡེ་ཤེས་ལ་ཕྱོགས་ཙམ་ཉེ་བར་དཀའ་ཞིང་། དེས་ན་བླ་མའི་གསང་བ་གསུམ་གྱི་གནས་ཚུལ་ཟག་མེད་རང་བྱུང་ཡེ་ཤེས་ཀྱི་སྐུ་འཁོར་འདས་སྲིད་ཞི་ཀུན་ཁྱབ་ཀྱི་བདག་ཉིད་ཆེན་པོ་རྩ་སྤྲུལ་སྐུ། རླུང་ལོངས་སྐུ། ཐིག་ལེ་བདེ་བ་ཆེན་པོ་ཆོས་ཀྱི་སྐུ། སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་དང་། བླ་མའི་ཐུགས་རང་བྱུང་རིག་པ་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། །ཐུགས་རྗེ་རིག་པ་སྤྲུལ་སྐུ་སྟེ། མདོར་ན་སྐུ་བཞི་དབྱེར་མེད་རྣམ་པ་ཞི་དང་ཁྲོ་བོའི་རོལ་གར་ཅིར་ཡང་སྟོན་ཞིང་། གང་ལ་གང་འདུལ་དེ་ལ་དེར་སྟོན་གྱི་སྤྲུལ་པ་སྣ་ཚོགས་པས་འགྲོ་ཁམས་རྒྱ་མཚོ་གདུལ་བའི་ཐབས་མཁས་ཕྲིན་ལས་ཀྱི་རོལ་པ་ཅིར་ཡང་བསྒྱུར་ཞིང་། ངེས་དོན་དུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་ཐམས་ཅད་འདུས་པའི་སྤྱི་གཟུགས་མོས་བློས་ཡར་གཞལ་བ་ཙམ་མིན་པའི་བླ་མ་ཉིད་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བའི་བྱེད་པོ་རིགས་ཐམས་ཅད་འདུས་པའི་བདག་ཉིད་ཅན་དུ་ཡིན་པར་ཤེས་དགོས་པ་ལས། ངའི་བླ་མ་འདི་བན་རྒན་བཟང་པོ་ཡོན་ཏན་སྐྱོན་མེད་ཙམ་ཡིན། བཀའ་དཔེ་ཆ་ནས་བླ་མ་སངས་རྒྱས་ཡིན་ཟེར་བ་འདུག་པས་སངས་རྒྱས་སུ་མོས་པ་བྱེད་དགོས་འདྲ་སྙམ་པས། དཔེར་ན་མི་ཞིག་གོས་བཟང་པོས་གཡོགས་པ་འདྲ་ཞིག་རེད་ཤོར་ན་ཅིའང་མི་ལོ། ལར་སངས་རྒྱས་དངོས་བྱོན་ཀྱང་གདུལ་བྱ་ལོག་སྲེད་ཅན་གྱིས་ཡང་དག་པ་ཞིག་མཇལ་བར་དཀའ། ད་ལྟའི་དུས་ན་ང་འདྲ་བའི་རྒྱུད་མ་རུངས་བ་དག་གིས་བླ་མའི་སྐུ་ལ་མི་མཛེས་པ་སོགས་ཀྱི་སྐྱོན་དང་། གསུང་སྨྲ་ལུགས་མི་ལེགས་པ་དང་། ཆོས་གསུངས་པ་ལའང་རྟོག་གེའི་རིགས་པ་ལྟ་བུས་སྐྱོན་མང་པོ་དང་། ཐུགས་ལ་འཁྲུལ་པ་དང་། ལུགས་གཉིས་ཅིའང་མི་ཤེས་པ་དང་། གཞན་ཡང་སྒོ་དུ་མ་ནས་ལེགས་པའི་ཚོགས་ཆེར་མ་མཐོང་ཞིང་། སྐྱོན་དུ་རྟོག་པ་ཤས་ཆེ་བས། ཁ་ནས་བླ་མ་རྡོ་རྗེ་འཆང་ཞེས་དང་། གསོལ་འདེབས་སོགས་ཉབ་ཉོབ་མང་པོ་འདོན་པ་དེ་འདྲས་ཅིའང་གོ་མི་ཆོད་ངོ་མ་རེད། ལར་དང་པོ་ནས་སངས་རྒྱས་སུ་མཐོང་བ་དཀའ་མོ་རེད་ཀྱང་། དང་པོ་བཅོས་ཏེ་མོས་གུས་བསྒོམ། བཀའ་དྲིན་ཡང་ཡང་དྲན། སྐྱོན་རྟོག་ཐམས་ཅད་རང་བློའི་སྐྱོན་ཡིན་པར་གོབླ་མ་ལ་སྐྱོན་དེ་མི་བགོརང་སེམས་དག་ན་སྣང་སྲིད་ཐམས་ཅད་བླ་མར་ཤར་རྒྱུ་ཡིན། རང་བློ་མ་དག་ན་མཁྲིས་ནད་ཅན་གྱི་དུང་དཀར་སེར་པོར་སྣང་བ་བཞིན། སྐྱོན་ཅན་མ་གཏོགས་མི་ཤར། དེ་དད་པ་དང་དག་སྣང་ཆུང་བས་ལན་པ་ཡིན་ནོ། །ཁྱད་པར་དུའང་རང་རིག་ཆོས་སྐུའི་བླ་མར་ཤེས་པ་ལ། གཞི་གནས་ལུགས་ཀྱི་ལྟ་བ་ངོ་སྤྲོད་གནང་བའི་དཔལ་མགོན་རྩ་བའི་བླ་མ་དེ་ཕྱི་རོལ་ན་ཡོད་པ་ལྟར་སྣང་ཡང་། དོན་ལ་རིག་སྟོང་དབྱེར་མེད་པའི་རྩལ་སྣང་ཕྱི་རོལ་དུ་གོ་འཕོས་པ་ཙམ་ལས། རང་དང་རྒྱུད་ཐ་དད་དུ་གྲུབ་པ་མེད་དེ། ཡུལ་དང་ཡུལ་ཅན་དབྱེར་མེད་རང་རིག་ལྟ་བའི་ངོ་བོ་དེ་ཉིད་བླ་མ་སྐུ་གསུམ་དབྱེར་མེད། དེ་ཉིད་ཀྱི་ངང་ཡེངས་མེད་འཛིན་མེད་དུ་བསྐྱང་བ་བསྒོམ་པ། དེ་ལས་མ་གཡོས་པར་ཅིར་སྣང་ཅི་ཤར་བླ་མའི་ལམ་ཁྱེར་གྱིས་དུས་འདའ་བ་སྤྱོད་པ། རང་རིག་བླ་མའི་ངོ་བོར་བྱང་ཆུབ་པ་འབྲས་བུ་སྟེ། གཞི་ལྟ་བ། ལམ་སྒོམ་པ། འབྲས་བུ་སྤྱོད་པ་རྣམས་བླ་མའི་ངོ་བོ་བླ་མ་དང་དབྱེར་མེད་ཆེན་པོར་ཉམས་སུ་བླངས་ཤེས་ན་བླ་མ་སྒྲུབ་པའི་སྲོག་མཁར་ཚུགས་པའོ། །དེ་ནི་གང་ཟག་རིག་པ་རང་སྣང་གི་བློ་ཅན་རྣམས་ཀྱིས་ཉམས་སུ་བླངས་བྱ་ཡིན་ལ། འབྲིང་དང་ཐ་མ་རྣམས་ཀྱིས་མོས་པ་ལམ་བྱེད་ཀྱིས་བསྒོམ་དགོས་ཏེ། དེའང་བཀའ་དྲིན་ཅན་གྱི་བླ་མ་དེ་ནི་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སྒྱུ་མའི་སྐུ་ཡིན་པ་ལ། རང་དང་འདྲ་བའི་གང་ཟག་ཕལ་པའི་རྣམ་པ་སྟོན་ཀྱང་སྐུ་ནི་དགེ་འདུན་དཀོན་མཆོག་ཡིན་ཏེ། དེ་ནི་རིག་གྲོལ་གྱི་ཟག་མེད་འདུས་མ་བྱས་ཀྱི་ཡོན་ཏན་གྱིས་མངོན་པར་འབྱེད་པས་ན་ཡོན་ཏན་དེ་དག་བླ་མར་ཚང་ཞིང་། དགེ་འདུན་གྱི་མཛད་པ་དེ་བླ་མས་ཀྱང་མཛད་པའི་ཕྱིར་དང་། གསུང་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ལམ་བདེན་ལུང་གི་ཆོས་ཐུགས་ལ་མངའ་ཞིང་རྟོགས་པའི་ཆོས་འགོག་བདེན་དམ་པ་མངོན་དུ་མཛད་པ་དང་། མཁྱེན་པ་དང་བརྩེ་བས་བདག་ཅག་ལ་ལེགས་པར་འདོམས་པས་གསུང་གི་ཕྲིན་ལས་འགགས་པ་མེད་པ་དང་། ཐུགས་ནི་སངས་རྒྱས་རྣམས་དང་དགོངས་པ་རོ་གཅིག་པ་བཀའ་ལུང་མན་ངག་རིགས་པ་ཚད་མ་དག་གིས་གྲུབ་ཅིང་། དེ་ལྟར་དཀོན་མཆོག་ཀུན་འདུས་བླ་མ་དེ་ལ་དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་ཐམས་ཅད་དེ་ལ་འདུས་པ་ཡིན་ཏེ་ཆོས་ཉིད་དོན་དམ་གྱི་ངོས་ནས་དབྱེར་མེད་པ་དང་། ཆོས་ཅན་ཀུན་རྫོབ་ཀྱི་ངོས་ནས་ནམ་མཁའི་ཟླ་བ་གཅིག་ཆུ་སྣོད་བརྒྱར་འཆར་བ་བཞིན་གདུལ་བྱའི་སྣང་ངོར་དེ་དང་དེར་ཤར་བ་ལས་དོན་དུ་རྒྱལ་བ་ཐམས་ཅད་ཡེ་ཤེས་གཅིག་གི་ངོ་བོར་བསྡུས་པ་ཡིན་ནོ། །དེས་ན་དཀྱིལ་འཁོར་གང་དུ་དབང་བསྐུར་རྫོགས་པར་སྦྱིན་པ་དང་། རྒྱུད་རྡོ་རྗེ་བཞིའི་ངོ་བོར་སྨིན་བྱེད་ཀྱི་ས་བོན་བཏབ་མཁན་དེ་རྡོ་རྗེ་སློབ་དཔོན་ཡིན་ཞིང་། །བཀའ་དྲིན་གསུམ་ལྡན་གྱི་བླ་མ་དེ་ལ་བླ་མ་གཞན་ཐམས་ཅད་འདུས་པ་ཡིན། བླ་མའི་རྣལ་འབྱོར་གསར་རྙིང་གི་ལུགས་གང་བསྒོམ་ཀྱང་རྩ་བའི་བླ་མ་དེ་བསྒོམ་པས་ཆོག་ལ་སོ་སོར་སྒོམ་དགོས་པ་མིན། རྩ་བ་གསུམ་དང་། ཆོས་སྐྱོང་ནོར་ལྷ་གང་བསྟེན་ཀྱང་རྩ་བའི་བླ་མ་དང་དབྱེར་མེད་དུ་བསྒྲུབ་པའི་གནད་ཤེས་ན་འགྲུབ་ཐག་ཉེ་ཞིང་བར་ཆོད་ཆུང་བར་གསུངས། སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་ཕྲིན་ལས་རྒྱས་བསྡུས་གང་བཏོན་ཀྱང་རང་སེམས་བླ་མའི་ངོ་བོར་གདོད་ནས་རང་ཆས་སུ་གནས་པ་དེས་སྣང་ཆ་འགགས་མེད་དུ་ཤར་བ། དཔེར་ན་སྐྱབས་འགྲོ་ལྟ་བུར་མཚོན་ན། རང་སེམས་གསལ་བ་དགེ་འདུན་དཀོན་མཆོག །སྟོང་པ་ཆོས། ཟུང་འཇུག་སངས་རྒྱས། དེའི་གདངས་ཕྱིར་ཤར་བ་སྐྱབས་ཡུལ། དེ་རྣམས་དུ་མ་རོ་གཅིག་ཏུ་ཤེས་པ་རྒྱུ་འབྲས་ཀྱི་སྐྱབས་འགྲོ་ངོ་བོ་གཅིག་པ། དེ་བཞིན་དུ་སེམས་བསྐྱེད། སྲུང་འཁོར། ལྷ་བསྐྱེད་སོགས་ལའང་ཤེས་པར་བྱ་ཞིང་། ལྷ་སྔགས་གང་ལའང་། དེ་དང་བདག་རྟོག་དབྱེར་མེད་བདེན་གཉིས་མཉམ་པ་ཆེན་པོ་དགོངས་པ་མི་འགྱུར་བའི་གཟེར་གྱིས་མ་ཐེབས་ན་ལྷ་སྔགས་འགྲུབ་པར་དཀའ་ཞིང་། དངོས་གྲུབ་ཆེན་པོ་ཐོབ་པར་མི་འགྱུར་བས། དེས་ན་རང་རིག་བླ་མ་སྐུ་གསུམ། རྩ་བ་གསུམ་གྱི་ངོ་བོར་ཤེས་པ་གནད་དུ་ཆེ་ཞིང་། དེ་ལྟར་ཉམས་ལེན་བྱས་ན་གང་བསྒྲུབ་ཐམས་ཅད་བླ་མ་སྒྲུབ་པའི་བྱེ་བྲག་ཏུ་གོ་བ་ནི་གནད་གསང་གལ་པོ་ཆེའོ། །དེས་ན་ཟབ་ལམ་བླ་མའི་རྣལ་འབྱོར་བསྒོམ་པ་ན་བླ་མ་སྒྲུབ་པའི་གནད་དང་། གདམས་ངག་རྣམས་མི་བརྗེད་པའི་དྲན་པ་དང་། བླ་མ་སྒྲུབ་པའི་ཕན་ཡོན། བླ་མའི་སྒྲུབ་པ་དང་མ་འབྲེལ་བའི་ལམ་རྣམས་དངོས་གྲུབ་ལ་རིང་བའི་ཚུལ་རྣམས་ཡང་ཡང་དྲན་པར་བྱས་ནས། ཡེ་ཤེས་བླ་མ་སྒྲུབ་པ་དངོས་ལ་ཞུགས་པའི་ཚེ་ངེས་འབྱུང་གིས་བློ་བཅོས། བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོངས། རིག་སྟོང་གཉུག་མ་ཆོས་ཉིད་ཀྱི་ལྟ་བའི་ངང་ནས་མ་ཡེངས་པར་ཚིག་རྗེས་དོན་དྲན་གྱི་དམིགས་པའི་རྩལ་སྣང་འགགས་མེད་དུ་འཆར་ཞིང་ཅིར་ཡང་བསྒྱུར་ནུས་པ་ཞིག་དགོས་རྒྱུ་ལས་ཁ་ཡེངས་མིག་ཡེངས་ནེ་ཙོའི་མ་ཎི་འདོན་པ་ལྟ་བུས་ཅི་ཡང་ས་མི་ཆོད་པས། དྲན་ཤེས་ཀྱི་འཇུར་མིག་ནས་བཏོན་ཏེ། ཉམས་ལེན་གྱི་བཅུད་མ་ཤོར་བ། གདམས་ངག་བོར་ཟག་ཏུ་མ་སོང་བ། ཡིད་སྨོན་ཙམ་དུ་མ་ལུས་པ་ཞིག་གིས་སྟན་ཐོག་ཏུ་སྡོད་ཚུགས། སྒོམ་སྲན་དང་སྙིང་རུས་བསྐྱེད། འཇིག་རྟེན་ཆོས་བརྒྱད་དང་། བྲེ་མོའི་གཏམ་དང་། གཉིད་དང་ལེ་ལོའི་དབང་དུ་མ་ཤོར་བ། དད་པ་དང་དག་སྣང་གི་རྒྱ་བསྐྱེད་དེ་གསོལ་བ་སྙིང་ནས་འདེབས་ན་བྱིན་རླབས་མྱུར་དུ་འགུགས་པའི་ལྕགས་ཀྱུས་ཐེབས་པས་རྡོ་རྗེའི་ཡེ་ཤེས་བཙན་ཐབས་སུ་འབེབས་པར་གདོན་མི་ཟ་བ་ཉིད་དོ། །རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་དབང་གི་རྣམ་གྲངས་དབང་བཞིར་འདུས་ཤིང་། དེ་ལམ་དུ་བྱེད་ཚུལ་བླ་རྣམ་ལ་ཇི་ལྟར་ཚང་ན། བླ་མའི་སྐུ་གདན་གསུམ་རྡོ་རྗེའི་བདག་ཉིད་དུ་གསལ་བཏབ་ནས་སེམས་འཛིན་པ་བུམ་དབང་། དེའི་རང་བཞིན་གསལ་སྟོང་དུ་ཤེས་པ་གསང་དབང་། དེ་བསྒོམ་པས་རང་སེམས་ལ་བདེ་སྟོང་གི་ཡེ་ཤེས་སྐྱེ་བ་ཤེར་དབང་། བླ་མ་དང་རང་སེམས་དབྱེར་མེད་དུ་ཤེས་པས་བརྗོད་བྲལ་བློ་འདས་ཀྱི་ངང་བསྐྱང་བ་དབང་བཞི་པའོ། །བསྙེན་སྒྲུབ་ཡན་ལག་བཞི་དང་སྦྱར་ན་སྤྱི་བོར་སྒོམ་ནས་གསོལ་འདེབས་བསྙེན་པ། ཐུགས་དམ་རྒྱུད་བསྐུལ་གྱི་བཟླས་པ་ཉེ་བསྙེན། དབང་བླང་བ་སྒྲུབ་པ། ཐུགས་ཡིད་བསྲེ་བ་སྒྲུབ་ཆེན་དང་། མདོར་ན་ལམ་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་མཐའ་དག་དང་སྦྱར་རྒྱུ་ཡོད་ཀྱང་འདིར་ཞིབ་པར་སྤྲོ་བར་མ་ནུས། སྙིང་པོར་དྲིལ་ན་ཉམས་ལེན་མཚན་བཅས་མཚན་མེད་ཐམས་ཅད་བླ་མའི་རྣལ་འབྱོར་གྱིས་ཁོག་ཕུག །ལམ་གྱི་གཞུང་ཤིང་དུ་བྱས་ཏེ་ཉམས་ལེན་ཐམས་ཅད་དེར་འདུ་བར་བསྒོམ། མཉམ་བཞག་ཏུའང་དེ་ལྟར་སྒོམ། རྗེས་ཐོབ་ཀྱང་སྣང་གྲགས་རིག་གསུམ་བླ་མའི་ལམ་ཁྱེར་གྱིས་བསྐྱངས། གཏུམ་མོ་དང་། རྨི་ལམ་དང་། སྒྱུ་ལུས། འོད་གསལ། འཕོ་བ། བར་དོ་རྣམས་ཀྱང་བླ་མའི་ལམ་ཁོ་ནས་བསྒྲོད་རྒྱུ་ཡིན་པ་གསར་རྙིང་གི་ཁྲིད་གཞུང་རྣམས་སུ་གསལ། ཚེ་འདི་ཕྱི་བར་དོའི་ལམ་ཁྱེར་ཐམས་ཅད་བླ་མའི་སྒྲུབ་པར་ཤེས་ནས་བརྩོན་པ་འདི་ནི། ནད་བརྒྱ་སྨན་གཅིག །དཀར་པོ་ཆིག་ཐུབ་ཡིན་པ་དང་། གཞི་ལམ་འབྲས་གསུམ་གྱི་དབང་ཐམས་ཅད་ཀྱང་བླ་མས་བསྐུར་ཏེ། གཞི་རིགས་རང་བཞིན་རྣམ་དག་གི་བླ་མ་དེས་ཐུགས་རྗེ་ཆེན་པོའི་རྩལ་ཕྱིར་ཤར་རྡོ་རྗེ་སློབ་དཔོན་གྱིས་རྡུལ་ཚོན་དང་། རས་བྲིས། ཚོམ་བུ། ལུས་དཀྱིལ་སོགས་སློབ་མའི་བློ་ནུས་དང་འཚམས་པར་རྒྱུ་དུས་ཀྱི་དབང་བསྐུར་བས་གཞི་རིགས་སད་པར་བྱེད་ཅིང་རྡོ་རྗེ་བཞིའི་ས་བོན་ཐེབས། ལམ་དུས་སུ་བླ་མ་ལས་དངོས་སུ་དབང་བླང་བའམ། རང་གི་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་བདག་འཇུག་བླངས་པ་དང་། ཏིང་ངེ་འཛིན་གྱི་དབང་རྒྱས་བསྡུས་དག་ཀྱང་བླ་མ་ལས་དབང་བླངས་བ་དང་། འབྲས་དུས་སུ་བླ་མ་རྡོ་རྗེ་འཆང་ཆེན་པོས་འབྲས་དབང་བསྐུར་ནས་རྡོ་རྗེ་འཆང་གི་སར་དབུགས་དབྱུངས་བའོ། །དེས་ན་བླ་མ་ལ་མ་བརྟེན་པ་གཅིག་ཀྱང་མེད། ཇི་ལྟར་འཇིག་རྟེན་གྱི་རིག་ཤེས་ཐམས་ཅད་ཀྱང་སློབ་དཔོན་ཞིག་ལས་ཁྲིད་དགོས་པ་དང་། ཉན་རང་བྱང་སེམས་གྱི་ལམ་ཐམས་ཅད་ཀྱང་། མཁན་པོ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་དགོས་པ་དང་། རྡོ་རྗེ་ཐེག་པའི་རྒྱུད་དག་ཀྱང་བླ་མ་ལས་དབང་མནོས་ཏེ། དེ་ཡི་དམ་ཚིག་དག་ལེགས་པར་བསྲུང་ནས་དངོས་གྲུབ་སྒྲུབ་པ་དང་། བླ་མེད་ཐེག་པ་ནི་སྔར་སྨོས་པ་ལྟར་དང་། ཁྱད་པར་རང་སེམས་གཉུག་མའི་ཡེ་ཤེས་ནི་བླ་མའི་བྱིན་རླབས་ཁོ་ན་ལས་གཞན་ཅི་བྱར་མེད་དེ། ལུང་ལས། རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསག་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་སོགས་རྒྱ་ཆེར་མདོ་རྒྱུད་བསྟན་བཅོས་ཀུན་ནས་གསུངས་ཤིང་། དེ་ལྟའི་བླ་མ་དེའང་བསམ་པ་རྣམ་པར་དག་པས་བསྟེན་ཚུལ་རྒྱུ་མཚན་ཤེས་པའི་དད་པ་དང་། བློ་སྣ་གཞན་གྱིས་འཕྲོག་མི་ནུས་པའི་མོས་གུས་བརྟན་པོས་བསྙེན་དགོས་ཤིང་། སྦྱོར་བ་གུས་སྦྱོར་དང་། རྟག་སྦྱོར་གྱི་བརྩོན་འགྲུས་དྲུག་པོས་རབ་སྒོམ་སྒྲུབ་ཀྱི་མཆོད་པས་མཉེས་པ། འབྲིང་ལུས་ངག་གི་ཞབས་ཏོག་གིས་མཉེས་པ། ཐ་མ་བཀུར་བསྟི་ཟང་ཟིང་གིས་མཉེས་པ་སྒྲུབ་པ་ལས་མི་མཉེས་པ་སྐད་ཅིག་ཀྱང་མི་བྱ་ཞིང་། ཅི་གསུང་ཚད་མ། ཅི་མཛད་ལེགས་མཐོང་གིས་རང་གི་བློ་མིག་དག་པར་བྱས་ནས་གདམས་ངག་གི་བདུད་རྩི་ནོས། བླ་མ་སཱཙྪའི་བསྐོས་ཕོར་ལྟ་བུ། སློབ་མ་རང་ཉིད་འཇིམ་པའི་གོང་བུ་ལྟ་བུ་ལ་བསྐོས་ཕོར་གྱི་རི་མོ་དོད་ཐུབ་པ་ཞིག་བྱུང་ན་བླ་རྣམ་ལ་བརྩོན་པའི་དོན་གྲུབ་པ་ཡིན། དེ་མིན་བླ་མས་གསོལ་རས་གནང་སྦྱིན་གསུང་བཟང་ཞལ་ཡག་གནང་དུས་དགའ། དད་པ་ཡོད་མདོག །རང་གི་ཞེ་ལ་མི་འབབ་པའི་བཀའ་བཀྱོན་ཐུགས་སྡང་། དོན་མ་འགྲུབ་པ་སོགས་བྱུང་ན་མ་གུས་པ་བྱེད་པ་རང་གཞན་ཐམས་ཅད་དེ་འདྲ་མང་བས་བླ་མའི་ཐུགས་རྗེས་མ་གཟིགས་པ་མ་རེད་ཀྱང་། ཁ་བྱང་ལྟས་ཀྱི་ཕུག་པར་ཉི་མ་མི་ཤར་བ་བཞིན་དུ་བྱིན་རླབས་འཇུག་པ་དཀའ་མོ་ཡིན་པར་གདའ་ལགས། དེ་ལྟར་བླ་མའི་རྣལ་འབྱོར་གནད་དུ་ཟབ་པའི་ལུང་སྦྱོར་འགའ་ཞིག་བཀོད་ན། འཁོར་ལོ་སྡོམ་པའི་བཤད་རྒྱུད་ཀུན་སྤྱོད་ལས། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །ཞེས་དང་། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱིས་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་ཧེ་རུ་ཀཿཞེས་དང་། རྡོ་རྗེ་གུར་གྱི་རྒྱུད་ལས། །སློབ་དཔོན་སྟོན་པར་གྱུར་པ་ནི། །སངས་རྒྱས་རྣམས་ཀྱིས་ཕྱག་མཛད་པ། །བདག་ཅག་རྣམས་ཀྱི་ཕ་དང་མར། །འདི་ཉིད་ཡིན་པ་ཤེས་པར་བྱ། །ཞེས་དང་། བ་ཚྭ་ཅན་གྱི་མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་མཁན་པོའི་གཟུགས་འཛིན་ཏེ། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་དང་། རྡོ་རྗེ་དྲིལ་བུ་པས། བླ་མའི་བྱིན་བརླབ་ཙམ་གྱིས་ནི། །སྐད་ཅིག་ཉིད་ལ་འབྱུང་གང་ཡིན། །འཁོར་ལོ་སྡོམ་པར་སྦས་པ་ཡི། །བྱིན་བརླབ་རིམ་པ་དེ་བཤད་བྱ། །ཞེས་དང་། ས་ར་ཧས། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་དུ་གནས་པའི་གཏེར་མཐོང་འདྲ། །ཞེས་དང་། སྤྱི་མདོ་དགོངས་འདུས་ལས། །བསྐལ་པ་སྟོང་གི་སངས་རྒྱས་ལས། །བླ་མ་གཉན་པར་ཤེས་པ་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བསྟེན་ནས་འབྱུང་། །ཅེས་དང་། དབང་བསྐུར་བ་ན་སངས་རྒྱས་ཐམས་ཅད་བླ་མའི་སྐུ་ལ་བཞུགས་ནས་བྱིན་གྱིས་རློབས་པ་སྟེ། འདི་ཡིས་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལས་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་གསུངས། དམ་ཚིག་མཆོག་གི་རྒྱུད་ལས། དངོས་གྲུབ་འདོད་པའི་དད་པ་ཅན། །དངོས་གྲུབ་བླ་མ་མཉེས་ལས་འབྱུང་། ཞེས་དང་། །སྒྲ་ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ལས། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྙེན། །འཁོར་བའི་གཡུལ་ངོ་བཟློག་ཕྱིར་རོ། །ཞེས་དང་། གསང་སྙིང་ལས། བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི། །དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་འདག་པ་དང་། །ཡོན་ཏན་མཆོག་རྣམས་ཐོབ་པར་འགྱུར། །ཞེས་དང་། བསྐྱེད་རིམ་བསྐལ་པར་སྒོམ་པ་བས། །བླ་མ་སྐད་ཅིག་དྲན་པ་མཆོག །བཟླས་བརྗོད་ས་ཡ་དུང་ཕྱུར་ལས། །བླ་མའི་གསོལ་འདེབས་ཐུན་ཅིག་མཆོག །ཅེས་དང་། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། །བླ་མ་ཅུང་ཟད་དྲན་ལ་མཆོག །ཞེས་དང་། །རྗེ་ས་པཎ་གྱིས། ཉི་མའི་འོད་ཟེར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་བྱིན་བརླབས་ཀྱང་། །བླ་མ་མེད་པར་འབྱུང་མི་འགྱུར། ཞེས་དང་། མགོན་པོ་འབྲི་གུང་པས། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབ་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་དང་། ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས། དཔལ་ལྡན་ཡོན་ཏན་མཆོག་གིས་ཡོངས་གང་བ། །སྲིད་གསུམ་འདྲེན་པའི་བླ་མ་དམ་པ་ལ། །འདི་ཕྱིའི་དོན་སྒྲུབ་སླད་དུ་གུས་པས་བསྟེན། །རྣམ་གྲོལ་ཡོན་ཏན་མཆོག་གིས་ཡོངས་གང་བ། །སྲིད་གསུམ་འདྲེན་པའི་བླ་མ་དམ་པ་ལ། །འདི་ཕྱིའི་དོན་སྒྲུབ་སླད་དུ་གུས་པས་བསྟེན། །རྣམ་གྲོལ་ཡོན་ཏན་མཛོད་མང་ཐོབ་པར་འགྱུར། །དུས་རྣམས་རྟག་ཏུ་དྲིན་ཡང་མི་བརྗེད་པར། །རྩ་བའི་བླ་མ་སངས་རྒྱས་ཀུན་བས་ལྷག །དེ་མཉེས་པ་ལས་ཡོན་ཏན་ཀུན་འབྱུང་བས། །སྐལ་ལྡན་རྣམས་ཀྱིས་གཙང་མའི་སྤྱི་བོས་བསྟེན། །མཛད་སྤྱོད་ཕྲིན་ལས་རྣམ་བཞིའི་རྗེས་འགྲོ་བ། །ཞི་དང་ཁྲོ་ཚུལ་སྣ་ཚོགས་ཐབས་ཀྱིས་འདུལ། །དགོངས་སྤྱོད་རྒྱ་མཚོ་དཔག་གིས་མི་ལོང་བ། །དེ་འདྲའི་བླ་མ་གཡོ་མེད་གུས་པས་བསྟེན། །ཞེས་དང་། འཇིགས་མེད་གླིང་པས། བླ་མ་སྒྲུབ་པའི་རྣལ་འབྱོར་ཕྱི་ནང་གཉིས། །བསྐྱེད་རྫོགས་སྒྲུབ་རྒྱུའི་ངོ་བོ་འདིར་འདུས་པས། །མདོ་རྒྱུད་ཀུན་ནས་སངས་རྒྱས་ཉིད་དུ་བསྟན། །རྨོངས་པ་ཕལ་ཆེར་གཟུགས་བརྙན་འབྲི་ཞིང་སྒོམ། །དངོས་སུ་བཞུགས་ལ་རིམ་གྲོ་བགྱི་བ་མེད། །གནས་ལུགས་བསྒོམ་ཟེར་བླ་མའི་ཐུགས་མི་ཤེས། །སྒྲུབ་དང་བསྒྲུབ་བྱ་འགལ་བ་ཉོན་རེ་མོངས། །མོས་གུས་མེད་བཞིན་བར་དོར་མཇལ་བ་མཚར། །དང་པོ་བླ་མ་བརྟགས་ལ་མཁས་པ་དང་། །བར་དུ་བླ་མ་བསྟེན་ལ་མཁས་པ་དང་། །ཐ་མར་དགོངས་སྤྱོད་བསླབ་ལ་མཁས་པ་ཡི། །སྐྱེས་བུ་དེ་ནི་ཡང་དག་ལམ་དུ་འགྲོ། །ཞེས་སོགས་རྒྱ་ཆེར་འབྱུང་བ་ལ་དྲན་པ་ཉེ་བར་བཞག་སྟེ་ཡིད་ཆེས་བསྐྱེད་པ་གལ་ཆེ། བླ་མ་བསྟེན་པར་ཉེས་ཤིང་དམ་ལས་ཉམས་ན་ཉེས་པའང་ཆེས་ཆེར་ལྕི་བ་ཡིན་ཏེ། སྒྱུ་འཕྲུལ་དྲྭ་བ་ལས། བླ་མ་ལ་ནི་སྨོད་པ་དང་། །ཐུགས་དཀྲུགས་པ་ཡི་ཉེས་པ་ནི། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལས། །ཆུ་ཐིག་སྐྲ་ཡིས་གཏོར་ནུས་པ། །དེ་ཡི་ཚད་དུ་དམྱལ་བར་ལྟུང་། །རྡོ་རྗེའི་དམྱལ་བར་གྲགས་པ་ཡིན། །ཞེས་གསུངས་པ་དང་། རྡོ་རྗེ་མཁའ་འགྲོ་ལས། སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །སློབ་དཔོན་ལ་ནི་གང་སྨོད་པ། །ཚེ་འདི་ཉིད་ལ་སྡུག་བསྔལ་འགྱུར། །རིམས་དང་དུག་དང་དབྱིག་དུག་དང་། །མཁའ་འགྲོ་རྣམས་ཀྱིས་འཚེ་བ་དང་། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ལྟུང་། །ཞེས་སོགས་ཉེས་དམིགས་རྒྱ་ཆེར་གསུངས་ཤིང་། སྔགས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཡར་འགྲོ་མར་འགྲོའི་ལམ་གཉིས་ལས་གསུམ་པ་ཞིག་མེད་པས། ཤིན་ཏུ་སྒྲིམས་ཏེ་དམ་ཚིག་བསྲུང་བར་གཅེས་ཤིང་། ཉམས་ན་ཐུན་ཚོད་ལས་མ་འདས་པའི་བཤགས་པ་དང་། ཚོགས་དང་། བདག་འཇུག་སྦྱིན་སྲེག །ན་རཀ་སྐོངས་བཤགས་སོགས་ཀྱིས་རང་རྒྱུད་རྣམ་པར་དག་པའི་ཐབས་ལ་བརྩོན་པ་ཤིན་ཏུ་གཅེས་སོ། །དེ་ལྟར་བླ་མ་བསྟེན་ཅིང་སྒྲུབ་པའི་རྣལ་འབྱོར་ལམ་དུ་བྱས་པས་སངས་རྒྱས་ཐམས་ཅད་སྒྲུབ་པར་འགྱུར་བ་དང་། །ཏིང་ངེ་འཛིན་མ་སྐྱེས་པ་བསྐྱེད། སྐྱེས་པ་བོགས་དབྱུངས། གེགས་དང་གོལ་ས་རང་ཆོད། ཉམས་རྟོགས་བརྟན་ཅིང་མཐར་ཕྱིན་པར་འགྱུར་བ་ཡིན་ནོ། །དེ་རྣམས་ཀྱི་གོ་དོན་སྤྱིར་བཤད་ནས། ད་ནི་སྐབས་དོན་དངོས་ལ་འཇུག་སྟེ། དེའང་བླ་རྣམ་སྙིང་ཐིག་གསལ་སྒྲོན་ཞེས་པའི་མིང་ཆེ་བ་འདི་ནི། དད་པ་དང་ལྡན་པས་ནན་ཏན་ཆེན་པོས་གསུང་གི་བསྐུལ་བས་གང་དྲན་བྲིས་པ་ལ་དགོས་པ་ཆུང་ཞིང་། རང་ལ་བླ་རྣམ་སྦྱོར་ཡུལ་གྱི་ཡོན་ཏན་རུས་སྦལ་གྱི་སྤུ་དང་མཚུངས་ཀྱང་། རྒྱལ་ཚབ་བྱམས་པས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། དབང་བྱས་རྣམ་གཡེངས་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་འབྲེལ་བ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་གསུངས་པ་ལྟར། སྙིགས་དུས་འདིར་ཕྲན་ལྟ་བུ་སྐྱེ་བོ་ངན་པས་རྡོ་རྗེ་སློབ་དཔོན་གྱི་ཁུར་ཁྱེར་ནས་གསང་སྔགས་ཀྱི་དབང་ཆོས་རྣམས་ལ་ཇི་མི་སྙམ་དུ་ཞུགས་པ་མང་པོར་གྱུར་སོང་བས་དབང་ཆོས་ཀྱི་འབྲེལ་ཐོབ་རྣམས་ཀྱིས་དམ་ཚིག་མི་ཉམས་རྟེན་ཙམ་དུ་འདོན་ཀྱང་མི་རུང་རྒྱུ་མེད་ཅིང་། རྒན་མོ་ཁྱི་སོ་རིང་བསྲེལ་གྱི་དཔེས་དད་པ་ཡོད་ན་བྱིན་རླབས་འཇུག་པའང་སྲིད་པས། དེས་ན་འདི་ཉིད་ལ་རྣལ་འབྱོར་དུ་བྱ་བར་འདོད་པ་དག་གིས་ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ་དང་། མཚན་མོ་སྒྲ་ཡི་གླགས་ཅོར་མེད་པའི་གནས་དབེན་པ་དམ་པ་གོང་མས་བྱིན་གྱིས་བརླབས་པའི་སྒྲུབ་གནས་ལྟ་བུར་བསམ་གཏན་གྱི་ཁང་བུར་ཕྱག་དར་བྱ། བླ་མའི་སྐུ་འབག་སོགས་རྟེན་ཡོད་ན་བཀྲམ་བའི་མདུན་མཆོད་པ་རྣམ་བདུན་བཀོད་མཛེས་དང་། མཎྜལ་ཀྱང་འདུ་བྱ། སྟན་ནང་ཚངས་ཅན་གྱི་སྟེང་དུ་བདེ་བར་ལུས་དྲང་པོར་འཁོད་དེ་ཐོག་མར་རླུང་རོ་ལན་གསུམ་བསལ་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་རླུང་དཀར་དམར་ནག་པ་ཁ་དོག་མི་གསལ་བའི་རྣམ་པ་ཕྱིར་བུས་པས་རླུང་དྭངས་སྙིགས་འབྱེད་ཅིང་ལུས་ཀྱི་ནང་ཐམས་ཅད་སྟོང་སངས་སངས་གྱུར་པར་བསམས་ལ་ཅུང་ཟད་ངལ་གསོ། དེ་ནས་འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས་ལས་རྒྱུ་འབྲས་རྣམས་དྲན་གང་ཐུབ་བྱ། ཐོག་མར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟབ་ལམ་བླ་མ་སྒྲུབ་པར་བགྱིའོ་སྙམ་པའི་སེམས་བསྐྱེད་ཡུན་རིང་དུ་བསྒོམ་ནས་ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོར་གསལ་བའི་མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་རྩ་བའི་བླ་མ་སྐུ་གཟི་བརྗིད་དང་ལྡན་པ་སྒོམ་ལ། དེ་ཉིད་དཀོན་མཆོག་ཀུན་འདུས་སུ་ཤེས་པ་དང་བདག་གཞན་སེམས་ཅན་ཐམས་ཅད་མངོན་སུམ་བཞིན་དུ་འཁོད་དེ་སྒོ་གསུམ་འདུན་པ་ཆིག་བསྒྲིལ་གྱིས། ཨཿརང་རིག་ཀ་དག་ཆོས་ཀྱི་སྐུ། །རང་གསལ་ལྷུན་གྲུབ་ལོངས་སྤྱོད་རྫོགས། །རིག་རྩལ་ཐུགས་རྗེ་སྤྲུལ་པའི་སྐུ། །རང་ངོ་ཤེས་པས་སྐྱབས་སུ་མཆི། །ཞེས་གྲངས་ཅི་ནུས་བྱས་མཐར་སྐྱབས་ཡུལ་གྱི་སྐུ་ལས་འོད་ཟེར་འཕྲོས་རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག །ལས་ཉོན་སྡིག་སྒྲིབ་ཐམས་ཅད་བྱང་། མཁྱེན་བརྩེ་ནུས་པའི་བྱིན་རླབས་རྒྱུད་ལ་ཞུགས། ལུས་ཟག་མེད་འཇའ་ལུས་རྡོ་རྗེའི་སྐུ་དང་། སེམས་རྟོག་མེད་ཆོས་ཀྱི་སྐུར་གྱུར་པར་བསམས་ལ་རང་སེམས་གཉུག་མ་འབྲས་སྐྱབས་ཀྱི་ངོ་བོར་བལྟ། དེ་ནས་སྐྱབས་ཡུལ་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམ་པར་མོས་པའམ། སེམས་བསྐྱེད་ཀྱི་དཔང་པོར་བཞུགས་ཀྱང་རུང་། སེམས་བསྐྱེད་པ་ནི། ཨཿམ་རིག་འཁྲུལ་པའི་སེམས་ཅན་རྣམས། །སྐུ་གསུམ་ས་ལ་འགོད་པའི་ཕྱིར། །སྨོན་འཇུག་བྱང་ཆུབ་སེམས་སྦྱངས་ཤིང་། །རང་གྲོལ་ཆེན་པོར་སེམས་བསྐྱེད་དོ། །ཞེས་ཚིག་བརྗོད་པ་དང་། མཁའ་མཐར་གཏུགས་པའི་སེམས་ཅན་རྣམས་ཕ་མར་མ་གྱུར་པ་མེད་ཀྱང་ལས་ཉོན་གྱི་ལྕགས་སྒྲོག་དམ་པོས་བཅིངས། སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་བྱིང་ནས། སྡུག་བསྔལ་སྣ་ཚོགས་ཀྱིས་ཤིན་ཏུ་མནར་པའི་སེམས་ཅན་དེ་རྣམས་ལ་བྱམས་དང་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་དྲངས་ཏེ། བདག་ཁོ་ནས་གཏན་བདེ་ལ་འགོད་པར་བྱ། དེ་ཡི་ཆེད་དུ་བླ་མའི་རྣལ་འབྱོར་སངས་རྒྱས་ཀུན་གྱི་གསང་བའི་ཉེ་ལམ་འདི་ལ་བརྩོན་པར་བགྱིའོ་སྙམ་དུ་ཡང་ཡང་དྲན་པར་བྱ། དབུགས་འགྲོ་འོང་དང་བསྟུན་པའི་བློ་སྦྱོང་སྒོམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་བཏང་སྙོམས་ལ་གནས་ཤོག །ཅེས་ཚད་མེད་བཞི་སྒོམ་པ་སྟེ། བདེ་བ་དང་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། བདེ་ལྡན་སྡུག་བསྔལ་བྲལ་བའི་དགའ་བ། ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་བཞི་པོ། དུས་ཚད་མེད་པ་བྱང་ཆེན་ལ་ཐུག་གི་བར། སེམས་ཅན་ཚད་མེད་པ་ནམ་མཁའི་མཐའ་ཁྱབ། ཐོབ་བྱེད་ལྷག་བསམ་ཚད་མེད་པ། ཐོབ་བྱའི་འབྲས་བུ་ཚད་མེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ལ་དམིགས་པ་སྟེ་ཁྱད་པར་རྣམ་པ་བཞི་དང་ལྡན་པས་བསྒོམ། མཐར་སེམས་བསྐྱེད་བྱ་བསྐྱེད་ཡུལ། སྐྱེད་བྱེད་རྣམས་རང་རིག་བྱང་ཆུབ་སེམས་ཀྱི་ངོ་བོར་མཉམ་པར་བཞག་གོང་དུ་སྐྱབས་ཡུལ་མ་བསྡུས་ན་འདིར་བསྡུ་བར་བྱ། །དེ་ནས་རྟེན་བསྐྱེད་པ་ལ། ཨཿཞེས་བརྗོད་པ་དང་གཉིས་སྣང་གི་ཆོས་ཐམས་ཅད་སྐྱེ་འགགས་གནས་པ་འགྲོ་འོང་རྟག་ཆད་ཐམས་ཅད་དང་བྲལ་བའི་ཆོས་ཉིད་ཀྱི་དབྱིངས་ངོ་བོ་སྟོང་པ་ཆེན་པོ། རྒྱུ་མཚན་མ་མེད་པ། འབྲས་བུ་སྨོན་པ་མེད་པའི་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ཆོས་དབྱིངས་འདུས་མ་བྱས་པའི་ཀློང་ཆེན་པོར་ཐིམ་པ་དང་། ཀུན་ཏུ་སྣང་བའི་རྩལ་མ་འགགས་པ་སྙིང་རྗེ་ཆེན་པོར་ཤར་བའི་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་ཆོ་འཕྲུལ་ཆེན་པོ་ལས། མདུན་མཁར་འཇའ་ཟེར་སོགས་བརྗོད་པ་དང་སྒོམ་དོན་སྣང་སྲིད་སྣོད་བཅུད་རྣམས་གདོད་ནས་དག་པ་རབ་འབྱམས་བདེ་ཆེན་ཞིང་གི་བཀོད་པ་ལྟ་བུ་ཕྱོགས་བཅུ་ཀུན་ཏུ་འབྱམས་ཀླས་ཤིང་ཀུན་ཏུ་གསལ་བ། ཕྱི་དང་ནང་མེད་པ་ཞིང་ཁམས་དང་རྒྱན་གྱིས་བཀོད་པ། འདོད་ཡོན་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་ཁོར་ཡུག་ཐམས་ཅད་རིན་ཆེན་སྣ་བདུན་གྱི་རི་བོ། སྤོས་ཆུའི་ཀླུང་ཆེན་ཡན་ལག་བརྒྱད་ལྡན་གསེར་གྱི་བྱེ་མ་འདྲེན་པ། མཚོ་དང་། རྫིང་བུ། ལྟེང་ཀ་སོགས་དང་། སྤུ་སྡུག་མཛེས་ཤིང་ཡིད་དུ་འོང་བའི་བྱ་རིགས་སྣ་ཚོགས་པ་སྐད་སྙན་སྒྲོགས་པ་དང་། རི་དྭགས་མང་པོའི་རྩེ་དགའ་འཁྲབ་པ། ཤིང་ལྗོན་པ་རིན་ཆེན་སྣ་ཚོགས་ལས་འཁྲུངས་པ་ཡལ་འདབ་ལོ་འབྲས་ཕུན་སུམ་ཚོགས་པ་ལ་རིན་པོ་ཆེའི་འཕྱང་འཕྲུལ་སྣ་ཚོགས་པ། བཻཌཱུརྱ་དང་། ཨ་མོ་ནི་ཀ་ལ་སོགས་པ་ས་གཞིར་གཅལ་དུ་བཀྲམ་པ། ལྷ་དང་མིའི་མེ་ཏོག་སྣ་ཚོགས་པས་ཁེབས་པ། དྲི་ཞིམ་པོ་བརྗོད་ལས་འདས་པ། རོལ་མོ་སྣ་ཚོགས་ཀྱི་སྒྲ་སྒྲོགས་པ། ནམ་མཁའ་ནས་ལྷ་མོ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་བ་དན་སྒྲེངས་ཤིང་། གུར་གུམ་སོགས་ཀྱི་ཆར་འབེབས་པ། དེ་ལྟ་བུའི་ཞིང་ཁམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུ་ལས་བྱུང་བ་དེ་ལྟར་གསལ་ཡང་ཡང་བཏབ་པ་ནི། ཞིང་སྦྱོང་བ་སྟེ་དམིགས་པའི་གསལ་སྣང་ཐེབས་ངེས་བསྒོམ། རང་ཉིད་གཞི་ལུས་ཡི་དམ་གྱི་ལྷར་གསལ་བའམ། ཐ་མལ་དུ་གནས་ཀྱང་རུང་ལ། འོན་ཀྱང་རྒྱུན་གྱི་ཡི་དམ་གང་ཡིན་གསལ་ན་ལེགས། རང་གི་མདུན་གྱི་ནམ་མཁར་རང་བྱུང་གི་ཡེ་ཤེས་འོད་ལྔའི་ཟེར་ཐག་དང་དྲྭ་བ་མིག་མང་རིས་སུ་འབྲེལ་བའི་ནང་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི། ནོར་བུ་རིན་པོ་ཆེ་འོད་འབར་བ་སྣ་ཚོགས་ཀྱི་རྒྱན་གྱིས་སྤྲས་པ་མཐོ་ཞིང་མཛེས་པ་ཡངས་ཤིང་རྒྱ་ཆེ་བར་གསལ་བའི་སྟེང་དུ་ཁུ་རྡུལ་རླུང་གསུམ་དག་པའི་སྣ་ཚོགས་པདྨ་འདབ་མ་འབུམ་ལྡན་དང་། ཟླ་བ་ཉི་མའི་དཀྱིལ་འཁོར་བརྩེགས་པའི་གདན་ལ། ང་རྒྱལ་རྩད་ནས་འཇོམས་ཤིང་སྣང་སྲིད་ཟིལ་གྱིས་གནོན་ཅིང་། དྲེགས་ཚོགས་ལས་ལ་བཀོལ་བའི་བརྡར་སྟག་ལྤགས་གསར་པ་སྡེར་བཞི་མ་ཉམས་པ་མགོ་བོ་མདུན་ཏུ་བསྟན་པས་བཀབ་བའི་སྟེང་། རིག་འཛིན་གྱི་རྒྱལ་པོ་རྡོ་གྲུབ་ཐམས་ཅད་མཁྱེན་པས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་བཅུག་ནས་དབང་གི་གསང་བའི་མིང་པདྨ་ཡེ་ཤེས་རྡོ་རྗེ་ཞེས་དོན་གྱི་དགོངས་པ་དགོས་འབྲེལ་དུ་མ་དང་ལྡན་པའི་མིང་གི་ཅོད་པན་ཐོགས་པ་ཉིད། གཞི་གཉུག་མ་རིག་པ་རང་བྱུང་ཧེ་རུ་ཀའི་ཁྲོ་བོ་ཆེན་པོ་སྟེ། རྒྱུད་ལས། ཧེ་ནི་སྙིང་རྗེ་ཆེན་པོ་དང་། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་སྙིང་རྗེ་དང་། སྟོང་པ་ཟུང་དུ་འཇུག་པ་སྟེ་སྲིད་ཞི་ཀུན་ཁྱབ། ཡང་ན་རུ་དྷི་ར་ཁྲག་སྟེ་བདུད་བཞི་དབྱིངས་སུ་བསྒྲལ་བའི་ཁྲག་འཐུང་དཔལ་ཆེན་པོ་བརྟན་གཡོའི་སྤྱི་དཔལ་དུ་གདོད་ནས་ལྷུན་རྫོགས་ཆེན་པོར་བཞུགས་པ་ཉིད། རྣམ་པ་རིག་འཛིན་རྣལ་འབྱོར་སྤྱོད་པའི་སྐུར་བཞེངས་པ་སྟེ། དེའང་གསུང་པདྨའི་རིགས་གཙོ་ཆེ་བས་མ་ཆགས་ཆགས་བྲལ་ཆགས་པ་ཆེན་པོ་སོར་རྟོག་ཡེ་ཤེས་ཀྱི་རང་མདངས་སུ་ཤར་བས་སྐུ་མདོག་དམར་སྨུག །དབུ་སྐྲ་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེར་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ་གདུལ་བྱར་སྙིང་རྗེ་ཆེན་པོས་འཛུམ་པ་ལ་སྙིགས་དུས་མ་རུངས་པའི་དམ་སྲི་རྒྱལ་འགོང་ལྷ་མིན་བདུད་སྡེའི་གཤེད་དུ་གྱུར་པས་སྨིན་མཚམས་སུ་ཁྲོ་བོའི་གཉེར་མ་ཅུང་ཟད་དང་བཅས་ཞལ་ནས་ཧེ་ཞེས་སྒྲོགས་པ་ལྟ་བུའི་ཡིད་ཙམ་གདངས་པ། ཐབས་ཤེས་ཀྱི་ཕྱག་གཉིས་གཡས་བཅུ་དྲུག་ལྟག་སྤྲོད་ཀྱི་ཐོད་པའི་ཌཱ་མ་རུ་སྙན་གྱི་ཐད་ཀར་འཁྲོལ་བས་བདེ་སྟོང་གི་ཕྲཻཾ་ཧཱུྃ་ཕྲཻཾ་ཧཱུྃཿཞེས་པའི་སྒྲ་གདང་གིས་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་བསྐུལ་ཞིང་། གཡོན་བདེ་སྟོང་ཟག་མེད་ཀྱི་ཏིང་ངེ་འཛིན་ལས་མི་གཡོ་བར་མཚོན་པའི་ཕྱག་མཉམ་བཞག་གི་སྟེང་རྟོག་མེད་བདེ་སྐྱོང་ཀ་པཱ་ལའི་སྣོད་དུམ་བུ་གཅིག་པའི་ནང་དུ་འཆི་བ་མེད་པའི་བདུད་རྩིས་བཀང་བ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་དབུས་ནས་ཅུང་ཟད་གྱེན་ལས་ཕྱུར་བའི་རྣམ་པ་ཅན་དང་། སྐུ་ལ་ཕར་ཕྱིན་དྲུག་དང་རྒྱལ་བ་རིགས་དྲུག་རྫོགས་པའི་རུས་རྒྱན་དྲུག་སྟེ། ཐོད་སྐམ་གྱི་དབུ་རྒྱན། སྙན་རྒྱན། མགུལ་ཆུ། གདུ་བུ། སེ་རལ་ཁ། སྐ་རགས་དང་། དེའི་སྣ་ལ་སྟོང་ཉིད་ཆོས་ཀྱི་སྒྲ་སྒྲོགས་པའི་དྲིལ་བུ་གཡེར་ཁས་མཚན་པ། སྐུ་སྨད་ལ་ལྷ་རྫས་ཀྱི་ཨཾ་རག་དང་། སྟག་ཤམ་མགོ་བོ་གཡས་སུ་བསྟན་པའི་ཤམ་ཐབས། སྐུ་ཤིན་ཏུ་གྲིམ་པ་སྤྱན་གཉིས་ལྟ་སྟང་གི་འབྲུ་ཚུགས་སུ་གཟིགས་པ། མཆན་ཁུང་གཡོན་དུ་ཤེས་རབ་དབྱིངས་ཡུམ་སྦས་པའི་ཚུལ་གྱིས་ཁ་ཊྭཱྃ་རྩེ་གསུམ་རྭ་ལོང་དང་ལྡན་པ། ཐོད་པ་སྐམ་རློན་རྙིད་གསུམ་དང་བུམ་པ་སྣ་ཚོགས་རྡོ་རྗེ་དྲིལ་བུ་ཌཱ་མ་རུ་དར་དཔྱངས་དང་བཅས་པ་འཕྱང་བ། ཡུ་བ་བརྒྱད་གཞོགས། རྩ་བར་རྡོ་རྗེ་ཕྱེད་པས་བརྒྱན་པ་ནི་རྡོ་རྗེའི་སྲུང་འཁོར་གཞལ་ཡས་ཁང་འཕགས་ལམ་ཡན་ལག་བརྒྱད་སྐུ་གསུམ་སོགས་མཚོན་པ་སྟེ་རྣལ་འབྱོར་ནང་བའི་བསྐྱེད་རྫོགས་ཀྱི་མཚོན་དོན་སོགས་དང་སྦྱར་རྒྱུ་ཡོད་ཀྱང་འདིར་དེ་ཙམ་མོ། །དེ་ལྟར་གསལ་བའི་དཔྲལ་བ་སྟེ་སྨིན་མཚམས་སུ་སྐུ་རྡོ་རྗེ་རྣམ་སྣང་གི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེ་སྣང་མཐའི་ངོ་བོ་ཨཱཿ དམར་པོ། སྙིང་ཁར་ཐུགས་རྡོ་རྗེ་མི་བསྐྱོད་ངོ་བོ་ཧཱུྃ་སྔོན་པོ་རྣམས་འོད་ཟེར་གཟི་བརྗིད་ལྡན་པར་གསལ་བཏབ། དེའང་གདོད་ནས་རྡོ་རྗེ་གསུམ་ལྷུན་གྱིས་གྲུབ་པ་གསལ་གདབ་པ་ཙམ་ཡིན་ནོ། །དེས་ན་དམ་ཡེ་གཉིས་མེད་རང་བྱུང་ལྷུན་གྲུབ་ཀྱི་ཆོས་གཟུགས་དབྱེར་མེད་དུ་བཞུགས་པས་སྤྱན་འདྲེན་པ་སོགས་མི་དགོས་ཀྱང་། དང་པོའི་ལས་ཅན་འགའ་ཞིག་གི་སྤྲོས་པར་འདོད་པས། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཡི་ཞིང་མུ་མཐའ་མེད་པ་རྣམས་དང་། ཁྱད་པར་དུ་ས་སྤྱོད་སྤྲུལ་པའི་ཞིང་ཁམས་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་ཆེན་པོ། རྒྱ་ནག་རི་བོ་རྩེ་ལྔའི་ཞིང་རྣམས་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སོགས་རྩ་གསུམ་རབ་འབྱམས་རྒྱ་མཚོ་དང་། ཨོ་རྒྱན་པདྨ་འབྱུང་གནས་པཎ་ཆེན་བི་མ་མི་ཏྲ་གཉིས་ལ་འཁོར་རིག་འཛིན་གྲུབ་ཐོབ་རྒྱ་མཚོ། ཁྲོ་བོ་ཁྲོ་མོ་དཔའ་བོ་མཁའ་འགྲོ་སོགས་ཀྱི་དྲི་ཞིམ་སྤོས་ཀྱི་དུད་སྤྲིན། འཇའ་འོད་ཀྱི་གུར་ཁང་། ལྷའི་སིལ་སྙན་དང་། རོལ་མོ། ཧཱུྃ་དང་ཕཊ་སྒྲ། གདུགས་དང་། རྒྱལ་མཚན། བསྟོད་པའི་གླུ་དབྱངས་དང་། བཀྲ་ཤིས་མེ་ཏོག་གི་ཆར་འབེབས་པ་སོགས་གནམ་ས་འགེངས་པ་ཙམ་དུ་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བྱོན་ནས་སྤྱི་བོའི་བླ་མ་ལ་ཐིམ་པར་བསྐུལ་བའི་གསང་བའི་སྔགས་རྒྱ་དང་། ཡེ་ཤེས་པ་ནམ་མཁར་བྱོན་པ་རྣམས། ཛཿཞེས་ཉེ་བར་དགུག །ཧཱུྃ་གིས་བསྟིམ། བྃ་གྱིས་དབྱེར་མེད་དུ་བྱས། ཧོཿས་དགྱེས་པ་བསྐྱེད་དོ། །དེ་ཡང་རྒྱུད་སྡེ་འོག་མ་རྣམས་ལྟར་གཤེགས་ཐག་རིང་ནས་སྤྱན་འདྲེན་པ་མིན་ལ། ནམ་མཁའ་ལ་གཟའ་སྐར་བཀྲ་བ་ལྟར་སྐད་ཅིག་གི་ཡེ་ཤེས་པའི་ལྷ་ཚོགས་བཀྲ་ལམ་གྱིས་སད་པར་བསམ་པ་ནི་སྔགས་བླ་མེད་ཀྱི་ལུགས་རྨད་དུ་བྱུང་བའོ། །དེ་ལྟར་བསྟིམ་པས་སླར་ཡང་དགྱེས་པ་ཆེན་པོས་གཟི་བྱིན་ལྷག་པར་འབར་བར་མོས། ཚོགས་བསགས་ལ་གཞུང་ཚིག་གི་ཡན་ལག་བརྒྱད་པ་དོན་དམ་བརྗོད་པ་ཚིག་གི་གསལ་འདེབས་ཡིན་ཀྱང་། དང་པོའི་ལས་ཅན་གྱིས་ཀུན་རྫོབ་ཀྱི་དམིགས་པས་གསལ་འདེབས་པར་བྱ་སྟེ། ང་རྒྱལ་གྱི་གཉེན་པོར་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཏུ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་མ་ལྔ་ས་ལ་ཕབ་པའི་ཕྱག་བྱ་བ་དང་། འདོད་ཆགས་དང་། སེར་སྣའི་གཉེན་པོར་བདག་པོས་བཟུང་བ་དང་མ་བཟུང་བའི་ལྷ་མིའི་ལོངས་སྤྱོད་དངོས་འབྱོར་ཡིད་སྤྲུལ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱིས་རྣམ་པར་འཕྲུལ་པ་ལས་བྱུང་བའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པའི་སྤྲིན་རབ་འབྱམས་རྒྱ་མཚོ་འབུལ་བ་དང་། ཞེ་སྡང་གི་གཉེན་པོར་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་པ་མི་དགེ་བ་བཅུ། མཚམས་མེད་ལྔ། ཉེ་བ་ལྔ། ལོག་པ་བརྒྱད། ལྕི་བ་བཅུ་དྲུག །གསུང་རབ་ཀྱི་གླུད་ཟོས་པ། དམ་པའི་ཆོས་སྤངས་པ། འཕགས་པ་ལ་སྐུར་པ་བཏབ་པ། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་སོགས་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་། སྟོན་པས་བཅས་པའི་ཁྲིམས། དགེ་བསྙེན། དགེ་ཚུལ་སློང་གི་སྡོམ་པ་དང་འགལ་བ། བྱང་སེམས་ཀྱི་ནག་པོའི་ཆོས་བཞི། རྩ་ལྟུང་བཅོ་བརྒྱད། སྨོན་འཇུག་གཏོང་བ། ཉེས་བྱས་ཞེ་དྲུག་སོགས་བྱང་སའི་ཚུལ་ཁྲིམས་གསུམ་དང་འགལ་བ། གསང་སྔགས་ཕྱི་ནང་གི་དམ་ཚིག་དང་། ཁྱད་པར་ནང་པ་ཐབས་ཆེན་ཐེག་པའི་མ་ཧཱ། ཨ་ནུ། ཨ་ཏིའི་དམ་ཚིག་དང་། བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉེར་བདུན། རྩ་ལྟུང་བཅུ་བཞི། སྦོམ་པོ་བརྒྱད། ཡན་ལག་གི་དམ་ཚིག་ཉེར་ལྔ། མེད་ཕྱལ་ཅིག་པུ་ལྷུན་གྲུབ་ཀྱི་དམ་ཚིག་རྒྱལ་པོ་བཞི་སོགས་དང་འགལ་བའི་དྲན་པ་དང་མ་དྲན་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ལ་གནོད་འགྱོད་དྲག་པོས་མི་འཆབ། མི་སྦེད་པར་མཐོལ་ཞིང་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་དང་། ཕྲག་དོག་གི་གཉེན་པོར་འཕགས་པ་སློབ་པ་དང་མི་སློབ་པ། སོ་སྐྱེས་བསགས་པའི་དགེ་བའི་རྩ་བ་རྣམས་ལ་དགའ་ཞིང་ཕྲག་པ་མི་དོག་པར་རྗེས་སུ་ཡི་རང་བ་དང་། ལོག་པར་ལྟ་བ་འཛིན་པའི་གཉེན་པོར་ཐེག་པ་གསུམ་གྱི་རིགས་ཅན་མཐའ་དག་ལ། རང་རང་གི་བློ་དང་འཚམས་པའི་ཟབ་པ་དང་རྒྱ་ཆེ་བའི་དྲང་ངེས་ཀྱི་ཆོས་འཁོར་བསྐོར་བར་བསྐུལ་ཞིང་། གཏི་མུག་གི་གཉེན་པོར་སངས་རྒྱས་བྱང་སེམས་སྐྱེས་བུ་དམ་པ་གང་དག་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ་བསྐལ་པའི་བར་དུ་བཞུགས་པར་གསོལ་བ་འདེབས་པ་དང་། ཐེ་ཚོམ་གྱི་གཉེན་པོར་སངས་རྒྱས་འཕགས་པ་ནས་སོ་སྐྱེ་ཡན་ཆོད་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བ་ཟག་བཅས་ཟག་མེད་ཐམས་ཅད་ཆོས་ཀྱི་དབྱིངས་དམིགས་མེད་བསམ་བརྗོད་བྲལ་བའི་དབྱིངས་སུ་ཡང་དག་པར་བསྔོ་བ་དང་། འདས་ད་ལྟ་མ་འོངས་པའི་སེམས་ཅན་ཐམས་ཅད་ལ་ཇི་ལྟར་བསྔོས་པ་དེ་བཞིན་ཡོངས་སུ་འགྲུབ་པའི་སྨོན་ལམ་ཀུན་ཏུ་བཟང་པོའི་རྗེས་སུ་འགྲོ་བར་གྱུར་ཅིག །ཅེས་པའོ། །དོན་དམ་པར་ནི། རང་སྣང་ཆོས་སྐུའི་བླ་མ་རང་ཞལ་མཇལ་བའི་ཕྱག་དང་། སྣང་སྲིད་གདོད་ནས་དག་པའི་མཆོད་པ་དང་། སྡིག་སྒྲིབ་རང་བཞིན་སྐྱེ་མེད་དུ་ཤེས་པའི་བཤགས་པ་དང་། བྱ་རྩོལ་བྲལ་བའི་དགེ་བར་རྗེས་སུ་ཡི་རང་། ངག་ཚིག་རྩོལ་བྲལ་གྱི་ཆོས་འཁོར། འགྱུར་མེད་སྐྱེ་འཆི་ལས་འདས་པའི་བརྟན་བཞུགས། བསྔོ་བྱ་སྔོ་བྱེད་བྲལ་བའི་བསྔོ་བ། རང་རིག་སྐུ་གསུམ་གྱི་རང་ཞལ་མཇལ་བའི་སྨོན་ལམ་སྟེ། དམིགས་བཅས་དམིགས་མེད་ཟུང་འཇུག་གི་ངང་ནས་ཚོགས་བསགས། དངོས་སུ་ཕྱག་གྲངས་བ་སོགས་ན་སྐབས་འདིར་བྱའོ། །མཎྜལ་འབུལ་བ་ནི། གསེར་དངུལ་དང་། ལི་མཁར་བ། ཤིང་དང་རྡོ་སོགས་ལས་བཟོས་པའི་མཎྜལ། ཚོམ་བུའི་རྒྱུ་རིན་པོ་ཆེ། སྨན་སྤོས། དྲི་བཟང་། འབྲུ་དཀར་སྣ་ཚོགས་རྣམས་རྡུལ་མེད་པར་བྱས། དྲི་བཟང་གི་ཆུས་བཀྲུ་དག་ཅིང་གཙང་བ་དང་། གུར་གུམ་སོགས་ཀྱིས་འབྲུ་མདོག་བསྒྱུར། ཞིང་དང་བསམ་པ་དངོས་པོ་གསུམ་དག་པས་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པ་ཡོད་ན་སྟེགས་ཀྱི་ཁར་བཞགདེ་ཚོགས་ཞིང་གསལ་བཏབ་པའི་དམིགས་རྟེན་ཡིན། མེད་ཀྱང་རུང་། མཆོད་པའི་མཎྜལ་བྱི་དོར་ལེགས་པར་བྱས་ལ་དྲི་དང་བ་བྱུང་བྱུགས། རྒྱས་པར་ནི་ཚོམ་བུ་སོ་བདུན། བསྡུ་ན་ཚོམ་བུ་བདུན་མ་དང་། ངག་འདོན་ཀྱང་རྒྱས་བསྡུས་དེ་ལྟར་བྱ་བའམ། རྒྱུན་དུ། ཨོཾ་ཨཱཿཧཱུྃ། བདག་དང་མཐའ་ཡས་སེམས་ཅན་གྱི། །ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན། །ཕྱི་ནང་གསང་བའི་མཎྜལ་གྱིས། བླ་མ་རྒྱལ་བ་སྲས་བཅས་མཆོད། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་ཧོ། ཞེས་དབུལ། གྲངས་ཆེད་དུ་བསོགས་ན་འབུམ་ཐེར་ལོངས་པར་འདོན། དམིགས་པ་ནི་རྩ་བའི་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་རྩལ་སྣང་ལས་རང་ཤར་བའི་ཚོགས་ཀྱི་ཞིང་བསྒོམ་ཀྱང་རུང་། ཡང་ན་ཀུན་འདུས་ནོར་བུ་ལུགས་སུ་སྔར་གསལ་བཏབ་པ་ལ་འབུལ་བས་ཆོག །རང་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་རྒྱུར་བྱས་ཏེ། རྣམ་པ་གླིང་བཞི་རི་རབ་ཉི་ཟླ་བྱེ་བ་ཕྲག་བརྒྱ་ལྷ་མིའི་ལོངས་སྤྱོད་དཔལ་འབྱོར་ཕུན་སུམ་ཚོགས་པ་སྲིད་ཞིའི་ཁམས་ན་ཇི་སྙེད་མཆིས་པ་མཎྜལ་དུ་སྤུངས་ཏེ་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་ཏེ་འབུལ་བར་བྱ་ཞིང་། དེ་ལ་ཕར་ཕྱིན་དྲུག་ཀྱང་ཚང་བ་སྟེ། མཎྜལ་གྱི་མདོ་ལས། བ་ལྕི་ཆུར་བཅས་སྦྱིན་པ་སྟེ། །བྱི་དོར་བྱེད་པ་ཚུལ་ཁྲིམས་ཡིན། །སྲོག་ཆགས་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་སྐད་ཅིག་མ། །རི་མོ་ལེགས་འབར་ཤེས་རབ་བོ། །ཞེས་གསུངས་པ་ལྟར་ཕར་ཕྱིན་དྲུག་ཚངས་ཤིང་། བསགས་སྦྱངས་གཉིས་ཀ་ཕྲུགས་གཅིག་ལ་འགྲོ་བ་ཡིན་ནོ། །དེ་ནས་གསོལ་བ་འདེབས་པ་ནི། ཇི་སྐད་དུ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། སོགས་དང་། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་སོགས་སྔར་གོང་དུའང་ལུང་མང་དུ་སྤྲོས་པ་དང་། ནམ་མཁའ་དྲི་མ་མེད་པའི་མདོ་ལས་ཀྱང་། ཀུན་དགའ་བོ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྣང་བའང་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིག །ཅེས་གསུངས་པ་ལྟར། ཡོན་ཏན་གྱི་ངོས་ནས་སངས་རྒྱས་དང་མཉམ་པ་ལས་ལྷག་པ་མིན་ཡང་། བཀའ་དྲིན་གྱི་ངོས་ནས་ལྷག་སྟེ། སངས་རྒྱས་ཀྱི་ཞལ་རང་རེས་མ་མཇལ། གསུང་མ་ཐོས། དགེ་བའི་བཤེས་གཉེན་གྱི་སྐུ་དངོས་སུ་སྟོན། གསུང་གདམས་པའི་བདུད་རྩི་སྟེར། ཐུགས་བརྩེ་བས་དགོངས་ཏེ་བྱིན་གྱི་བརླབ་པར་མཛད་པས་སྐུ་དྲིན་འཁོར་མཐའ་མེད་པ་ཡིན། དགོངས་པ་ནམ་མཁའ་ལྟར་མཐོ། རང་བཞིན་རི་རྒྱལ་ལྟར་བརྟན། མཁྱེན་བརྩེ་ཉི་ཟླ་ལྟར་གསལ། ཐུགས་རྗེ་ཆུ་ཀླུང་ལྟར་ཤུགས་དྲག །བྱིན་རླབས་གློག་ལྟར་མྱུར་བས་རང་རེས་གསོལ་བ་འདེབས་ནུས་ན་བླ་མས་བྱིན་གྱིས་རློབས་ངེས་རེད་ཀྱང་། རང་རེ་རྣམས། རྣམ་རྟོག་རྒོད། དད་པ་མི་བརྟན། ཐེ་ཚོམ་ཆེ། དག་སྣང་ཆུང་བས་དངོས་གྲུབ་བུལ་བ་ཡིན། ཨོ་རྒྱན་ཆེན་པོས། ཡིད་ཁྱེད་ཤེས་ཀྱི་དད་པས་དངོས་གྲུབ་འབྱུང་། །སེམས་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། །ཅེས་གསུངས་པས། རྐང་གི་ཁོངས། སྙིང་གི་དཀྱིལ། རུས་པའི་གཏིང་ནས་ཁ་ཙམ་ཚིག་ཙམ་མིན་པ། བསམ་རྒྱུ་བླ་མ་ལས་མེད་པ། བློ་སྣ་མོས་གུས་ཀྱིས་འཕྲོག་ནུས། ཅི་མཛད་འགྲོ་བ་འདུལ་བའི་ཐབས་མཁས་ཀྱི་རོལ་པར་ཤེས་པ། མོས་གུས་ཀྱིས་ཐ་མལ་གྱི་སྣང་བ་རང་འགག་ཏུ་འགྲོ་བ་ཞིག་མ་བྱུང་གི་བར་དུ་གསོལ་བ་འདེབས་ཤིང་། རེས་འགའ་སྐད་གདངས་མཐོན་པོ། རེས་འགའ་སྙན་པའི་དབྱངས་ལ་དྲངས་ནས་བློ་རྒྱུད་འཁུལ་ངེས་པར་དགོས། བདག་ལྟ་བུ་དཀོར་རྐྱལ་སྡོམ་ཤོར། ཆོས་མེད་ཀྱི་དྲེད་པོ་གདོལ་སྤྱོད་པ་རྒྱལ་བའི་སྲས་དང་། འཇམ་དཔལ་དང་། ཧེ་རུ་ཀ་ག་ལ་ཡིན་ཡང་མིང་ཐམས་ཅད་འདོད་རྒྱལ་དུ། དཔེར་ན་མི་ཞིག་ལ་སངས་རྒྱས་སེང་གེ་བཏགས་ཀྱང་དེ་གཉིས་ཀ་མིན་པ་དང་འདྲ། འོན་ཀྱང་སྐྱེས་ཆེན་མཆོག་གཟིགས་དམ་པ་རྣམས་ཀྱིས་རང་ལ་དབུགས་དབྱུངས་མཛད་པ་དང་། མ་འོངས་པ་ན་འཁོར་བ་མཐའ་ཅན་དུ་འགྱུར་བ་དང་། གཞི་རང་བཞིན་རྣམ་དག་གི་སངས་རྒྱས་སྐྱེ་འགྲོ་ཐམས་ཅད་ལ་ཁྱབ་པར་བཞུགས་པ་དབང་བཙན་དུ་བྱས་ནས་གསོལ་འདེབས་ཀྱི་ཚིག་འདི་བྲིས་པ་ལ་བདག་འབྲེལ་རྣམས་ཀྱིས་ར་གན་ལ་གསེར་དུ་སྒོམ་ནས་དད་མོས་ཀྱི་འདོན་ན། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་པ་ལྟར་བྱིན་རླབས་མེད་པའང་མ་ཡིན། གསོལ་བ་བཏབ་ནས་འདོད་དོན་ཅི་ཞུ་ན་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པ་སྟེ། བདག་གི་རྒྱུད་ཀྱི་ལས་ཉོན་གྱི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་བྱང་ཞིང་དག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས། བློ་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་གྱི་འཁྲུལ་པ་ཞི་བ། འཁྲུལ་སྣང་ཡེ་ཤེས་སུ་འཆར་བ། ཚེ་འདི་ཉིད་ལ་རིག་སྟོང་གཉུག་མའི་ཡེ་ཤེས་ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་ནས་འཇའ་ལུས་འཕོ་བ་ཆེན་པོའི་གོ་འཕང་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ལ་མ་གྲོལ་ན་འཆི་ཁའི་བར་དོ་ངོ་ཤེས་ཤིང་། གྲོལ་བ་དང་། དེར་ཡང་མ་གྲོལ་ན་སྲིད་པའི་བར་དོ་ཤར་ཙམ་ནས་བླ་མ་མཆོག་གི་ཐུགས་རྗེས་དྲངས་ཏེ་བདེ་ཆེན་དག་པའི་ཞིང་དུ་འདྲེན་པར་མཛད་དུ་གསོལ། སྙམ་པ་སོགས་ཀྱིས་འདོད་དོན་ཞུ་བ་ལས། ངེད་ནད་མེད་ཚེ་རིང་བདེ་སྐྱིད་འཛོམ། ཕྱི་མ་ངན་སོང་དུ་མི་སྐྱེ་བ་སོགས་ཀྱི་གསོལ་བ་འདེབས་པ་ནི་ཤིན་ཏུ་དམན་པ་ཡིན་ནོ། །ཐུགས་དམ་རྒྱུད་བསྐུལ་གྱི་བཟླས་པ་ནི། མི་ཡི་མིང་ནས་བོས་ན་མྱུར་བར་གམ་དུ་འབྱོར་བ་ལྟར། བླ་མའི་སྲོག་སྔགས་ནས་བོས་ན་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ནུས་ཡིན། དེ་ཡང་། ཨོཾ་ནི་ཡེ་ཤེས་ལྔ་ལྡན་སྔགས་ཀྱི་མགོ་འདྲེན་ནམ། སྐུ་ཡི་ངོ་བོ་དཔལ་དང་མཆོག་སྟེར་བའི་དོན་དང་། ཨཱཿ རིང་པོ་གསུང་གི་ངོ་བོ་གྲགས་སྟོང་བརྗོད་པ་བྲལ་བ་ཆོས་རྣམས་ཀུན་གྱི་འབྱུང་གནས། གུ་རུ་ཤྲཱི་ནི་དཔལ་དང་བླ་མ་ཞེས་པ་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་དང་ལྡན། བླ་མ་ཡོན་ཏན་གྱི་ཁུར་གྱིས་ལྕི་བ། པདྨ་ནི་སོ་སོར་རྟོགས་པའི་རིག་རྩལ་ཆགས་བྲལ་བདེ་བ་ཆེན་པོའི་ངོ་བོ་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ། མཆན། ཧེ་རུ་ཀ་ཁྲག་འཐུང་ཆེན་པོ་གཟུང་འཛིན་གཉིས་སྣང་གི་རྟོག་ཚོགས་ཐམས་ཅད་དབྱིངས་སུ་བསྒྲལ་བའི་ཁྲག་དང་། གསང་སྔགས་ཀྱི་དོན་ལས་གོལ་བའི་བདུད་དང་རུ་ཏྲའི་སྙིང་ཁྲག་དྲོན་མོ་འཐུང་བ་དང་། སྙིང་རྗེ་ཆེན་པོས་སེམས་ཅན་ལ་དགྱེས་ཤིང་རྗེས་སུ་ཆགས་པའི་རཀྟ་བཞེས་པའམ་འཐུང་བ། དེ་ལྟ་བུའི་ཧེ་རུ་ཀ་ཆེན་པོའི་སརྦ་སིདྡྷི་སྟེ་གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་ཐམས་ཅད་ཕ་ལ་ནི་བཟང་པོ་སྩོལ་ཞེས་པ་དང་། ཧཱུྃ་ནི་ཐུགས་ཀྱི་ངོ་བོ་གཟུང་འཛིན་གཉིས་བྲལ་གྱི་ཡི་གེ་དེས་བརྟན་པར་བྱེད་པ་སྟེ་སྐུ་གསུང་ཐུགས་ཀྱི་ཡི་གེའི་བར་དུ་བླ་མའི་སྲོག་སྔགས་ཐེམ་དུ་བཅུག་ཅིང་ཐུགས་སྲོག་འཕྲོག་པས་རྡོ་རྗེའི་ཡེ་ཤེས་བཙན་ཐབས་སུ་འབེབ་པར་བྱེད་པའོ། །མཚན་སྔགས་བཟླ་བའི་སྐབས་བླ་མའི་སྐུ་ལ་སེམས་གཏད་པ་དང་། ཡོན་ཏན་བསམ་ཞིང་མོས་གུས་བྱ་བ་དང་། བཀའ་དྲིན་རྗེས་སུ་དྲན་པ་དང་། རེས་ལྟ་བའི་ངང་དུ་བཞག་པ་དང་། སེམས་ཅན་ལ་སྙིང་རྗེ་བསྒོམ་པ་དང་། ཁྱད་པར་དུ་དབང་བླང་བའི་དམིགས་པ་ཡང་ཡང་བྱ་བ་གནད་དུ་ཆེ་ཞིང་སྔགས་འབྲུ་འབུམ་དང་། གསོལ་འདེབས་འབུམ་ཕྲག་གཅིག་བཏོན་ན་ལེགས། ཐུན་མཐར་དབང་དང་དངོས་གྲུབ་ཞུ་བ་ནི། བླ་མའི་གནས་གསུམ་སོགས་བརྗོད་རིམ་བཞིན། བླ་མའི་གནས་གསུམ་གྱི་འབྲུ་གསུམ་གསལ་བའི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། རགས་པ་ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་ཐོབ་པའི་སྐལ་བ་ཅན་དུ་བྱས། མགྲིན་པའི་ཨཱཿ དམར་པོ་ལས་འོད་ཟེར་འཕྲོས། རང་གི་མགྲིན་པར་ཐིམ། གསང་དབང་ཐོབ། ངག་རགས་པའི་སྒྲིབ་པ་སྦྱངས། ལམ་རྩ་རླུང་གཏུམ་མོ་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་མཐིང་ཀ་ལས་འོད་ཟེར་འཕྲོས། རང་གི་སྙིང་གར་ཐིམ། ཤེར་དབང་ཐོབ། ཡིད་རགས་པའི་སྒྲིབ་པ་དག །ལམ་ཐིག་ལེའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་ཅིག་ཆར་དུ་འཕྲོས། རང་གི་གནས་གསུམ་དུ་ཅིག་ཆར་དུ་ཐིམ་པས་དབང་བཞི་པ་ཐོབ། ཀུན་གཞིའི་སྒྲིབ་པ་ཕྲ་བ་དང་བཅས་པ་དག །ལམ་རྫོགས་པ་ཆེན་པོ་ཁྲེགས་ཆོད་ཐོད་རྒལ་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པར་མོས་ལ་དབང་སོ་སོའི་མཐར་དབང་དོན་གྱི་ཡེ་ཤེས་ལ་མཉམ་པར་བཞག །མཐར་བླ་མ་ཉིད་དགྱེས་པ་ཆེན་པོས་གདན་སེང་ཁྲི་ནས་ཡར་འོད་དུ་ཞུ། ཐོར་ཅོག་གི་རྩེ་ནས་མར་འོད་དུ་ཞུ་སྟེ་ཐུགས་ཀའི་ཐད་དུ་འོད་དམར་སྨུག་གཏིང་གསལ་ཡེ་ཤེས་ལྔ་ཡི་འོད་གདངས་འདྲེས་པའི་གོང་བུ་ཞིག་ཏུ་གྱུར་པ་རང་གི་སྙིང་དབུས་སུ་སིབ་ཀྱིས་ཐིམ་པར་མོས་ལ། སྒོ་གསུམ་བླ་མའི་གསང་བ་གསུམ་དང་དབྱེར་མེད་རོ་གཅིག་ཏུ་འདྲེས་ཏེ་དུས་གསུམ་གྱི་རྟོག་པས་མ་བསླད་པའི་ཤེས་རིག་གཉུག་མ་ཟང་ཀ་མའི་ངང་ལ་སྒོམ་མེད་ཡེངས་མེད་འཛིན་མེད་མ་བཅོས་ལྷུག་པར་བཞག་པ་ནི་བླ་མ་ཆོས་སྐུའི་རང་ཞལ་བལྟ་བ་སྟེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཀྱེ། ང་ནི་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ང་ལ་སྒྲོ་སྐུར་བྱ་བའི་ཡུལ་མེད་པས། །གང་ལའང་སེམས་པར་མ་བྱེད་སྒོམ་མ་བྱེད། །སྒོ་གསུམ་མ་བཅོས་ཇི་བཞིན་ལྷུག་པར་ཞོག །ཇི་ལྟར་ཤར་ཡང་རང་བཞིན་ངང་གིས་གྲོལ། །སྐྱེ་མེད་ནམ་མཁའ་ལྟ་བུར་ཕྱོགས་བརྡལ་བས། །རང་བཞིན་རྫོགས་པ་ཆེན་པོར་ཤེས་པར་གྱིས། །ཞེས་དང་། མ་བཅོས་རྣལ་མ་ཀུན་གྱི་ཆོས་ཉིད་ཡིན། །ཆོས་ཉིད་ལས་ནི་སངས་རྒྱས་གུད་ན་མེད། །སངས་རྒྱས་མིང་དུ་བཏགས་པ་བླ་དྭགས་ཡིན། །ཆོས་ཉིད་བྱ་བ་གཞན་མེད་རང་སེམས་ཏེ། །རང་སེམས་མ་བཅོས་ཆོས་ཀྱི་སྐུ་རུ་བཤད། །མ་བཙལ་ངང་ལ་ཡེ་ནས་སྐྱེ་མེད་པས། །སྐྱེ་མེད་དོན་ལ་བཙལ་ཞིང་སྒྲུབ་ཏུ་མེད། །བཙལ་ཞིང་སྒྲུབ་པས་བྱར་མེད་འགྲུབ་མི་འགྱུར། །ཞེས་དང་། བྱར་མེད་འདི་ལ་གང་གནས་པ། །ལུས་ནི་གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །ཞེས་སོགས་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག །བླ་མའི་གདམས་ངག་གི་བཞག་ཐབས་བསྟན་པ་ལྟར་ཡེངས་བ་རྒྱ་འབྱམས་སུ་མ་ཤོར་ཞིང་། གཟུང་འཛིན་གྱིས་མ་རྙོགས་པར་རང་ཤར་རང་གནས་རང་གྲོལ་དུ་མཉམ་པར་བཞག་པར་བྱའོ། །ཐུན་དེ་ལས་ལྡང་བ་ན་སྣང་གྲགས་རིག་གསུམ་བླ་མའི་རྡོ་རྗེ་གསུམ་གྱི་ཁྱེར་སོ་དང་མ་བྲལ་བའི་ངང་། འགྲོ་འཆག་ཉལ་འདུག་གང་གི་སྐབས་སུའང་བླ་མའི་ཐུགས་ཀྱི་ངོ་བོ་རིག་སྟོང་རྗེན་པའི་ངང་ལས་མི་གཡོ་བར་དྲན་ཤེས་ཀྱི་རྩི་དང་མ་བྲལ་བ་དང་། གཉིད་དུས་སྙིང་དབུས་སུ་བཞུགས་པའི་ཐུགས་ཀའི་ཨ་ཡིག་ཕྲ་བ་ལ་སེམས་གཏང་དེ་འོད་གསལ་བཟུང་བ་དང་། མགྲིན་པར་ཨཾ་དམར་པོ་ལ་སེམས་གཏད་ནས་རྨི་ལམ་སྦྱོར་བ་དང་། སྤྱི་བོར་བསྒོམ་ནས་རང་རིག་ཨ་ཡིག་གི་རྣམ་པས་ཐུགས་ཀར་སྤར་ཏེ་འཕོ་བ་དང་། འཇིགས་སྐྲག་བྱུང་དུས་བླ་མ་བསྒོམ་ནས་བར་དོ་སྦྱོང་བ་དང་། གཞན་ཡང་ཟས་ཀྱི་རྣལ་འབྱོར་སྐབས་མགྲིན་པ་དང་། གོས་གསར་པ་གྱོན་པ་ན་བླ་མས་ཐོག་མར་གསོལ་ནས་རང་ལ་བཞེས་འཕྲོ་དངོས་གྲུབ་ཏུ་སྩོལ་བར་མོས་ཤིང་། གཏུམ་མོའི་སྐབས་བླ་མ་ཡབ་ཡུམ་ཧྃ་དང་། ཨ་ཐུང་གི་རྣམ་པས་འབར་འཛག་བདེ་སྟོང་གི་མཆོད་པ་བྱ་བ་སོགས་མདོར་ན་བླ་མའི་ལམ་ཁྱེར་ཁོ་ནས་དུས་འདའ་བར་བྱ་དགོས་པ་ཡིན་ནོ། །ཚོགས་མཆོད་བྱ་ན་དབང་བླང་གི་གོང་དུ་བྱ། ཡེ་ཤེས་སྐུ་མཆོག་གི་བཤགས་པ་བཏང་བའམ། རྒྱས་པར་ནི་བླ་མའི་སྐུ་ལ་ཞི་ཁྲོའི་ལྷ་ཚོགས་བཞུགས་པར་མོས་ནས་ན་རཀ་སྐོང་བཤགས་རྒྱས་པར་བཏང་ན་ལེགས། ཚོགས་ཀྱི་རྒྱུ་ཐབས་ཤེས་ཀྱི་རྫས་རྣམས་སེར་སྣས་མ་སྦགས་པ་སྡིག་དང་མ་འདྲེས་པའི་ཚོགས་རྫས་རྣམས་ཚོགས་སྣོད་ཐོད་པ་དུམ་བུ་གསུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་གྱུར་པ་མོས་ལ། ཚོགས་ཞིང་སྤྱན་འདྲེན་བླ་མའི་སྟེང་འོག་ཕྱོགས་མཚམས་མཐའ་བསྐོར་དུ་བཞུགས་པར་མོས་ལ། ཚོགས་ཀྱི་ཞལ་ཟས་ལས་འདོད་ཡོན་ལྔ་འཕྲོ་བས་མཆོད་པ་དང་། བསྐང་བཤགས། བདག་རྟོག་གི་རུ་ཏྲ་བསྒྲལ་ཞིང་སྟོབས་པ་དང་། བར་པ་བདུད་རྩིར་རོལ་པས་ལུས་དཀྱིལ་གྱི་ལྷ་མཉེས། གཙང་དམན་གཅིག་ཏུ་བསྲེ་ཞིང་ཞལ་ཆབ་ཀྱིས་བྲན་པའི་ལྷག་མས་ཧེ་རུ་ཀའི་བཀའ་ཉན་གྱི་ལྷག་སྡུད་མཉེས། སྨོན་ལམ་བཏབ། །རྡོ་རྗེའི་གླུ་གར་བྱ་སྟེ་ཚོགས་མགྲོན་གྱི་ལྷ་ཚིམས་པ། བདག་གི་ལུས་དཀྱིལ་འཁོར་ཚིམས་པ། དཀྱིལ་འཁོར་པ་མཆོད་པས་ཚིམས་པ། རྣལ་འབྱོར་པ་ཟས་ཀྱིས་ཚིམས་པ། འབྱུང་པོ་རྣམས་གཏོར་མས་ཚིམས་པ། སྐྱེ་མཆེད་ཀྱི་ལྷ་རྣམས་རྡོ་རྗེའི་གླུ་གར་གྱིས་ཚིམས་པ་སྟེ་ཚོགས་འཁོར་ཚིམས་པ་དྲུག་ལྡན་གྱི་རྣལ་འབྱོར་ཟབ་མོ་དང་། རྗེས་རྒྱུད་གསུམ་དྲེགས་ཚོགས་རྒྱ་མཚོར་ཆད་ཐོ་བསྒྲགས་པའི་སྒོ་ནས། གཏོར་སྐྱོངས་རྟ་བྲོ་དང་། དབང་བླངས། བསྔོ་སྨོན་ཤིས་བརྗོད་བྱ་བ་བཅས་ཀྱིས་གྲུབ་བོ། །སླར་སྨྲས་པ། བདག་ལྟ་སྐྱབས་ཀྱི་ཡུལ་དུ་འོས་མིན་ཡང་། །དད་ལྡན་འགའ་ཡི་དགོས་ཞེས་བསྐུལ་བའི་ངོར། །བླ་རྣམ་མང་དག་བྲིས་ལས་ཁྱད་པར་དུ། །སྡེ་བཞི་དགེ་བཅུའི་རིགས་ཀྱི་མྱུ་གུ་ནི། །དགེ་བློས་རྒྱུད་ཕྱུག་རྣམ་དཀར་སྤྱན་རས་མཛེས། །གཡུ་ཡི་སྒྲོན་མས་ནན་ཏན་གསུང་བསྐུལ་གྱི། །རྐྱེན་ལས་རིག་པའི་རྩལ་ལས་རང་ཤར་བའི། །སྙིང་ཐིག་གསལ་བའི་སྒྲོན་མ་འདི་རྨད་བྱུང་། །རང་བྲིས་རང་འགྲེལ་ཤིན་ཏུ་མི་མཛེས་ཀྱང་། །དད་ལྡན་སློབ་མའི་ངག་ནན་མ་གཅོག་པར། །བྲིས་པའི་དགེ་འདིས་མཁའ་ཁྱབ་འགྲོ་བ་རྣམས། །གུ་རུ་པདྨས་རྗེས་སུ་འཛིན་གྱུར་ཅིག །བསྟན་ལ་འཚེ་བའི་བདུད་སྡེའི་ཕྲུ་མ་བཅོམ། །བསྟན་པའི་རིན་ཆེན་ནོར་བུའི་འོད་གསལ་ཞིང་། །བསྟན་འཛིན་སྐྱེས་རྣམས་ཞབས་པད་བརྟན་པ་དང་། །བསྟན་པའི་སྦྱིན་བདག་དར་ཤིང་རྒྱས་གྱུར་ཅིག །ཅེས་པའང་རང་སློབ་སྤར་བརྐོས་ཆོས་འཕེལ་ནས་རྟེན་བཅས་སྔ་ཕྱིར་ནན་ཏན་ཆེན་པོས་བསྐུལ་བ་དོན་ཡོད་པའི་ཕྱིར་དུ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྟེན་བསྐྱེད་ཁ་བསྒྱུར་ཙམ་ལས་བླ་རྣམ་གཞན་ལའང་ཅུང་ཟད་ཕན་པར་འགྱུར་སྙམས་ནས་སུག་བྲིས་སུ་བསྟར་བ་འདིས་ཀྱང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།འཇམ་མགོན་བླ་མའི་ཡེ་ཤེས་དགོངས་པའི་བཅུད། །ཟབ་གསང་བླ་མ་སྒྲུབ་པའི་རྡོ་རྗེའི་ཚིག །ས་སྐྱོངས་བདག་མོའི་ཆོས་སྐལ་ལེགས་ཤར་བ། །སྐལ་བཟང་དད་ལྡན་འདོད་འཇོའི་བཙས་སུ་དར། །སླར་ཡང་ཟབ་དོན་གསལ་བྱེད་ཁྲིད་ཡིག་བཅས། །ཀུན་དགའ་ཕྲིན་ལས་གཞན་ཕན་རྒྱ་མཚོ་ཡི། །ཐུགས་བསྐྱེད་ཟླ་སྣང་གསར་པའི་དགེ་མཚན་དང་། །བསོད་འཕེལ་དད་བརྩོན་བདུད་རྩིའི་དཔལ་ལས་བྱུང་། །ལེགས་བྱས་སྣང་བས་སྐྱེ་ཀུན་བླ་མ་རྗེའི། ཞབས་ཀྱི་ཆུ་སྐྱེས་ལེགས་བསྙེན་སྨིན་གྲོལ་གྱིས། །གསང་གསུམ་རྡོ་རྗེའི་ཡེ་ཤེས་ཆེན་པོ་རུ། །མངོན་པར་བྱང་ཆུབ་གོ་འཕང་བརྙེས་གྱུར་ཅིག །ཅེས་གུས་སློབ་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་སིདྡྷི་རསྟུ། ། ༈ བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །གང་ལྗོངས་རིས་མེད་བསྟན་པ་རྒྱ་མཚོའི་བདག །ངོ་མཚར་བཀའ་བབས་བདུན་གྱི་འཁོར་ལོས་བསྒྱུར། །འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོ་ཡི། །རིང་ལུགས་བསྟན་པ་དར་རྒྱས་བཀྲ་ཤིས་ཤོག །དགེའོ། །དགེའོ། །དགེའོ། །{{TibChung|དེ་ལྟར་འཇམ་མགོན་ཐམས་ཅད་མཁྱེན་གཟིགས་༧རྡོ་རྗེ་འཆང་གི་གསུང་བྱིན་རླབས་ཅན་འདིའི་རྩ་འགྲེལ་གཉིས་ཀྱི་དངོས་བསྟན་དུ་མ་གསལ་བའི་ཞལ་རྒྱུན་ལ། གྲུབ་ཐོབ་སྤྱི་འགྲེ་ལྟར་དབུ་བརྒྱན་གྱི་དཔྲལ་བར་པདྨས་བརྒྱན་པ་དང་ཐོད་སྐམ་གཅིག་ལ་མེ་ཏོག་གི་ཕྲེང་བ་གཡས་གཡོན་དུ་གཉིས་རེ། ཞབས་རྒྱལ་པོ་རོལ་སྟབས་སུ་གཡོན་བསྐུམ། གཡས་ཀྱི་ཞབས་མཐིལ་གདན་ལ་བསྟན་ཅིང་པུས་མོ་གྱེན་དུ་བསླང་བའི་ཚུལ་ཅན། སྒོམ་ཐག་ཕྲག་པ་གཡོན་པར་བཀལ་ཏེ། གཡས་ཀྱི་མཆན་འོག་ཏུ་བཞེང་པ། བཞུགས་གདན་ཀྲྀཥྞ་སཱ་རའི་པགས་པ་བྱས་ཀྱང་ཆོག་པར་གསུངས་བའི་ཚུལ་ཞལ་ནས་སྙན་དུ་བརྒྱུད་པ་དག་ལས་ཤེས་སོ།། །། ༈ པདྨ་ནི་སོ་སོར་རྟོགས་པའི་རིག་རྩལ་ཆགས་བྲལ་བདེ་བ་ཆེན་པོའི་ངོ་བོར་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ། །འཆན།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 11:44, 10 January 2022
Wylie title | bla ma'i rnal 'byor gyi zin bris ye shes gsal sgron | |
---|---|---|
Location | chos kyi blo gros bka' 'bum Volume 10, Text 19, Pages 131-174 (Folios 1a to 22b5) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. bla ma'i rnal 'byor gyi zin bris ye shes gsal sgron. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 131-174. Bir, H.P.: Khyentse Labrang, 2012. | |
Genre | Guru Yoga Texts - bla ma'i rnal 'byor · Notes - zin bris | |
Colophon |
དེ་ལྟར་འཇམ་མགོན་ཐམས་ཅད་མཁྱེན་གཟིགས་༧རྡོ་རྗེ་འཆང་གི་གསུང་བྱིན་རླབས་ཅན་འདིའི་རྩ་འགྲེལ་གཉིས་ཀྱི་དངོས་བསྟན་དུ་མ་གསལ་བའི་ཞལ་རྒྱུན་ལ། གྲུབ་ཐོབ་སྤྱི་འགྲེ་ལྟར་དབུ་བརྒྱན་གྱི་དཔྲལ་བར་པདྨས་བརྒྱན་པ་དང་ཐོད་སྐམ་གཅིག་ལ་མེ་ཏོག་གི་ཕྲེང་བ་གཡས་གཡོན་དུ་གཉིས་རེ། ཞབས་རྒྱལ་པོ་རོལ་སྟབས་སུ་གཡོན་བསྐུམ། གཡས་ཀྱི་ཞབས་མཐིལ་གདན་ལ་བསྟན་ཅིང་པུས་མོ་གྱེན་དུ་བསླང་བའི་ཚུལ་ཅན། སྒོམ་ཐག་ཕྲག་པ་གཡོན་པར་བཀལ་ཏེ། གཡས་ཀྱི་མཆན་འོག་ཏུ་བཞེང་པ། བཞུགས་གདན་ཀྲྀཥྞ་སཱ་རའི་པགས་པ་བྱས་ཀྱང་ཆོག་པར་གསུངས་བའི་ཚུལ་ཞལ་ནས་སྙན་དུ་བརྒྱུད་པ་དག་ལས་ཤེས་སོ།། | |
de ltar 'jam mgon thams cad mkhyen gzigs 7rdo rje 'chang gi gsung byin rlabs can 'di'i rtsa 'grel gnyis kyi dngos bstan du ma gsal ba'i zhal rgyun la/__grub thob spyi 'gre ltar dbu brgyan gyi dpral bar pad+mas brgyan pa dang thod skam gcig la me tog gi phreng ba g.yas g.yon du gnyis re/__zhabs rgyal po rol stabs su g.yon bskum/__g.yas kyi zhabs mthil gdan la bstan cing pus mo gyen du bslang ba'i tshul can/__sgom thag phrag pa g.yon par bkal te/__g.yas kyi mchan 'og tu bzheng pa/__bzhugs gdan kr-iSh+Na sA ra'i pags pa byas kyang chog par gsungs ba'i tshul zhal nas snyan du brgyud pa dag las shes so// |
1 Texts in this Section (sde tshan or chos tshan)
131-174
|
བླ་མའི་རྣལ་འབྱོར་གྱི་ཟིན་བྲིས་ཡེ་ཤེས་གསལ་སྒྲོན། bla ma'i rnal 'byor gyi zin bris ye shes gsal sgron
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]] |