JKW-KABUM-01-KA-002-156: Difference between revisions

From Khyentse Lineage - A Tsadra Foundation Project
JKW-KABUM-01-KA-002-156
No edit summary
No edit summary
Line 32: Line 32:
|colophontib=།ཅེས་པའང་སྔ་འགྱུར་བསྟན་པའི་རྩ་ལག་ཆེན་པོ་ཞེ་ཆེན་བླ་བྲང་པས་གསུང་བསྐུལ་གནང་བ་ལྟར།  ཤཱཀྱའི་བཙུན་པ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྩེ་གཅིག་གུས་པའི་གདུལ་ཤུགས་དྲག་པོས་གང་ཤར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།།
|colophontib=།ཅེས་པའང་སྔ་འགྱུར་བསྟན་པའི་རྩ་ལག་ཆེན་པོ་ཞེ་ཆེན་བླ་བྲང་པས་གསུང་བསྐུལ་གནང་བ་ལྟར།  ཤཱཀྱའི་བཙུན་པ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྩེ་གཅིག་གུས་པའི་གདུལ་ཤུགས་དྲག་པོས་གང་ཤར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།།
|colophonwylie=ces pa'ang snga 'gyur bstan pa'i rtsa lag chen po zhe chen bla brang pas gsung bskul gnang ba ltar/__shAkya'i btsun pa bya bral ba 'jam dbyangs mkhyen brtse'i dbang pos rtse gcig gus pa'i gdul shugs drag pos gang shar gsol ba btab pa de de bzhin du 'grub par bla ma rgyal ba sras dang bcas pas byin gyis brlab tu gsol
|colophonwylie=ces pa'ang snga 'gyur bstan pa'i rtsa lag chen po zhe chen bla brang pas gsung bskul gnang ba ltar/__shAkya'i btsun pa bya bral ba 'jam dbyangs mkhyen brtse'i dbang pos rtse gcig gus pa'i gdul shugs drag pos gang shar gsol ba btab pa de de bzhin du 'grub par bla ma rgyal ba sras dang bcas pas byin gyis brlab tu gsol
|pdflink=File:JKW-KABUM-01-KA-002-156.pdf
|pdflink=File:JKW-KABUM-01-KA-002.pdf
}}
}}
{{Header}}
{{Header}}

Revision as of 14:33, 3 August 2021

རྒྱལ་ཚབ་མཆོག་སྤྲུལ་ལྔ་པའི་མྱུར་འབྱོན་གསོལ་འདེབས་དོན་ཀུན་གྲུབ་པའི་དབྱངས་སྙན།
Wylie title rgyal tshab mchog sprul lnga pa'i myur 'byon gsol 'debs don kun grub pa'i dbyangs snyan JKW-KABUM-01-KA-002.pdf
Location mkhyen brtse'i bka' 'bum
Volume 1, sde tshan 2, Text 156, Pages 420-421 (Folios 181b4 to 182a5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. rgyal tshab mchog sprul lnga pa'i myur 'byon gsol 'debs don kun grub pa'i dbyangs snyan. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 1: 420-421. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Petitions for a Speedy Rebirth - yang srid mgyur byon
Deity rgyal tshab mchog sprul lnga pa
Colophon

།ཅེས་པའང་སྔ་འགྱུར་བསྟན་པའི་རྩ་ལག་ཆེན་པོ་ཞེ་ཆེན་བླ་བྲང་པས་གསུང་བསྐུལ་གནང་བ་ལྟར། ཤཱཀྱའི་བཙུན་པ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྩེ་གཅིག་གུས་པའི་གདུལ་ཤུགས་དྲག་པོས་གང་ཤར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།།

ces pa'ang snga 'gyur bstan pa'i rtsa lag chen po zhe chen bla brang pas gsung bskul gnang ba ltar/__shAkya'i btsun pa bya bral ba 'jam dbyangs mkhyen brtse'i dbang pos rtse gcig gus pa'i gdul shugs drag pos gang shar gsol ba btab pa de de bzhin du 'grub par bla ma rgyal ba sras dang bcas pas byin gyis brlab tu gsol

1 Texts in this Section (sde tshan or chos tshan)

[edit]
མཚུངས་བྲལ་བསྟན་འགྲོའི་དཔལ་མགོན་རྒྱལ་ཚབ་མཆོག་སྤྲུལ་རིན་པོ་ཆེའི་མྱུར་འབྱོན་གསོལ་འདེབས་དོན་ཀུན་གྲུབ་པའི་་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། །ཨོ༷་རྒྱ༷ན་ཆེན་པོས་བྱིན་བརླབས་རིག་པ་འཛིན། །རང་བྱུང་ཡེ་ཤེས་མངོན་འགྱུར་ནམ་མཁའི་སྙིང་། །རྡོ༷་རྗེ༷འི་སློབ་དཔོན་མཆོག་ཏུ་རྣམ་རོལ་པའི། །ཁྱབ་བདག་བླ་མ་འབོད་དོ ་བརྩེ་བས་དགོངས། །མགོན་ཁྱོད་གདོད་ནས་འཕོ་འགྱུར་ལས་འདས་པ། །འཆི་མེད་རྟག་པའི་གོ་འཕང་མངོན་བརྙེས་ཀྱང་། །གདུལ་བྱའི་སྣང་ངོར་ཞིང་གཞན་གཤེགས་པ་ཡིས། །བདག་ཅག་ཉམ་ཐག་གྱུར་པ་འདི་གཟིགས་སོ། །དེ་ཕྱིར་ཟག་མེད་ཐུགས་ཀྱི་དགོངས་པ་མཆོག །དོན་གྱི་འོད་གསལ་དབྱིངས་སུ་རྫོགས་པ་དང་། །མི་སློབ་ཟུང་འཇུག་ཡེ་ཤེས་སྒྱུ་མའི་གར། །སྤྲུལ་པའི་སྣང་བརྙན་མྱུར་དུ་འབྱོན་མཛད་གསོལ། །ཕུན་སུམ་ཚོགས་པའི་གཟིགས་པ་རྣམ་པ་ལྔས། །བསམས་བཞིན་སྲིད་པ་ཉེ་བར་བཟུང་བ་ལ། །བར་ཆད་ཀུན་ཞི་གསན་གསམ་སྒོམ་གསུམ་རྫོགས། །བསྟན་དང་འགྲོ་བའི་དོན་ཀུན་ལྷུན་གྲུབ་ཤོག །རྩ་བརྒྱུད་བླ་མ་མཆོག་གསུམ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བདེན་སྟོབས་དང་། །ཆོས་ཉིད་ཆོས་ཅན་རྒྱུ་འབྲས་བསླུ་མེད་མཐུས། །ཇི་ལྟར་གསོལ་བ་བཏབ་བཞིན་འགྲུབ་གྱུར་ཅིག །ཅེས་པའང་སྔ་འགྱུར་བསྟན་པའི་རྩ་ལག་ཆེན་པོ་ཞེ་ཆེན་བླ་བྲང་པས་གསུང་བསྐུལ་གནང་བ་ལྟར། ཤཱཀྱའི་བཙུན་པ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྩེ་གཅིག་གུས་པའི་གདུལ་ཤུགས་དྲག་པོས་གང་ཤར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །། ༈
[edit]

rgyal tshab mchog sprul lnga pa'i myur 'byon gsol 'debs don kun grub pa'i dbyangs snyan/__ mtshungs bral bstan 'gro'i dpal mgon rgyal tshab mchog sprul rin po che'i myur 'byon gsol 'debs don kun grub pa'i dbyangs snyan ces bya ba bzhugs so/__/oM swasti sid+d+haM/__/oX rgyaXn chen pos byin brlabs rig pa 'dzin/__/rang byung ye shes mngon 'gyur nam mkha'i snying /__/rdoX rjeX'i slob dpon mchog tu rnam rol pa'i/__/khyab bdag bla ma 'bod do_ brtse bas dgongs/__/mgon khyod gdod nas 'pho 'gyur las 'das pa/__/'chi med rtag pa'i go 'phang mngon brnyes kyang /__/gdul bya'i snang ngor zhing gzhan gshegs pa yis/__/bdag cag nyam thag gyur pa 'di gzigs so/__/de phyir zag med thugs kyi dgongs pa mchog__/don gyi 'od gsal dbyings su rdzogs pa dang /__/mi slob zung 'jug ye shes sgyu ma'i gar/__/sprul pa'i snang brnyan myur du 'byon mdzad gsol/__/phun sum tshogs pa'i gzigs pa rnam pa lngas/__/bsams bzhin srid pa nye bar bzung ba la/__/bar chad kun zhi gsan gsam sgom gsum rdzogs/__/bstan dang 'gro ba'i don kun lhun grub shog____/rtsa brgyud bla ma mchog gsum yi dam lha/__/mkha' 'gro chos skyong srung ma'i bden stobs dang /__/chos nyid chos can rgyu 'bras bslu med mthus/__/ji ltar gsol ba btab bzhin 'grub gyur cig__/ces pa'ang snga 'gyur bstan pa'i rtsa lag chen po zhe chen bla brang pas gsung bskul gnang ba ltar/__shAkya'i btsun pa bya bral ba 'jam dbyangs mkhyen brtse'i dbang pos rtse gcig gus pa'i gdul shugs drag pos gang shar gsol ba btab pa de de bzhin du 'grub par bla ma rgyal ba sras dang bcas pas byin gyis brlab tu gsol//__//_!_

Footnotes

Other Information