JKW-KABAB-06-CHA-039: Difference between revisions

From Khyentse Lineage - A Tsadra Foundation Project
JKW-KABAB-06-CHA-039
m (Text replacement - "|editor=rdzong sar blo gros phun tshogs" to "")
m (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "")
Line 12: Line 12:
|authortib=ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་
|authortib=ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་
|sourcerevealertib=ཇོ་མོ་སྨན་མོ་; འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|sourcerevealertib=ཇོ་མོ་སྨན་མོ་; འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་
 
|terma=Yes
|terma=Yes
|transmissiontype=yang gter - Rediscovered Treasure
|transmissiontype=yang gter - Rediscovered Treasure

Revision as of 09:40, 16 November 2021

མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་འཕོ་རྫས་བསྡུ་བའི་རིམ་པ།
Wylie title mkha' 'gro gsang ba kun 'dus kyi 'pho rdzas bsdu ba'i rim pa JKW-KABAB-06-CHA-039.pdf
Location mkhyen brtse'i bka' babs
Volume 6, Text 39, Pages 539-540 (Folios 1a1 to 1b3)
Author ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་
Less details More details
Tertön ཇོ་མོ་སྨན་མོ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (jo mo sman mo, 'jam dbyangs mkhyen brtse'i dbang po)
Citation a 'dzoms 'brug pa 'gro 'dul dpa' bo rdo rje. mkha' 'gro gsang ba kun 'dus kyi 'pho rdzas bsdu ba'i rim pa. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 6: 539-540. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre
Cycle མཁའ་འགྲོ་གསང་བ་ཀུན་འདུས་ (mkha' 'gro gsang ba kun 'dus)
Karchag page JKW-KABAB-Volume-06-CHA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-NGI-079
Colophon

།ཞེས་ཉེར་མཁོའི་ཆེད་དུ་ལམ་འདི་ལ་གཅིག་ཏུ་གུས་ཤིང་གཏེར་ཆེན་དམ་པའི་ཞབས་རྡུལ་སྤྱི་བོར་ལེན་པའི་འབངས་ཐ་འགྲོ་འདུལ་པས་ཁྱེར་བདེར་བཀོད་པའི་དགེ་བས་འགྲོ་ཀུན་རྡོ་རྗེ་བཙུན་མོས་རྗེས་སུ་བཟུང་ཞིང་བདེ་ཆེན་མཁའ་སྤྱོད་གནས་སུ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།།

zhes nyer mkho'i ched du lam 'di la gcig tu gus shing gter chen dam pa'i zhabs rdul spyi bor len pa'i 'bangs tha 'gro 'dul pas khyer bder bkod pa'i dge bas 'gro kun rdo rje btsun mos rjes su bzung zhing bde chen mkha' spyod gnas su 'dod rgur rtsen pa'i rgyur gyur cig__/dge'o/__/dge'o/__/dge'o//

[edit]
༄༅། ན་མོ་གུ་རུ་ཀརྨ་ཌཱ་ཀི་ནི་ཡེ། །མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་འཕོ་རྫས་བསྡུ་བའི་རིམ་པ་ནི། རྫས་དང་སྣོད་སོགས་གཞུང་ནས་ཇི་སྐད་བཤད་ལྟར་དང༌། སྒྲུབ་ཐབས་དངོས་ནི། སྒོས་སྒྲུབ་ཡིན་ན་སྐྱབས་སེམས་སྔོན་དུ་འགྲོ་བ་དང༌། ཕྲིན་ལས་རྒྱས་པ་དང་འབྲེལ་ཚེ་གཞུང་གི་ལྷ་བསྐྱེད། སྣང་སྟོང་ཟུང་འཇུག་ཆེན་པོར་བསྒོམ༔ བར་སོང་ནས། ཧཱུྃ་རང་བྱུང་ཡེ་ཤེས་ཕྱག་རྒྱའི་འཕྲུལ༔ ཐོད་པ་ལྷ་ཡི་གཞལ་ཡས་ཁང་༔ རིག་གྲོལ་དམ་རྫས་རྡུལ་གྱི་གྲངས༔ བཅོམ་ལྡན་ཀརྨ་དྷཱ་ཀི་ནི༔ ཞལ་ཕྱག་རྒྱན་དང་ཆ་ལུགས་རྫོགས༔ སྣང་སྟོང་བདེ་ཆེན་སྒྱུ་མའི་སྐུ༔ མ་འདྲེས་འཇའ་ཚོན་ལྟ་བུར་གསལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་སོགས་ཀྱི་སྔགས་དོན་གྱིས་ང་རྒྱལ་བཟུང་བ་སོགས་གཞུང་ལྟར། བཟླས་པ་སོང་འཕྲལ། ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཛྙཱ་ན་པྲ་ཝེ་ཤ་ཡ་ཕཊ༔ ཅེས་རྫས་ལ་དམིགས་ཏེ་འོད་ཟེར་སྤྲོ་བསྡུ་བཟླས་པ་ལ་འབད། སྒོས་སྒྲུབ་བྱེད་ཚེ༔ སྣང་སྟོང་བདེ་ཆེན་སྒྱུ་མའི་སྐུའི༔ གནས་གསུམ་ཡི་གེའི་འོད་ཟེར་གྱིས༔ འོག་མིན་གནས་ཡུལ་དུར་ཁྲོད་ནས༔ ཡེ་ཤེས་སྤྱན་དྲངས་དབྱེད་མེད་བསམ༔ ལྷུན་གྲུབ་དམ་ཚིག་དཀྱིལ་འཁོར་ཆེ༔ ཡེ་ཤེས་འཁོར་ལོ་དབྱེར་མེད་གཤེགས༔ འདུ་འབྲལ་མེད་པའི་ངང་དུ་བཞུགས༔ གཉིས་མེད་བརྡའ་ཡིས་ཕྱག་བགྱིའོ༔ ཨོཾ་ཛྙཱ་ན་བྷཱ་ར་ཧི་ཨཱ་བེ་ཤ་ཡ་ཕེཾ་ཕེཾ་ཛཿཧཱུྃ་བྃ་ཧོ༔ ས་མ་ཡ༔ ཏིཥྛ་ལྷན༔ ཨ་ཏི་པུ་ཧོ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཡུལ་ཀུན་སྟོང་གཟུགས་མཆོད་པའི་སྤྲིན༔ དབང་པོ་སྒྱུ་མའི་བདེ་བས་རོལ༔ བདེ་སྟོང་དབྱེར་མེད་ཐིག་ལེའི་སྐུ༔ རྡོ་རྗེ་བཙུན་མོར་ཕྱག་འཚལ་བསྟོད༔ གོང་གི་བཟླས་དམིགས་རྟགས་ཐོན་སོགས་ཇི་ལྟར་རིགས་པར་བྱའོ། །མཐར་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བས་དམ་རྫས་དང་དབྱེར་མེད་དུ་གྱུར་པར་མོས། སུ་པྲ་ཏིཥྛ་ལྟ་བུའི་བརྟན་བཞུགས་ཀྱང་བྱས་པས་དོན་འགྲུབ་བོ། །ཞེས་ཉེར་མཁོའི་ཆེད་དུ་ལམ་འདི་ལ་གཅིག་ཏུ་གུས་ཤིང་གཏེར་ཆེན་དམ་པའི་ཞབས་རྡུལ་སྤྱི་བོར་ལེན་པའི་འབངས་ཐ་འགྲོ་འདུལ་པས་ཁྱེར་བདེར་བཀོད་པའི་དགེ་བས་འགྲོ་ཀུན་རྡོ་རྗེ་བཙུན་མོས་རྗེས་སུ་བཟུང་ཞིང་བདེ་ཆེན་མཁའ་སྤྱོད་གནས་སུ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།

Footnotes

Other Information