DKYD-DZINDROL-038: Difference between revisions
From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
{{Text | |||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=mdo mkhyen brtse 'dzin grol | |||
|collectiontitletib=མདོ་མཁྱེན་བརྩེ་འཛིན་གྲོལ། | |||
|totalvolumes=1 | |||
|author=Mdo mkhyen brtse | |||
|authortib=མདོ་མཁྱེན་བརྩེ་ | |||
|citation=[[Mdo mkhyen brtse]]. ''''. In ''Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor'', (''The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje''): . Delhi: Shechen Publications, 2020. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=1 | |||
|volumeLetter= | |||
|textnuminvol=038 | |||
|pdflink=File:DKYD-DZINDROL-038.pdf | |||
|InitCategories=Khyentse Lineage Project; DKYD-DZINDROL | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP| | |||
ྈ ྈྈྈྈྈྈྈྈྈྈྈྈྈ ྈ | ྈ ྈྈྈྈྈྈྈྈྈྈྈྈྈ ྈ | ||
༄། །ཙི ཏྟཾ ཏི ལ ཀ མ ངྒྲ ཧ ཎཾ སྭོ ྅ ཀྵ ར ཱཏྐོ ཊི ཀ སྶཾ ཧ རཱོ ྅ ནུ བི དྷ ཿ མཽ ལཾ སི དྡྷ སྶ མུ ད ཡོ ཏི སྨ། ། | ༄། །ཙི ཏྟཾ ཏི ལ ཀ མ ངྒྲ ཧ ཎཾ སྭོ ྅ ཀྵ ར ཱཏྐོ ཊི ཀ སྶཾ ཧ རཱོ ྅ ནུ བི དྷ ཿ མཽ ལཾ སི དྡྷ སྶ མུ ད ཡོ ཏི སྨ། ། | ||
ྈ ཐུགས་ཐིག་འཛིན་པ་རང་གྲོལ་ལསཿ མཐའ་སྡུད་རྗེས་ཆོག་དངོས་གྲུབ་ཀུན་འབྱུང་བཞུགསཿ ཿ | ྈ ཐུགས་ཐིག་འཛིན་པ་རང་གྲོལ་ལསཿ མཐའ་སྡུད་རྗེས་ཆོག་དངོས་གྲུབ་ཀུན་འབྱུང་བཞུགསཿ ཿ | ||
ྈྈྈཿ ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་མརཿ གུས་པས་འདུད་དོ་དངོས་གྲུབ་སྩོལཿ ཡང་གསང་འཛིན་པ་རང་གྲོལ་གྱིཿ མཐའ་སྡུད་རྗེས་ཆོག་རིམ་པ་ནིཿ དེ་ཡང་རྣལ་འབྱོར་རབ་འབྲིང་ཐཿ རབ་ལ་ལྷོང་ཚད་ཆོ་འཕྲུལ་སོགསཿ ཕྲན་བུ་ཙམ་ལས་བྱེད་མི་ནུསཿ ཚར་ཚད་ཆོད་ཚད་ཡིད་ཆེས་འབྱུངཿ འབྲིང་ལ་ཐོག་མར་འཚུབས་སློང་ལྡངཿ དེ་ཉིད་ཞི་ཚེ་ཚར་ཚད་རྫོགསཿ ཐ་མར་གསུམ་ག་འདྲེས་མ་ཡིཿ ཡིད་བརྟན་མི་རུང་སྣ་ཚོགས་དངཿ ཡང་ན་སློང་དང་ཆོ་འཕྲུལ་སོགསཿ ཤིན་ཏུ་བྱིང་ཆེ་ནོན་དཀའ་ཙམཿ གང་ལའང་འཇིགས་མེད་དཔའ་གདེངས་བསྐྱེདཿ ཞལ་རྒྱུན་མན་ངག་གདེངས་ལྡན་ཞིངཿ ཟིལ་གནོན་མཆོད་སྦྱིན་དྲག་གཅོད་སོགསཿ དམིགས་པས་གཟེར་ཐེབས་མོས་གུས་དངཿ ཡང་དག་ལྟ་བའི་གདེངས་ཆེན་ལྡནཿ ཚད་སློང་མཐའ་རུ་ཕྱིན་འགྱུར་ཞིངཿ སངས་རྒྱས་ཐོབ་པའི་རེ་བ་དངཿ འཁོར་བར་འཁྱམས་ཀྱི་དོགས་པ་གཉིསཿ ལྷ་ལ་དངོས་གྲུབ་རེ་བ་དངཿ འདྲེ་གདོན་གནོད་འཚེའི་དོོགས་པ་བཅསཿ རེ་དོགས་དབྱིངས་སུ་ཟད་པ་ནིཿ མཉམ་ཉིད་ཆོད་ཚད་ཆེན་མོ་འོཿ ལྷོང་ཚད་ཆོད་ཚད་མཐར་ཕྱིན་ནསཿ ལྷ་འདྲེའི་འགྲོ་དོན་སྤྱོད་པ་ནིཿ ཕཊཿ མདུན་མཁར་བཞུགས་པའི་ཚོགས་ཞིང་ལྷ་རྣམས་ཀྱིཿ སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན་བབས་པསཿ བདག་ཉིད་ཁྲོས་མ་ནག་མོ་གནས་གྱུར་ཅིངཿ འགྲོ་འདུལ་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགསཿ དཀར་གསལ་དུང་མདོག་དུང་གི་རི་བོ་ལཿ ཉི་མ་བྱེ་བས་འཁྱུད་ལྟའི་གཟི་འོད་འབརཿ ཞི་བའི་ཉམས་ལྡན་དར་དང་རིན་ཆེན་བརྒྱནཿ ཞལ་གཅིག་ཕྱག་གཉིས་ཞབས་ཟུང་སེམས་དཔའི་སྐྱིལཿ སེམས་ཉིད་ངལ་གསོའི་བཞུགས་སྟངས་ཕྱག་རྒྱ་མཛདཿ སེམས་དཔའ་ཆེན་པོ་སྤྲུལ་པའི་སྐུ་རུ་སྣངཿ གནས་གདོན་ལུས་གདོན་བགེགས་རིགས་ལན་ཆགས་མགྲོནཿ ཕ་མར་གྱུར་པའི་རིགས་དྲུག་སྙིང་རྗེའི་མགྲོནཿ ཁམས་གསུམ་འཁོར་བར་འཁྱམས་པའི་འགྲོ་རྣམས་ལཿ སྐུ་ལས་ཡེ་ཤེས་བདུད་རྩི་ཕྱག་སོར་ལསཿ བབ་ཅིང་མགྲོན་རྣམས་ཁྲུས་བྱས་སྡིག་སྒྲིབ་དངཿ ཁོང་ཁྲོ་ཞེ་སྡང་གནོད་སེམས་གདུག་རྩུབ་ཀྱིཿ དྲི་མ་ཀུན་དག་རོ་ལྡན་བདུད་རྩི་ལཿ ལོངས་སུ་སྤྱོད་པས་ཐམས་ཅད་ངོམས་ཤིང་ཚིམསཿ བྱང་ཆུབ་སེམས་ཀྱི་མྱུ་གུ་ཡོངས་སྨིན་ཞིངཿ བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་བཞིཿ རྒྱུད་ལ་སྐྱེས་ནས་ཐར་པའི་ས་བོན་ཐེབསཿ བདག་དང་ཚོགས་ཞིང་ལྷ་ཚོགས་ཞལ་མཐོང་ཞིངཿ མོས་གུས་དད་པ་བརྟན་པོའི་མྱུ་གུ་འཁྲུངསཿ དགེ་ལ་རྗེས་སུ་ཡི་རངས་ཆོས་ཉན་བསྒོམཿ | ྈྈྈཿ ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་མརཿ གུས་པས་འདུད་དོ་དངོས་གྲུབ་སྩོལཿ ཡང་གསང་འཛིན་པ་རང་གྲོལ་གྱིཿ མཐའ་སྡུད་རྗེས་ཆོག་རིམ་པ་ནིཿ དེ་ཡང་རྣལ་འབྱོར་རབ་འབྲིང་ཐཿ རབ་ལ་ལྷོང་ཚད་ཆོ་འཕྲུལ་སོགསཿ ཕྲན་བུ་ཙམ་ལས་བྱེད་མི་ནུསཿ ཚར་ཚད་ཆོད་ཚད་ཡིད་ཆེས་འབྱུངཿ འབྲིང་ལ་ཐོག་མར་འཚུབས་སློང་ལྡངཿ དེ་ཉིད་ཞི་ཚེ་ཚར་ཚད་རྫོགསཿ ཐ་མར་གསུམ་ག་འདྲེས་མ་ཡིཿ ཡིད་བརྟན་མི་རུང་སྣ་ཚོགས་དངཿ ཡང་ན་སློང་དང་ཆོ་འཕྲུལ་སོགསཿ ཤིན་ཏུ་བྱིང་ཆེ་ནོན་དཀའ་ཙམཿ གང་ལའང་འཇིགས་མེད་དཔའ་གདེངས་བསྐྱེདཿ ཞལ་རྒྱུན་མན་ངག་གདེངས་ལྡན་ཞིངཿ ཟིལ་གནོན་མཆོད་སྦྱིན་དྲག་གཅོད་སོགསཿ དམིགས་པས་གཟེར་ཐེབས་མོས་གུས་དངཿ ཡང་དག་ལྟ་བའི་གདེངས་ཆེན་ལྡནཿ ཚད་སློང་མཐའ་རུ་ཕྱིན་འགྱུར་ཞིངཿ སངས་རྒྱས་ཐོབ་པའི་རེ་བ་དངཿ འཁོར་བར་འཁྱམས་ཀྱི་དོགས་པ་གཉིསཿ ལྷ་ལ་དངོས་གྲུབ་རེ་བ་དངཿ འདྲེ་གདོན་གནོད་འཚེའི་དོོགས་པ་བཅསཿ རེ་དོགས་དབྱིངས་སུ་ཟད་པ་ནིཿ མཉམ་ཉིད་ཆོད་ཚད་ཆེན་མོ་འོཿ ལྷོང་ཚད་ཆོད་ཚད་མཐར་ཕྱིན་ནསཿ ལྷ་འདྲེའི་འགྲོ་དོན་སྤྱོད་པ་ནིཿ ཕཊཿ མདུན་མཁར་བཞུགས་པའི་ཚོགས་ཞིང་ལྷ་རྣམས་ཀྱིཿ སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན་བབས་པསཿ བདག་ཉིད་ཁྲོས་མ་ནག་མོ་གནས་གྱུར་ཅིངཿ འགྲོ་འདུལ་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགསཿ དཀར་གསལ་དུང་མདོག་དུང་གི་རི་བོ་ལཿ ཉི་མ་བྱེ་བས་འཁྱུད་ལྟའི་གཟི་འོད་འབརཿ ཞི་བའི་ཉམས་ལྡན་དར་དང་རིན་ཆེན་བརྒྱནཿ ཞལ་གཅིག་ཕྱག་གཉིས་ཞབས་ཟུང་སེམས་དཔའི་སྐྱིལཿ སེམས་ཉིད་ངལ་གསོའི་བཞུགས་སྟངས་ཕྱག་རྒྱ་མཛདཿ སེམས་དཔའ་ཆེན་པོ་སྤྲུལ་པའི་སྐུ་རུ་སྣངཿ གནས་གདོན་ལུས་གདོན་བགེགས་རིགས་ལན་ཆགས་མགྲོནཿ ཕ་མར་གྱུར་པའི་རིགས་དྲུག་སྙིང་རྗེའི་མགྲོནཿ ཁམས་གསུམ་འཁོར་བར་འཁྱམས་པའི་འགྲོ་རྣམས་ལཿ སྐུ་ལས་ཡེ་ཤེས་བདུད་རྩི་ཕྱག་སོར་ལསཿ བབ་ཅིང་མགྲོན་རྣམས་ཁྲུས་བྱས་སྡིག་སྒྲིབ་དངཿ ཁོང་ཁྲོ་ཞེ་སྡང་གནོད་སེམས་གདུག་རྩུབ་ཀྱིཿ དྲི་མ་ཀུན་དག་རོ་ལྡན་བདུད་རྩི་ལཿ ལོངས་སུ་སྤྱོད་པས་ཐམས་ཅད་ངོམས་ཤིང་ཚིམསཿ བྱང་ཆུབ་སེམས་ཀྱི་མྱུ་གུ་ཡོངས་སྨིན་ཞིངཿ བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་བཞིཿ རྒྱུད་ལ་སྐྱེས་ནས་ཐར་པའི་ས་བོན་ཐེབསཿ བདག་དང་ཚོགས་ཞིང་ལྷ་ཚོགས་ཞལ་མཐོང་ཞིངཿ མོས་གུས་དད་པ་བརྟན་པོའི་མྱུ་གུ་འཁྲུངསཿ དགེ་ལ་རྗེས་སུ་ཡི་རངས་ཆོས་ཉན་བསྒོམཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཞེས་ཡི་གེ་དྲུག་མ་བརྒྱ་རྩ་བཟླཿ ཕཊཿ ཀྱེ་མ་འདིར་འདུས་སྣང་སྲིད་ལྷ་འདྲེའི་གཙོསཿ མར་གྱུར་མཁའ་མཉམ་སེམས་ཅན་ཐམས་ཅད་ཀུནཿ སེམས་ཉིད་བདག་མེད་བདག་ཏུ་བཟུང་བ་དངཿ སྣང་བ་གཞན་མེད་གཞན་བཟུང་འཁྲུལ་སྣང་གིསཿ གཉེན་དང་ཉེ་དུ་སྒྱུ་མའི་ནོར་ལ་ཆགསཿ ཕ་རོལ་དགྲ་གདོན་འདུ་ཤེས་ཞེ་སྡང་བསྐྱེདཿ གཉིད་དང་བྱིང་རྨུག་ཐར་པའི་ལམ་ལ་རྨོངསཿ འཁྲུལ་སྣང་ཡིན་པར་རློམས་པའི་ང་རྒྱལ་ཞིངཿ བསོད་ནམས་ཡོན་ཏན་ལྡན་ལ་ཕྲག་པ་དོགཿ སྐྱབས་ཡུལ་དམ་པའི་ཆོས་ལ་ལོག་པར་བལྟསཿ ཉོན་དྲུག་རྐྱེན་གྱིས་སྡིག་པར་སྤྱད་པའི་འབྲསཿ དམྱལ་བ་ཚ་གྲང་བཙོ་བསྲེག་བཅད་གཏུབ་ནོནཿ ཡི་དྭགས་ཉམ་ཐག་བཀྲེས་སྐོམ་ཟུག་རྔུས་མནརཿ དུད་འགྲོ་གླེན་ལྐུགས་བླུན་རྨོངས་སྲོག་དང་བྲལཿ མཁའ་རྒྱུའི་འབྱུང་པོ་བར་དོའི་འགྲོ་བ་རྣམསཿ གནས་སྐབས་ཕྱིན་ཅི་ལོག་བཞིའི་སྣང་བ་དངཿ ཚ་གྲང་དབུལ་ཕོངས་བཀྲེས་སྐོམ་འཇིགས་སྐྲག་སྔངསཿ ཁོང་ཁྲོ་གཞན་གནོད་བསམ་སྦྱོར་ངན་པའི་མཐུསཿ ཕྱིས་ནས་ངན་སོང་གསུམ་དུ་ཉམ་ཐག་མནརཿ སྡུག་བསྔལ་ལས་ལ་སྤྱོད་པ་སྙིང་རེ་རྗེཿ ད་ནི་བླ་མ་རྩ་གསུམ་ལྷ་ཚོགས་དངཿ བདག་ཉིད་སྡུག་བསྔལ་ནད་སེལ་སྨན་པའི་མཆོགཿ འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བཿ སྐྱེ་སྔོན་རྣམ་དཀར་འབྲས་བུ་དུས་སྨིན་ནཿ དད་པའི་ཤུགས་སྐྱེད་ཟབ་མོའི་ཆོས་ལ་ཉོནཿ སྔར་བྱས་སྡིག་ལ་འགྱོད་སེམས་དྲག་པོ་དངཿ ཕྱིན་ཆད་སྡོམ་སེམས་ཀུན་ལ་སྙིང་རྗེ་སྐྱེདཿ རྒྱལ་བ་ཉི་མའི་གཉེན་གྱིས་འདི་སྐད་གསུངསཿ སྲོག་གཅོད་བརྣབ་སེམས་གནོད་སེམས་ལོག་ལྟ་སྤོངསཿ སངས་རྒྱས་ཆོས་དང་དགེ་འདུན་སྐྱབས་སུ་འཛིནཿ སེམས་ཅན་ཕ་མར་ཤེས་པའི་སྙིང་རྗེ་སྐྱེདཿ ཀུན་ལ་སྨན་པའི་བསམ་སྦྱོར་དང་དུ་ལོངསཿ ལུས་ངག་ཡིད་གསུམ་ཞི་དུལ་དྲང་པོར་གནསཿ སྡིག་སེམས་སྤོངས་ལ་དགེ་བློ་མ་བྲལ་ནཿ སངས་རྒྱས་བསྟན་པ་འཛིན་པའི་གང་ཟག་ཡིནཿ ལུས་ཀྱི་སྡོམ་པ་སྲོག་གཅོད་རྐུ་འཕྲོག་བརྡུངཿ ངག་གི་སྡོམ་པ་ཚིག་རྩུབ་ཕྲ་མ་རྫུནཿ ཡིད་ཀྱི་སྡོམ་པ་ཐེ་ཚོམ་ལོག་ལྟ་ཁྲོཿ སྤོངས་དང་སྡུག་བསྔལ་ཀུན་ལས་རྣམ་པར་གྲོལཿ འཁོར་འདས་ཀུན་གྱི་བྱེད་པོ་སེམས་ཡིན་ཏེཿ དགེ་སྡིག་རྒྱུ་དང་འབྲས་བུ་བསྐྱེད་པའི་གཞིཿ འཁྲུལ་སྣང་རྨི་ལམ་སྒྱུ་མ་ཇི་བཞིན་དུཿ ཤེས་པར་གྱིས་ལ་སེམས་ཀྱི་གནས་ལུགས་སྐྱོངསཿ ཞེས་བརྗོད་ཆོས་ཉིད་བསྲེ་ཞིང་མཉམ་པར་གཞགཿ ཕཊཿ སླར་ཡང་བདག་དང་ཚོགས་ཞིང་ལྷ་རྣམས་ཀྱིཿ སྐུ་ལས་འོད་འཕྲོས་མགྲོན་རིགས་ཀུན་ལ་ཕོགཿ སྒོ་གསུམ་བག་ཆགས་དྲི་མ་ཀུན་དག་ནསཿ སྡུག་བསྔལ་ཀུན་བྱང་བདེ་ཆེན་མཆོག་ཐོབ་ཅིངཿ མ་ཅིག་ཡུམ་ཆེན་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ བདག་གིས་དུས་གསུམ་བསགས་པའི་དགེ་ཚོགས་དངཿ དེ་འབྲས་སངས་རྒྱས་བྱང་ཆུབ་སེམས་ཀྱི་ཁམསཿ ལྷ་འདྲེའི་གཙོར་བྱས་མགྲོན་རིགས་མ་ལུས་པའིཿ རྒྱུད་ལ་སྨིན་ཅིང་ཁྱེད་ཅག་སྡིག་སྒྲིབ་དངཿ ཉེས་ལྟུང་དྲི་མ་སྡུག་བསྔལ་བག་ཆགས་ཀུནཿ བདག་ལ་ཐིམ་ཞིང་ལན་ཆགས་སྙིང་རྗེའི་མགྲོནཿ ཐམས་ཅད་རྗེ་བཙུན་སྒྲོལ་མའི་སྐུར་གྱུར་ནསཿ ཁམས་གསུམ་རིགས་དྲུག་དག་པའི་ཞིང་དུ་གྱུརཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱཿ བརྒྱ་རྩ་བརྒྱད་བཟླས་དག་པ་རབ་འབྱམས་བསྒོམཿ སླར་ཡང་ལན་ཆགས་སྙིང་རྗེའི་མགྲོན་རྣམས་ཀུནཿ སོ་སོའི་གནས་སུ་གཤེགས་གསོལ་བྱ་བ་ནིཿ ཕཊཿ བཀའ་བརྒྱུད་བླ་མ་མཆོག་གསུམ་ཡི་དམ་ལྷཿ མ་ཚོགས་མཁའ་འགྲོ་རྒྱ་མཚོའི་བྱིན་རླབས་ཀྱིསཿ ཀུན་ཀྱང་བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ནསཿ རིགས་དྲུག་སྙིང་རྗེའི་མགྲོན་དུ་གྱུར་པ་རྣམསཿ འཁྲུལ་པ་རྣམ་དག་རང་གནས་བདེ་ཆེན་ཞིངཿ འཛད་མེད་གཏེར་ཆེན་ལོངས་སུ་སྤྱོད་པར་གཤེགསཿ བགེགས་རིགས་ལན་ཆགས་མགྲོན་དུ་གྱུར་རྣམས་ཀྱངཿ གདུག་རྩུབ་གཞན་གནོད་རྩ་བ་ཡོངས་སྟོང་ཞིངཿ སྡུག་བསྔལ་འཁྲུལ་པའི་སྣང་བ་རང་སར་ཞིགཿ གཞན་ཕན་སྙིང་རྗེ་ཆེན་པོས་རྒྱུད་བརླན་ཞིངཿ བླ་ན་མེད་པའི་འབྲས་བུ་མ་འཐོབ་བརཿ ས་ལ་སྤྱོད་པའི་རིག་འཛིན་གནས་རྣམས་སུཿ སྣ་ཚོགས་སྤྲུལ་པས་འགྲོ་དོན་སྤྱོད་པའི་དྲུངཿ རྫོགས་ལྡན་གསར་པའི་དགའ་སྟོན་སྤྱོད་ཕྱིར་གཤེགསཿ ལོག་སྨོན་ཉམས་པའི་རྐྱེན་གྱིས་གོས་པ་ཡིཿ འབྱུང་པོ་གང་དག་ཞི་བས་མི་འདུལ་ཀུནཿ འཁྲུལ་པ་རང་མཚན་ལས་ཀྱི་གཤིན་རྗེའི་དྲུངཿ ལས་མཁན་འབར་མའི་ཚོགས་ཀྱིས་དེད་ལ་སོངཿ སརྦ་ལོ་ཀ་གཙྪ་གཙྪཿ ཕཊཿ ཕཊཿ ཕཊཿ སླར་ཡང་རིག་པ་ཆུ་ལས་ཉ་འཕར་ལྟརཿ མ་ཅིག་གསང་བ་ཡེ་ཤེས་ལམ་གྱིས་གསལཿ ཐུགས་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་ནིཿ དཔག་མེད་ནམ་མཁའ་གང་བར་རབ་སྤྲུལ་ཏེཿ དཀོན་མཆོག་སྲི་ཞུ་མགོན་པོ་ཡོན་ཏན་གྱིཿ མགྲོན་གྱུར་ཚོགས་ཞིང་ལྷ་ཚོགས་ཐམས་ཅད་ལཿ འདོད་པའི་ཡོན་ཏན་ལྔ་ལྡན་ཟག་མེད་ཀྱིཿ ཀུན་ཏུ་བཟང་པོའི་མཆོད་སྤྲིན་སྤྲུལ་ཏེ་འབུལཿ བཞེས་ནས་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགསཿ ཡང་དག་བདེ་ཆེན་ཡེ་ཤེས་བསྐྱེད་པར་མཛོདཿ སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་པཱུ་ཛ་ཧོཿ ཞེས་མཆོད་ཅིང་བསྟོད་ལ་གསོལ་བ་འདེབསཿ ཕཊཿ ཆོས་དབྱིངས་མི་འགྱུར་དོན་གྱི་འོག་མིན་ནཿ བཞུགས་པའི་སྐུ་གསུམ་རྒྱལ་བ་སྲས་དང་བཅསཿ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགསཿ གསང་གསུམ་ཡོན་ཏན་རྗེས་སུ་དྲན་པས་བསྟོདཿ མ་ཅིག་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོཿ དམ་པ་རྒྱ་གར་ཁྲོས་མ་ལྷ་ལྔ་མཿ ཀུན་འདུས་ངོ་བོ་བླ་མ་ཡབ་ཡུམ་ལཿ རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་འདེབསཿ གང་ལ་གང་འདུལ་ཚོགས་ཞིང་དཀྱིལ་འཁོར་ལྷཿ མཐུ་སྟོབས་འོད་ཟེར་གཟི་བརྗིད་སྤུངས་སེ་སྤུངཿ ཐུགས་བསྐྱེད་ཐུགས་དམ་བསྐུལ་ལོ་བརྩེར་དགོངས་ཤིགཿ བསྡུ་རིམ་བྱིན་འཇུག་རིམ་པ་ནིཿ ཕཊཿ ཚོགས་ཞིང་ལྷ་ཚོགས་འོད་ཕུང་ལྡེམས་སེ་ལྡེམཿ གཅིག་ལ་གཅིག་ཐིམ་རྩ་བའི་བླ་མར་བསྡུསཿ དེ་ཡང་ཕ་གཅིག་དམ་པ་ནག་པོ་དངཿ ཁྲོས་མ་ལྷ་ལྔའི་རྣམ་པར་བསྡུས་པ་ལཿ ལྷ་ལྔའི་ཐུགས་ལས་འོད་ཟེར་འཕྲོས་པ་ཡིསཿ འཁོར་འདས་ཀུན་གྱི་དྭངས་བཅུད་འོད་དུ་དྲངསཿ གར་སྟབས་ཁྱུག་ཁྱུག་རང་གི་ཚངས་བུག་ནསཿ ཞུགས་ཤིང་གནས་ལྔར་འོད་ཀྱི་གོང་བུ་ཡིཿ རྣམ་པར་གནས་ཤིང་སྙིང་གའི་ཁྲོས་ནག་མའིཿ ཐུགས་ཀར་ཚེ་བསོད་བཅུད་ཀྱི་དྭངས་མར་དྲིལཿ མི་འཇིགས་རྡོ་རྗེའི་སྲོག་ལ་དབང་ཐོབ་གྱུརཿ ཕཊཿ ཀྱེ་མ་མ་ཅིག་ཡེ་ཤེས་མཁའ་འགྲོ་མཿ དབུས་ཕྱོགས་སངས་རྒྱས་རིགས་ཀྱི་ཌཱཀྐིའི་གཙོཿ ཁྲོས་མ་ནག་མོ་ཆོས་ཉིད་ཉམས་དང་ལྡནཿ སྙིང་ག་ཆོས་ཀྱི་འཁོར་ལོའི་གཞལ་ཡས་སུཿ ཆོས་དབྱིངས་ཡེ་ཤེས་ངང་དུ་རྟག་བཞུགས་ལཿ འདུ་འབྲལ་མེད་པར་བྱིན་གྱིས་བརླབ་ཏུ་གསོལཿ ཕཊཿ ཀྱེ་མ་མ་ཅིག་རྡོ་རྗེ་མཁའ་འགྲོ་མཿ ཤར་ཕྱོགས་སྐུ་ཡི་རིགས་ཀྱི་ཌཱཀྐིའི་གཙོཿ བདེ་ཆེན་དཀར་མོ་ཞི་བའི་ཉམས་དང་ལྡནཿ སྤྱི་བོ་བདེ་ཆེན་འཁོར་ལོའི་གཞལ་ཡས་སུཿ མེ་ལོང་ཡེ་ཤེས་ངང་དུ་རྟག་བཞུགས་ལཿ འདུ་འབྲལ་མེད་པར་བྱིན་གྱིས་བརླབ་ཏུ་གསོལཿ ཕཊཿ ཀྱེ་མ་མ་ཅིག་པདྨ་མཁའ་འགྲོ་མཿ ནུབ་ཕྱོགས་གསུང་གི་རིགས་ཀྱི་ཌཱཀྐིའི་གཙོཿ དམར་མོ་སྒྲ་སྒྲོག་དབང་གི་ཉམས་དང་ལྡནཿ མགྲིན་པ་ལོངས་སྤྱོད་འཁོར་ལོའི་གཞལ་ཡས་སུཿ སོར་རྟོགས་ཡེ་ཤེས་ངང་དུ་རྟག་བཞུགས་ལཿ འདུ་འབྲལ་མེད་པར་བྱིན་གྱིས་བརླབ་ཏུ་གསོལཿ ཕཊཿ ཀྱེ་མ་མ་ཅིག་རིན་ཆེན་མཁའ་འགྲོ་མཿ ལྷོ་ཕྱོགས་ཡོན་ཏན་རིགས་ཀྱི་ཌཱཀྐིའི་གཙོཿ སེར་མོ་དོན་གྲུབ་རྒྱས་པའི་ཉམས་དང་ལྡནཿ ལྟེ་བ་སྤྲུལ་པའི་འཁོར་ལོའི་གཞལ་ཡས་སུཿ མཉམ་ཉིད་ཡེ་ཤེས་ངང་དུ་རྟག་བཞུགས་ལཿ འདུ་འབྲལ་མེད་པར་བྱིན་གྱིས་བརླབ་ཏུ་གསོལཿ ཕཊཿ ཀྱེ་མ་མ་ཅིག་ལས་ཀྱི་མཁའ་འགྲོ་མཿ བྱང་ཕྱོགས་ཕྲིན་ལས་རིགས་ཀྱི་ཌཱཀྐིའི་གཙོཿ སྣ་ཚོགས་མཐར་ཕྱིན་དྲག་པོའི་ཉམས་དང་ལྡནཿ གསང་གནས་བདེ་སྐྱོང་འཁོར་ལོའི་གཞལ་ཡས་སུཿ བྱ་གྲུབ་ཡེ་ཤེས་ངང་དུ་རྟག་བཞུགས་ལཿ འདུ་འབྲལ་མེད་པར་བྱིན་གྱིས་བརླབ་ཏུ་གསོལཿ ཕཊཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིཿ དངོས་གྲུབ་སྩོལ་ལ་དབང་བཞི་བསྐུར་དུ་གསོལཿ སྒྲིབ་བཞི་དག་ནས་མཆོག་དང་ཐུན་མོང་གིཿ དངོས་གྲུབ་མ་ལུས་དུས་འདིར་ཐོབ་པ་དངཿ ཡེ་ཤེས་ཆེན་པོའི་རྟོགས་པ་མངོན་འགྱུར་ཞིངཿ ཀ་དག་གདོད་མའི་རྒྱལ་སར་དབུགས་དབྱུང་གསོལཿ ཨོཾ་ཛྙཱ་ན་ཌཱཀྐི་ནཱི་བཾ་ཧ་རི་ནི་ས་ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོཿ ན་མོཿ སྐྱབས་གནས་གཅིག་ཆོག་བླ་མ་རྡོ་རྗེ་འཆངཿ རྩ་གསུམ་རྒྱལ་བ་མ་ལུས་འདུས་པའི་དཔལཿ ཕ་ཅིག་དམ་པ་རྒྱ་གར་རྣམ་པ་རུཿ བདེ་ཆེན་འཁོར་ལོའི་རྒྱན་དུ་རྟག་བཞུགས་གསོལཿ གནས་ཁང་རིན་ཆེན་ནོར་བུ་འོད་འབར་བཿ གྱེན་ལངས་དབུས་སུ་བདག་ཉིད་གསང་ཡེ་མའིཿ ཕྱག་གཡས་བམ་རིལ་ཐོད་པའི་ནང་ཉིད་དུཿ བླ་མའི་ཐུགས་ཀའི་འོད་ཀྱིས་དྲངས་པ་ཡིཿ སྲིད་ཞིའི་ཚེ་བཅུད་བདུད་རྩི་དཀར་དམར་གྱིསཿ མེར་གྱིས་གང་ཞིང་ལོངས་སུ་སྤྱད་པ་ཡིསཿ འཆི་བ་མེད་པ་རྡོ་རྗེའི་སྲོག་འགྲུབ་ཅིངཿ འོད་ལུས་ཡེ་ཤེས་སྙིང་པོ་ཅན་དུ་གྱུརཿ ནོར་བུ་ལས་བྱུང་རིན་ཆེན་ནོར་གྱི་དབྱིགཿ ཟས་ནོར་ལོངས་སྤྱོད་དངོས་གྲུབ་ཆར་བབས་པསཿ རང་གནས་གང་ཞིང་འཛད་པ་མེད་པར་གྱུརཿ བྷྲཱུྃ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཁྱད་པར་ཅན་གྱི་མན་ངག་ཟབ་མོ་འོཿ ཡུམ་ཆེན་ཐུགས་ཀློང་དར་ཅིག་མཉམ་པར་གཞགཿ རྟག་ཏུ་བླ་མའི་སྣང་བ་མི་འབྲལ་ཞིངཿ ཅི་དགར་ལོངས་སྤྱོད་གང་བྱུང་དངོས་གྲུབ་བསམཿ རྐྱེན་ངན་ལམ་དང་འགལ་རྐྱེན་གྲོགས་སུ་ཤརཿ བརྟུལ་ཞུགས་རོ་སྙོམས་ཆེན་པོའི་རྣལ་འབྱོར་པརཿ ལྷ་དང་འདྲེར་འཛིན་རྟོག་པ་དབྱིངས་སུ་ཟདཿ མི་རུང་བ་ལ་ལོངས་སུ་སྤྱོད་པ་དངཿ མི་ནུས་ཐོག་རྫིས་གཉན་ཐོག་གཉན་དབབ་ཅིངཿ གང་ཤར་བདག་མེད་བག་ཡངས་ངང་དུ་གཞགཿ གདོས་བཅས་ལུས་ཀྱི་དངོས་པོ་ཡོངས་ཞིག་ནསཿ ཤ་ཁྲག་ལུས་ཀྱི་བདག་འཛིན་ཆོད་པའི་ཚེཿ འགོ་བའི་ནད་རིགས་སྟོང་ཕྲག་བརྒྱད་ཅུའི་བགེགསཿ གནོད་བྱ་གནོད་བྱེད་མེད་པའི་དབྱིངས་སུ་ཡལཿ འཇིགས་མེད་རྒྱལ་པོའི་གཏན་སྲིད་ཟིན་པ་འོཿ རྗེས་ལ་བསྔོ་སྨོན་བཀྲ་ཤིས་རིམ་པ་ནིཿ དེང་འདིར་བསྒྲུབས་པའི་དགེ་རྩ་བླ་མེད་པཿ གཞན་ཡང་དུས་གསུམ་བསགས་དང་གསག་འགྱུར་གྱིཿ ཟག་བཅས་ཟག་མེད་དགེ་ཚོགས་མཐའ་དག་ཀུནཿ གཅིག་ཏུ་བསྡུས་ནས་མཁའ་མཉམ་འགྲོ་བ་ཀུནཿ རྫོགས་སངས་རྒྱས་པའི་འབྲས་བུ་འཐོབ་ཕྱིར་བསྔོཿ ཟབ་གསང་ལུས་མེད་མཁའ་འགྲོའི་གདམས་ངག་ཆོསཿ འཛིན་པ་རང་གྲོལ་ཉམས་སུ་བླངས་པ་དངཿ ཤ་ཁྲག་ལུས་ཀྱི་མཆོད་སྦྱིན་ཡོངས་ཕུལ་ཅིངཿ ཆོས་ཉིད་ཟབ་མོའི་དོན་ལ་སྦྱངས་པའི་མཐུསཿ དཔལ་ལྡན་བླ་མའི་ཐུགས་དགོངས་ཡོངས་སུ་རྫོགསཿ བློས་བྱས་བག་ཆགས་དྲི་མས་མི་གོས་ཤིངཿ འཁྲུལ་སྣང་དམ་ཚིག་ཉམས་པའི་སྐྱོན་དང་བྲལཿ དགྲ་གཉེན་ཕན་གནོད་ལྷ་འདྲེ་ཆགས་སྡང་དངཿ རེ་དོགས་བློ་ཡི་མདུད་པ་རང་གྲོལ་ནསཿ གཏད་མེད་རྒྱ་ཡན་ལྷུག་འབྱམས་ཆོས་ཀྱ་ིསྐུཿ ཡེ་ཤེས་སྒྲོན་མ་བཞི་གདངས་ལོངས་སྤྱོད་རྫོགསཿ འགྲོ་དོན་རྒྱུན་ཆད་མེད་པར་སྤྲུལ་པའི་སྐུཿ གཞི་ཡི་གནས་ལུགས་རྟོགས་པ་ངོ་བོ་ཉིདཿ མཐར་ཐུག་འབྲས་བུའི་ཐུས་ཀ་མངོན་བྱང་ཆུབཿ སྐུ་ལྔ་ལྷུན་རྫོགས་འབྲས་བཟང་མངོན་གྱུར་ཤོགཿ གནས་སྐབས་ཟག་མེད་ཏིང་འཛིན་རྩལ་ཤུགས་ཀྱིསཿ ཕྲིན་ལས་མཐུ་སྟོབས་ནུས་པའི་རྩལ་འབར་ཞིངཿ གསང་སྔགས་བསྟན་པ་འཛིན་སྐྱོང་སྤེལ་བ་ཡིཿ རྣམ་བཞིའི་ལས་ཀྱི་དཔལ་ཡོན་མཐར་ཕྱིན་ནསཿ སེམས་ཅན་དོན་དུ་ལུས་དང་སྲོག་གཏོང་བའིཿ འགྲོ་དོན་རྒྱ་ཆེ་རྒྱུན་མི་ཆད་པར་ཤོགཿ ལམ་ཟབ་མཆོད་སྦྱིན་འབྲེལ་པས་བསྡུས་པ་ཡིཿ སྡང་སེམས་ལྡན་པའི་གནས་གདོན་ལུས་གདོན་གཙོསཿ གཟུགས་མེད་སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགསཿ བླ་མ་ཡུམ་ཆེན་གདུལ་བྱར་འགྱུར་བ་དངཿ གཞན་ཡང་བཟང་ངན་ལས་ཀྱིས་འབྲེལ་བ་ཀུནཿ འདྲེན་པའི་དེད་དཔོན་ཆེན་པོར་བདག་གྱུར་ཅིགཿ ན་མོཿ གཞི་ལས་འཁྲུལ་མ་མྱོང་བ་ཡིཿ སྐྱེ་མེད་ཆོས་སྐུའི་བཀྲ་ཤིས་ཤོགཿ ལྷུན་གྲུབ་ཡེ་ཤེས་རིགས་མཆོག་ལྔཿ འགགས་མེད་ལོངས་སྐུའི་བཀྲ་ཤིས་ཤོགཿ རོལ་རྩལ་དོན་གཉིས་ལྷུན་གྱིས་གྲུབཿ གནས་མེད་སྤྲུལ་སྐུའི་བཀྲ་ཤིས་ཤོགཿ སྐུ་གསུམ་སངས་རྒྱས་ལྷུམས་སུ་ཆུདཿ ཡུམ་ཆེན་ཤེར་ཕྱིན་བཀྲ་ཤིས་ཤོགཿ འགྲོ་བའི་དོན་དུ་རང་ཤར་བའིཿ དྲི་མ་མེད་པའི་བཀྲ་ཤིས་ཤོགཿ རྫོགས་ཆེན་དོན་བརྒྱུད་གདམས་པའི་མཛོདཿ དགའ་རབ་དཔའ་བོའི་བཀྲ་ཤིས་ཤོགཿ རྡོ་རྗེའི་སྐུ་བརྙེས་འགྲོ་བའི་མགོནཿ པདྨ་ཐོད་ཕྲེང་བཀྲ་ཤིས་ཤོགཿ ཁམས་གསུམ་ཟིལ་གནོན་བརྟུལ་ཞུགས་མཆོགཿ ཕ་གཅིག་དམ་པའི་བཀྲ་ཤིས་ཤོགཿ གསང་སྔགས་གདམས་པའི་མཛོད་འཛིན་མཿ དབང་བསྒྱུར་ཆེན་མོའི་བཀྲ་ཤིས་ཤོགཿ སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམཿ གསང་བ་ཡེ་ཤེས་བཀྲ་ཤིས་ཤོགཿ མཁའ་འགྲོ་མ་ཚོགས་ཀུན་གྱི་སྲོགཿ རྡོ་རྗེ་ཕག་མོའི་བཀྲ་ཤིས་ཤོགཿ ཁམས་གསུམ་བརླག་པའི་མཐུ་རྩལ་མྱུརཿ བདུད་འདུལ་དྲག་མོའི་བཀྲ་ཤིས་ཤོགཿ འཁོར་འདས་ཀུན་ལ་མངའ་དབང་བསྒྱུརཿ ཁྲོས་མ་ལྷ་ལྔའི་བཀྲ་ཤིས་ཤོགཿ རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་དཔལཿ སྒྲོལ་མ་ཡུམ་གྱི་བཀྲ་ཤིས་ཤོགཿ བྱིན་རླབས་སྩོལ་མཛད་ཐུགས་རྗེའི་གཏེརཿ བཀའ་བརྒྱུད་བླ་མའི་བཀྲ་ཤིས་ཤོགཿ བདག་ཉིད་འདྲེན་པའི་དེད་དཔོན་མཆོགཿ རྩ་བའི་བླ་མའི་བཀྲ་ཤིས་ཤོགཿ མཆོག་དང་ཐུན་མོང་དངོས་གྲུབ་སྟེརཿ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོགཿ ཕྲིན་ལས་རྣམ་བཞི་ཐོགས་པ་མེདཿ མ་སྲིང་མཁའ་འགྲོའི་བཀྲ་ཤིས་ཤོགཿ བཀའ་དང་དམ་ཚིག་སྲུང་མཛད་པའིཿ དམ་ཅན་སྲུང་མའི་བཀྲ་ཤིས་ཤོགཿ དགྲ་བགེགས་ལོག་འདྲེན་ཐལ་བར་བརླགཿ ལས་མཁན་ཚོགས་ཀྱི་བཀྲ་ཤིས་ཤོགཿ སྒྲུབ་པ་པོ་ལ་བུ་བཞིན་བརྩེཿ གཏེར་བདག་ནོར་ལྷའི་བཀྲ་ཤིས་ཤོགཿ གསང་སྔགས་བསྟན་པ་དར་བ་དངཿ དེ་འཛིན་སྐུ་ཚེ་རབ་བརྟན་ཞིངཿ ཕྲིན་ལས་རྣམ་བཞི་ཕྱོགས་མཐར་རྒྱསཿ འགྲོ་དོན་འབྱུང་བའི་བཀྲ་ཤིས་ཤོགཿ འཛིན་པ་རང་གྲོལ་རྣལ་འབྱོར་པཿ བརྟུལ་ཞུགས་ཞིག་པོ་ཞིག་མོ་ཡིསཿ ཡངས་པའི་ས་ཆེན་ཡོངས་ཁྱབ་ནསཿ གདུག་པ་འདུལ་བའི་བཀྲ་ཤིས་ཤོགཿ འཛམ་གླིང་ཡངས་པའི་ས་ཆེན་འདིརཿ གནས་པའི་སེམས་ཅན་ཐམས་ཅད་ཀུནཿ ལོངས་སྤྱོད་ཟས་ནོར་བཅུད་འཕེལ་ཞིངཿ བདེ་སྐྱིད་དཔལ་འབར་བཀྲ་ཤིས་ཤོགཿ ཨེ་མ་ ཡང་གསང་འཛིན་པ་རང་གྲོལ་གྱིཿ རྗེས་ཆོག་མན་ངག་ཟབ་མོ་འདིཿ ཨ་ཙར་ནག་པོའི་ཁྱད་ཆོས་ཏེཿ མ་འོངས་སྐལ་པའི་ཐ་མ་ལཿ ལྷ་ལྕམ་སྤྲུལ་པའི་ཌཱཀྐི་མརཿ འཕྲད་ནས་འགྲོ་དོན་འབྱུང་བར་ཤོགཿ འབར་མ་སྤུན་གསུམ་གིང་ཆེན་བརྒྱདཿ དུར་ཁྲོད་བདག་པོས་ཐུབ་པར་སྲུངསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གུཧྱཿ ཁ་ཐམཿ བྱིན་རླབས་ཐུགས་ཀྱི་རྒྱཿ བདག་འདྲ་དུས་མཐའི་གཏེར་སྨྱོན་ཨ་ཙར་ནག་པོས་གསང་བའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེའི་འདུ་བྱེད་སློབ་བུ་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པ་སྟེ་མེད་དུ་མི་རུང་བའི་གདམས་པ་ཤིན་ཏུ་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་ཞལ་དྲོ་བྱིན་ཆགས་དངོས་གྲུབ་རྣམ་གཉིས་ཐོབ་པར་ཤོག །དགེའོ། །དགེའོ། །དགེའོ།། །། ༈ ཁྱད་པར་གྱི་སྨོན་ལམ་ནི། ཇི་ལྟར་ལྷ་མོ་ཁྱོད་ཉིད་དང་། །བདག་ནི་རབ་ཏུ་མཉམ་སྦྱར་ཕྱིར། །འཇིག་རྟེན་འདི་ཡི་འོག་ཏུ་ཡང་། །མཁའ་འགྲོ་མ་ཡི་གཟུགས་ཅན་དུ། །བདག་ཉིད་འབྱུང་ཞིང་འགྱུར་བར་ཤོག །བདེ་ཞིང་བདེ་བ་བརྟན་པ་དང་། །བདེ་བ་ཆེན་པོ་བདག་འགྱུར་ཤོག །འཆི་ཚེ་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས། །མེ་ཏོག་ཕྲེང་དང་རྒྱལ་མཚན་གདུགས་ཐོགས་ཤིང་། །གླུ་དབྱངས་རོལ་མོའི་སྤྲིན་གྱིས་མདུན་བསུས་ཏེ། །མཁའ་ལ་སྤྱོད་པའི་གྲོང་དུ་ཁྲིད་པར་ཤོག །སྣང་ཆ་བདེ་ཆེན་གར་དབང་ཧེ་རུ་ཀཿ །སྟོང་ཆ་རྣམ་ཀུན་མཆོག་ལྡན་ཕག་མོ་ཡུམ། །ཟུང་འཇུག་དབྱེར་མི་ཕྱེད་པའི་བདེན་པ་དེས། །དོན་གཉིས་འདོད་པ་ཡོངས་སུ་རྫོགས་པར་ཤོག །ཁུངས་ལྡན་ཡིག་ཆ་ལས་སོ།། །། ༈ སྨོན་ལམ་ནིཿ ཧོཿ སྣང་སྲིད་ཐམས་ཅད་དག་པ་མཁའ་སྤྱོད་ཞིངཿ བདེ་ཆེན་འགྱུར་མེད་རྡོ་རྗེ་རྣལ་འབྱོར་མཿ རྣམ་ཀུན་མཆོག་ལྡན་དོན་གྱི་ཕག་མོ་དངཿ རང་ཞལ་མཇལ་ཏེ་མངོན་པར་བྱང་ཆུབ་ཤོགཿ ཀློང་སྙིང་ཡུམ་ཀ་བདེ་རྒྱལ་ལས་སོ།། །། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཤེར་ཕྱིན་རིག་སྔགས་དགོངས་པ་འདི་ལྟ་སྟེ། །མཆོག་དང་ཐུན་མོང་ནོར་གྱི་གྲུབ་སྟེར་མ། །སྤངས་བ་ཕུན་སུམ་ཚོགས་པའི་གནས་གཤེགས་མ། །རྟོགས་པ་ཕུན་སུམ་ཚོགས་པའི་སར་གཤེགས་མ། །སྤངས་རྟོགས་ཕུན་ཚོགས་ཕ་རོལ་ཏུ་གཤེགས་མ། །སྤངས་རྟོགས་ཕ་རོལ་ཡང་དག་པར་གཤེགས་མ། །དག་པ་གཉིས་ལྡན་ཆོས་སྐུར་བྱང་ཆུབ་མ། །སྐྱེ་དགུ་རྫོགས་སངས་རྒྱས་པའི་གཞི་ཚུགས་ཤིག །ཅེས་གཅོད་ཡུལ་བ་ཡེ་ཤེས་རབ་འབྱམས་ཀྱི་ཆེད་དུ་འཇམ་དབྱངས་གྲགས་པས་བརྗོད་པ་དགེ། །དགེའོ།། །།}} | ||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 14:48, 3 June 2024
🚧 This website is under continued development. We appreciate your patience!
Wylie title | ||
---|---|---|
Location | mdo mkhyen brtse 'dzin grol Volume 1, Text 38, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Citation | Mdo mkhyen brtse. '. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): . Delhi: Shechen Publications, 2020. | |
Genre | ||
Karchag page | DKYD-DZINDROL-Karchag |