JKW-KABUM-15-BA-009-006: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 30: | Line 30: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|ཡོན་ཏན་གཏེར་མཛོད་ཀྱི་ཚོགས་སྐོང་གྲངས་གསོག། | ||
༄༅། | ༄༅། །གུ་རུ་ཡོན་ཏན་གཏེར་མཛོད་ཀྱི་ཚོགས་བསྐང་གྲངས་གསོག་ཉེར་བསྡུས་བཞུགས་སོ། །རྃ་ཡྃ་ཁྃ། ཡེ་ཤེས་དབྱིངས་ལས་རིག་རྩལ་མེ་རླུང་ཆུས། །ཚོགས་རྫས་དངོས་འཛིན་ཉེས་སྐྱོན་བསྲེག་གཏོར་བཀྲུས། །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིའི་བཅུད། །འདོད་ཡོན་རྒྱ་མཚོར་བྱིན་གྱིས་བརླབས་པ་འདི། །ཡིད་བཞིན་ནོར་བུ་ཨོ་རྒྱན་རིན་པོ་ཆེ། །རྩ་གསུམ་རབ་འབྱམས་འཁོར་དང་བཅས་ལ་འབུལ། །ཐུགས་དམ་བསྐང་ཞིང་ཉམས་ཆག་མཐོལ་བཤགས་ནས། །བསམ་པ་ལྷུན་གྱིས་འགྲུབ་པའི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷ་ཀྐི་ནི་ས་པ་རི་ཝཱ་ར་སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ། ཡི་གེ་བརྒྱ་པ་བརྗོད་ཅིང་ཚོགས་ཕུད་ལ་སྨན་རག་བྲན། ཧཱུྃ་ཧྲཱིཿ རྩ་བརྒྱད་སྟོང་དང་སྦྱར་བའི་བདུད་རྩི་དང་༔ རྨད་བྱུང་གཏོར་མ་རྒྱན་ལྡན་རི་ལྟར་སྤུངས༔ རཀྟའི་རྒྱ་མཚོ་རྒྱ་མཚོའི་ཀློང་ལྟར་བསྐྱིལ༔ འདོད་ཡོན་ལྔ་ལྡན་ཚོགས་ཀྱི་མཆོད་སྤྲིན་བརྡལ༔ སངས་རྒྱས་ཀུན་འདུས་བླ་མའི་ཐུགས་དམ་བསྐང་། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །མཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགས་དམ་བསྐང་། །དམ་ཅན་མ་མགོན་སྡེ་བརྒྱད་ཐུགས་དམ་བསྐང་། །གནས་བདག་དབེན་གནས་སྲུང་མའི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པའི་ལྷ་ཚོགས་ཐུགས་དམ་བསྐང་། །མ་ཧཱ་པཉྩ་བྷ་ལིཾ་ཏ་རཀྟ་ག་ན་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཐུགས་དམ་བསྐང་། ཨོཾ་ཨུཥྩི་ཊ་བྷ་ལིདྟ་ཁཱ་ཧི། ཞེས་ལྷག་མ་བསྔོ། ཧོཿ ཚོགས་གཉིས་བསགས་པའི་དགེ་ཚོགས་ཀྱིས༔ སྒྱུ་མ་རྨི་ལམ་ཇི་བཞིན་ཏུ༔ རང་གཞན་ཚོགས་གཉིས་རབ་རྫོགས་ནས༔ སྐུ་དང་ཡེ་ཤེས་རྒྱས་པར་ཤོག༔ ཅེས་སྨོན་ལམ་གདབ་བོ། །གསོལ་འདེབས་བསམ་པ་ལྷུན་གྲུབ་མ་རྗེས་སུ་འབྲེལ་བའི་གུ་རུའི་སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་ཀྱི་ཚོགས་སྐོང་གྲངས་གསོག་སྐབས་ཤིན་ཏུ་བསྡུས་པའི་ཚུལ་འདིའང་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། ། ༈}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 11:21, 18 June 2021
Wylie title | ||
---|---|---|
Location | mkhyen brtse'i bka' 'bum Volume 15, sde tshan 9, Text 6, Pages (Folios to ) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Tertön | མཆོག་གྱུར་གླིང་པ་ (mchog gyur gling pa) | |
Citation | 'jam dbyangs mkhyen brtse'i dbang po. '. In jam dbyangs mkhyen brtse'i dbang po'i bka' 'bum, Vol. 15: . Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | ||
Cycle | རྒྱུད་སྡེ་བཞི་དང་རྗེས་སུ་འབྲེལ་བའི་རྗེ་བཙུན་སྒྲོལ་མ་ (rgyud sde bzhi dang rjes su 'brel ba'i rje btsun sgrol ma) |
1 Texts in this Section (sde tshan or chos tshan)
6 204-205
|
ཡོན་ཏན་གཏེར་མཛོད་ཀྱི་ཚོགས་སྐོང་གྲངས་གསོག། yon tan gter mdzod kyi tshogs skong grangs gsog
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ()]] |