DKR-KABUM-25-RA-004: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=འོད་གསལ་ཐེག་རྩེའི་སྙིང་ཐིག་བི་མ་ལ་དང༌། པད་འབྱུང་གི་བཀའ་སྲོལ་སྙིང་ཐིག་མ་བུའི་སྨིན་གྲོལ་རྒྱབ་བརྟེན་བཅས་ཐོབ་ཚུལ་ངོ་མཚར་ནོར་བུའི་དོ་ཤལ། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 25: . Delhi: Shechen Publications, 1994. | |fulltitle='od gsal theg rtse'i snying thig bi ma la dang/ pad 'byung gi bka' srol snying thig ma bu'i smin grol rgyab brten bcas thob tshul ngo mtshar nor bu'i do shal | ||
|citation=[[Khyentse, Dilgo]]. '''od gsal theg rtse'i snying thig bi ma la dang pad 'byung gi bka' srol snying thig ma bu'i smin grol rgyab brten bcas thob tshul ngo mtshar nor bu'i do shal''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 25: 56-76. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
Line 16: | Line 17: | ||
|volyigtib=ར་ | |volyigtib=ར་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=004 | |||
|pagenumbers=56-76 | |||
|totalpages=41 | |||
|beginfolioline=1a | |beginfolioline=1a | ||
| | |endfolioline=21a3 | ||
|totalfolios=21 | |||
|multivolumework=No | |||
|rectonotes=gsan yig | |||
|versonotes=snying thig ya bzhi | |||
|pdflink=File:DKR-KABUM-25-RA-004.pdf | |pdflink=File:DKR-KABUM-25-RA-004.pdf | ||
}} | }} | ||
Line 24: | Line 32: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །འོད་གསལ་ཐེག་རྩེའི་སྙིང་ཐིག་བི་མ་ལ་དང༌། པད་འབྱུང་གི་བཀའ་སྲོལ་སྙིང་ཐིག་མ་བུའི་སྨིན་གྲོལ་རྒྱབ་བརྟེན་བཅས་ཐོབ་ཚུལ་ངོ་མཚར་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །འོད་གསལ་ཐེག་རྩེའི་སྙིང་ཐིག་བི་མ་ལ་དང༌། པད་འབྱུང་གི་བཀའ་སྲོལ་སྙིང་ཐིག་མ་བུའི་སྨིན་གྲོལ་རྒྱབ་བརྟེན་བཅས་ཐོབ་ཚུལ་ངོ་མཚར་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།། | ||
ཀ་དག་ཀློངྃ་ཆེྃན་ཆོས་དབྱིངས་ཀུན་ཁྱབ་ཡེ་ཤེས་རབ་འབྱམས་འཆི་མེད་ལམ། །འོད་གསལ་རྡོྃ་རྗེྃའི་སྐུ་དང་ཞིང་གི་གཟིྃ་བརྗིྃད་རབ་འབར་རིགས་ལྔའི་སྤྲིན། །དྲིྃ་མེྃད་མཁྱེན་བརྩེའི་འོྃད་ཟེྃར་འབུམ་གྱིས་མཁའ་ཁྱབ་འགྲོ་སྒྲོལ་ཤིང་རྟ་ཆེ། །ཆོས་ཀྱི་རྒྱལ་པོ་ཀུནྃ་མཁྱེནྃ་རྒྱལ་བ་གཉིས་པའི་ཞབས་སེན་ཚངས་གནས་མཆོད། །ཁྱོད་ཐུགས་ཀློངྃ་གསྃལ་དྲིྃ་མེྃད་རིག་པའི་ཁམས། །ངྃག་གིྃདབྃང་པོྃས་ཟབ་རྒྱས་ཆོས་ཀྱི་སྒོ། །ཀུན་གྱི་ཡང་སྙིང་ལུང་རྟོགས་བསམ་ཡས་དབྱིག །སྐལ་བཟང་དཔལ་དུ་ཐོབ་པའི་གླིང་བུ་ལེན། །དེ་ཡང་མདོ་སྔགས་བསྟན་པ་ཡོངས་རྫོགས་ཀྱི་ཟབ་གནད་དགོངས་པའི་ཞེ་ཕུག་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་ཚང་ལ་མ་ནོར་བར་བཅུད་དུ་དྲིལ་བས་མཐར་ཐུག་ཐེག་པའི་རྩེ་རྒྱལ་དུ་ངལ་འཚོ་བའི་འཆོས་སྐྱོབ་ཡོན་ཏན་གཉིས་ལྡན་གྱི་ལེགས་བཤད་སེང་གེའི་ང་རོ་སྒྲོག་པ་ལ་འཕགས་བོད་གཉིས་སུ་འགྲན་ཟླ་དང་བྲལ་བས་འཛམ་གླིང་རྒྱན་དྲུག་གི་རྣམ་དཔྱོད་སྤོབས་པའི་རོལ་སྒེག་གཅིག་ཏུ་འཁྱིལ་བའི་བདག་ཉིད་ཆེན་པོ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱིས་རྗེས་འཇུག་གི་སྐལ་བཟང་རྣམས་ཀྱི་བགོ་སྐལ་དུ་རྟོགས་པ་ཆོས་སྐུའི་མཆོད་སྡོང་ཡི་གེ་སྤྲིན་གྱི་གླེགས་བམ་དུ་སྣང་བར་མཛད་པ་མཐའ་ཡས་པ་ཞིག་བཞུགས་པ་ལས། དེང་དུས་ཐུན་མོང་གི་གདུལ་བྱའི་སྤྱོད་ཡུལ་དུ་ཇི་ལྟར་ཡོད་པ་དག་ཐོས་བསམ་གྱིས་སྐལ་པ་སྦོམ་པོའི་འབྲས་བུ་ཡོངས་སུ་སྨིན་པའི་ཚུལ་ལ། ཟབ་པ་དང་རྒྱ་ཆེ་བའི་སྡེ་ཚན་གཉིས་སུ་བཞུགས་པ་ལས། དང་པོ་ཟབ་པའི་སྐོར་ལ། འོད་གསལ་ཐེག་རྩེའི་སྙིང་ཐིག་ཆེན་པོའི་བི་མ་དང༌། པད་འབྱུང་གི་བཀའ་སྲོལ་རྣམ་པ་གཉིས་སུ་བཞུགས་པ་ལས། དང་པོ་རྫོགས་པ་ཆེན་པོ་ཟབ་པ་སྐོར་བཞི་དང༌། མན་ངག་བརྒྱ་དང་བཅུ་དགུ་པའི་ཉམས་ལེན་གནད་དུ་བརྡེག་པ་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ་ཆེན་པོ། ཉང་ཏིང་འཛིན་བཟང་པོ་དང༌། མངའ་བདག་ཆོས་ཀྱི་རྒྱལ་པོ་སོགས་ལ་གསུངས་ཏེ་གཏེར་དུ་སྦས་པ་གཏེར་སྟོན་ལྡང་མ་ལྷུན་རྒྱལ་དང༌། ལྕེ་བཙུན་སེང་གེ་དབང་ཕྱུག་གིས་བཏོན་ནས་བོད་ཡུལ་ཆོས་ཀྱི་བགོ་སྐལ་གྱི་སྙིང་པོའི་དབྱིག་ཏུ་སྣང་བར་མཛད་པ་བི་མ་སྙིང་ཐིག་ལ་མ་བུ་གཉིས་ལས། དང་པོ་ལའང་སྨིན་བྱེད་ཀྱི་དབང་དང༌། རྒྱབ་བརྟེན་ལུང་གི་སྐོར་གཉིས་ལས། དང་པོ་སྨིན་བྱེད་དབང་ལའང་བཞི་ལས། ཐོག་མར་སྤྲོས་བཅས་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པ་དང༌། སྤྲོས་མེད་བུམ་པ་བསྣོལ་མའི་དཀྱིལ་འཁོར་ལ་བརྟེན་པ་དང༌། ཤིན་ཏུ་སྤྲོས་མེད་འོད་ལྔའི་ཐིག་ལེ་ལ་བརྟེན་པ་དང༌། རབ་ཏུ་སྤྲོས་མེད་ལྔ་ཚན་ལྔའི་མཎྜལ་ལ་བརྟེན་པ་བཞི་སྤྲོས་བཅས་ཀྱི་དབང་གི་ལག་ལེན་ཁྲིགས་སུ་བསྡེབས་པ་ལྕེ་བཙུན་གྱིས་མཛད་པ་དང༌། ཕྱི་མ་གསུམ་རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་དབང་ཆོག་གི་སྟེང་ནས་ཐོབ་པའི་སྐལ་བཟང་ཉམས་སུ་མྱོང་བ་དང༌། འདིའི་བརྒྱུད་པ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་བར་འོག་ཏུ་བཀོད་པ་ལྟར་ལ། ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་ནས་བྱ་བྲལ་ཆོས་རྗེ། གཞན་ཕན་རྡོ་རྗེ། ནམ་མཁའི་མཚན་ཅན། འོད་གསལ་ཀློང་ཡངས། བསོད་ནམས་རིན་ཆེན། ངག་དབང་པདྨ། བསོད་ནམས་དབང་པོ། ཀུན་བཟང་རྣམ་རྒྱལ། ཡེ་ཤེས་ཕུན་ཚོགས། ཀརྨ་དབང་འབྱོར། རྣམ་གྲོལ་རྒྱལ་མཚན། རིག་འཛིན་ཚེ་དབང་ནོར་བུ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། མཁན་ཨཽ་ཌི་ཡཱ་ན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། གཞན་ཕན་མཐའ་ཡས། མཆོག་སྤྲུལ་ཐུབ་བསྟན་རྒྱལ་མཚན། འཇམ་མགོན་བློ་གྲོས་མཐའ་ཡས། གདོད་མའི་མགོན་པོ་འགྱུར་མེད་པདྨ་རྣམ་རྒྱལ་ལས་བཀའ་དྲིན་གྱིས་རྗེས་སུ་སྐྱོངས་པའོ། ༈ ཡང་ན་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་བར་འོག་གི་བརྒྱུད་རིམ་ལྟར་ལ། དེ་ལས་ཁྲི་ཆེན་པདྨ་བསྟན་འཛིན། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། པདྨ་བསྟན་སྐྱོང་འགྱུར་མེད། དཔའ་བོ་གཙུག་ལག་ཆོས་རྒྱལ། རྫོགས་ཆེན་པ་ཨོ་རྒྱན་ཆོས་འཕེལ། རྟོགས་ལྡན་ཀརྨ་འཕེལ་རྒྱས། སྤྲུལ་སྐུ་གཞན་ཕན་བསྟན་པ་དར་རྒྱས། འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས། གདོད་མའི་མགོན་པོ་འགྱུར་མེད་པདྨ་རྣམ་རྒྱལ་ལས་བཀའ་དྲིན་ཐོབ་པའོ། །ཀུན་གཟིགས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་བཀའ་དྲིན་ཐོབ་པའི་བརྒྱུད་རིམ་འོག་ཏུ་གསལ། ༈ གཉིས་པ་ལུང་གི་སྐོར་ལ། རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་མན་ངག་ཟབ་པ་པོད་བཞིའི་ཁ་བྱང་ཉི་མས་བརྒྱན་པ། ༈ ཤོག་ཚད་ངེས་པའི་ཁ་བྱང་སྒྲོན་མེ་རང་གསལ། ༈ གསེར་ཡིག་ཅན། བསྟན་པ་བུ་གཅིག་གི་རྒྱུད་གསེར་གྱི་སྙིང་པོའི་ཉི་མ་རབ་ཏུ་སྣང་བྱེད། ༈ གསེར་ཡིག་ཅན། ཨོཾ་ཨཱཿཧཱུྃ། ཨོཾ་མཱུྃ་ལྃ་པྱྃ་ཏཱྃ༔ ཨཱོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ བཏགས་པས་གྲོལ་བར་བསྟན་པ་བུ་གཅིག་གི་གསང་འགྲེལ་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ། ༈ གསེར་ཡིག་ཅན། རྡོ་རྗེ་འཆང་གིས་གསུངས་མཆོད་འོས་རང་བཞིན་གྱི་ཚིག་དུས་གནད་ངེས་པ། ༈ སངས་རྒྱས་ཀྱི་འདས་རྗེས་གསུམ། ༈ གསེར་ཡིག་ཅན། སངས་རྒྱས་ཀྱི་འདས་རྗེས་གསུམ་ལས། དང་པོ་དགའ་ལྡན་ནས་བབས་པ་མན་ངག་རྣམས་ཀྱི་རྩ་བ། ༈ གཉིས་པ་གསང་ཆེན་རོལ་པའི་དུར་ཁྲོད་དུ་བབས་པ་དང་པོ་འགྲེལ་བའི་ཚུལ། ༈ ཟངས་ཡིག་ཅན། གསུམ་པ་བྱ་རྒོད་སྤུངས་རིར་བབས་པ་གཉིས་པའི་ཊཱི་ཀ་སྟེ་འདས་རྗེས་གསུམ། ༈ གསེར་ཡིག་ཅན། རིག་འཛིན་གྱི་འདས་རྗེས་བཞི་ཞར་བྱུང་དང་བཅས་པ། ༈ གསེར་ཡིག་ཅན། མཁས་པ་བི་མ་ལའི་ཞལ་ཆེམས། ༈ རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་མན་ངག་རིན་པོ་ཆེ་ཟངས་ཡིག་ཅན། ༈ རིན་པོ་ཆེ་རླུང་གི་པྲ་ཁྲིད། ༈ གསང་བའི་ཡི་གེ་མ་རུའི་ཡང་ཏིག ༈ མན་ངག་མདོ་བྱང་བསྡུས་པའི་སྒྲོན་མ། ༈ དམིགས་གཏད་གསལ་བའི་སྒྲོན་མེ། ༈ གསང་བ་ཆེན་པོའི་ཚད་ཀྱི་ཡི་གེ ༈ གསང་བ་ཆེན་པོའི་རྟགས་ཀྱི་ཡི་གེ ༈ མངོན་སུམ་སྙིང་ཐིག་གསང་བའི་ཡི་གེ་དམར**?above ma ru་རུའི་རྒྱབ་ཡིག ༈ ཟངས་ཡིག་ཅན་གྱི་སྣང་བྱེད་སྒྲོན་མ། ༈ གསང་བ་བླ་མེད་སྒྲོན་མ་དགུ་སྐོར་གྱི་གདམས་པ། ༈ ཡང་སྙིང་བཅུད་ཀྱི་དུམ་བུ། ༈ ཡང་སྙིང་འཕྲུལ་གྱི་དུམ་བུ། ༈ དུང་དུང་ཡིག་ཅན་རྒྱུད་ཀྱི་ཁོང་དོན་བསྡུས་པ་སྒྲོན་མ་སྣང་བྱེད་ཅེས་བྱ་བ། ༈ དུང་ཡིག་ཅན་གྱི་རྒྱབ་ཡིག་སྟེ་གནད་ཀྱི་ཡི་གེ ༈ དུང་ཡིག་ཅན་གྱི་རྒྱུད་ཀྱི་ཁོང་སྙིང་བསྡེབས་པ་ཞེས་བྱ་བ། ༈ གཡུ་ཡིག་ཅན་པོ་ཏི་སྨུག་ཆུང་གི་སྐོར་རྣམས། ༈ མན་ངག་ངེས་པའི་ཁ་བྱང་མིང་རྣམ་པར་བཀོད་པ་ཞེས་བྱ་བ། ༈ མན་ངག་དུམ་ཁྲིགས་དུམ་བུ་བདུན་ཅུ་རྩ་བཞི་པ། ༈ ཁྱུང་ཆེན་མཁའ་ལྡིང་ཞེས་བྱ་བ། ཁྲེགས་ཆོད་ཀྱི་ཡི་གེ ༈ སེམས་ཀྱི་དམིགས་དྲུག་གི་རྣམ་པར་བཤད་པ་ཞེས་བྱ་བ། ༈ སྤྲོས་མེད་དབང་གི་ཏི་ཀ ༈ ཤིན་ཏུ་སྤྲོས་མེད་ཀྱི་དབང་འཁོར་འདས་རུ་ཤན་དབྱེ་བའི་ལག་ལེན་པྲ་ཁྲིད། ༈ ཤིན་ཏུ་སྤྲོས་པ་མེད་པའི་དབང་གི་པྲ་ཏིག ༈ རབ་ཏུ་སྤྲོས་པ་མེད་པའི་དབང༌། ༈ ཟངས་ཡིག་ཅན་གྱི་དབང་བཞིའི་རིམ་པ་སྟོན་པའི་གནད། ༈ སྤྲོས་མེད་ཀྱི་དབང་ཆོག །༈ དམ་ཚིག་རབ་འབྱེད་ཅེས་བྱ་བ། ༈ རྫོགས་པ་ཆེན་པོ་སྙིང་ཏིག་གི་ལོ་རྒྱུས་ཆེན་མོ། ༈ ལོ་རྒྱུས་ཆེན་མོའི་སྨད་ཆ། གནས་འབྱེད་བདུན་པ། ༈ སངས་རྒྱས་ཀྱི་འདས་རྗེས་གསུམ་གྱི་རྒྱུད་ཅེས་བྱ་བ། ༈ རང་གནས་ཆེན་པོ་རྒྱ་མཚོ་ཨར་ལ་གཏད་པ་ཞེས་བྱ་བ། ༈ རྒྱ་མཚོ་ཨར་ལ་གཏད་པའི་མན་ངག་སྣང་བ་གལ་མདོ། ༈ བདུད་རྩི་སྙིང་གི་ཐིག་པ་ཞེས་བྱ་བ། ༈ རིག་པའི་གནད་དོན་ལྟ་བ་ཞེས་བྱ་བ། ༈ ཐོད་རྒལ་གྱི་བོགས་འདོན་ཨར་གཏད་ཀྱི་གདམས་པ་སྙིང་གི་ཡང་ཞུན་ཞེས་བྱ་བ། ༈ སྨུག་ནག་ཁྲོས་མ་རག་གདོང་མའི་དུས་གནད་ངེས་པ། ༈ ཟབ་པ་པོད་བཞིའི་ངོ་བོ་ཉིད་ཀྱིས་དེབ། ༈ མན་ངག་བརྒྱ་བཅུ་དགུའི་ཐེམ་བྱང༌། ༈ སྤྲོས་བཅས་དབང་གི་ཕྱག་བཞེས་དང་པོའི་དཔེ་ལས་ལག་ལེན་ཁྲིགས་སུ་སྡེབས་པ་ལྕེ་བཙུན་སེང་གེ་དབང་ཕྱུག་གིས་མཛད་པ། ༈ སྤྲོས་པ་མེད་པའི་དབང་བསྐུར་བ་རིན་པོ་ཆེའི་བཀོད་པ་ཞེས་བྱ་བ། ༈ སྤྲོས་མེད་དབང་བསྐུར་རིན་ཆེན་བཀོད་པའི་གནད་ཀྱི་ཡི་གེ་དམ་པ། ༈ སྤྲོས་མེད་དབང་གི་བུམ་ཐིག་དང་དག་པ་སྦྱར་བ། ༈ ཤིན་ཏུ་སྤྲོས་པ་མེད་པའི་སྐལ་ལྡན་གྱི་དབང༌། ༈ སྤྲོས་མེད་དབང་གི་ཏི་ཀ ༈ རྫོགས་པ་ཆེན་པོ་སྙིང་ཐིག་སྤྲོས་བཅས་ཀྱི་དབང་གི་ལག་ཁྲིགས་ལྕེ་བཙུན་གྱིས་མཛད་པ། ༈ རྫོགས་པ་ཆེན་པོའི་དབང་གསུམ་པོ་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པ། ༈ ཤིན་ཏུ་སྤྲོས་མེད་ཀྱི་དབང༌། ༈ རབ་ཏུ་སྤྲོས་མེད་ཀྱི་དབང༌། ༈ དབང་བཞིའི་དུས་དང་མཚན་མ་བསྟན་པའི་ཕྲ་ཊིཀ ༈ ཉམས་ལེན་ལག་ཁྲིགས་མའི་ཁྲིད་ངོ་མཚར་ཅན། ༈ གཅུད་ཕུར་གསུམ་གྱི་རྒྱབ་ཡིག་གསང་བའི་མན་ངག ༈ གཅུད་ཕུར་གསུམ་གྱི་རྒྱབ་ཡིག་གནད་བསྡུས་སྒྲོན་མེ་བི་མས་མཛད་པ། ༈ བསམ་གཏན་མིག་གི་སྒྲོན་མ། ༈ རྟེན་འབྲེལ་བསྡུས་པའི་སྒྲོན་མ། ༈ བི་མ་སྙིང་ཐིག་གི་སྤྲོས་མེད་དབང་དཀྱིལ་དང༌། ༈ སྤྲོས་བཅས་འབྲི་ཚུལ་སོགས། ༈ བླ་མའི་རིམ་པ་ཚིག་དོན་བཅུ་པ་ཞེས་བྱ་བ། ༈ ཚིག་དོན་བཅུ་གཅིག་པ་ཞེས་བྱ་བ། ༈ བླ་མ་རྒྱལ་བ་ཞང་ཆེན་པོའི་རྣམ་པར་ཐར་པ། ༈ ཞང་ཉི་མ་འབུམ་གྱི་རྣམ་ཐར། ༈ ཆོས་བདག་གུ་རུ་ཇོ་འབེར་གྱི་རྣམ་ཐར། ༈ འཁྲུལ་ཞིག་སེང་གེ་རྒྱབ་པའི་རྣམ་ཐར། ༈ གྲུབ་ཐོབ་མེ་ལོང་རྡོ་རྗེའི་རྣམ་ཐར་དྲི་ལོག་མ། ༈ རིག་འཛིན་ཆེན་པོ་ཀུ་མ་ར་ཛཱའི་རྣམ་ཐར་ལོ་རྒྱུས་དང་བཅས་པ། ༈ ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་མཐོང་བ་དོན་ལྡན། ༈ རིན་པོ་ཆེ་འོད་གསལ་རང་གྲོལ་གྱི་རྣམ་པར་ཐར་པ་ཞེས་བྱ་བ། ༈ འཁྲུལ་ཞིག་སངས་རྒྱས་དབོན་པོའི་རྣམ་ཐར་ཉིད་ཀྱིས་མཛད་པ་ནོར་བུའི་གསལ་བྱེད་ཅེས་བྱ་བ། ༈ ཆོས་ཀྱི་རྗེ་མཚུངས་མེད་གྲགས་པ་རྒྱ་མཚོའི་རྣམ་ཐར་མེ་ཏོག་གི་ཕྲེང་བ་ཞེས་བྱ་བ། ༈ སྙིང་ཐིག་མ་བུའི་བླ་མ་བརྒྱུད་པའི་རྣམ་ཐར་ཁ་སྐོང་ངེས་ཤེས་འདྲེན་པའི་ལྕགས་ཀྱུ་སྨིན་གླིང་གཏེར་ཆེན་རིན་པོ་ཆེས་མཛད་པའི་ལུང་ཐོབ་པའི་བརྒྱུད་པ་ནི་གཏེར་ཆེན་བཀའ་འབུམ་ལྟར་རོ། ༈ དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། རྒྱལ་བ་ཞི་ཁྲོ་རབ་འབྱམས། བདེ་གཤེགས་རྡོ་རྗེ་འཆང་ཆེན། རྡོ་རྗེ་སེམས་དཔའ། ལག་ན་རྡོ་རྗེ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། ཛྙཱ་ན་སཱུ་ཏྲ། བི་མ་མི་ཏྲ། དུས་གསུམ་ཀུན་མཁྱེན་པདྨཱ་ཀ་ར། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ཏིང་འཛིན་བཟང་པོ། ལྡང་མ་ལྷུན་རྒྱལ། སེང་གེ་དབང་ཕྱུག །རྒྱལ་བ་ཞང་སྟོན། མཁས་པ་ཉི་འབུམ། གུ་རུ་ཇོ་འབེར། སེང་གེ་རྒྱབ་བ། མེ་ལོང་རྡོ་རྗེ། ཀུ་མ་རཱ་ཛ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ། འཇམ་དབྱངས་གྲགས་པ་འོད་ཟེར། འཁྲུལ་ཞིག་སངས་རྒྱས་དབོན་པོ། ཀུན་མཁྱེན་ཟླ་བ་གྲགས་པ། གྲུབ་ཆེན་ཀུན་བཟང་རྡོ་རྗེ། སྤྲུལ་སྐུ་རྒྱལ་མཚན་དཔལ་བཟང༌། མཚུངས་མེད་སྣ་ཚོགས་རང་གྲོལ། གསུང་སྤྲུལ་བསྟན་འཛིན་གྲགས་པ། ཀུན་མཁྱེན་མདོ་སྔགས་བསྟན་འཛིན། ཁྱབ་བདག་ཕྲིན་ལས་ལྷུན་གྲུབ། ཨོ་རྒྱན་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་རྒྱན་བསྟན་འཛིན། མི་འགྱུར་ནམ་མཁའི་རྡོ་རྗེ། ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ། ཐེག་མཆོག་བསྟན་པའི་མངའ་བདག་གྲུབ་དབང་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། རྒྱལ་སྲས་མཁས་པའི་ཁྱུ་མཆོག་ཀུན་ཏུ་བཟང་པོ། པཎ་ཆེན་བི་མ་དངོས་སྣང་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་ལས་བཀའ་དྲིན་ཐོབ་པ་སྟེ། བརྒྱུད་པ་འདི་ལ་བི་མའི་སྤྲུལ་པ་བར་མ་ཆད་པ་ངོ་མཚར་གཙིགས་སུ་ཆེ་བར་མཛད་དོ། །ཉེ་བརྒྱུད་ལྟར་ན་ཀུན་མཁྱེན་ཀློང་ཆེན་དངོས་ལས། རིག་འཛིན་འཇིགས་མེད་གླིང་པ། རྡོ་གྲུབ་ཀུན་བཟང་གཞན་ཕན། མི་འགྱུར་ནམ་མཁའི་རྡོ་རྗེ་མན་ཆད་སྔ་མ་ལྟར་རོ། །གྲུབ་དབང་རྫོགས་ཆེན་ལྔ་པས་དག་པའི་སྣང་ཆར་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་ལས་གསན་ཚུལ་རྣམ་ཐར་དུ་གསལ། ༈ གཉིས་པ་བི་མ་སྙིང་ཐིག་གི་མན་ངག་བརྒྱ་དང་བཅུ་དགུའི་ཟབ་དོན་གནད་དུ་བརྡེག་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་རྟོགས་པ་ཆོས་སྐུའི་མཆོད་སྡོང་ཆེན་པོའི་འདྲ་འབག་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་སྐོར་སྨིན་གྲོལ་ཡོངས་རྫོགས་ཀྱི་སྐལ་བཟང་གི་དཔལ་དུ་ཇི་ལྟར་ཐོབ་པའི་ཚུལ་ལའང་གསུམ། དང་པོ་སྨིན་བྱེད་ཀྱི་དབང་ལ། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་བཞིའི་དབང་གིས་རིམ་གྱིས་སྨིན་པ་སྔོན་དུ་འགྲོ་བས། གཉིས་པ། གྲོལ་བྱེད་ཁྲིད་ཀྱི་རིམ་པ་ལ། སྔོན་འགྲོ་སེམས་སྦྱོང་བདུན། དངོས་གཞི་འོད་གསལ་སྙིང་པོ། ཁྲེགས་ཆོད་ཡེ་བབ་སོར་བཞག་སྟེ་དོན་ཁྲིད་སྐོར་གསུམ་གྱིས་སྨིན་རྗེས་གྲོལ་བར་མཛད་ནས། གསུམ་པ་ལུང་གི་སྐོར་ལ། ༈ ཁ་བྱང་ཉི་མའི་སྙིང་པོ། ༈ ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ། ༈ ཕྱག་འཚལ་བྱིན་རླབས་སྤྲིན་ཚོགས། ༈ གསོལ་འདེབས་བདུད་རྩིའི་སྤྲིན་ཚོགས། ༈ མཎྜལ་འབུལ་བའི་ཆོ་ག་ཚོགས་གཉིས་སྤྲིན་ཚོགས། ༈ སྐུ་གསུང་ཐུགས་ཀྱི་མཎྜལ། ༈ སྤྲོས་བཅས་ཀྱི་དབང་ཚངས་པའི་དྲྭ་བ། ༈ དཀྱིལ་འཁོར་སྤྲོས་བཅས་མིང་གི་རིམ་པ་གསལ་བར་བྱེད་པ། ༈ སྤྲོས་མེད་ཀྱི་དབང་ཆོག་རིན་པོ་ཆེའི་དྲྭ་བ། ༈ གནད་ཡིག་བུམ་པའི་བརྡ་དོན། ༈ བྱིན་རླབས་སྤྲིན་ཕུང་ཡེ་ཤེས་འབེབས་པ། ༈ ཤིན་ཏུ་སྤྲོས་མེད་ཀྱི་དབང་ཆོག་པདྨའི་དྲ་བ། ༈ གླིང་བཞི་རྒྱན་གྱུར་གྱི་མཎྜལ། ༈ རབ་ཏུ་སྤྲོས་མེད་ཀྱི་དབང་ཆོག་འོད་ཀྱི་དྲ་བ། ༈ ལྔ་ཚན་ལྔའི་མཎྜལ་འབུལ་བའི་ཆོ་ག་ཡིད་བཞིན་དྲྭ་བ། ༈ དམ་ཚིག་གི་རིམ་པ་རྣམ་གྲོལ་རྒྱ་མཚོ། ༈ ཚོགས་མཆོད་ཀྱི་རིམ་པ་ཡིད་བཞིན་རྒྱ་མཚོ། ༈ བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ། །༈ སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་དང༌། ༈ དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད་དང༌། ༈ ཁྲེགས་ཆོད་ཡེ་བབ་སོར་བཞག་གི་དོན་ཁྲིད་གསུམ་གོང་དུ་སོང་ཟིན། ༈ ཁྲེགས་ཆོད་ཀྱི་རྒྱབ་ཡིག་ནམ་མཁའ་དྲི་མེད། ༈ ཐོད་རྒལ་གྱི་རྒྱབ་ཡིག་ཉི་ཟླ་གཟའ་སྐར། ༈ བཏགས་གྲོལ་གྱི་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ། ༈ ཁྲེགས་ཆོད་ཀྱི་ཡང་ཡིག་ནམ་མཁའ་ཀློང་ཡངས། ༈ ཐོད་རྒལ་གྱི་ཡང་ཡིག་ནམ་མཁའ་ཀློང་གསལ། ༈ གཉིས་ཀའི་ཡང་ཡིག་ནམ་མཁའ་ཀློང་ཆེན། ༈ ནམ་མཁའ་ཀློང་ཆེན་གྱི་བསྡུས་དོན་འོད་ཀྱི་ཕྲེང་བ། ༈ བདེ་སྟོང་བདུད་རྩིའི་སྤྲིན་ཕུང༌། ༈ རླུང་སྦྱོར་ཡེ་ཤེས་སྤྲིན་ཕུང༌། ༈ རྟོག་མེད་ནམ་མཁའ་སྤྲིན་ཕུང༌། ༈ གཞི་སྣང་ཡེ་ཤེས་སྒྲོན་མེ། ༈ དཔེ་དོན་གསལ་བྱེད་སྒྲོན་མེ། ༈ ཉམས་ལེན་གནད་ཀྱི་སྒྲོན་མེ། ༈ བདུད་རྩི་ལྗོན་ཤིང་འོད་གསལ་གྱི་གནད་ཡིག ༈ བདུད་རྩི་དྲི་མེད། ༈ འོད་གསལ་སྤྱོད་པའི་གནད་ཡིག་བདུད་རྩི་རྒྱལ་པོ། ༈ གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ། ༈ ཉིན་མཚན་འོད་གསལ་གྱི་འཁོར་ལོ། ༈ ཡང་ཟབ་ཡེ་ཤེས་འཁོར་ལོ། ༈ རྟེན་གཞི་ལུས་ཀྱི་གེགས་སེལ་བདུད་རྩིའི་ལྗོན་ཤིང༌། ༈ བརྟན་པ་སྒོའི་གེགས་སེལ་སྒྲོན་མ་སྣང་བྱེད། ༈ རིག་པ་སེམས་ཀྱི་གེགས་སེལ་ཡེ་ཤེས་དྲི་མེད། ༈ བླ་མ་ཡིད་བཞིན་ནོར་བུ། ༈ ཡི་དམ་ཡིད་བཞིན་ནོར་བུ། ༈ མཁའ་འགྲོ་ཡིད་བཞིན་ནོར་བུ། ༈ ངེས་དོན་བྱང་ཆུབ་སྙིང་པོ། ༈ མཐར་ཐུག་ཡིད་བཞིན་སྙིང་པོ། ༈ འཕོ་བ་འོད་གསལ་སྙིང་པོ། ༈ ངོ་སྤྲོད་དྲན་པའི་མེ་ལོང༌། ༈ འཆི་ལྟས་དྲན་པའི་མེ་ལོང༌། ༈ འཆི་བསླུ་དྲན་པའི་མེ་ལོང༌། ༈ མཁྱེན་བརྩེའི་ཕྱག་བཞེས་སུ། བླ་མ་ཡང་ཏིག་གི་སྨིན་ཁྲིད་བྱེད་ན་ཟབ་མོ་ཡང་ཏིག་གི་གཏོར་དབང་བསྐུར་དགོས། དེ་རྒྱལ་ཚབ་རིན་པོ་ཆེས་མཁྱེན་བརྩེ་རྡོ་རྗེ་འཆང་དངོས་ལས་གསན། སྙན་བརྒྱུད་ཆུང་ངུ་ཡེ་ཤེས་རང་སྣང༌། སྙན་བརྒྱུད་འབྲིང་པོ་བར་དོ་འོད་གསལ་རང་སྣང༌། ༈ སྙན་བརྒྱུད་ཆེན་མོ་ངེས་དོན་མངོན་སུམ་རང་སྣང༌། ༈ དཔལ་སྔགས་ཀྱི་བདག་མོའི་སྒྲུབ་ཐབས་སྙིང་གི་དུམ་བུ། ༈ རཱ་ཧུ་ལའི་གསང་སྒྲུབ་སྙིང་གི་དུམ་བུ། ༈ གཟའ་བདུད་ཀྱི་གསང་སྒྲུབ་མེ་རླུང་འཁྱིལ་བ། ༈ དམ་ཅན་གྱི་གསང་སྒྲུབ་སྙིང་གི་དུམ་བུ། ༈ ཁ་བྱང་དོན་གསལ་སྙིང་པོ། ༈ བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་སྐོར་གསར་དུ་བཞེངས་ཚུལ་དཀར་ཆག་མུ་ཏིག་ཕྲེང་བ་ངག་དབང་བློ་གྲོས་ཀྱིས་མཛད་པ་བཅས་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཡན་བི་མ་སྙིང་ཐིག་ལྟར་ལ། ཁྱབ་བརྡལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ། ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། རྒྱལ་མཚན་དཔལ་བཟང༌། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། རྗེ་བཙུན་མི་འགྱུར་དཔལ་སྒྲོན། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། ཀུན་མཁྱེན་བླ་མ་འཇམ་པའི་དབྱངས་དངོས་མཁྱེན་བརྩེ་དབང་པོ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་གར་དབང༌། མཚན་ཙམ་ཐོས་པས་རྡོ་རྗེའི་ཡེ་ཤེས་འབེབས་མཛད་གདོད་མའི་མགོན་པོ་འགྱུར་མེད་པདྨ་རྣམ་རྒྱལ་ལས་ལན་གཉིས་བཀའ་དྲིན་དུ་ཐོབ་པ་དང༌། ཡང་ན་དབང་དང་ཟབ་ཁྲིད་ཀྱི་བརྒྱུད་པ། འཇམ་མགོན་པདྨ་གར་དབང༌། མཁན་ཆེན་བླ་མ་བཀྲ་ཤིས་འོད་ཟེར། ཁྱབ་བདག་ཞེ་ཆེན་པ་པདྨ་རྣམ་རྒྱལ། ཡང་ན་དབང་དང་དོན་ཁྲིད་སྐོར་གསུམ་རྗེ་བླ་མ་ཞེ་ཆེན་པ་ཆེན་པོ་ལས། ཀུན་མཁྱེན་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་ཏེ་ཐུགས་བརྩེའི་རྗེས་སུ་བཟུང་བའོ། །ཡང་ན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལས། འོད་གསལ་ཐེག་རྩེའི་རྣལ་འབྱོར་ཆེན་པོ་རིག་འཛིན་སྣ་ཚོགས་རང་གྲོལ། ཀུན་གཟིགས་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་དབང་སྨིན་ཁྲིད་ལུང་བཅས་ཚང་བར་གསན་པ་དང༌། ༈ ཡང་ན་ཀུན་མཁྱེན་ཆེན་པོ། ཀུན་མཁྱེན་འཇིགས་གླིང༌། རྡོ་གྲུབ་ཀུན་བཟང་གཞན་ཕན། འཇིགས་མེད་རྒྱལ་བའི་མྱུ་གུ །མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ། འབྲུག་པ་སྣ་ཚོགས་རང་གྲོལ་དང༌། ཡང་ན་མི་འགྱུར་ནམ་མཁའི་རྡོ་རྗེ། རྫ་རྒྱལ་མཚམས་སྤྲུལ་ཀུན་བཟང་བདེ་ཆེན་རྡོ་རྗེ། ཨ་འཛོམ་འབྲུག་པ་རིན་པོ་ཆེ་ཞེས་འདྲེན། ཡང་ན་འཇམ་མགོན་ཀོང་སྤྲུལ་དང༌། མཁྱེན་བརྩེའི་དབང་པོ་གཉིས་ཀ་ལས། ཀཿཐོག་སི་ཏུ་པཎྜི་ཏ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ། འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་སམ་ཀུན་བཟང་འོད་གསལ་སྙིང་པོས་དགྱེས་བཞིན་བསྩལ་བའོ། །ཡང་ན་བླ་མ་ཡང་ཏིག་གི་དབང་དང༌། དོན་ཁྲིད་སྐོར་གསུམ་རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་བཛྲ། རྡོ་རྗེ་འཆང་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་གསན་པའོ། །འཇམ་མགོན་མཁྱེན་བརྩེའི་དབང་པོ་ལ་བི་མ་སྙིང་ཐིག་མ་བུ་ཉེ་བརྒྱུད་ཀྱི་དག་སྣང་གི་བརྒྱུད་པ་ལ་དབང་ལུང་སྤྱི་དང༌། གཉིས་ཀའི་ཡང་ཡིག་བཤད་ཁྲིད་དུ་གསུངས་པའི་བརྒྱུད་པ་དམིགས་བསལ་ནི། མཁྱེན་བརྩེ་རིན་པོ་ཆེ་ལས། ཀཿཐོག་སི་ཏུ་རྡོ་རྗེ་འཆང་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ། མཁན་ཆེན་ངག་དབང་དཔལ་བཟང༌། འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས། ༈ ཡང་ན་བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ་ནས། སྙན་བརྒྱུད་ཆེན་མོ་ངེས་དོན་མངོན་སུམ་རང་སྣང་བར་སྨིན་ཁྲིད་ཞིབ་རྒྱས་སུ་ནོས་པའི་བརྒྱུད་པ་ནི། དཔལ་སྤྲུལ་རིན་པོ་ཆེ་འཇིགས་མེད་ཆོས་ཀྱི་དབང་པོས་འཇིགས་མེད་རྒྱལ་བའི་མྱུ་གུ་ལས་གསན། དཔལ་སྤྲུལ་རིན་པོ་ཆེ་ལས་ཨོ་རྒྱན་བསྟན་འཛིན་ནོར་བུ། སྣང་བཞི་མཐར་ཕྱིན་གྱི་རྣལ་འབྱོར་དབང་ཕྱུག་ཀུན་དགའ་དཔལ་ལྡན་གྱི་ཞལ་སྔ་ནས་ཐུན་མིན་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་སྐལ་པ་བཟང་པོའི་བཙས་སུ་ཐོབ་པའོ། །ཨོ་རྒྱན་བསྟན་འཛིན་ནོར་བུའི་བླ་མ་ཡང་ཏིག་གི་དབང་ཁྲིད་ཚང་མ་གྲུབ་པའི་དབང་ཕྱུག་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ལས་གསན་པའི་བརྒྱུད་པ་གོང་ལྟར་ལ། སྨིན་ཁྲིད་སྐོར་ཡོངས་རྫོགས་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་ལས་གསན་པ་ཡིན་འདུག་ཅེས་བདག་གི་བླ་མ་ཀུན་དགའ་དཔལ་ལྡན་གྱི་ཞལ་ནས་ཐོས་སོ། ༈ བི་མ་སྙིང་ཐིག་མ་བུ་གཉིས་ཀྱི་བཀའ་སྲོལ་ཆུ་བོ་གཅིག་འདུས་ཀྱི་ཁྲིད་ཡིག་བདེ་ཆེན་ལམ་བཟང་གི་སྟེང་ནས་ཆོས་ཀྱི་རྒྱལ་པོ་སྨིན་གླིང་པའི་ཕྱག་བཞེས་ལྟར་ཐོབ་པའི་བརྒྱུད་པ་ནི། འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་ཡན་ཆད་སྔར་སྨིན་གླིང་དབང་ཁྲིད་ཀྱི་བརྒྱུད་པ་ལྟར་ལ། དེ་ལས་འཇམ་མགོན་བླ་མ་པདྨ་གར་གྱི་དབང་ཕྱུག །མཁས་གྲུབ་དབང་པོ་བཀྲ་ཤིས་ཆོས་འཕེལ། ཀུན་གཟིགས་ཆོས་ཀྱི་བློ་གྲོས། གདོད་མའི་མགོན་པོ་འགྱུར་མེད་པདྨ་རྣམ་རྒྱལ་ལས་ཐོབ་པའོ། ༈ ཡང་ན་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་མ་བུའི་བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང་འཇིག་རྟེན་མིག་གཅིག་འཇམ་མགོན་པདྨ་གར་དབང་གི་རྡོ་རྗེའི་གསུང་གི་གསང་བ་ལྟར་ཐོབ་པའི་རིང་བརྒྱུད་ནི་ཁྲིད་ཡིག་བདེ་ཆེན་ལམ་བཟང་ལྟར་ལ། ཤིན་ཏུ་ཉེ་བརྒྱུད་འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་པཎ་ཆེན་བི་མ་མི་ཏྲ། ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོ། འཇམ་མགོན་པདྨ་གར་དབང་མན་ཆད་སྔ་མ་ལྟར་རོ། །འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་གར་དབང་ལ་ཀུན་མཁྱེན་རང་བྱུང་རྡོ་རྗེར་བཀའ་བབ་པའི་ཀརྨ་སྙིང་ཐིག་གི་དབང་ཁྲིད་ཀྱི་བརྒྱུད་སྲོལ་ཆུ་བོ་གཅིག་ཏུ་འདྲེས་པའི་དོན་བརྒྱུད་ཀྱང་ཚང་བར་གསུངས་སོ། ༈ བི་མ་སྙིང་ཐིག་མ་བུའི་སྔོན་འགྲོའི་ངག་འདོན་གདོད་མའི་གསེང་ལམ་གྱི་ལུང་ནི་མཛད་པ་པོ་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས། རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་གསན། དེ་ལས་བདག་ལ་བཀའ་དྲིན་དུ་ཐོབ་པའོ། །ཡང་ན་བླ་མ་ཡང་ཏིག་དབང་གི་བརྒྱུད་ཚུལ་འདྲ་མིན་ཀུན་མཁྱེན་ཆེན་པོ་ནས། གཏེར་བདག་གླིང་པའི་བར་སྔར་ལྟར་ལ། གཏེར་ཆེན་རིན་པོ་ཆེ་ལས་ངག་དབང་པདྨ། ཨོ་རྒྱན་ཡོངས་གྲོལ། རྒྱ་རོང་རྗེ་དབོན་ཀུན་གྲོལ་རྣམ་རྒྱལ། ངེས་དོན་བསྟན་འཛིན་བཟང་པོ། མཚུངས་མེད་འཇམ་དབྱངས་གྲགས་པ། དགེ་ལེགས་ནོར་བུ། སྣ་ཚོགས་རང་གྲོལ། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ། མཁན་ཆེན་པདྨ་བློ་གསལ། གླིང་སྤྲུལ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ། རྒྱལ་དབང་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེས་གསན་ཏེ་བཀའ་དྲིན་ཐོབ། ཡང་ན་ངེས་དོན་བསྟན་འཛིན་བཟང་པོ་ལས། རིག་འཛིན་བཟང་པོ། པདྨ་དཀོན་མཆོག་དཔལ་བཟང༌། དེ་གཉིས་ཀས་སྣ་ཚོགས་རང་གྲོལ། གཞན་ཕན་མཐའ་ཡས་དང༌། ཡང་ངེས་དོན་བསྟན་འཛིན་བཟང་པོ་ལས། འཇམ་དབྱངས་གྲགས་པ། མཁས་གྲུབ་དགེ་ལེགས་ནོར་བུ། སེང་ཕྲུག་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས་དང༌། ཡང་ན་ཀུན་མཁྱེན་ཀློང་ཆེན་ལས། བྱ་བྲལ་བཀྲ་ཤིས་འབྱུང་གནས། གཞན་ཕན་རྡོ་རྗེ། ནམ་མཁའི་མཚན་ཅན། དམར་སྒོམ་འོད་གསལ་ཀློང་ཡངས། བསོད་ནམས་རིན་ཆེན། བྱ་ཁྱུང་ངག་དབང་པདྨ། བསོད་ནམས་དབང་པོ། ཀུན་བཟང་རྣམ་རྒྱལ། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ་ཞེས་འདྲེན་ཀྱང་རུང༌། ༈ ཡང་བླ་མ་ཡང་ཏིག་གི་དབང་ཁྲིད་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་པདྨ་གར་དབང༌། མཁན་ཆེན་མངྒ་ལ་རསྨི། དཔལ་སྤུངས་སི་ཏུ་པདྨ་དབང་ཆེན། རྒྱལ་དབང་རིག་པའི་རྡོ་རྗེས་གསན་པའོ། ༈ སྤྱིར་ཡི་གེ་མེད་པའི་སྙན་བརྒྱུད་སྐོར་ཉང་ཏིང་འཛིན་བཟང་པོ། སྦས་བློ་གྲོས་དབང་ཕྱུག །འབྲོམ་རིན་ཆེན་འབར། ལྡང་མ་ལྷུན་རྒྱལ། སེངྒེ་དབང་ཕྱུག །ཤངས་པ་རས་པ། ཟབ་དོན་ཆོས་འབར། ཙ་རི་གྱེར་ཞིག །གཉན་སྟོན་ཤེས་རབ་རྩེ་མོ། ཡོན་ཏན་སྒང་གི་སྤྲུལ་སྐུ་མཆེད་གཉིས། མིག་བཞི་པ་ནམ་མཁའ་རྡོ་རྗེ། ཀུ་མ་རཱ་ཛ་ཞེས་འདྲེན་དགོས་གསུངས། ༈ ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྫོགས་པ་ཆེན་པོ་སྙན་བརྒྱུད་དང་བཤད་རྒྱུད་གཉིས་ཀའི་དོན་གཅིག་ཏུ་བསྡུས་པ། པད་འབྱུང་དང༌། བི་མའི་བཀའ་སྲོལ་གྱི་གདམས་ངག་ཟབ་དོན་སྙིང་པོ་བཅུད་དུ་དྲིལ་བ་ཟབ་མོ་ཡང་ཏིག་གི་སྨིན་བྱེད་སྤྲོས་བཅས་བུམ་དབང༌། སྤྲོས་མེད་གསང་དབང༌། ཤིན་ཏུ་སྤྲོས་མེད་ཤེས་རབ་ཟབ་མོ། རབ་ཏུ་སྤྲོས་མེད་བཞི་པའི་དབང་སོ་སོའི་སྨིན་པ་གྲོལ་བར་མཛད་ནས། གསུམ་པ་ལུང་གི་སྐོར་ལ། ལོ་རྒྱུས་རིན་པོ་ཆེ་འོད་ཀྱི་ཕྲེང་བ། ༈ ཕྱག་འཚལ་ཡིད་བཞིན་ནོར་བུ། ༈ གསོལ་འདེབས་བདུད་རྩིའི་ཆུ་རྒྱུན། ༈ མཎྜལ་འབུལ་བའི་ཆོ་ག་གླིང་བཞིའི་རྒྱན་གྱུར། ༈ ཟབ་མོ་ཡང་ཏིག་ལས་གུ་རུ་བི་མ་ལ་སྒྲུབ་པའི་རིམ་པ། ༈ ཟབ་མོ་ཡང་ཏིག་ལས། སྙིང་པོ་ཡེ་ཤེས་ཀྱི་བླ་མ་སྒྲུབ་པ། ༈ ཟབ་མོ་ཡང་ཏིག་ལས། སྤྲོས་བཅས་ཀྱི་དབང་ཆོག་དངོས་གྲུབ་ཆུ་བོ། ༈ ཟབ་མོ་ཡང་ཏིག་ལས། དཀྱིལ་འཁོར་སྤྲོས་བཅས་མིང་གི་རིམ་པ། ༈ ཟབ་མོ་ཡང་ཏིག་ལས། ༈ སྤྲོས་མེད་ཀྱི་དབང་ཆོག་ཀློང་གསལ་ཆུ་བོ། ༈ ཟབ་མོ་ཡང་ཏིག་ལས། བུམ་པའི་བརྡ་དོན། ༈ ཟབ་མོ་ཡང་ཏིག་ལས། ཤིན་ཏུ་སྤྲོས་པ་མེད་པའི་དབང་ཆོག་ཡེ་ཤེས་ཆུ་བོ། ༈ རབ་ཏུ་སྤྲོས་པ་མེད་པའི་དབང་ཆོག་བྱིན་རླབས་ཆུ་བོ་ཞེས་བྱ་བ། ༈ ཟབ་མོ་ཡང་ཏིག་ལས། དམ་ཚིག་གསུམ་བཀོད་ཅེས་བྱ་བ། ༈ ཟབ་མོ་ཡང་ཏིག་ལས། ཐུན་མོང་གི་སྔོན་འགྲོ་རིན་པོ་ཆེའི་པྲ་ཁྲིད། ༈ ཟབ་མོ་ཡང་ཏིག་ལས། ཁྲིད་ཡིག་སངས་རྒྱས་མཉམ་སྦྱོར། ཟབ་མོ་ཡང་ཏིག་ལས། གཞི་མ་བཅོས་ཇི་བཞིན་དུ་ངོ་སྤྲོད་པའི་རིམ་པ། ༈ ཟབ་མོ་ཡང་ཏིག་ལས། རྒྱ་མཚོ་ཨར་གཏད་ཀྱི་མུན་ཁྲིད་འོད་གསལ་འཁོར་ལོ། ༈ ཟབ་མོ་ཡང་ཏིག་ལས། ཁྱུང་ཆེན་གཤོག་རྫོགས། ༈ ཟབ་མོ་ཡང་ཏིག་ལས། ཁྱུང་ཆེན་གཤོག་རྫོགས་ཀྱི་བསྡུས་དོན། ༈ ཟབ་མོ་ཡང་ཏིག་ལས། གསང་བ་བླ་མེད་སྤྱི་བབས། ༈ ཟབ་མོ་ཡང་ཏིག་ལས། ཟབ་མོ་བཅུད་བསྡུས། ༈ ཟབ་མོ་ཡང་ཏིག་ལས། སྙིང་པོ་དོན་བསྡུས་ཞེས་བྱ་བ། ༈ ཟབ་མོ་ཡང་ཏིག་ལས། འོད་གསལ་སྙིང་པོ། ༈ ཟབ་མོ་ཡང་ཏིག་ལས། ངེས་དོན་སྙིང་པོ། ༈ ཟབ་མོ་ཡང་ཏིག་ལས། མཐར་ཐུག་དོན་གྱི་སྙིང་པོ་ཞེས་བྱ་བ། ༈ ཟབ་མོ་ཡང་ཏིག་ལས། ༈ གཞི་ལམ་འབྲས་བུའི་གནས་གསལ་བ། ༈ ཟབ་མོ་ཡང་ཏིག་ལས། རྣལ་འབྱོར་བཞིའི་རིམ་པ། ༈ ཟབ་མོ་ཡང་ཏིག་ལས། ཟབ་མོ་པྲ་ཁྲིད། ༈ ཟབ་མོ་ཡང་ཏིག་ལས། སྙིང་པོའི་ཡང་བཅུད། ༈ ཟབ་མོ་ཡང་ཏིག་ལས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ། ༈ ཟབ་མོ་ཡང་ཏིག་ལས། དུས་ཀྱི་གསལ་བྱེད། ༈ ཟབ་མོ་ཡང་ཏིག་ལས། འདའ་ཁ་དོན་གྱི་མན་ངག ༈ ཟབ་མོ་ཡང་ཏིག་ལས། བཏགས་གྲོལ་སྙིང་པོ། ༈ ཟབ་མོ་ཡང་ཏིག་ལས། ཟབ་དོན་སྙིང་པོ་ཅེས་བྱ་བ། ༈ ཟབ་མོ་ཡང་ཏིག་ལས། ཚིག་དོན་སྙིང་པོ། ༈ ཟབ་མོ་ཡང་ཏིག་ལས། གདམས་ཁྲིད་དོན་གྱི་མདོ་ཆིངས། ༈ སྙན་བརྒྱུད་གནད་ཀྱི་མདོ་ཆིངས། ༈ གསང་སྐོར་བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཕུང༌། ༈ དགོངས་བརྒྱུད་གསོལ་འདེབས། ༈ གསང་སྐོར་བླ་བརྒྱུད་གསོལ་འདེབས། ༈ གསོལ་འདེབས་དངོས་གྲུབ་ཀུན་འབྱུང༌། ༈ དབང་གི་ལག་ལེན་གསལ་བའི་སྒྲོན་མེ། ༈ མཆོག་གསང་ལམ་ཁྲིད་ཆེན་མོ། ༈ ཡེ་གྲོལ་སོར་བཞག ༈ སྙན་བརྒྱུད་ཐུགས་ཀྱི་མེ་ལོང༌། ༈ སྙན་བརྒྱུད་དོན་གྱི་མེ་ལོང༌། ༈ ལག་ཁྲིད་སྙིང་པོ། ༈ རྒྱབ་ཆོས་ཆེན་མོ་ཟབ་དོན་གནད་ཀྱི་མེ་ལོང༌། ༈ ཟབ་མོ་ཡང་ཏིག་གི་བཀའ་སྲུང་དྲག་པོ་གསུམ་བསྒྲིལ། ༈ ཟབ་མོ་ཡང་ཏིག་ལས། བསྐངས་གསོ་དངོས་གྲུབ་ཆར་འབེབས། ༈ ཟབ་མོ་ཡང་ཏིག་ལས་དཀར་ཆག་ཉི་ཟླ་གཟའ་སྐར། ༈ ཟབ་མོ་ཡང་ཏིག་གི་དཀར་ཆག་དཔག་བསམ་ལྗོན་པ་འཇིགས་འདི་ལུང་ཐོབ་པར་ངེས་ཀྱང་དམིགས་བསལ་བརྒྱུད་པ་མ་ཤེས། མཆན། མེད་བློ་གསལ་གྱིས་མཛད་པ་ཐོབ་པའི་བརྒྱུད་པ་ནི་ཀུན་མཁྱེན་ཆོས་རྗེ་ཡན་བླ་མ་ཡང་ཏིག་གི་བརྒྱུད་པ་ལྟར་ལ། དེ་ནས་བདེ་ལེགས་རྒྱ་མཚོ། བྱ་བྲལ་ཆོས་རྗེ། གཞན་ཕན་རྡོ་རྗེ། ནམ་མཁའ་རྡོ་རྗེ། འོད་གསལ་ཀློང་ཡངས། རྩེ་ལེ་བསོད་ནམས་རིན་ཆེན། བྱ་ཁྱུང་ངག་དབང་པདྨ། བསོད་ནམས་དབང་མོ། ལྷ་བཙུན་ནམ་མཁའ་འཇིགས་མེད། དབོན་པོ་ཀློང་ཡངས་མཐའ་བྲལ། རྫོགས་ཆེན་པདྨ་རིག་འཛིན། དཔོན་སློབ་ནམ་མཁའ་འོད་གསལ། པདྨ་རྣམ་རྒྱལ། ཏྲེའོ་འགྱུར་མེད་སྐལ་བཟང༌། ཉི་སྤྲུལ་ཐེག་མཆོག་བསྟན་རྒྱལ། ངེས་དོན་བསྟན་འཛིན་བཟང་པོ། རྡོ་གྲུབ་ཀུན་བཟང་གཞན་ཕན། མི་འགྱུར་ནམ་མཁའི་རྡོ་རྗེ། ཀུན་བཟང་ཐེག་མཆོག་རྡོ་རྗེ། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། ཀཿཐོག་མཁན་ཆེན་ནུས་ལྡན་ལས་བཀའ་དྲིན་ཐོབ། ཡང་ཉེ་བརྒྱུད་ཁྱད་པར་ཅན་ཀུན་མཁྱེན་བླ་མ། རིག་འཛིན་འཇིགས་གླིང༌། རྡོ་གྲུབ་ཀུན་བཟང་གཞན་ཕན། མི་འགྱུར་ནམ་མཁའི་རྡོ་རྗེ། ཀུན་བཟང་ཐེག་མཆོག་རྡོ་རྗེ། རྫོགས་ཆེན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། མཁན་ནུས་ལྡན་ལས། ཀུན་མཁྱེན་བླ་མ་འཇམ་པའི་དབྱངས་བློ་གྲོས་རྒྱ་མཚོས་འོག་མིན་གཉིས་པ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས་གསན་པའི་སྐབས་ཆབས་ཅིག་བཀའ་དྲིན་ཐོབ་པའོ། ༈ ཡང་ན་ཀུན་མཁྱེན་ཆེན་པོ་ཡན་ཆད་བི་མ་སྙིང་ཐིག་ལྟར་ལ། ཀུན་མཁྱེན་ཆོས་རྗེ་ནས། སྟག་མགོ་བྱ་བྲལ་ཆོས་རྗེ། གུ་རུ་གཞན་ཕན་རྡོ་རྗེ། དྲི་མེད་ནམ་མཁའི་མཚན་ཅན། མཚུངས་མེད་འོད་གསལ་ཀློང་ཡངས། རྫོགས་ཆེན་བསོད་ནམས་རིན་ཆེན། བྱ་ཁྱུང་པ་ངག་དབང་པདྨ། རྫོགས་ཆེན་པ་བསོད་ནམས་བཟང་པོ། ལྷ་བཙུན་ནམ་མཁའ་འཇིགས་མེད། གསང་བདག་ཕྲིན་ལས་ལྷུན་གྲུབ། ཨོ་རྒྱན་གཏེར་བདག་གླིང་པ་མན་ཆད་བི་མ་སྙིང་ཐིག་ལྟར་རོ། །ཡང་ན་ཀུན་མཁྱེན་ཀློང་ཆེན་ནས། མཁས་གྲུབ་ཆོས་རྗེ་ལྷུན་གྲུབ། སངས་རྒྱས་དབོན་པོ། ཀུན་སྤང་སེམས་དཔའ་ཆེན་པོ། དྲུང་སངས་རྒྱས་ཡེ་ཤེས། སྟག་མགོ་སངས་རྒྱས་རྒྱལ་མཚན། ནམ་མཁའ་ཀུན་དགའ་བཀྲ་ཤིས། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། ཀོང་ཆེན་པ། གདུང་བརྒྱུད་པདྨ་ཕྲིན་ལས། སྤྲུལ་སྐུ་ཚུལ་རྡོར། བོན་ལུང་པ་གར་གྱི་དབང་པོ་ནས་ཕྲིན་ལས་ལྷུན་གྲུབ་ལ་བརྒྱུད་པ་དང༌། ཡང་ལུང་རྐྱང་བརྒྱུད་པ་གཅིག་ནི། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། ཀུན་དགའ་བཀྲ་ཤིས། མདོ་སྔགས་བསྟན་འཛིན་ཕྲིན་ལས་ལྷུན་གྲུབ་སོགས་སོ། ༈ འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་ཅན་སངས་རྒྱས་ཀུན་དངོས་གུ་རུ་རིན་པོ་ཆེའི་རིག་འཛིན་ཤྲཱི་སིང་ཧ་ལས་འོད་གསལ་རྫོགས་པ་ཆེན་པོའི་གདམས་ངག་རྒྱུད་ལུང་སྨིན་གྲོལ་ཐམས་ཅད་གསན་ཏེ་སྐུ་ལྔ་ལྷུན་གྲུབ་རིག་འཛིན་གྱི་ས་བརྙེས་པའི་ཚུལ་བསྟན་ནས་བོད་ཡུལ་དུ་ཕེབས་ཏེ་གཞོ་སྟོད་ཏི་སྒྲོ་མཁའ་འགྲོའི་ཚོགས་ཁང་ནས་ཡེ་ཤེས་ཌཱ་ཀི་རྒྱལ་མོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཙོར་གྱུར་པའི་འབུམ་ཕྲག་ཡངས་པའི་མཁའ་འགྲོ་ལ་བསྩལ་ཞིང༌། མངའ་བདག་ཆོས་ཀྱི་རྒྱལ་པོའི་སྲས་མོ་ལྷ་ལྕམ་པདྨ་གསལ་སྐུ་འདའ་ཁར་དཔེ་བརྒྱུད་ཀྱི་སྒྲོམ་བུའི་གཏད་རྒྱ་དང་བཅས་གཏེར་དུ་སྦས་པ་ཟབ་ཆོས་མཁའ་འགྲོ་སྙིང་ཐིག་ཅེས་པ་ལྷ་ལྕམ་སྐྱེས་མཐའ་པདྨ་ལས་འབྲེལ་རྩལ་གྱིས་ལྡང་ལུང་ཁྲ་མོ་བྲག་ནས་གཏེར་དུ་སྤྱན་དྲངས་ཏེ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་བཀའ་བབ་བརྙེས་པའི་ཟབ་ཆོས་ཀྱི་སྨིན་བྱེད་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྤྲོས་བཅས་བུམ་དབང༌། བྷནྡྷའི་བདུད་རྩི་ལ་བརྟེན་ནས་གསང་དབང༌། ཕྱག་རྒྱ་ལ་བརྟེན་པའི་ཤེར་དབང༌། སིན་དྷཱུ་རའི་མེ་ལོང་ཤེལ་རྡོ་ལ་བརྟེན་པའི་ཚིག་དབང༌། ཁྲེགས་ཆོད་རིག་པའི་རྩལ་དབང༌། རིག་འཛིན་གྱི་བྱིན་རླབས་ཐོད་རྒལ་རིག་པའི་རྩལ་དབང་སྒྲོན་མ་བཞིའི་ཉམས་ལེན་ངོ་སྤྲོད་ཀྱི་རིམ་པ། བཏགས་གྲོལ་གྱི་དབང༌། མཁའ་འགྲོའི་དོན་དབང༌། བཀའ་སྲུང་གི་གཏོར་མ་ལ་བརྟེན་པའི་འགྲོ་དོན་གཏད་རྒྱ་དང་བཅས་པ་གཏེར་གཞུང་ལྟར་བདེ་གཤེགས་རིགས་ལྔའི་སྒྲུབ་པ་དང༌། ཌཱ་ཀི་ལྔ་ཡི་མངོན་རྟོགས་སོགས་ཀྱི་དགོངས་པ་ལྟར་བསྐུར་ནས། བཀའ་སྲུང་སྲོག་སྒྲུབ་ཀྱི་བཀའ་གཏད་སྒྲུབ་ཐབས་འདོད་འཇོ་བུམ་བཟང་ལྟར་ཐོབ་པའི་མཁའ་འགྲོ་སྙིང་ཐིག་གི་དབང་བརྒྱུད་ནི། ཀུན་ཏུ་བཟང་པོ། རིགས་ལྔ་ཞི་ཁྲོ། རྡོ་རྗེ་འཆང༌། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིང་ཧ། གུ་རུ་རིན་པོ་ཆེ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། པདྨ་ལས་འབྲེལ་རྩལ། རྒྱལ་སྲས་ལེགས་པ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས། ཡེ་ཤེས་རབ་འབྱམས། མཁས་གྲུབ་བསྟན་པ། སྦྱིན་པ་བཟང་པོ། རྫོགས་ཆེན་ཤཱཀྱའི་མཚན་ཅན། བསོད་ནམས་རིན་ཆེན། ངག་དབང་པདྨ། བསོད་ནམས་དབང་མོ། རིག་འཛིན་ཆོས་ཀྱི་རྒྱ་མཚོ། རྫོགས་ཆེན་པདྨ་རིག་འཛིན། དཔོན་སློབ་ནམ་མཁའ་འོད་གསལ། ཐེག་མཆོག་བསྟན་འཛིན། སྙི་བླ་པདྨ་བསྟན་འཛིན། བསྟན་འཛིན་དར་རྒྱས། མི་འགྱུར་ནམ་མཁའི་རྡོ་རྗེ། ཀུན་བཟང་ཐེག་མཆོག་རྡོ་རྗེ། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ། མཁན་ཆེན་ཀུན་བཟང་དཔལ་ལྡན། རྡོ་གྲུབ་ཐུབ་བསྟན་ཕྲིན་ལས་དཔལ་བཟང༌། འཇམ་མགོན་ཐམས་ཅད་མཁྱེན་པ་ཆོས་ཀྱི་བློ་གྲོས་ལས་བཀའ་དྲིན་དུ་ཐོབ་པའོ། །བཀའ་སྲུང་སྲོག་སྒྲུབ་ཀྱི་བཀའ་གཏད་བརྒྱུད་པ་ནི་འདོད་བུམ་ལྟར་རོ། ༈ གསུམ་པ་ལུང་གི་སྐོར་ལ། ༈ མཁའ་འགྲོ་སྙིང་ཐིག་གི་ཁ་བྱང༌། ༈ བླ་མ་བརྒྱུད་པའི་ལོ་རྒྱུས། ༈ བཏགས་གྲོལ་གྱི་རྒྱུད་དྲུག ༈ བཏགས་གྲོལ་རྒྱུད་དྲུག་གི་ཏི་ཀ ༈ མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས། ༈ སངས་རྒྱས་ཀྱི་འདས་རྗེས་གསུམ་པ། ༈ བཏགས་གྲོལ་དོན་ཁྲིད། ༈ བདེ་གཤེགས་རིགས་ལྔའི་ཕྱི་སྒྲུབ། ༈ སྨིན་བྱེད་དོན་གསལ་སྒྲོན་མེ་ཞེས་བྱ་བ་སྤྲོས་བཅས་བུམ་པའི་དབང༌། ༈ དབང་ཁྲིད་ནོར་བུའི་སྒྲོན་གསལ། ༈ དབང་གོང་མ་གསུམ་གྱི་ས་མ་འགྲེལ། ༈ ཌཱཀྐི་ལྔ་ཡི་མངོན་རྟོགས་དབང་གི་རྒྱབ་ཡིག ༈ བདེ་གཤེགས་རིགས་ལྔའི་མཆོད་འབུལ། ༈ མཁའ་འགྲོའི་ལས་བྱང་ཚོགས་མཆོད་རྩ་ཕྲེང༌། ༈ དབང་སྒྲུབ་དང༌། བུམ་པ་སྒྲུབ་ཐབས། ༈ སྙིང་ཐིག་གསང་བ་བླ་མེད་ཀྱི་དབང་དོན་གསལ་བའི་རྒྱབ་ཡིག ༈ དབང་བཞིའི་གོ་རིམ་དང་ཁྲིད་དུ་བསྐུར་ལུགས། ༈ རྩལ་དབང་ཏི་ཀ་རིག་པའི་སྒྲོན་མ། ༈ ཐོད་རྒལ་ཁྱད་པར་དབང་ལྔ། ༈ ཌཱཀྐིའི་གཏོར་མའི་རིམ་པ། ༈ ཌཱཀྐི་ཚོགས་མཆོད། ༈ དབང་གི་རྒྱབ་ཡིག ༈ དབང་གི་ཐོ་ཡིག ༈ མཁའ་འགྲོ་སྙིང་ཐིག་གསང་དབང་གི་ལྷན་ཐབས། ༈ ཤེས་དབང་ལྷན་ཐབས། ༈ ཌཱཀྐིའི་སྲོག་ཏིག །༈ ཌཱཀྐིའི་དུས་གནད་གནད་འབེབས་ཤི་ས་སྤྱི་གནད་བླ་རྡོ། མཁའ་འགྲོ་མའི་ནོར་སྒྲུབ་གཏེར་གྱི་བུམ་པ། ༈ ཐོད་རྒལ་གྱི་དོན་ཁྲིད་ནོར་བུའི་སྙིང་པོ། ༈ སྙིང་པོ་གསལ་བའི་མེ་ལོང་ཞེས་བྱ་བ། ༈ ཁྲིད་རྒྱབ་ལུང་གི་ཕྲེང་བ། ༈ ལག་ཁྲིད་གནད་ཀྱི་མན་ངག་པྲ་ཁྲིད་དུ་བསྟན་པ། ༈ མཁའ་འགྲོ་སྙིང་ཏིག་གི་རྟགས་ཡིག་ཚད་ཡིག ༈ སྙིང་ཐིག་ཆེན་མོའི་རྒྱབ་ཆོས་ཀྱི་རྩ་བ། ༈ སྙིང་ཐིག་གསང་བའི་ཡང་བཅུད་སྙིང་པོ་གསལ་བའི་མེ་ལོང་ཞེས་བྱ་བ། ༈ རྣལ་འབྱོར་བཞི་ལས་ལྟ་བའི་རྣལ་འབྱོར། ༈ ཐུན་བཞིའི་རྣལ་འབྱོར་ལས། བསྒོམ་པའི་རྣལ་འབྱོར། ༈ རྣལ་འབྱོར་བཞི་ལས་སྤྱོད་པའི་རྣལ་འབྱོར་དང༌། འབྲས་བུའི་རྣལ་འབྱོར་གཉིས། ༈ ཞུས་ལེན་བདུད་རྩིའི་གསེར་ཕྲེང༌། ༈ མཁའ་འགྲོ་སྙིང་ཐིག་གི་ཏི་ཀ་ལས། ཞལ་གདམས་གསང་བའི་དུམ་བུ། ༈ གནད་ཀྱི་གདམས་པ་ལྔ་པ། ༈ ཌཱཀྐི་ལམ་འབྲས་ཀྱི་སྐོར། ༈ ཞལ་གདམས་གནད་ཀྱི་ཕྲེང་བ། ༈ ཌཱཀྐིའི་གནད་ཐིག ༈ རྡོ་རྗེ་ཆུ་འཐུང༌། ༈ ཞི་བ་བར་དོ་ལམ་འབྲས་ཀྱི་མཚན་ཉིད། ༈ ཁྲོ་བོ་བར་དོ་གནད་ཀྱི་སྒྲོན་མ། ༈ བར་དོའི་གདམས་པ་འབྱུང་བ་འདུས་པ་འབྲལ་བ་རྟགས་ཀྱི་རིམ་པ། ༈ འཆི་ཁ་བར་དོའི་གསོལ་འདེབས། མཁའ་འགྲོའི་གཏུམ་མོ་ཁྱད་པར་ཅན། ༈ འབྱུང་བ་རྡོ་ཡི་བཅུད་ལེན། ༈ ཌཱཀྐི་སྙིང་ཏིག་གི་བཀའ་སྲུང་དཔལ་སྲོག་སྒྲུབ་ནག་མོའི་སྲོག་ལེན་སྤུ་གྲིའི་རྒྱུད། ༈ སྲོག་སྒྲུབ་ནག་མོའི་སྒྲུབ་ཐབས། ༈ སྙིང་ཏིག་གི་བླ་མའི་རྣལ་འབྱོར། ༈ བླ་མའི་རྣལ་འབྱོར་ཕྱི་ནང་གསང་གསུམ། ༈ ཁྲེགས་ཆོད་ངོ་སྤྲོད་མཐའ་གྲོལ་ཀློང་ཡངས། ༈ རྩ་དབང༌། ༈ ཐིག་ལེ་དྭངས་སྙིགས་འབྱེད་པ་དང༌། རིགས་བརྒྱུད་བཞག་ཐབས་ལག་ལེན། ༈ བར་དོ་ངོ་སྤྲོད། ༈ བར་དོའི་མཚན་ཉིད་བཤད་པ་དང་སྐྱེ་གནས་རྣམས་ཀྱི་རྒྱུ་བསྟན་པ། ༈ བཏགས་གྲོལ་ཕྲན་དྲུག་གི་ཏི་ཀ ༈ རྟ་མགྲིན་ཡབ་ཡུམ་གྱི་ལུས་དཀྱིལ། ༈ ཌཱཀྐིའི་རྐྱང་སྒྲུབ། ༈ མཁའ་འགྲོ་སྔགས་ཀྱི་ལྡེ་མིག ༈ སྙིང་ཐིག་གི་བདུད་རྩི་ཕྱག་མཆོད། ༈ རྟགས་ཡིག་དང་ཚད་ཀྱི་ཡི་གེ ༈ ཌཱཀྐི་དྲིལ་སྒྲུབ་གསང་བ་སྙིང་གི་དུམ་བུ། ༈ ཌཱཀྐིའི་ལུས་དཀྱིལ་ཆེན་མོ། ༈ པདྨ་ལས་འབྲེལ་རྩལ་གྱི་སྐྱེས་རབས་དང༌། ལུང་བསྟན་བཅས། ༈ གཏེར་གྱི་ཁ་བྱང༌། ༈ མཁའ་འགྲོ་སྙིང་ཐིག་གི་ལག་ཁྲིད། ༈ ལོ་རྒྱུས་རྒྱལ་བ་གཡུང་གིས་མཛད་པ། ༈ གཡུང་སྟོན་པས་གསུངས་པའི་ཕྱག་འཚལ། ༈ གཡུང་གི་ལོ་རྒྱུས། ༈ འཕོ་བ། ༈ གཏེར་སྲུང་ལྡང་ལྷའི་སྒྲུབ་ཐབས། ༈ ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་གསོལ་འདེབས། ༈ བརྒྱུད་འཛིན་གྱི་སློབ་བུའི་ལུང་བསྟན། ༈ མཁའ་འགྲོ་སྙིང་ཐིག་གི་ཆ་རྐྱེན། ༈ ལྷ་མོ་ལྔའི་ཚེ་སྒྲུབ། ༈ སྤྲུལ་སྐུ་ལེགས་པ་ལུང་བསྟན་པ། ༈ མཁའ་འགྲོ་སྙིང་ཐིག་ལས་སྲོག་སྒྲུབ་ནག་མོའི་གཏོར་དབང༌། ༈ མཁའ་འགྲོ་ཡང་ཏིག་གི་དབང་བསྐུར་བའི་ལག་ལེན་དང༌། མཁའ་འགྲོ་སྙིང་ཐིག་གི་དཀྱིལ་འཁོར་བྲི་ཚུལ། མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ། ༈ མཁའ་འགྲོ་སྙིང་ཐིག་པར་དུ་སྒྲུབ་ཚུལ་གྱི་དཀར་ཆག་ཉིན་མོའི་སྣང་བ་ཞེ་ཆེན་པ་འདི་ཡང་ལུང་ཐོབ་ཀྱང་བརྒྱུད་རིམ་མ་ཤེས། མཆན། པདྨ་རྣམ་དག་གིས་མཛད་པ་བཅས། ཇ༽ ཉ༽ པ་ལ་དགོངས་གཏེར་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་པོད་གཉིས་དང༌། ཏ༽ པ་ལ་ཡུལ་ལྷོ་བརྒྱུད་དུ་བྱུང་བའི་རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་པར་ཐར་པ་ལེགས་བྱས་ཡོངས་འདུའི་སྙེ་མ། སྒྲུབ་པ་ནན་ཏན་དང་འབྲེལ་བའི་སྐབས་གཉིས་པ། བྱ་བ་ལས་ཀྱི་འཁོར་ལོ་དང་འབྲེལ་བའི་སྐབས་གསུམ་པ་འཕྲོས་དབོན་པོ་འོད་ཟེར་ཕྲིན་ལས་ནས་མཛད་པ། དོན་གྱི་རྣམ་ཐར་དོ་ཧའི་རྒྱན་ཅེས་མདོར་ན་བཀའ་འབུམ་སྤར་འཁོད་ཡོངས་རྫོགས་ཀུན་མཁྱེན་བླ་མ་རིག་འཛིན་འཇིགས་མེད་གླིང་པ་པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེ། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། འཇིགས་མེད་ཆོས་གྲགས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་དམ་ཆོས་འོད་ཟེར་རམ་པདྨ་བཛྲ། ཀུན་མཁྱེན་མཆོག་གི་སྤྲུལ་པའི་སྐུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཁས་གྲུབ་ཀྱི་དབང་ཕྱུག་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ། འཇམ་མགོན་མཆོག་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་བློ་གྲོས། མཁན་ཆེན་བློ་གྲོས་རབ་གསལ། མཁན་པོ་བསྟན་འཛིན་ཆོས་འཕེལ་ལས་བཀའ་དྲིན་དུ་ཐོབ་པའོ། །ཤིན་ཏུ་ཞི་བའི་ནགས་ཀྱི་སྨན་ལྗོངས་སུ། །ནང་གི་ཡེ་ཤེས་གཟིགས་པའི་ཏིང་འཛིན་གྱིས། །ཆོས་རབ་རྣམ་འབྱེད་གཟུངས་དང་སྤོབས་པའི་སྒོའི། །ངོ་མཚར་གསང་མཛོད་ཅི་དགར་དགྱེས་འདི་རྨད། །ཚེ་རབས་ཀུན་ཏུ་བློ་གྲོས་འཇུག་པའི་སྒོ། །ཐོས་བསམ་སྒོམ་པ་སྙིང་པོ་བླང་བ་ཡིས། །ཚེ་འདིའི་འདུན་མ་ཅི་དགའ་བོར་ནུས་པས། །བསྟན་པའི་སྙིང་པོ་བཤད་སྒྲུབ་འཛིན་གྱུར་ཅིག ། ༈ ཀུན་མཁྱེན་ངག་གི་དབང་པོ་དྲི་མེད་འོད་ཟེར་ལ་སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱིས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པའི་དགོངས་བཅུད་རྡོ་རྗེའི་ཟབ་དོན་ཚིག་གི་ལམ་དུ་བཀྲལ་བའི་རྫོགས་པ་ཆེན་པོ་མཁའ་འགྲོ་ཡང་ཏིག་གི་སྨིན་བྱེད་ཆེན་པོ་རིན་ཆེན་དབང་གི་ཕྲེང་བ་ལྟར་སྤྲོས་བཅས་བུམ་དབང༌། གསང་དབང༌། ཤེས་རབ་ཡེ་ཤེས་ཀྱི་དབང༌། ཚིག་དབང༌། ཁྲེགས་ཆོད་རིག་པའི་རྩལ་དབང༌། ཐོད་རྒལ་རིག་པའི་རྩལ་དབང་སྒྲོན་མ་བཞིའི་ངོ་སྤྲོད་དང་བཅས་པ། བཏགས་གྲོལ་གྱི་དབང༌། མཁའ་འགྲོའི་དོན་དབང༌། བཀའ་སྲུང་གཏོར་མ་ལ་བརྟེན་པའི་འགྲོ་དོན་གཏད་རྒྱ་བཅས་པའི་སྨིན་བྱེད་དང༌། ཁྲིད་ཡིག་རིན་ཆེན་གསེར་ཕྲེང༌། ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་གི་ཁྲིད་བཅས་སྐལ་བཟང་དུ་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། རྒྱལ་བ་རིགས་ལྔ། རྡོ་རྗེ་འཆང༌། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིང་ཧ། པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང༌། ཡེ་ཤེས་མཚོ་རྒྱལ། ལྷ་ལྕམ་པདྨ་གསལ། གཏེར་སྟོན་པདྨ་ལས་འབྲེལ་རྩལ། ཤྭ་རྒྱལ་སྲས་ལེགས་པ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། མཁས་གྲུབ་བདེ་ལེགས་རྒྱ་མཚོ། ཡོན་ཏན་དཔལ་བ། སངས་རྒྱས་རིན་ཆེན། སངས་རྒྱས་རྒྱལ་མཚན། རྫ་བིག་པ་ཚུལ་རྒྱལ། རྩེ་ལེ་བསོད་ནམས་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན། ཀརྨ་གུ་རུ། ཀུན་བཟང་དཔལ་འབྱོར། མདོ་སྔགས་བསྟན་འཛིན། གསང་བདག་ཕྲིན་ལས་ལྷུན་གྲུབ། ཨོ་རྒྱན་གཏེར་བདག་གླིང་པ། འགྱུར་མེད་རིན་ཆེན་རྣམ་རྒྱལ། འགྱུར་མེད་པདྨ་བསྟན་འཛིན། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། པདྨ་བསྟན་སྐྱོང་འགྱུར་མེད། དཔའ་བོ་གཙུག་ལག་ཆོས་རྒྱལ། ཨོ་རྒྱན་ཆོས་འཕེལ། ཀརྨ་འཕེལ་རྒྱས། ཀརྨ་གཞན་ཕན་བསྟན་པ་དར་རྒྱས། འཇམ་མགོན་རྡོ་རྗེ་འཆང་པདྨ་གར་དབང༌། རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་ལས་བཀའ་དྲིན་དུ་ཐོབ་པའོ། །ཡང་ན་སྨིན་གླིང་གཏེར་ཆེན་རིན་པོ་ཆེ་ནས། རྗེ་བཙུན་མི་འགྱུར་དཔལ་སྒྲོན། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཀུན་གཟིགས་མཁྱེན་བརྩེའི་དབང་པོ། འཇམ་མགོན་པདྨ་གར་དབང༌། རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ། འཇམ་མགོན་ཆོས་ཀྱི་བློ་གྲོས་གཉིས་ཀ་ལས་བཀའ་དྲིན་ཐོབ། འཇམ་མགོན་ལས་ཡང་ན་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་ལས་དྷརྨ་མ་ཏིས་གསན་པའོ། *** incomplete །འདིས་མི་འགྱུར་ནམ་མཁའི་རྡོ་རྗེ་ལས་གསན། རྒྱ་རོང་ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ། མཁན་ཆེན་ཀུན་བཟང་དཔལ་ལྡན་ཆོས་གྲགས། རྡོ་གྲུབ་ཐུབ་བསྟན་ཕྲིན་ལས་དཔལ་བཟང་དང༌། ཨ་འཛོམ་དེའི་ཡབ་འབྲུག་པ་སྣ་ཚོགས་རང་གྲོལ་ལས་གསན་ངེས། བརྒྱུད་རིམ་ཞིབ་པར་མ་ཤེས། མཆན། རྒྱལ་སྲས་འགྱུར་མེད་རྡོ་རྗེ་གཉིས་ཀ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་གསན་པའོ། ༈ གསུམ་པ་ལུང་གི་སྐོར་ལ། ༈ ཐེམ་བྱང་རིན་ཆེན་ལྗོན་ཤིང༌། ༈ གཏེར་འབྱུང་རིན་པོ་ཆེའི་ལོ་རྒྱུས་ཞེས་བྱ་བ་དང༌། རིན་ཆེན་ཤོག་སྐྱའི་སྐོར། ༈ རིན་པོ་ཆེ་དབང་གི་ཕྲེང་བ། རིན་ཆེན་ཤོག་སྐྱའི་སྐོར། ༈ བདག་འཇུག་པདྨ་ཀློང་ཡངས། རིན་ཆེན་ཤོག་སྐྱའི་སྐོར། ༈ ཚོགས་མཆོད་རྒྱ་མཚོའི་སྤྲིན། ཤོག་སྐྱའི་སྐོར། ༈ ཕྱག་འཚལ་དྲི་མེད་ཟླ་རྒྱས། ཤོག་སྐྱའི་སྐོར། ༈ གསོལ་འདེབས་བདུད་རྩིའི་ཆུ་རྒྱུན། ཤོག་སྐྱའི་སྐོར། ༈ ཁྲིད་ཡིག་ནོར་བུ་ལུགས། རིན་ཆེན་ཤོག་སྐྱ། ༈ ཁྲིད་ཡིག་ཉི་ཟླ་གཟའ་སྐར། ཤོག་སྐྱ། ༈ ཟབ་མོ་རབ་འབྱེད་དང༌། ཚོགས་བསགས་བཅས། ཤོག་སྐྱའི་སྐོར། ༈ ཁྲིད་ཡིག་རིན་པོ་ཆེ་གསེར་གྱི་ཕྲེང་བ། ཤོག་སྐོར། ༈ ནམ་མཁའ་སྐོར་གསུམ་ལས། ནམ་མཁའ་རབ་འབྱམས། ཤོག་སྐྱའི་སྐོར། ༈ ནམ་མཁའ་ཀློང་ཡངས། ཤོག་སྐྱ། ༈ ནམ་མཁའ་དྲི་མེད། ཤོག་སྐྱ། ༈ མན་ངག་རིན་པོ་ཆེ་གསེར་གྱི་སྒྲོམ་བུ། ཤོག་སྐྱ། ༈ ཚིག་དོན་རིན་པོ་ཆེའི་བང་མཛོད། ཤོག་སྐྱའི་སྐོར། ༈ ཟབ་དོན་རྒྱ་མཚོའི་སྤྲིན། ཤོག་སྐྱའི་སྐོར། ༈ མཁའ་འགྲོ་སྙིང་ཐིག་གི་མན་ངག་ཟབ་དོན་རྒྱ་མཚོའི་ཁོག་དབུབ་ས་བཅད་བསྡུས་དོན་དོན་གསལ་ཉི་མའི་འོད་ཟེར། ཤོག་སྐྱའི་སྐོར། ༈ གསང་སྤྱོད་རྡོ་རྗེ་ལམ་བསྟན། ཤོག་སེར་སྐོར། ༈ ངེས་དོན་སྙིང་པོ་ཞེས་བྱ་བ། ཤོག་སྐྱ། ༈ བྱིན་རླབས་ཐུགས་སྒྲུབ་ཅེས་བྱ་བ། ཤོག་སེར་སྐོར། ༈ རིག་འཛིན་མཆོག་སྒྲུབ། ཤོག་སེར་སྐོར། ༈ མཁའ་འགྲོ་བདེ་ཆེན་རྒྱ་མཚོ། ཤོག་སེར་སྐོར། ༈ བསྐྱེད་རིམ་ཡིད་བཞིན་ནོར་བུ། ཤོག་སེར་སྐོར། ༈ རླུང་སྦྱོར་ཡེ་ཤེས་དྲ་བ། ཤོག་སེར་སྐོར། ༈ ཟབ་ལམ་བདེ་ཆེན་རྒྱ་མཚོ། ཤོག་སེར་སྐོར། ༈ འོད་གསལ་འཁོར་ལོ། ཤོག་སེར་སྐོར། ༈ གཞི་སྣང་ངོ་སྤྲོད། ཤོག་སེར་སྐོར། ༈ འོད་གསལ་སྦུབས་འཇུག །སྒྲོན་མ་བཞི་སྐོར། ཤོག་སེར་སྐོར། ༈ འཁྲུལ་སྣང་གཞི་ཐོག་ཞེས་བྱ་བ། ཤོག་སེར་སྐོར། ༈ རྨི་ལམ་སྦུབས་འཇུག་ཅེས་བྱ་བ། ཤོག་སེར་སྐོར། ༈ དབྱིངས་སྣང་ངོ་སྤྲོད་ཅེས་བྱ་བ། ཤོག་སེར་སྐོར། ༈ ཟབ་མོ་གནད་ཡིག །ཤོག་སེར། ༈ འོད་གསལ་པྲ་ཁྲིད། ཤོག་སེར། ༈ གསང་ལམ་རིན་པོ་ཆེའི་ངོ་སྤྲོད། ཤོག་སེར། ༈ ཟབ་དོན་སྙིང་པོ་ཞེས་བྱ། ཤོག་སེར། ༈ ཀུན་འདུས་རིན་པོ་ཆེའི་ངོ་སྤྲོད། ཤོག་སེར། ༈ བར་དོ་སྦུབས་འཇུག ཤོག་སེར། ༈ བར་དོ་གནད་ཀྱི་སྒྲོན་མེ། ཤོག་སེར་སྐོར། ༈ གནད་གསུམ་སྒྲོན་མེ་ཞེས་བྱ་བ། ཤོག་སེར་སྐོར། ༈ མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲ་བ། ཤོག་སེར། ༈ ཞལ་ཆེམས་དྲི་མ་མེད་པའི་འོད་ཅེས་པ། ཤོག་སེར། ༈ ཞལ་ཆེམས་མཐར་ཐུག་གཅིག་མ། ཤོག་སེར། ༈ ཞལ་ཆེམས་གནད་ཀྱི་མེ་ལོང༌། ཤོག་སེར་སྐོར། ༈ བདེ་གཤེགས་རིགས་ལྔའི་སྒྲུབ་ཐབས་པདྨ་སྟོང་ལྡན། རིན་ཆེན་ཤོག་འདྲའི་སྐོར། ༈ རིགས་ལྔའི་བཅུད་ལེན་བདུད་རྩི་ཐིགས་པ། ཤོག་འདྲའི་སྐོར། ༈ བདུད་རྩི་སྤྲིན་ཕུང་ཞེས་བྱ་བ། ཤོག་འདྲའི་སྐོར། ༈ འཆི་བ་བརྟག་བསླུའི་མན་ངག་ཉི་ཟླ་གཟའ་བྲལ། ཤོག་འདྲའི་སྐོར། ༈ བཏགས་གྲོལ་རྒྱུད་ཀྱི་མན་ངག་རིན་ཆེན་སྙིང་པོ། ཤོག་འདྲའི་སྐོར། ༈ སྲེག་སྦྱོང་འོད་ཀྱི་སྙེ་མ། ཤོག་སྐྱའི་སྐོར། ༈ | ཀ་དག་ཀློངྃ་ཆེྃན་ཆོས་དབྱིངས་ཀུན་ཁྱབ་ཡེ་ཤེས་རབ་འབྱམས་འཆི་མེད་ལམ། །འོད་གསལ་རྡོྃ་རྗེྃའི་སྐུ་དང་ཞིང་གི་གཟིྃ་བརྗིྃད་རབ་འབར་རིགས་ལྔའི་སྤྲིན། །དྲིྃ་མེྃད་མཁྱེན་བརྩེའི་འོྃད་ཟེྃར་འབུམ་གྱིས་མཁའ་ཁྱབ་འགྲོ་སྒྲོལ་ཤིང་རྟ་ཆེ། །ཆོས་ཀྱི་རྒྱལ་པོ་ཀུནྃ་མཁྱེནྃ་རྒྱལ་བ་གཉིས་པའི་ཞབས་སེན་ཚངས་གནས་མཆོད། །ཁྱོད་ཐུགས་ཀློངྃ་གསྃལ་དྲིྃ་མེྃད་རིག་པའི་ཁམས། །ངྃག་གིྃདབྃང་པོྃས་ཟབ་རྒྱས་ཆོས་ཀྱི་སྒོ། །ཀུན་གྱི་ཡང་སྙིང་ལུང་རྟོགས་བསམ་ཡས་དབྱིག །སྐལ་བཟང་དཔལ་དུ་ཐོབ་པའི་གླིང་བུ་ལེན། །དེ་ཡང་མདོ་སྔགས་བསྟན་པ་ཡོངས་རྫོགས་ཀྱི་ཟབ་གནད་དགོངས་པའི་ཞེ་ཕུག་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་ཚང་ལ་མ་ནོར་བར་བཅུད་དུ་དྲིལ་བས་མཐར་ཐུག་ཐེག་པའི་རྩེ་རྒྱལ་དུ་ངལ་འཚོ་བའི་འཆོས་སྐྱོབ་ཡོན་ཏན་གཉིས་ལྡན་གྱི་ལེགས་བཤད་སེང་གེའི་ང་རོ་སྒྲོག་པ་ལ་འཕགས་བོད་གཉིས་སུ་འགྲན་ཟླ་དང་བྲལ་བས་འཛམ་གླིང་རྒྱན་དྲུག་གི་རྣམ་དཔྱོད་སྤོབས་པའི་རོལ་སྒེག་གཅིག་ཏུ་འཁྱིལ་བའི་བདག་ཉིད་ཆེན་པོ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱིས་རྗེས་འཇུག་གི་སྐལ་བཟང་རྣམས་ཀྱི་བགོ་སྐལ་དུ་རྟོགས་པ་ཆོས་སྐུའི་མཆོད་སྡོང་ཡི་གེ་སྤྲིན་གྱི་གླེགས་བམ་དུ་སྣང་བར་མཛད་པ་མཐའ་ཡས་པ་ཞིག་བཞུགས་པ་ལས། དེང་དུས་ཐུན་མོང་གི་གདུལ་བྱའི་སྤྱོད་ཡུལ་དུ་ཇི་ལྟར་ཡོད་པ་དག་ཐོས་བསམ་གྱིས་སྐལ་པ་སྦོམ་པོའི་འབྲས་བུ་ཡོངས་སུ་སྨིན་པའི་ཚུལ་ལ། ཟབ་པ་དང་རྒྱ་ཆེ་བའི་སྡེ་ཚན་གཉིས་སུ་བཞུགས་པ་ལས། དང་པོ་ཟབ་པའི་སྐོར་ལ། འོད་གསལ་ཐེག་རྩེའི་སྙིང་ཐིག་ཆེན་པོའི་བི་མ་དང༌། པད་འབྱུང་གི་བཀའ་སྲོལ་རྣམ་པ་གཉིས་སུ་བཞུགས་པ་ལས། དང་པོ་རྫོགས་པ་ཆེན་པོ་ཟབ་པ་སྐོར་བཞི་དང༌། མན་ངག་བརྒྱ་དང་བཅུ་དགུ་པའི་ཉམས་ལེན་གནད་དུ་བརྡེག་པ་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ་ཆེན་པོ། ཉང་ཏིང་འཛིན་བཟང་པོ་དང༌། མངའ་བདག་ཆོས་ཀྱི་རྒྱལ་པོ་སོགས་ལ་གསུངས་ཏེ་གཏེར་དུ་སྦས་པ་གཏེར་སྟོན་ལྡང་མ་ལྷུན་རྒྱལ་དང༌། ལྕེ་བཙུན་སེང་གེ་དབང་ཕྱུག་གིས་བཏོན་ནས་བོད་ཡུལ་ཆོས་ཀྱི་བགོ་སྐལ་གྱི་སྙིང་པོའི་དབྱིག་ཏུ་སྣང་བར་མཛད་པ་བི་མ་སྙིང་ཐིག་ལ་མ་བུ་གཉིས་ལས། དང་པོ་ལའང་སྨིན་བྱེད་ཀྱི་དབང་དང༌། རྒྱབ་བརྟེན་ལུང་གི་སྐོར་གཉིས་ལས། དང་པོ་སྨིན་བྱེད་དབང་ལའང་བཞི་ལས། ཐོག་མར་སྤྲོས་བཅས་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པ་དང༌། སྤྲོས་མེད་བུམ་པ་བསྣོལ་མའི་དཀྱིལ་འཁོར་ལ་བརྟེན་པ་དང༌། ཤིན་ཏུ་སྤྲོས་མེད་འོད་ལྔའི་ཐིག་ལེ་ལ་བརྟེན་པ་དང༌། རབ་ཏུ་སྤྲོས་མེད་ལྔ་ཚན་ལྔའི་མཎྜལ་ལ་བརྟེན་པ་བཞི་སྤྲོས་བཅས་ཀྱི་དབང་གི་ལག་ལེན་ཁྲིགས་སུ་བསྡེབས་པ་ལྕེ་བཙུན་གྱིས་མཛད་པ་དང༌། ཕྱི་མ་གསུམ་རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་དབང་ཆོག་གི་སྟེང་ནས་ཐོབ་པའི་སྐལ་བཟང་ཉམས་སུ་མྱོང་བ་དང༌། འདིའི་བརྒྱུད་པ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་བར་འོག་ཏུ་བཀོད་པ་ལྟར་ལ། ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་ནས་བྱ་བྲལ་ཆོས་རྗེ། གཞན་ཕན་རྡོ་རྗེ། ནམ་མཁའི་མཚན་ཅན། འོད་གསལ་ཀློང་ཡངས། བསོད་ནམས་རིན་ཆེན། ངག་དབང་པདྨ། བསོད་ནམས་དབང་པོ། ཀུན་བཟང་རྣམ་རྒྱལ། ཡེ་ཤེས་ཕུན་ཚོགས། ཀརྨ་དབང་འབྱོར། རྣམ་གྲོལ་རྒྱལ་མཚན། རིག་འཛིན་ཚེ་དབང་ནོར་བུ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། མཁན་ཨཽ་ཌི་ཡཱ་ན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། གཞན་ཕན་མཐའ་ཡས། མཆོག་སྤྲུལ་ཐུབ་བསྟན་རྒྱལ་མཚན། འཇམ་མགོན་བློ་གྲོས་མཐའ་ཡས། གདོད་མའི་མགོན་པོ་འགྱུར་མེད་པདྨ་རྣམ་རྒྱལ་ལས་བཀའ་དྲིན་གྱིས་རྗེས་སུ་སྐྱོངས་པའོ། ༈ ཡང་ན་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་བར་འོག་གི་བརྒྱུད་རིམ་ལྟར་ལ། དེ་ལས་ཁྲི་ཆེན་པདྨ་བསྟན་འཛིན། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། པདྨ་བསྟན་སྐྱོང་འགྱུར་མེད། དཔའ་བོ་གཙུག་ལག་ཆོས་རྒྱལ། རྫོགས་ཆེན་པ་ཨོ་རྒྱན་ཆོས་འཕེལ། རྟོགས་ལྡན་ཀརྨ་འཕེལ་རྒྱས། སྤྲུལ་སྐུ་གཞན་ཕན་བསྟན་པ་དར་རྒྱས། འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས། གདོད་མའི་མགོན་པོ་འགྱུར་མེད་པདྨ་རྣམ་རྒྱལ་ལས་བཀའ་དྲིན་ཐོབ་པའོ། །ཀུན་གཟིགས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་བཀའ་དྲིན་ཐོབ་པའི་བརྒྱུད་རིམ་འོག་ཏུ་གསལ། ༈ གཉིས་པ་ལུང་གི་སྐོར་ལ། རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་མན་ངག་ཟབ་པ་པོད་བཞིའི་ཁ་བྱང་ཉི་མས་བརྒྱན་པ། ༈ ཤོག་ཚད་ངེས་པའི་ཁ་བྱང་སྒྲོན་མེ་རང་གསལ། ༈ གསེར་ཡིག་ཅན། བསྟན་པ་བུ་གཅིག་གི་རྒྱུད་གསེར་གྱི་སྙིང་པོའི་ཉི་མ་རབ་ཏུ་སྣང་བྱེད། ༈ གསེར་ཡིག་ཅན། ཨོཾ་ཨཱཿཧཱུྃ། ཨོཾ་མཱུྃ་ལྃ་པྱྃ་ཏཱྃ༔ ཨཱོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ བཏགས་པས་གྲོལ་བར་བསྟན་པ་བུ་གཅིག་གི་གསང་འགྲེལ་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ། ༈ གསེར་ཡིག་ཅན། རྡོ་རྗེ་འཆང་གིས་གསུངས་མཆོད་འོས་རང་བཞིན་གྱི་ཚིག་དུས་གནད་ངེས་པ། ༈ སངས་རྒྱས་ཀྱི་འདས་རྗེས་གསུམ། ༈ གསེར་ཡིག་ཅན། སངས་རྒྱས་ཀྱི་འདས་རྗེས་གསུམ་ལས། དང་པོ་དགའ་ལྡན་ནས་བབས་པ་མན་ངག་རྣམས་ཀྱི་རྩ་བ། ༈ གཉིས་པ་གསང་ཆེན་རོལ་པའི་དུར་ཁྲོད་དུ་བབས་པ་དང་པོ་འགྲེལ་བའི་ཚུལ། ༈ ཟངས་ཡིག་ཅན། གསུམ་པ་བྱ་རྒོད་སྤུངས་རིར་བབས་པ་གཉིས་པའི་ཊཱི་ཀ་སྟེ་འདས་རྗེས་གསུམ། ༈ གསེར་ཡིག་ཅན། རིག་འཛིན་གྱི་འདས་རྗེས་བཞི་ཞར་བྱུང་དང་བཅས་པ། ༈ གསེར་ཡིག་ཅན། མཁས་པ་བི་མ་ལའི་ཞལ་ཆེམས། ༈ རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་མན་ངག་རིན་པོ་ཆེ་ཟངས་ཡིག་ཅན། ༈ རིན་པོ་ཆེ་རླུང་གི་པྲ་ཁྲིད། ༈ གསང་བའི་ཡི་གེ་མ་རུའི་ཡང་ཏིག ༈ མན་ངག་མདོ་བྱང་བསྡུས་པའི་སྒྲོན་མ། ༈ དམིགས་གཏད་གསལ་བའི་སྒྲོན་མེ། ༈ གསང་བ་ཆེན་པོའི་ཚད་ཀྱི་ཡི་གེ ༈ གསང་བ་ཆེན་པོའི་རྟགས་ཀྱི་ཡི་གེ ༈ མངོན་སུམ་སྙིང་ཐིག་གསང་བའི་ཡི་གེ་དམར**?above ma ru་རུའི་རྒྱབ་ཡིག ༈ ཟངས་ཡིག་ཅན་གྱི་སྣང་བྱེད་སྒྲོན་མ། ༈ གསང་བ་བླ་མེད་སྒྲོན་མ་དགུ་སྐོར་གྱི་གདམས་པ། ༈ ཡང་སྙིང་བཅུད་ཀྱི་དུམ་བུ། ༈ ཡང་སྙིང་འཕྲུལ་གྱི་དུམ་བུ། ༈ དུང་དུང་ཡིག་ཅན་རྒྱུད་ཀྱི་ཁོང་དོན་བསྡུས་པ་སྒྲོན་མ་སྣང་བྱེད་ཅེས་བྱ་བ། ༈ དུང་ཡིག་ཅན་གྱི་རྒྱབ་ཡིག་སྟེ་གནད་ཀྱི་ཡི་གེ ༈ དུང་ཡིག་ཅན་གྱི་རྒྱུད་ཀྱི་ཁོང་སྙིང་བསྡེབས་པ་ཞེས་བྱ་བ། ༈ གཡུ་ཡིག་ཅན་པོ་ཏི་སྨུག་ཆུང་གི་སྐོར་རྣམས། ༈ མན་ངག་ངེས་པའི་ཁ་བྱང་མིང་རྣམ་པར་བཀོད་པ་ཞེས་བྱ་བ། ༈ མན་ངག་དུམ་ཁྲིགས་དུམ་བུ་བདུན་ཅུ་རྩ་བཞི་པ། ༈ ཁྱུང་ཆེན་མཁའ་ལྡིང་ཞེས་བྱ་བ། ཁྲེགས་ཆོད་ཀྱི་ཡི་གེ ༈ སེམས་ཀྱི་དམིགས་དྲུག་གི་རྣམ་པར་བཤད་པ་ཞེས་བྱ་བ། ༈ སྤྲོས་མེད་དབང་གི་ཏི་ཀ ༈ ཤིན་ཏུ་སྤྲོས་མེད་ཀྱི་དབང་འཁོར་འདས་རུ་ཤན་དབྱེ་བའི་ལག་ལེན་པྲ་ཁྲིད། ༈ ཤིན་ཏུ་སྤྲོས་པ་མེད་པའི་དབང་གི་པྲ་ཏིག ༈ རབ་ཏུ་སྤྲོས་པ་མེད་པའི་དབང༌། ༈ ཟངས་ཡིག་ཅན་གྱི་དབང་བཞིའི་རིམ་པ་སྟོན་པའི་གནད། ༈ སྤྲོས་མེད་ཀྱི་དབང་ཆོག །༈ དམ་ཚིག་རབ་འབྱེད་ཅེས་བྱ་བ། ༈ རྫོགས་པ་ཆེན་པོ་སྙིང་ཏིག་གི་ལོ་རྒྱུས་ཆེན་མོ། ༈ ལོ་རྒྱུས་ཆེན་མོའི་སྨད་ཆ། གནས་འབྱེད་བདུན་པ། ༈ སངས་རྒྱས་ཀྱི་འདས་རྗེས་གསུམ་གྱི་རྒྱུད་ཅེས་བྱ་བ། ༈ རང་གནས་ཆེན་པོ་རྒྱ་མཚོ་ཨར་ལ་གཏད་པ་ཞེས་བྱ་བ། ༈ རྒྱ་མཚོ་ཨར་ལ་གཏད་པའི་མན་ངག་སྣང་བ་གལ་མདོ། ༈ བདུད་རྩི་སྙིང་གི་ཐིག་པ་ཞེས་བྱ་བ། ༈ རིག་པའི་གནད་དོན་ལྟ་བ་ཞེས་བྱ་བ། ༈ ཐོད་རྒལ་གྱི་བོགས་འདོན་ཨར་གཏད་ཀྱི་གདམས་པ་སྙིང་གི་ཡང་ཞུན་ཞེས་བྱ་བ། ༈ སྨུག་ནག་ཁྲོས་མ་རག་གདོང་མའི་དུས་གནད་ངེས་པ། ༈ ཟབ་པ་པོད་བཞིའི་ངོ་བོ་ཉིད་ཀྱིས་དེབ། ༈ མན་ངག་བརྒྱ་བཅུ་དགུའི་ཐེམ་བྱང༌། ༈ སྤྲོས་བཅས་དབང་གི་ཕྱག་བཞེས་དང་པོའི་དཔེ་ལས་ལག་ལེན་ཁྲིགས་སུ་སྡེབས་པ་ལྕེ་བཙུན་སེང་གེ་དབང་ཕྱུག་གིས་མཛད་པ། ༈ སྤྲོས་པ་མེད་པའི་དབང་བསྐུར་བ་རིན་པོ་ཆེའི་བཀོད་པ་ཞེས་བྱ་བ། ༈ སྤྲོས་མེད་དབང་བསྐུར་རིན་ཆེན་བཀོད་པའི་གནད་ཀྱི་ཡི་གེ་དམ་པ། ༈ སྤྲོས་མེད་དབང་གི་བུམ་ཐིག་དང་དག་པ་སྦྱར་བ། ༈ ཤིན་ཏུ་སྤྲོས་པ་མེད་པའི་སྐལ་ལྡན་གྱི་དབང༌། ༈ སྤྲོས་མེད་དབང་གི་ཏི་ཀ ༈ རྫོགས་པ་ཆེན་པོ་སྙིང་ཐིག་སྤྲོས་བཅས་ཀྱི་དབང་གི་ལག་ཁྲིགས་ལྕེ་བཙུན་གྱིས་མཛད་པ། ༈ རྫོགས་པ་ཆེན་པོའི་དབང་གསུམ་པོ་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པ། ༈ ཤིན་ཏུ་སྤྲོས་མེད་ཀྱི་དབང༌། ༈ རབ་ཏུ་སྤྲོས་མེད་ཀྱི་དབང༌། ༈ དབང་བཞིའི་དུས་དང་མཚན་མ་བསྟན་པའི་ཕྲ་ཊིཀ ༈ ཉམས་ལེན་ལག་ཁྲིགས་མའི་ཁྲིད་ངོ་མཚར་ཅན། ༈ གཅུད་ཕུར་གསུམ་གྱི་རྒྱབ་ཡིག་གསང་བའི་མན་ངག ༈ གཅུད་ཕུར་གསུམ་གྱི་རྒྱབ་ཡིག་གནད་བསྡུས་སྒྲོན་མེ་བི་མས་མཛད་པ། ༈ བསམ་གཏན་མིག་གི་སྒྲོན་མ། ༈ རྟེན་འབྲེལ་བསྡུས་པའི་སྒྲོན་མ། ༈ བི་མ་སྙིང་ཐིག་གི་སྤྲོས་མེད་དབང་དཀྱིལ་དང༌། ༈ སྤྲོས་བཅས་འབྲི་ཚུལ་སོགས། ༈ བླ་མའི་རིམ་པ་ཚིག་དོན་བཅུ་པ་ཞེས་བྱ་བ། ༈ ཚིག་དོན་བཅུ་གཅིག་པ་ཞེས་བྱ་བ། ༈ བླ་མ་རྒྱལ་བ་ཞང་ཆེན་པོའི་རྣམ་པར་ཐར་པ། ༈ ཞང་ཉི་མ་འབུམ་གྱི་རྣམ་ཐར། ༈ ཆོས་བདག་གུ་རུ་ཇོ་འབེར་གྱི་རྣམ་ཐར། ༈ འཁྲུལ་ཞིག་སེང་གེ་རྒྱབ་པའི་རྣམ་ཐར། ༈ གྲུབ་ཐོབ་མེ་ལོང་རྡོ་རྗེའི་རྣམ་ཐར་དྲི་ལོག་མ། ༈ རིག་འཛིན་ཆེན་པོ་ཀུ་མ་ར་ཛཱའི་རྣམ་ཐར་ལོ་རྒྱུས་དང་བཅས་པ། ༈ ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་མཐོང་བ་དོན་ལྡན། ༈ རིན་པོ་ཆེ་འོད་གསལ་རང་གྲོལ་གྱི་རྣམ་པར་ཐར་པ་ཞེས་བྱ་བ། ༈ འཁྲུལ་ཞིག་སངས་རྒྱས་དབོན་པོའི་རྣམ་ཐར་ཉིད་ཀྱིས་མཛད་པ་ནོར་བུའི་གསལ་བྱེད་ཅེས་བྱ་བ། ༈ ཆོས་ཀྱི་རྗེ་མཚུངས་མེད་གྲགས་པ་རྒྱ་མཚོའི་རྣམ་ཐར་མེ་ཏོག་གི་ཕྲེང་བ་ཞེས་བྱ་བ། ༈ སྙིང་ཐིག་མ་བུའི་བླ་མ་བརྒྱུད་པའི་རྣམ་ཐར་ཁ་སྐོང་ངེས་ཤེས་འདྲེན་པའི་ལྕགས་ཀྱུ་སྨིན་གླིང་གཏེར་ཆེན་རིན་པོ་ཆེས་མཛད་པའི་ལུང་ཐོབ་པའི་བརྒྱུད་པ་ནི་གཏེར་ཆེན་བཀའ་འབུམ་ལྟར་རོ། ༈ དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། རྒྱལ་བ་ཞི་ཁྲོ་རབ་འབྱམས། བདེ་གཤེགས་རྡོ་རྗེ་འཆང་ཆེན། རྡོ་རྗེ་སེམས་དཔའ། ལག་ན་རྡོ་རྗེ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། ཛྙཱ་ན་སཱུ་ཏྲ། བི་མ་མི་ཏྲ། དུས་གསུམ་ཀུན་མཁྱེན་པདྨཱ་ཀ་ར། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ཏིང་འཛིན་བཟང་པོ། ལྡང་མ་ལྷུན་རྒྱལ། སེང་གེ་དབང་ཕྱུག །རྒྱལ་བ་ཞང་སྟོན། མཁས་པ་ཉི་འབུམ། གུ་རུ་ཇོ་འབེར། སེང་གེ་རྒྱབ་བ། མེ་ལོང་རྡོ་རྗེ། ཀུ་མ་རཱ་ཛ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ། འཇམ་དབྱངས་གྲགས་པ་འོད་ཟེར། འཁྲུལ་ཞིག་སངས་རྒྱས་དབོན་པོ། ཀུན་མཁྱེན་ཟླ་བ་གྲགས་པ། གྲུབ་ཆེན་ཀུན་བཟང་རྡོ་རྗེ། སྤྲུལ་སྐུ་རྒྱལ་མཚན་དཔལ་བཟང༌། མཚུངས་མེད་སྣ་ཚོགས་རང་གྲོལ། གསུང་སྤྲུལ་བསྟན་འཛིན་གྲགས་པ། ཀུན་མཁྱེན་མདོ་སྔགས་བསྟན་འཛིན། ཁྱབ་བདག་ཕྲིན་ལས་ལྷུན་གྲུབ། ཨོ་རྒྱན་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་རྒྱན་བསྟན་འཛིན། མི་འགྱུར་ནམ་མཁའི་རྡོ་རྗེ། ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ། ཐེག་མཆོག་བསྟན་པའི་མངའ་བདག་གྲུབ་དབང་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། རྒྱལ་སྲས་མཁས་པའི་ཁྱུ་མཆོག་ཀུན་ཏུ་བཟང་པོ། པཎ་ཆེན་བི་མ་དངོས་སྣང་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་ལས་བཀའ་དྲིན་ཐོབ་པ་སྟེ། བརྒྱུད་པ་འདི་ལ་བི་མའི་སྤྲུལ་པ་བར་མ་ཆད་པ་ངོ་མཚར་གཙིགས་སུ་ཆེ་བར་མཛད་དོ། །ཉེ་བརྒྱུད་ལྟར་ན་ཀུན་མཁྱེན་ཀློང་ཆེན་དངོས་ལས། རིག་འཛིན་འཇིགས་མེད་གླིང་པ། རྡོ་གྲུབ་ཀུན་བཟང་གཞན་ཕན། མི་འགྱུར་ནམ་མཁའི་རྡོ་རྗེ་མན་ཆད་སྔ་མ་ལྟར་རོ། །གྲུབ་དབང་རྫོགས་ཆེན་ལྔ་པས་དག་པའི་སྣང་ཆར་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་ལས་གསན་ཚུལ་རྣམ་ཐར་དུ་གསལ། ༈ གཉིས་པ་བི་མ་སྙིང་ཐིག་གི་མན་ངག་བརྒྱ་དང་བཅུ་དགུའི་ཟབ་དོན་གནད་དུ་བརྡེག་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་རྟོགས་པ་ཆོས་སྐུའི་མཆོད་སྡོང་ཆེན་པོའི་འདྲ་འབག་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་སྐོར་སྨིན་གྲོལ་ཡོངས་རྫོགས་ཀྱི་སྐལ་བཟང་གི་དཔལ་དུ་ཇི་ལྟར་ཐོབ་པའི་ཚུལ་ལའང་གསུམ། དང་པོ་སྨིན་བྱེད་ཀྱི་དབང་ལ། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་བཞིའི་དབང་གིས་རིམ་གྱིས་སྨིན་པ་སྔོན་དུ་འགྲོ་བས། གཉིས་པ། གྲོལ་བྱེད་ཁྲིད་ཀྱི་རིམ་པ་ལ། སྔོན་འགྲོ་སེམས་སྦྱོང་བདུན། དངོས་གཞི་འོད་གསལ་སྙིང་པོ། ཁྲེགས་ཆོད་ཡེ་བབ་སོར་བཞག་སྟེ་དོན་ཁྲིད་སྐོར་གསུམ་གྱིས་སྨིན་རྗེས་གྲོལ་བར་མཛད་ནས། གསུམ་པ་ལུང་གི་སྐོར་ལ། ༈ ཁ་བྱང་ཉི་མའི་སྙིང་པོ། ༈ ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ། ༈ ཕྱག་འཚལ་བྱིན་རླབས་སྤྲིན་ཚོགས། ༈ གསོལ་འདེབས་བདུད་རྩིའི་སྤྲིན་ཚོགས། ༈ མཎྜལ་འབུལ་བའི་ཆོ་ག་ཚོགས་གཉིས་སྤྲིན་ཚོགས། ༈ སྐུ་གསུང་ཐུགས་ཀྱི་མཎྜལ། ༈ སྤྲོས་བཅས་ཀྱི་དབང་ཚངས་པའི་དྲྭ་བ། ༈ དཀྱིལ་འཁོར་སྤྲོས་བཅས་མིང་གི་རིམ་པ་གསལ་བར་བྱེད་པ། ༈ སྤྲོས་མེད་ཀྱི་དབང་ཆོག་རིན་པོ་ཆེའི་དྲྭ་བ། ༈ གནད་ཡིག་བུམ་པའི་བརྡ་དོན། ༈ བྱིན་རླབས་སྤྲིན་ཕུང་ཡེ་ཤེས་འབེབས་པ། ༈ ཤིན་ཏུ་སྤྲོས་མེད་ཀྱི་དབང་ཆོག་པདྨའི་དྲ་བ། ༈ གླིང་བཞི་རྒྱན་གྱུར་གྱི་མཎྜལ། ༈ རབ་ཏུ་སྤྲོས་མེད་ཀྱི་དབང་ཆོག་འོད་ཀྱི་དྲ་བ། ༈ ལྔ་ཚན་ལྔའི་མཎྜལ་འབུལ་བའི་ཆོ་ག་ཡིད་བཞིན་དྲྭ་བ། ༈ དམ་ཚིག་གི་རིམ་པ་རྣམ་གྲོལ་རྒྱ་མཚོ། ༈ ཚོགས་མཆོད་ཀྱི་རིམ་པ་ཡིད་བཞིན་རྒྱ་མཚོ། ༈ བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ། །༈ སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་དང༌། ༈ དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད་དང༌། ༈ ཁྲེགས་ཆོད་ཡེ་བབ་སོར་བཞག་གི་དོན་ཁྲིད་གསུམ་གོང་དུ་སོང་ཟིན། ༈ ཁྲེགས་ཆོད་ཀྱི་རྒྱབ་ཡིག་ནམ་མཁའ་དྲི་མེད། ༈ ཐོད་རྒལ་གྱི་རྒྱབ་ཡིག་ཉི་ཟླ་གཟའ་སྐར། ༈ བཏགས་གྲོལ་གྱི་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ། ༈ ཁྲེགས་ཆོད་ཀྱི་ཡང་ཡིག་ནམ་མཁའ་ཀློང་ཡངས། ༈ ཐོད་རྒལ་གྱི་ཡང་ཡིག་ནམ་མཁའ་ཀློང་གསལ། ༈ གཉིས་ཀའི་ཡང་ཡིག་ནམ་མཁའ་ཀློང་ཆེན། ༈ ནམ་མཁའ་ཀློང་ཆེན་གྱི་བསྡུས་དོན་འོད་ཀྱི་ཕྲེང་བ། ༈ བདེ་སྟོང་བདུད་རྩིའི་སྤྲིན་ཕུང༌། ༈ རླུང་སྦྱོར་ཡེ་ཤེས་སྤྲིན་ཕུང༌། ༈ རྟོག་མེད་ནམ་མཁའ་སྤྲིན་ཕུང༌། ༈ གཞི་སྣང་ཡེ་ཤེས་སྒྲོན་མེ། ༈ དཔེ་དོན་གསལ་བྱེད་སྒྲོན་མེ། ༈ ཉམས་ལེན་གནད་ཀྱི་སྒྲོན་མེ། ༈ བདུད་རྩི་ལྗོན་ཤིང་འོད་གསལ་གྱི་གནད་ཡིག ༈ བདུད་རྩི་དྲི་མེད། ༈ འོད་གསལ་སྤྱོད་པའི་གནད་ཡིག་བདུད་རྩི་རྒྱལ་པོ། ༈ གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ། ༈ ཉིན་མཚན་འོད་གསལ་གྱི་འཁོར་ལོ། ༈ ཡང་ཟབ་ཡེ་ཤེས་འཁོར་ལོ། ༈ རྟེན་གཞི་ལུས་ཀྱི་གེགས་སེལ་བདུད་རྩིའི་ལྗོན་ཤིང༌། ༈ བརྟན་པ་སྒོའི་གེགས་སེལ་སྒྲོན་མ་སྣང་བྱེད། ༈ རིག་པ་སེམས་ཀྱི་གེགས་སེལ་ཡེ་ཤེས་དྲི་མེད། ༈ བླ་མ་ཡིད་བཞིན་ནོར་བུ། ༈ ཡི་དམ་ཡིད་བཞིན་ནོར་བུ། ༈ མཁའ་འགྲོ་ཡིད་བཞིན་ནོར་བུ། ༈ ངེས་དོན་བྱང་ཆུབ་སྙིང་པོ། ༈ མཐར་ཐུག་ཡིད་བཞིན་སྙིང་པོ། ༈ འཕོ་བ་འོད་གསལ་སྙིང་པོ། ༈ ངོ་སྤྲོད་དྲན་པའི་མེ་ལོང༌། ༈ འཆི་ལྟས་དྲན་པའི་མེ་ལོང༌། ༈ འཆི་བསླུ་དྲན་པའི་མེ་ལོང༌། ༈ མཁྱེན་བརྩེའི་ཕྱག་བཞེས་སུ། བླ་མ་ཡང་ཏིག་གི་སྨིན་ཁྲིད་བྱེད་ན་ཟབ་མོ་ཡང་ཏིག་གི་གཏོར་དབང་བསྐུར་དགོས། དེ་རྒྱལ་ཚབ་རིན་པོ་ཆེས་མཁྱེན་བརྩེ་རྡོ་རྗེ་འཆང་དངོས་ལས་གསན། སྙན་བརྒྱུད་ཆུང་ངུ་ཡེ་ཤེས་རང་སྣང༌། སྙན་བརྒྱུད་འབྲིང་པོ་བར་དོ་འོད་གསལ་རང་སྣང༌། ༈ སྙན་བརྒྱུད་ཆེན་མོ་ངེས་དོན་མངོན་སུམ་རང་སྣང༌། ༈ དཔལ་སྔགས་ཀྱི་བདག་མོའི་སྒྲུབ་ཐབས་སྙིང་གི་དུམ་བུ། ༈ རཱ་ཧུ་ལའི་གསང་སྒྲུབ་སྙིང་གི་དུམ་བུ། ༈ གཟའ་བདུད་ཀྱི་གསང་སྒྲུབ་མེ་རླུང་འཁྱིལ་བ། ༈ དམ་ཅན་གྱི་གསང་སྒྲུབ་སྙིང་གི་དུམ་བུ། ༈ ཁ་བྱང་དོན་གསལ་སྙིང་པོ། ༈ བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་སྐོར་གསར་དུ་བཞེངས་ཚུལ་དཀར་ཆག་མུ་ཏིག་ཕྲེང་བ་ངག་དབང་བློ་གྲོས་ཀྱིས་མཛད་པ་བཅས་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཡན་བི་མ་སྙིང་ཐིག་ལྟར་ལ། ཁྱབ་བརྡལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ། ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། རྒྱལ་མཚན་དཔལ་བཟང༌། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། རྗེ་བཙུན་མི་འགྱུར་དཔལ་སྒྲོན། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། ཀུན་མཁྱེན་བླ་མ་འཇམ་པའི་དབྱངས་དངོས་མཁྱེན་བརྩེ་དབང་པོ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་གར་དབང༌། མཚན་ཙམ་ཐོས་པས་རྡོ་རྗེའི་ཡེ་ཤེས་འབེབས་མཛད་གདོད་མའི་མགོན་པོ་འགྱུར་མེད་པདྨ་རྣམ་རྒྱལ་ལས་ལན་གཉིས་བཀའ་དྲིན་དུ་ཐོབ་པ་དང༌། ཡང་ན་དབང་དང་ཟབ་ཁྲིད་ཀྱི་བརྒྱུད་པ། འཇམ་མགོན་པདྨ་གར་དབང༌། མཁན་ཆེན་བླ་མ་བཀྲ་ཤིས་འོད་ཟེར། ཁྱབ་བདག་ཞེ་ཆེན་པ་པདྨ་རྣམ་རྒྱལ། ཡང་ན་དབང་དང་དོན་ཁྲིད་སྐོར་གསུམ་རྗེ་བླ་མ་ཞེ་ཆེན་པ་ཆེན་པོ་ལས། ཀུན་མཁྱེན་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་ཏེ་ཐུགས་བརྩེའི་རྗེས་སུ་བཟུང་བའོ། །ཡང་ན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལས། འོད་གསལ་ཐེག་རྩེའི་རྣལ་འབྱོར་ཆེན་པོ་རིག་འཛིན་སྣ་ཚོགས་རང་གྲོལ། ཀུན་གཟིགས་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་དབང་སྨིན་ཁྲིད་ལུང་བཅས་ཚང་བར་གསན་པ་དང༌། ༈ ཡང་ན་ཀུན་མཁྱེན་ཆེན་པོ། ཀུན་མཁྱེན་འཇིགས་གླིང༌། རྡོ་གྲུབ་ཀུན་བཟང་གཞན་ཕན། འཇིགས་མེད་རྒྱལ་བའི་མྱུ་གུ །མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ། འབྲུག་པ་སྣ་ཚོགས་རང་གྲོལ་དང༌། ཡང་ན་མི་འགྱུར་ནམ་མཁའི་རྡོ་རྗེ། རྫ་རྒྱལ་མཚམས་སྤྲུལ་ཀུན་བཟང་བདེ་ཆེན་རྡོ་རྗེ། ཨ་འཛོམ་འབྲུག་པ་རིན་པོ་ཆེ་ཞེས་འདྲེན། ཡང་ན་འཇམ་མགོན་ཀོང་སྤྲུལ་དང༌། མཁྱེན་བརྩེའི་དབང་པོ་གཉིས་ཀ་ལས། ཀཿཐོག་སི་ཏུ་པཎྜི་ཏ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ། འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་སམ་ཀུན་བཟང་འོད་གསལ་སྙིང་པོས་དགྱེས་བཞིན་བསྩལ་བའོ། །ཡང་ན་བླ་མ་ཡང་ཏིག་གི་དབང་དང༌། དོན་ཁྲིད་སྐོར་གསུམ་རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་བཛྲ། རྡོ་རྗེ་འཆང་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་གསན་པའོ། །འཇམ་མགོན་མཁྱེན་བརྩེའི་དབང་པོ་ལ་བི་མ་སྙིང་ཐིག་མ་བུ་ཉེ་བརྒྱུད་ཀྱི་དག་སྣང་གི་བརྒྱུད་པ་ལ་དབང་ལུང་སྤྱི་དང༌། གཉིས་ཀའི་ཡང་ཡིག་བཤད་ཁྲིད་དུ་གསུངས་པའི་བརྒྱུད་པ་དམིགས་བསལ་ནི། མཁྱེན་བརྩེ་རིན་པོ་ཆེ་ལས། ཀཿཐོག་སི་ཏུ་རྡོ་རྗེ་འཆང་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ། མཁན་ཆེན་ངག་དབང་དཔལ་བཟང༌། འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས། ༈ ཡང་ན་བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ་ནས། སྙན་བརྒྱུད་ཆེན་མོ་ངེས་དོན་མངོན་སུམ་རང་སྣང་བར་སྨིན་ཁྲིད་ཞིབ་རྒྱས་སུ་ནོས་པའི་བརྒྱུད་པ་ནི། དཔལ་སྤྲུལ་རིན་པོ་ཆེ་འཇིགས་མེད་ཆོས་ཀྱི་དབང་པོས་འཇིགས་མེད་རྒྱལ་བའི་མྱུ་གུ་ལས་གསན། དཔལ་སྤྲུལ་རིན་པོ་ཆེ་ལས་ཨོ་རྒྱན་བསྟན་འཛིན་ནོར་བུ། སྣང་བཞི་མཐར་ཕྱིན་གྱི་རྣལ་འབྱོར་དབང་ཕྱུག་ཀུན་དགའ་དཔལ་ལྡན་གྱི་ཞལ་སྔ་ནས་ཐུན་མིན་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་སྐལ་པ་བཟང་པོའི་བཙས་སུ་ཐོབ་པའོ། །ཨོ་རྒྱན་བསྟན་འཛིན་ནོར་བུའི་བླ་མ་ཡང་ཏིག་གི་དབང་ཁྲིད་ཚང་མ་གྲུབ་པའི་དབང་ཕྱུག་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ལས་གསན་པའི་བརྒྱུད་པ་གོང་ལྟར་ལ། སྨིན་ཁྲིད་སྐོར་ཡོངས་རྫོགས་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་ལས་གསན་པ་ཡིན་འདུག་ཅེས་བདག་གི་བླ་མ་ཀུན་དགའ་དཔལ་ལྡན་གྱི་ཞལ་ནས་ཐོས་སོ། ༈ བི་མ་སྙིང་ཐིག་མ་བུ་གཉིས་ཀྱི་བཀའ་སྲོལ་ཆུ་བོ་གཅིག་འདུས་ཀྱི་ཁྲིད་ཡིག་བདེ་ཆེན་ལམ་བཟང་གི་སྟེང་ནས་ཆོས་ཀྱི་རྒྱལ་པོ་སྨིན་གླིང་པའི་ཕྱག་བཞེས་ལྟར་ཐོབ་པའི་བརྒྱུད་པ་ནི། འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་ཡན་ཆད་སྔར་སྨིན་གླིང་དབང་ཁྲིད་ཀྱི་བརྒྱུད་པ་ལྟར་ལ། དེ་ལས་འཇམ་མགོན་བླ་མ་པདྨ་གར་གྱི་དབང་ཕྱུག །མཁས་གྲུབ་དབང་པོ་བཀྲ་ཤིས་ཆོས་འཕེལ། ཀུན་གཟིགས་ཆོས་ཀྱི་བློ་གྲོས། གདོད་མའི་མགོན་པོ་འགྱུར་མེད་པདྨ་རྣམ་རྒྱལ་ལས་ཐོབ་པའོ། ༈ ཡང་ན་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་མ་བུའི་བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང་འཇིག་རྟེན་མིག་གཅིག་འཇམ་མགོན་པདྨ་གར་དབང་གི་རྡོ་རྗེའི་གསུང་གི་གསང་བ་ལྟར་ཐོབ་པའི་རིང་བརྒྱུད་ནི་ཁྲིད་ཡིག་བདེ་ཆེན་ལམ་བཟང་ལྟར་ལ། ཤིན་ཏུ་ཉེ་བརྒྱུད་འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་པཎ་ཆེན་བི་མ་མི་ཏྲ། ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོ། འཇམ་མགོན་པདྨ་གར་དབང་མན་ཆད་སྔ་མ་ལྟར་རོ། །འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་གར་དབང་ལ་ཀུན་མཁྱེན་རང་བྱུང་རྡོ་རྗེར་བཀའ་བབ་པའི་ཀརྨ་སྙིང་ཐིག་གི་དབང་ཁྲིད་ཀྱི་བརྒྱུད་སྲོལ་ཆུ་བོ་གཅིག་ཏུ་འདྲེས་པའི་དོན་བརྒྱུད་ཀྱང་ཚང་བར་གསུངས་སོ། ༈ བི་མ་སྙིང་ཐིག་མ་བུའི་སྔོན་འགྲོའི་ངག་འདོན་གདོད་མའི་གསེང་ལམ་གྱི་ལུང་ནི་མཛད་པ་པོ་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས། རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་གསན། དེ་ལས་བདག་ལ་བཀའ་དྲིན་དུ་ཐོབ་པའོ། །ཡང་ན་བླ་མ་ཡང་ཏིག་དབང་གི་བརྒྱུད་ཚུལ་འདྲ་མིན་ཀུན་མཁྱེན་ཆེན་པོ་ནས། གཏེར་བདག་གླིང་པའི་བར་སྔར་ལྟར་ལ། གཏེར་ཆེན་རིན་པོ་ཆེ་ལས་ངག་དབང་པདྨ། ཨོ་རྒྱན་ཡོངས་གྲོལ། རྒྱ་རོང་རྗེ་དབོན་ཀུན་གྲོལ་རྣམ་རྒྱལ། ངེས་དོན་བསྟན་འཛིན་བཟང་པོ། མཚུངས་མེད་འཇམ་དབྱངས་གྲགས་པ། དགེ་ལེགས་ནོར་བུ། སྣ་ཚོགས་རང་གྲོལ། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ། མཁན་ཆེན་པདྨ་བློ་གསལ། གླིང་སྤྲུལ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ། རྒྱལ་དབང་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེས་གསན་ཏེ་བཀའ་དྲིན་ཐོབ། ཡང་ན་ངེས་དོན་བསྟན་འཛིན་བཟང་པོ་ལས། རིག་འཛིན་བཟང་པོ། པདྨ་དཀོན་མཆོག་དཔལ་བཟང༌། དེ་གཉིས་ཀས་སྣ་ཚོགས་རང་གྲོལ། གཞན་ཕན་མཐའ་ཡས་དང༌། ཡང་ངེས་དོན་བསྟན་འཛིན་བཟང་པོ་ལས། འཇམ་དབྱངས་གྲགས་པ། མཁས་གྲུབ་དགེ་ལེགས་ནོར་བུ། སེང་ཕྲུག་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས་དང༌། ཡང་ན་ཀུན་མཁྱེན་ཀློང་ཆེན་ལས། བྱ་བྲལ་བཀྲ་ཤིས་འབྱུང་གནས། གཞན་ཕན་རྡོ་རྗེ། ནམ་མཁའི་མཚན་ཅན། དམར་སྒོམ་འོད་གསལ་ཀློང་ཡངས། བསོད་ནམས་རིན་ཆེན། བྱ་ཁྱུང་ངག་དབང་པདྨ། བསོད་ནམས་དབང་པོ། ཀུན་བཟང་རྣམ་རྒྱལ། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ་ཞེས་འདྲེན་ཀྱང་རུང༌། ༈ ཡང་བླ་མ་ཡང་ཏིག་གི་དབང་ཁྲིད་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་པདྨ་གར་དབང༌། མཁན་ཆེན་མངྒ་ལ་རསྨི། དཔལ་སྤུངས་སི་ཏུ་པདྨ་དབང་ཆེན། རྒྱལ་དབང་རིག་པའི་རྡོ་རྗེས་གསན་པའོ། ༈ སྤྱིར་ཡི་གེ་མེད་པའི་སྙན་བརྒྱུད་སྐོར་ཉང་ཏིང་འཛིན་བཟང་པོ། སྦས་བློ་གྲོས་དབང་ཕྱུག །འབྲོམ་རིན་ཆེན་འབར། ལྡང་མ་ལྷུན་རྒྱལ། སེངྒེ་དབང་ཕྱུག །ཤངས་པ་རས་པ། ཟབ་དོན་ཆོས་འབར། ཙ་རི་གྱེར་ཞིག །གཉན་སྟོན་ཤེས་རབ་རྩེ་མོ། ཡོན་ཏན་སྒང་གི་སྤྲུལ་སྐུ་མཆེད་གཉིས། མིག་བཞི་པ་ནམ་མཁའ་རྡོ་རྗེ། ཀུ་མ་རཱ་ཛ་ཞེས་འདྲེན་དགོས་གསུངས། ༈ ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྫོགས་པ་ཆེན་པོ་སྙན་བརྒྱུད་དང་བཤད་རྒྱུད་གཉིས་ཀའི་དོན་གཅིག་ཏུ་བསྡུས་པ། པད་འབྱུང་དང༌། བི་མའི་བཀའ་སྲོལ་གྱི་གདམས་ངག་ཟབ་དོན་སྙིང་པོ་བཅུད་དུ་དྲིལ་བ་ཟབ་མོ་ཡང་ཏིག་གི་སྨིན་བྱེད་སྤྲོས་བཅས་བུམ་དབང༌། སྤྲོས་མེད་གསང་དབང༌། ཤིན་ཏུ་སྤྲོས་མེད་ཤེས་རབ་ཟབ་མོ། རབ་ཏུ་སྤྲོས་མེད་བཞི་པའི་དབང་སོ་སོའི་སྨིན་པ་གྲོལ་བར་མཛད་ནས། གསུམ་པ་ལུང་གི་སྐོར་ལ། ལོ་རྒྱུས་རིན་པོ་ཆེ་འོད་ཀྱི་ཕྲེང་བ། ༈ ཕྱག་འཚལ་ཡིད་བཞིན་ནོར་བུ། ༈ གསོལ་འདེབས་བདུད་རྩིའི་ཆུ་རྒྱུན། ༈ མཎྜལ་འབུལ་བའི་ཆོ་ག་གླིང་བཞིའི་རྒྱན་གྱུར། ༈ ཟབ་མོ་ཡང་ཏིག་ལས་གུ་རུ་བི་མ་ལ་སྒྲུབ་པའི་རིམ་པ། ༈ ཟབ་མོ་ཡང་ཏིག་ལས། སྙིང་པོ་ཡེ་ཤེས་ཀྱི་བླ་མ་སྒྲུབ་པ། ༈ ཟབ་མོ་ཡང་ཏིག་ལས། སྤྲོས་བཅས་ཀྱི་དབང་ཆོག་དངོས་གྲུབ་ཆུ་བོ། ༈ ཟབ་མོ་ཡང་ཏིག་ལས། དཀྱིལ་འཁོར་སྤྲོས་བཅས་མིང་གི་རིམ་པ། ༈ ཟབ་མོ་ཡང་ཏིག་ལས། ༈ སྤྲོས་མེད་ཀྱི་དབང་ཆོག་ཀློང་གསལ་ཆུ་བོ། ༈ ཟབ་མོ་ཡང་ཏིག་ལས། བུམ་པའི་བརྡ་དོན། ༈ ཟབ་མོ་ཡང་ཏིག་ལས། ཤིན་ཏུ་སྤྲོས་པ་མེད་པའི་དབང་ཆོག་ཡེ་ཤེས་ཆུ་བོ། ༈ རབ་ཏུ་སྤྲོས་པ་མེད་པའི་དབང་ཆོག་བྱིན་རླབས་ཆུ་བོ་ཞེས་བྱ་བ། ༈ ཟབ་མོ་ཡང་ཏིག་ལས། དམ་ཚིག་གསུམ་བཀོད་ཅེས་བྱ་བ། ༈ ཟབ་མོ་ཡང་ཏིག་ལས། ཐུན་མོང་གི་སྔོན་འགྲོ་རིན་པོ་ཆེའི་པྲ་ཁྲིད། ༈ ཟབ་མོ་ཡང་ཏིག་ལས། ཁྲིད་ཡིག་སངས་རྒྱས་མཉམ་སྦྱོར། ཟབ་མོ་ཡང་ཏིག་ལས། གཞི་མ་བཅོས་ཇི་བཞིན་དུ་ངོ་སྤྲོད་པའི་རིམ་པ། ༈ ཟབ་མོ་ཡང་ཏིག་ལས། རྒྱ་མཚོ་ཨར་གཏད་ཀྱི་མུན་ཁྲིད་འོད་གསལ་འཁོར་ལོ། ༈ ཟབ་མོ་ཡང་ཏིག་ལས། ཁྱུང་ཆེན་གཤོག་རྫོགས། ༈ ཟབ་མོ་ཡང་ཏིག་ལས། ཁྱུང་ཆེན་གཤོག་རྫོགས་ཀྱི་བསྡུས་དོན། ༈ ཟབ་མོ་ཡང་ཏིག་ལས། གསང་བ་བླ་མེད་སྤྱི་བབས། ༈ ཟབ་མོ་ཡང་ཏིག་ལས། ཟབ་མོ་བཅུད་བསྡུས། ༈ ཟབ་མོ་ཡང་ཏིག་ལས། སྙིང་པོ་དོན་བསྡུས་ཞེས་བྱ་བ། ༈ ཟབ་མོ་ཡང་ཏིག་ལས། འོད་གསལ་སྙིང་པོ། ༈ ཟབ་མོ་ཡང་ཏིག་ལས། ངེས་དོན་སྙིང་པོ། ༈ ཟབ་མོ་ཡང་ཏིག་ལས། མཐར་ཐུག་དོན་གྱི་སྙིང་པོ་ཞེས་བྱ་བ། ༈ ཟབ་མོ་ཡང་ཏིག་ལས། ༈ གཞི་ལམ་འབྲས་བུའི་གནས་གསལ་བ། ༈ ཟབ་མོ་ཡང་ཏིག་ལས། རྣལ་འབྱོར་བཞིའི་རིམ་པ། ༈ ཟབ་མོ་ཡང་ཏིག་ལས། ཟབ་མོ་པྲ་ཁྲིད། ༈ ཟབ་མོ་ཡང་ཏིག་ལས། སྙིང་པོའི་ཡང་བཅུད། ༈ ཟབ་མོ་ཡང་ཏིག་ལས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ། ༈ ཟབ་མོ་ཡང་ཏིག་ལས། དུས་ཀྱི་གསལ་བྱེད། ༈ ཟབ་མོ་ཡང་ཏིག་ལས། འདའ་ཁ་དོན་གྱི་མན་ངག ༈ ཟབ་མོ་ཡང་ཏིག་ལས། བཏགས་གྲོལ་སྙིང་པོ། ༈ ཟབ་མོ་ཡང་ཏིག་ལས། ཟབ་དོན་སྙིང་པོ་ཅེས་བྱ་བ། ༈ ཟབ་མོ་ཡང་ཏིག་ལས། ཚིག་དོན་སྙིང་པོ། ༈ ཟབ་མོ་ཡང་ཏིག་ལས། གདམས་ཁྲིད་དོན་གྱི་མདོ་ཆིངས། ༈ སྙན་བརྒྱུད་གནད་ཀྱི་མདོ་ཆིངས། ༈ གསང་སྐོར་བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཕུང༌། ༈ དགོངས་བརྒྱུད་གསོལ་འདེབས། ༈ གསང་སྐོར་བླ་བརྒྱུད་གསོལ་འདེབས། ༈ གསོལ་འདེབས་དངོས་གྲུབ་ཀུན་འབྱུང༌། ༈ དབང་གི་ལག་ལེན་གསལ་བའི་སྒྲོན་མེ། ༈ མཆོག་གསང་ལམ་ཁྲིད་ཆེན་མོ། ༈ ཡེ་གྲོལ་སོར་བཞག ༈ སྙན་བརྒྱུད་ཐུགས་ཀྱི་མེ་ལོང༌། ༈ སྙན་བརྒྱུད་དོན་གྱི་མེ་ལོང༌། ༈ ལག་ཁྲིད་སྙིང་པོ། ༈ རྒྱབ་ཆོས་ཆེན་མོ་ཟབ་དོན་གནད་ཀྱི་མེ་ལོང༌། ༈ ཟབ་མོ་ཡང་ཏིག་གི་བཀའ་སྲུང་དྲག་པོ་གསུམ་བསྒྲིལ། ༈ ཟབ་མོ་ཡང་ཏིག་ལས། བསྐངས་གསོ་དངོས་གྲུབ་ཆར་འབེབས། ༈ ཟབ་མོ་ཡང་ཏིག་ལས་དཀར་ཆག་ཉི་ཟླ་གཟའ་སྐར། ༈ ཟབ་མོ་ཡང་ཏིག་གི་དཀར་ཆག་དཔག་བསམ་ལྗོན་པ་འཇིགས་འདི་ལུང་ཐོབ་པར་ངེས་ཀྱང་དམིགས་བསལ་བརྒྱུད་པ་མ་ཤེས། མཆན། མེད་བློ་གསལ་གྱིས་མཛད་པ་ཐོབ་པའི་བརྒྱུད་པ་ནི་ཀུན་མཁྱེན་ཆོས་རྗེ་ཡན་བླ་མ་ཡང་ཏིག་གི་བརྒྱུད་པ་ལྟར་ལ། དེ་ནས་བདེ་ལེགས་རྒྱ་མཚོ། བྱ་བྲལ་ཆོས་རྗེ། གཞན་ཕན་རྡོ་རྗེ། ནམ་མཁའ་རྡོ་རྗེ། འོད་གསལ་ཀློང་ཡངས། རྩེ་ལེ་བསོད་ནམས་རིན་ཆེན། བྱ་ཁྱུང་ངག་དབང་པདྨ། བསོད་ནམས་དབང་མོ། ལྷ་བཙུན་ནམ་མཁའ་འཇིགས་མེད། དབོན་པོ་ཀློང་ཡངས་མཐའ་བྲལ། རྫོགས་ཆེན་པདྨ་རིག་འཛིན། དཔོན་སློབ་ནམ་མཁའ་འོད་གསལ། པདྨ་རྣམ་རྒྱལ། ཏྲེའོ་འགྱུར་མེད་སྐལ་བཟང༌། ཉི་སྤྲུལ་ཐེག་མཆོག་བསྟན་རྒྱལ། ངེས་དོན་བསྟན་འཛིན་བཟང་པོ། རྡོ་གྲུབ་ཀུན་བཟང་གཞན་ཕན། མི་འགྱུར་ནམ་མཁའི་རྡོ་རྗེ། ཀུན་བཟང་ཐེག་མཆོག་རྡོ་རྗེ། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། ཀཿཐོག་མཁན་ཆེན་ནུས་ལྡན་ལས་བཀའ་དྲིན་ཐོབ། ཡང་ཉེ་བརྒྱུད་ཁྱད་པར་ཅན་ཀུན་མཁྱེན་བླ་མ། རིག་འཛིན་འཇིགས་གླིང༌། རྡོ་གྲུབ་ཀུན་བཟང་གཞན་ཕན། མི་འགྱུར་ནམ་མཁའི་རྡོ་རྗེ། ཀུན་བཟང་ཐེག་མཆོག་རྡོ་རྗེ། རྫོགས་ཆེན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། མཁན་ནུས་ལྡན་ལས། ཀུན་མཁྱེན་བླ་མ་འཇམ་པའི་དབྱངས་བློ་གྲོས་རྒྱ་མཚོས་འོག་མིན་གཉིས་པ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས་གསན་པའི་སྐབས་ཆབས་ཅིག་བཀའ་དྲིན་ཐོབ་པའོ། ༈ ཡང་ན་ཀུན་མཁྱེན་ཆེན་པོ་ཡན་ཆད་བི་མ་སྙིང་ཐིག་ལྟར་ལ། ཀུན་མཁྱེན་ཆོས་རྗེ་ནས། སྟག་མགོ་བྱ་བྲལ་ཆོས་རྗེ། གུ་རུ་གཞན་ཕན་རྡོ་རྗེ། དྲི་མེད་ནམ་མཁའི་མཚན་ཅན། མཚུངས་མེད་འོད་གསལ་ཀློང་ཡངས། རྫོགས་ཆེན་བསོད་ནམས་རིན་ཆེན། བྱ་ཁྱུང་པ་ངག་དབང་པདྨ། རྫོགས་ཆེན་པ་བསོད་ནམས་བཟང་པོ། ལྷ་བཙུན་ནམ་མཁའ་འཇིགས་མེད། གསང་བདག་ཕྲིན་ལས་ལྷུན་གྲུབ། ཨོ་རྒྱན་གཏེར་བདག་གླིང་པ་མན་ཆད་བི་མ་སྙིང་ཐིག་ལྟར་རོ། །ཡང་ན་ཀུན་མཁྱེན་ཀློང་ཆེན་ནས། མཁས་གྲུབ་ཆོས་རྗེ་ལྷུན་གྲུབ། སངས་རྒྱས་དབོན་པོ། ཀུན་སྤང་སེམས་དཔའ་ཆེན་པོ། དྲུང་སངས་རྒྱས་ཡེ་ཤེས། སྟག་མགོ་སངས་རྒྱས་རྒྱལ་མཚན། ནམ་མཁའ་ཀུན་དགའ་བཀྲ་ཤིས། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། ཀོང་ཆེན་པ། གདུང་བརྒྱུད་པདྨ་ཕྲིན་ལས། སྤྲུལ་སྐུ་ཚུལ་རྡོར། བོན་ལུང་པ་གར་གྱི་དབང་པོ་ནས་ཕྲིན་ལས་ལྷུན་གྲུབ་ལ་བརྒྱུད་པ་དང༌། ཡང་ལུང་རྐྱང་བརྒྱུད་པ་གཅིག་ནི། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། ཀུན་དགའ་བཀྲ་ཤིས། མདོ་སྔགས་བསྟན་འཛིན་ཕྲིན་ལས་ལྷུན་གྲུབ་སོགས་སོ། ༈ འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་ཅན་སངས་རྒྱས་ཀུན་དངོས་གུ་རུ་རིན་པོ་ཆེའི་རིག་འཛིན་ཤྲཱི་སིང་ཧ་ལས་འོད་གསལ་རྫོགས་པ་ཆེན་པོའི་གདམས་ངག་རྒྱུད་ལུང་སྨིན་གྲོལ་ཐམས་ཅད་གསན་ཏེ་སྐུ་ལྔ་ལྷུན་གྲུབ་རིག་འཛིན་གྱི་ས་བརྙེས་པའི་ཚུལ་བསྟན་ནས་བོད་ཡུལ་དུ་ཕེབས་ཏེ་གཞོ་སྟོད་ཏི་སྒྲོ་མཁའ་འགྲོའི་ཚོགས་ཁང་ནས་ཡེ་ཤེས་ཌཱ་ཀི་རྒྱལ་མོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཙོར་གྱུར་པའི་འབུམ་ཕྲག་ཡངས་པའི་མཁའ་འགྲོ་ལ་བསྩལ་ཞིང༌། མངའ་བདག་ཆོས་ཀྱི་རྒྱལ་པོའི་སྲས་མོ་ལྷ་ལྕམ་པདྨ་གསལ་སྐུ་འདའ་ཁར་དཔེ་བརྒྱུད་ཀྱི་སྒྲོམ་བུའི་གཏད་རྒྱ་དང་བཅས་གཏེར་དུ་སྦས་པ་ཟབ་ཆོས་མཁའ་འགྲོ་སྙིང་ཐིག་ཅེས་པ་ལྷ་ལྕམ་སྐྱེས་མཐའ་པདྨ་ལས་འབྲེལ་རྩལ་གྱིས་ལྡང་ལུང་ཁྲ་མོ་བྲག་ནས་གཏེར་དུ་སྤྱན་དྲངས་ཏེ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་བཀའ་བབ་བརྙེས་པའི་ཟབ་ཆོས་ཀྱི་སྨིན་བྱེད་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྤྲོས་བཅས་བུམ་དབང༌། བྷནྡྷའི་བདུད་རྩི་ལ་བརྟེན་ནས་གསང་དབང༌། ཕྱག་རྒྱ་ལ་བརྟེན་པའི་ཤེར་དབང༌། སིན་དྷཱུ་རའི་མེ་ལོང་ཤེལ་རྡོ་ལ་བརྟེན་པའི་ཚིག་དབང༌། ཁྲེགས་ཆོད་རིག་པའི་རྩལ་དབང༌། རིག་འཛིན་གྱི་བྱིན་རླབས་ཐོད་རྒལ་རིག་པའི་རྩལ་དབང་སྒྲོན་མ་བཞིའི་ཉམས་ལེན་ངོ་སྤྲོད་ཀྱི་རིམ་པ། བཏགས་གྲོལ་གྱི་དབང༌། མཁའ་འགྲོའི་དོན་དབང༌། བཀའ་སྲུང་གི་གཏོར་མ་ལ་བརྟེན་པའི་འགྲོ་དོན་གཏད་རྒྱ་དང་བཅས་པ་གཏེར་གཞུང་ལྟར་བདེ་གཤེགས་རིགས་ལྔའི་སྒྲུབ་པ་དང༌། ཌཱ་ཀི་ལྔ་ཡི་མངོན་རྟོགས་སོགས་ཀྱི་དགོངས་པ་ལྟར་བསྐུར་ནས། བཀའ་སྲུང་སྲོག་སྒྲུབ་ཀྱི་བཀའ་གཏད་སྒྲུབ་ཐབས་འདོད་འཇོ་བུམ་བཟང་ལྟར་ཐོབ་པའི་མཁའ་འགྲོ་སྙིང་ཐིག་གི་དབང་བརྒྱུད་ནི། ཀུན་ཏུ་བཟང་པོ། རིགས་ལྔ་ཞི་ཁྲོ། རྡོ་རྗེ་འཆང༌། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིང་ཧ། གུ་རུ་རིན་པོ་ཆེ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། པདྨ་ལས་འབྲེལ་རྩལ། རྒྱལ་སྲས་ལེགས་པ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས། ཡེ་ཤེས་རབ་འབྱམས། མཁས་གྲུབ་བསྟན་པ། སྦྱིན་པ་བཟང་པོ། རྫོགས་ཆེན་ཤཱཀྱའི་མཚན་ཅན། བསོད་ནམས་རིན་ཆེན། ངག་དབང་པདྨ། བསོད་ནམས་དབང་མོ། རིག་འཛིན་ཆོས་ཀྱི་རྒྱ་མཚོ། རྫོགས་ཆེན་པདྨ་རིག་འཛིན། དཔོན་སློབ་ནམ་མཁའ་འོད་གསལ། ཐེག་མཆོག་བསྟན་འཛིན། སྙི་བླ་པདྨ་བསྟན་འཛིན། བསྟན་འཛིན་དར་རྒྱས། མི་འགྱུར་ནམ་མཁའི་རྡོ་རྗེ། ཀུན་བཟང་ཐེག་མཆོག་རྡོ་རྗེ། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ། མཁན་ཆེན་ཀུན་བཟང་དཔལ་ལྡན། རྡོ་གྲུབ་ཐུབ་བསྟན་ཕྲིན་ལས་དཔལ་བཟང༌། འཇམ་མགོན་ཐམས་ཅད་མཁྱེན་པ་ཆོས་ཀྱི་བློ་གྲོས་ལས་བཀའ་དྲིན་དུ་ཐོབ་པའོ། །བཀའ་སྲུང་སྲོག་སྒྲུབ་ཀྱི་བཀའ་གཏད་བརྒྱུད་པ་ནི་འདོད་བུམ་ལྟར་རོ། ༈ གསུམ་པ་ལུང་གི་སྐོར་ལ། ༈ མཁའ་འགྲོ་སྙིང་ཐིག་གི་ཁ་བྱང༌། ༈ བླ་མ་བརྒྱུད་པའི་ལོ་རྒྱུས། ༈ བཏགས་གྲོལ་གྱི་རྒྱུད་དྲུག ༈ བཏགས་གྲོལ་རྒྱུད་དྲུག་གི་ཏི་ཀ ༈ མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས། ༈ སངས་རྒྱས་ཀྱི་འདས་རྗེས་གསུམ་པ། ༈ བཏགས་གྲོལ་དོན་ཁྲིད། ༈ བདེ་གཤེགས་རིགས་ལྔའི་ཕྱི་སྒྲུབ། ༈ སྨིན་བྱེད་དོན་གསལ་སྒྲོན་མེ་ཞེས་བྱ་བ་སྤྲོས་བཅས་བུམ་པའི་དབང༌། ༈ དབང་ཁྲིད་ནོར་བུའི་སྒྲོན་གསལ། ༈ དབང་གོང་མ་གསུམ་གྱི་ས་མ་འགྲེལ། ༈ ཌཱཀྐི་ལྔ་ཡི་མངོན་རྟོགས་དབང་གི་རྒྱབ་ཡིག ༈ བདེ་གཤེགས་རིགས་ལྔའི་མཆོད་འབུལ། ༈ མཁའ་འགྲོའི་ལས་བྱང་ཚོགས་མཆོད་རྩ་ཕྲེང༌། ༈ དབང་སྒྲུབ་དང༌། བུམ་པ་སྒྲུབ་ཐབས། ༈ སྙིང་ཐིག་གསང་བ་བླ་མེད་ཀྱི་དབང་དོན་གསལ་བའི་རྒྱབ་ཡིག ༈ དབང་བཞིའི་གོ་རིམ་དང་ཁྲིད་དུ་བསྐུར་ལུགས། ༈ རྩལ་དབང་ཏི་ཀ་རིག་པའི་སྒྲོན་མ། ༈ ཐོད་རྒལ་ཁྱད་པར་དབང་ལྔ། ༈ ཌཱཀྐིའི་གཏོར་མའི་རིམ་པ། ༈ ཌཱཀྐི་ཚོགས་མཆོད། ༈ དབང་གི་རྒྱབ་ཡིག ༈ དབང་གི་ཐོ་ཡིག ༈ མཁའ་འགྲོ་སྙིང་ཐིག་གསང་དབང་གི་ལྷན་ཐབས། ༈ ཤེས་དབང་ལྷན་ཐབས། ༈ ཌཱཀྐིའི་སྲོག་ཏིག །༈ ཌཱཀྐིའི་དུས་གནད་གནད་འབེབས་ཤི་ས་སྤྱི་གནད་བླ་རྡོ། མཁའ་འགྲོ་མའི་ནོར་སྒྲུབ་གཏེར་གྱི་བུམ་པ། ༈ ཐོད་རྒལ་གྱི་དོན་ཁྲིད་ནོར་བུའི་སྙིང་པོ། ༈ སྙིང་པོ་གསལ་བའི་མེ་ལོང་ཞེས་བྱ་བ། ༈ ཁྲིད་རྒྱབ་ལུང་གི་ཕྲེང་བ། ༈ ལག་ཁྲིད་གནད་ཀྱི་མན་ངག་པྲ་ཁྲིད་དུ་བསྟན་པ། ༈ མཁའ་འགྲོ་སྙིང་ཏིག་གི་རྟགས་ཡིག་ཚད་ཡིག ༈ སྙིང་ཐིག་ཆེན་མོའི་རྒྱབ་ཆོས་ཀྱི་རྩ་བ། ༈ སྙིང་ཐིག་གསང་བའི་ཡང་བཅུད་སྙིང་པོ་གསལ་བའི་མེ་ལོང་ཞེས་བྱ་བ། ༈ རྣལ་འབྱོར་བཞི་ལས་ལྟ་བའི་རྣལ་འབྱོར། ༈ ཐུན་བཞིའི་རྣལ་འབྱོར་ལས། བསྒོམ་པའི་རྣལ་འབྱོར། ༈ རྣལ་འབྱོར་བཞི་ལས་སྤྱོད་པའི་རྣལ་འབྱོར་དང༌། འབྲས་བུའི་རྣལ་འབྱོར་གཉིས། ༈ ཞུས་ལེན་བདུད་རྩིའི་གསེར་ཕྲེང༌། ༈ མཁའ་འགྲོ་སྙིང་ཐིག་གི་ཏི་ཀ་ལས། ཞལ་གདམས་གསང་བའི་དུམ་བུ། ༈ གནད་ཀྱི་གདམས་པ་ལྔ་པ། ༈ ཌཱཀྐི་ལམ་འབྲས་ཀྱི་སྐོར། ༈ ཞལ་གདམས་གནད་ཀྱི་ཕྲེང་བ། ༈ ཌཱཀྐིའི་གནད་ཐིག ༈ རྡོ་རྗེ་ཆུ་འཐུང༌། ༈ ཞི་བ་བར་དོ་ལམ་འབྲས་ཀྱི་མཚན་ཉིད། ༈ ཁྲོ་བོ་བར་དོ་གནད་ཀྱི་སྒྲོན་མ། ༈ བར་དོའི་གདམས་པ་འབྱུང་བ་འདུས་པ་འབྲལ་བ་རྟགས་ཀྱི་རིམ་པ། ༈ འཆི་ཁ་བར་དོའི་གསོལ་འདེབས། མཁའ་འགྲོའི་གཏུམ་མོ་ཁྱད་པར་ཅན། ༈ འབྱུང་བ་རྡོ་ཡི་བཅུད་ལེན། ༈ ཌཱཀྐི་སྙིང་ཏིག་གི་བཀའ་སྲུང་དཔལ་སྲོག་སྒྲུབ་ནག་མོའི་སྲོག་ལེན་སྤུ་གྲིའི་རྒྱུད། ༈ སྲོག་སྒྲུབ་ནག་མོའི་སྒྲུབ་ཐབས། ༈ སྙིང་ཏིག་གི་བླ་མའི་རྣལ་འབྱོར། ༈ བླ་མའི་རྣལ་འབྱོར་ཕྱི་ནང་གསང་གསུམ། ༈ ཁྲེགས་ཆོད་ངོ་སྤྲོད་མཐའ་གྲོལ་ཀློང་ཡངས། ༈ རྩ་དབང༌། ༈ ཐིག་ལེ་དྭངས་སྙིགས་འབྱེད་པ་དང༌། རིགས་བརྒྱུད་བཞག་ཐབས་ལག་ལེན། ༈ བར་དོ་ངོ་སྤྲོད། ༈ བར་དོའི་མཚན་ཉིད་བཤད་པ་དང་སྐྱེ་གནས་རྣམས་ཀྱི་རྒྱུ་བསྟན་པ། ༈ བཏགས་གྲོལ་ཕྲན་དྲུག་གི་ཏི་ཀ ༈ རྟ་མགྲིན་ཡབ་ཡུམ་གྱི་ལུས་དཀྱིལ། ༈ ཌཱཀྐིའི་རྐྱང་སྒྲུབ། ༈ མཁའ་འགྲོ་སྔགས་ཀྱི་ལྡེ་མིག ༈ སྙིང་ཐིག་གི་བདུད་རྩི་ཕྱག་མཆོད། ༈ རྟགས་ཡིག་དང་ཚད་ཀྱི་ཡི་གེ ༈ ཌཱཀྐི་དྲིལ་སྒྲུབ་གསང་བ་སྙིང་གི་དུམ་བུ། ༈ ཌཱཀྐིའི་ལུས་དཀྱིལ་ཆེན་མོ། ༈ པདྨ་ལས་འབྲེལ་རྩལ་གྱི་སྐྱེས་རབས་དང༌། ལུང་བསྟན་བཅས། ༈ གཏེར་གྱི་ཁ་བྱང༌། ༈ མཁའ་འགྲོ་སྙིང་ཐིག་གི་ལག་ཁྲིད། ༈ ལོ་རྒྱུས་རྒྱལ་བ་གཡུང་གིས་མཛད་པ། ༈ གཡུང་སྟོན་པས་གསུངས་པའི་ཕྱག་འཚལ། ༈ གཡུང་གི་ལོ་རྒྱུས། ༈ འཕོ་བ། ༈ གཏེར་སྲུང་ལྡང་ལྷའི་སྒྲུབ་ཐབས། ༈ ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་གསོལ་འདེབས། ༈ བརྒྱུད་འཛིན་གྱི་སློབ་བུའི་ལུང་བསྟན། ༈ མཁའ་འགྲོ་སྙིང་ཐིག་གི་ཆ་རྐྱེན། ༈ ལྷ་མོ་ལྔའི་ཚེ་སྒྲུབ། ༈ སྤྲུལ་སྐུ་ལེགས་པ་ལུང་བསྟན་པ། ༈ མཁའ་འགྲོ་སྙིང་ཐིག་ལས་སྲོག་སྒྲུབ་ནག་མོའི་གཏོར་དབང༌། ༈ མཁའ་འགྲོ་ཡང་ཏིག་གི་དབང་བསྐུར་བའི་ལག་ལེན་དང༌། མཁའ་འགྲོ་སྙིང་ཐིག་གི་དཀྱིལ་འཁོར་བྲི་ཚུལ། མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ། ༈ མཁའ་འགྲོ་སྙིང་ཐིག་པར་དུ་སྒྲུབ་ཚུལ་གྱི་དཀར་ཆག་ཉིན་མོའི་སྣང་བ་ཞེ་ཆེན་པ་འདི་ཡང་ལུང་ཐོབ་ཀྱང་བརྒྱུད་རིམ་མ་ཤེས། མཆན། པདྨ་རྣམ་དག་གིས་མཛད་པ་བཅས། ཇ༽ ཉ༽ པ་ལ་དགོངས་གཏེར་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་པོད་གཉིས་དང༌། ཏ༽ པ་ལ་ཡུལ་ལྷོ་བརྒྱུད་དུ་བྱུང་བའི་རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་པར་ཐར་པ་ལེགས་བྱས་ཡོངས་འདུའི་སྙེ་མ། སྒྲུབ་པ་ནན་ཏན་དང་འབྲེལ་བའི་སྐབས་གཉིས་པ། བྱ་བ་ལས་ཀྱི་འཁོར་ལོ་དང་འབྲེལ་བའི་སྐབས་གསུམ་པ་འཕྲོས་དབོན་པོ་འོད་ཟེར་ཕྲིན་ལས་ནས་མཛད་པ། དོན་གྱི་རྣམ་ཐར་དོ་ཧའི་རྒྱན་ཅེས་མདོར་ན་བཀའ་འབུམ་སྤར་འཁོད་ཡོངས་རྫོགས་ཀུན་མཁྱེན་བླ་མ་རིག་འཛིན་འཇིགས་མེད་གླིང་པ་པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེ། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། འཇིགས་མེད་ཆོས་གྲགས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་དམ་ཆོས་འོད་ཟེར་རམ་པདྨ་བཛྲ། ཀུན་མཁྱེན་མཆོག་གི་སྤྲུལ་པའི་སྐུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཁས་གྲུབ་ཀྱི་དབང་ཕྱུག་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ། འཇམ་མགོན་མཆོག་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་བློ་གྲོས། མཁན་ཆེན་བློ་གྲོས་རབ་གསལ། མཁན་པོ་བསྟན་འཛིན་ཆོས་འཕེལ་ལས་བཀའ་དྲིན་དུ་ཐོབ་པའོ། །ཤིན་ཏུ་ཞི་བའི་ནགས་ཀྱི་སྨན་ལྗོངས་སུ། །ནང་གི་ཡེ་ཤེས་གཟིགས་པའི་ཏིང་འཛིན་གྱིས། །ཆོས་རབ་རྣམ་འབྱེད་གཟུངས་དང་སྤོབས་པའི་སྒོའི། །ངོ་མཚར་གསང་མཛོད་ཅི་དགར་དགྱེས་འདི་རྨད། །ཚེ་རབས་ཀུན་ཏུ་བློ་གྲོས་འཇུག་པའི་སྒོ། །ཐོས་བསམ་སྒོམ་པ་སྙིང་པོ་བླང་བ་ཡིས། །ཚེ་འདིའི་འདུན་མ་ཅི་དགའ་བོར་ནུས་པས། །བསྟན་པའི་སྙིང་པོ་བཤད་སྒྲུབ་འཛིན་གྱུར་ཅིག ། ༈ ཀུན་མཁྱེན་ངག་གི་དབང་པོ་དྲི་མེད་འོད་ཟེར་ལ་སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱིས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པའི་དགོངས་བཅུད་རྡོ་རྗེའི་ཟབ་དོན་ཚིག་གི་ལམ་དུ་བཀྲལ་བའི་རྫོགས་པ་ཆེན་པོ་མཁའ་འགྲོ་ཡང་ཏིག་གི་སྨིན་བྱེད་ཆེན་པོ་རིན་ཆེན་དབང་གི་ཕྲེང་བ་ལྟར་སྤྲོས་བཅས་བུམ་དབང༌། གསང་དབང༌། ཤེས་རབ་ཡེ་ཤེས་ཀྱི་དབང༌། ཚིག་དབང༌། ཁྲེགས་ཆོད་རིག་པའི་རྩལ་དབང༌། ཐོད་རྒལ་རིག་པའི་རྩལ་དབང་སྒྲོན་མ་བཞིའི་ངོ་སྤྲོད་དང་བཅས་པ། བཏགས་གྲོལ་གྱི་དབང༌། མཁའ་འགྲོའི་དོན་དབང༌། བཀའ་སྲུང་གཏོར་མ་ལ་བརྟེན་པའི་འགྲོ་དོན་གཏད་རྒྱ་བཅས་པའི་སྨིན་བྱེད་དང༌། ཁྲིད་ཡིག་རིན་ཆེན་གསེར་ཕྲེང༌། ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་གི་ཁྲིད་བཅས་སྐལ་བཟང་དུ་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། རྒྱལ་བ་རིགས་ལྔ། རྡོ་རྗེ་འཆང༌། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིང་ཧ། པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང༌། ཡེ་ཤེས་མཚོ་རྒྱལ། ལྷ་ལྕམ་པདྨ་གསལ། གཏེར་སྟོན་པདྨ་ལས་འབྲེལ་རྩལ། ཤྭ་རྒྱལ་སྲས་ལེགས་པ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། མཁས་གྲུབ་བདེ་ལེགས་རྒྱ་མཚོ། ཡོན་ཏན་དཔལ་བ། སངས་རྒྱས་རིན་ཆེན། སངས་རྒྱས་རྒྱལ་མཚན། རྫ་བིག་པ་ཚུལ་རྒྱལ། རྩེ་ལེ་བསོད་ནམས་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན། ཀརྨ་གུ་རུ། ཀུན་བཟང་དཔལ་འབྱོར། མདོ་སྔགས་བསྟན་འཛིན། གསང་བདག་ཕྲིན་ལས་ལྷུན་གྲུབ། ཨོ་རྒྱན་གཏེར་བདག་གླིང་པ། འགྱུར་མེད་རིན་ཆེན་རྣམ་རྒྱལ། འགྱུར་མེད་པདྨ་བསྟན་འཛིན། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། པདྨ་བསྟན་སྐྱོང་འགྱུར་མེད། དཔའ་བོ་གཙུག་ལག་ཆོས་རྒྱལ། ཨོ་རྒྱན་ཆོས་འཕེལ། ཀརྨ་འཕེལ་རྒྱས། ཀརྨ་གཞན་ཕན་བསྟན་པ་དར་རྒྱས། འཇམ་མགོན་རྡོ་རྗེ་འཆང་པདྨ་གར་དབང༌། རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་ལས་བཀའ་དྲིན་དུ་ཐོབ་པའོ། །ཡང་ན་སྨིན་གླིང་གཏེར་ཆེན་རིན་པོ་ཆེ་ནས། རྗེ་བཙུན་མི་འགྱུར་དཔལ་སྒྲོན། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཀུན་གཟིགས་མཁྱེན་བརྩེའི་དབང་པོ། འཇམ་མགོན་པདྨ་གར་དབང༌། རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ། འཇམ་མགོན་ཆོས་ཀྱི་བློ་གྲོས་གཉིས་ཀ་ལས་བཀའ་དྲིན་ཐོབ། འཇམ་མགོན་ལས་ཡང་ན་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་ལས་དྷརྨ་མ་ཏིས་གསན་པའོ། *** incomplete །འདིས་མི་འགྱུར་ནམ་མཁའི་རྡོ་རྗེ་ལས་གསན། རྒྱ་རོང་ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ། མཁན་ཆེན་ཀུན་བཟང་དཔལ་ལྡན་ཆོས་གྲགས། རྡོ་གྲུབ་ཐུབ་བསྟན་ཕྲིན་ལས་དཔལ་བཟང་དང༌། ཨ་འཛོམ་དེའི་ཡབ་འབྲུག་པ་སྣ་ཚོགས་རང་གྲོལ་ལས་གསན་ངེས། བརྒྱུད་རིམ་ཞིབ་པར་མ་ཤེས། མཆན། རྒྱལ་སྲས་འགྱུར་མེད་རྡོ་རྗེ་གཉིས་ཀ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་གསན་པའོ། ༈ གསུམ་པ་ལུང་གི་སྐོར་ལ། ༈ ཐེམ་བྱང་རིན་ཆེན་ལྗོན་ཤིང༌། ༈ གཏེར་འབྱུང་རིན་པོ་ཆེའི་ལོ་རྒྱུས་ཞེས་བྱ་བ་དང༌། རིན་ཆེན་ཤོག་སྐྱའི་སྐོར། ༈ རིན་པོ་ཆེ་དབང་གི་ཕྲེང་བ། རིན་ཆེན་ཤོག་སྐྱའི་སྐོར། ༈ བདག་འཇུག་པདྨ་ཀློང་ཡངས། རིན་ཆེན་ཤོག་སྐྱའི་སྐོར། ༈ ཚོགས་མཆོད་རྒྱ་མཚོའི་སྤྲིན། ཤོག་སྐྱའི་སྐོར། ༈ ཕྱག་འཚལ་དྲི་མེད་ཟླ་རྒྱས། ཤོག་སྐྱའི་སྐོར། ༈ གསོལ་འདེབས་བདུད་རྩིའི་ཆུ་རྒྱུན། ཤོག་སྐྱའི་སྐོར། ༈ ཁྲིད་ཡིག་ནོར་བུ་ལུགས། རིན་ཆེན་ཤོག་སྐྱ། ༈ ཁྲིད་ཡིག་ཉི་ཟླ་གཟའ་སྐར། ཤོག་སྐྱ། ༈ ཟབ་མོ་རབ་འབྱེད་དང༌། ཚོགས་བསགས་བཅས། ཤོག་སྐྱའི་སྐོར། ༈ ཁྲིད་ཡིག་རིན་པོ་ཆེ་གསེར་གྱི་ཕྲེང་བ། ཤོག་སྐོར། ༈ ནམ་མཁའ་སྐོར་གསུམ་ལས། ནམ་མཁའ་རབ་འབྱམས། ཤོག་སྐྱའི་སྐོར། ༈ ནམ་མཁའ་ཀློང་ཡངས། ཤོག་སྐྱ། ༈ ནམ་མཁའ་དྲི་མེད། ཤོག་སྐྱ། ༈ མན་ངག་རིན་པོ་ཆེ་གསེར་གྱི་སྒྲོམ་བུ། ཤོག་སྐྱ། ༈ ཚིག་དོན་རིན་པོ་ཆེའི་བང་མཛོད། ཤོག་སྐྱའི་སྐོར། ༈ ཟབ་དོན་རྒྱ་མཚོའི་སྤྲིན། ཤོག་སྐྱའི་སྐོར། ༈ མཁའ་འགྲོ་སྙིང་ཐིག་གི་མན་ངག་ཟབ་དོན་རྒྱ་མཚོའི་ཁོག་དབུབ་ས་བཅད་བསྡུས་དོན་དོན་གསལ་ཉི་མའི་འོད་ཟེར། ཤོག་སྐྱའི་སྐོར། ༈ གསང་སྤྱོད་རྡོ་རྗེ་ལམ་བསྟན། ཤོག་སེར་སྐོར། ༈ ངེས་དོན་སྙིང་པོ་ཞེས་བྱ་བ། ཤོག་སྐྱ། ༈ བྱིན་རླབས་ཐུགས་སྒྲུབ་ཅེས་བྱ་བ། ཤོག་སེར་སྐོར། ༈ རིག་འཛིན་མཆོག་སྒྲུབ། ཤོག་སེར་སྐོར། ༈ མཁའ་འགྲོ་བདེ་ཆེན་རྒྱ་མཚོ། ཤོག་སེར་སྐོར། ༈ བསྐྱེད་རིམ་ཡིད་བཞིན་ནོར་བུ། ཤོག་སེར་སྐོར། ༈ རླུང་སྦྱོར་ཡེ་ཤེས་དྲ་བ། ཤོག་སེར་སྐོར། ༈ ཟབ་ལམ་བདེ་ཆེན་རྒྱ་མཚོ། ཤོག་སེར་སྐོར། ༈ འོད་གསལ་འཁོར་ལོ། ཤོག་སེར་སྐོར། ༈ གཞི་སྣང་ངོ་སྤྲོད། ཤོག་སེར་སྐོར། ༈ འོད་གསལ་སྦུབས་འཇུག །སྒྲོན་མ་བཞི་སྐོར། ཤོག་སེར་སྐོར། ༈ འཁྲུལ་སྣང་གཞི་ཐོག་ཞེས་བྱ་བ། ཤོག་སེར་སྐོར། ༈ རྨི་ལམ་སྦུབས་འཇུག་ཅེས་བྱ་བ། ཤོག་སེར་སྐོར། ༈ དབྱིངས་སྣང་ངོ་སྤྲོད་ཅེས་བྱ་བ། ཤོག་སེར་སྐོར། ༈ ཟབ་མོ་གནད་ཡིག །ཤོག་སེར། ༈ འོད་གསལ་པྲ་ཁྲིད། ཤོག་སེར། ༈ གསང་ལམ་རིན་པོ་ཆེའི་ངོ་སྤྲོད། ཤོག་སེར། ༈ ཟབ་དོན་སྙིང་པོ་ཞེས་བྱ། ཤོག་སེར། ༈ ཀུན་འདུས་རིན་པོ་ཆེའི་ངོ་སྤྲོད། ཤོག་སེར། ༈ བར་དོ་སྦུབས་འཇུག ཤོག་སེར། ༈ བར་དོ་གནད་ཀྱི་སྒྲོན་མེ། ཤོག་སེར་སྐོར། ༈ གནད་གསུམ་སྒྲོན་མེ་ཞེས་བྱ་བ། ཤོག་སེར་སྐོར། ༈ མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲ་བ། ཤོག་སེར། ༈ ཞལ་ཆེམས་དྲི་མ་མེད་པའི་འོད་ཅེས་པ། ཤོག་སེར། ༈ ཞལ་ཆེམས་མཐར་ཐུག་གཅིག་མ། ཤོག་སེར། ༈ ཞལ་ཆེམས་གནད་ཀྱི་མེ་ལོང༌། ཤོག་སེར་སྐོར། ༈ བདེ་གཤེགས་རིགས་ལྔའི་སྒྲུབ་ཐབས་པདྨ་སྟོང་ལྡན། རིན་ཆེན་ཤོག་འདྲའི་སྐོར། ༈ རིགས་ལྔའི་བཅུད་ལེན་བདུད་རྩི་ཐིགས་པ། ཤོག་འདྲའི་སྐོར། ༈ བདུད་རྩི་སྤྲིན་ཕུང་ཞེས་བྱ་བ། ཤོག་འདྲའི་སྐོར། ༈ འཆི་བ་བརྟག་བསླུའི་མན་ངག་ཉི་ཟླ་གཟའ་བྲལ། ཤོག་འདྲའི་སྐོར། ༈ བཏགས་གྲོལ་རྒྱུད་ཀྱི་མན་ངག་རིན་ཆེན་སྙིང་པོ། ཤོག་འདྲའི་སྐོར། ༈ སྲེག་སྦྱོང་འོད་ཀྱི་སྙེ་མ། ཤོག་སྐྱའི་སྐོར། ༈ གཞན་ཕན་འོད་ཀྱི་འཁོར་ལོ། ཤོག་དཀར་སྐོར། ༈ ཕྱག་རྒྱ་བཞི་མཆོད་འོད་ཀྱི་འཁོར་ལོའི་གནད་ཡིག ཤོག་སྐྱའི་སྐོར། ༈ མཆོད་རྟེན་རབ་གནས་རིན་ཆེན་དྲ་བ་ཞེས་བྱ་བ། ཤོག་སྐྱའི་སྐོར། ༈ རབ་ཏུ་གནས་པའི་ཆོ་ག་ཡེ་ཤེས་དྲི་མེད་ཅེས་བྱ་བ། ཤོག་སྐྱའི་སྐོར། ༈ མཐོང་སྣང་རིན་ཆེན་གསེར་གྱི་དྲ་བ། ཤོག་སྐྱའི་སྐོར། ༈ རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ། ཤོག་འདྲའི་སྐོར། ༈ གཟའ་བདུད་གསང་སྒྲུབ། ཤོག་འདྲ། ༈ གནོད་སྦྱིན་དམར་ནག་གི་སྒྲུབ་པ་མེ་རླུང་འཁྱིལ་བ། ཤོག་འདྲའི་སྐོར། ༈ ཤན་པ་སྲོག་སྒྲུབ་ནག་མོའི་གསང་སྒྲུབ། ཤོག་འདྲ། ༈ མཁའ་འགྲོ་ཡང་ཏིག་གི་ཐེམ་བྱང་དཔག་བསམ་ལྗོན་ཤིང༌། ༈ ཟབ་ཆོས་མཁའ་འགྲོ་ཡང་ཏིག་གི་པུསྟིཀ་པར་དུ་སྒྲུབ་ཚུལ་དཀར་ཆག་ཉུང་ངུ་ཨུཏྤལའི་ཕྲེང་བ་ཞེས་བྱ་བ་ངག་དབང་འདི་ཡང་ལུང་ཐོབ་ཀྱང་སྒེར་བརྒྱུད་མ་ཤེས་སོ། །མཆན། བློ་གྲོས་ཀྱིས་མཛད་པ་བཅས་སོ། །མཁའ་འགྲོ་ཡང་ཏིག་གི་དབང་ལུང་ཁྲིད་བཅས་ཉེ་བརྒྱུད་དམིགས་བསལ་དང་བཅས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཁན་ཆེན་ཐུབ་བསྟན་རྒྱལ་མཚན། གཏེར་སྟོན་དྲི་མེད་པདྨ་གླིང་པ། གདོད་མའི་མགོན་པོ་ཆོས་ཀྱི་བློ་གྲོས་ལས་བཀའ་དྲིན་དུ་ཐོབ་པའི་སྐལ་བཟང་ཀྱང་བྱུང་ངོ༌། །དེ་ལྟར་རྫོགས་པ་ཆེན་པོ་མན་ངག་སྡེའི་ཆོས་སྐོར་གྱི་གཙོ་བོ་བི་མ་སྙིང་ཐིག་ཆེན་མོ་ནི་གཏེར་སྟོན་ལྡང་མ་ལྷུན་རྒྱལ་དང༌། ལྕེ་བཙུན་ཆེན་པོའི་ཟབ་གཏེར་དང༌། དེའི་བཅུད་དྲིལ་བླ་མ་ཡང་ཏིག་ཀུན་མཁྱེན་ཆེན་པོའི་དགོངས་གཏེར། ལས་འབྲེལ་རྩལ་གྱི་གཏེར་མ་མཁའ་འགྲོ་སྙིང་ཐིག །དེའི་ཟབ་གནད་མཁའ་འགྲོ་ཡང་ཏིག་ཅེས་ཀུན་མཁྱེན་ཀློང་ཆེན་པའི་དགོངས་གཏེར་བཅས་པ་ལ་སྙིང་ཐིག་ཡ་བཞིར་གྲགས་པ་དང༌། ཟབ་མོ་ཡང་ཏིག་ཀྱང་ཀུན་མཁྱེན་ཆོས་རྗེའི་དགོངས་གཏེར་ཏེ་མདོར་ན་དེ་ཐམས་ཅད་ཀྱི་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ཀུན་མཁྱེན་ཆེན་པོ་ཡན་ཆད་སོ་སོའི་སྐབས་སུ་སྨོས་པ་བཞིན་ལ། རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་བཟང་པོ། བདེ་ལེགས་རྒྱ་མཚོ། ཡོན་ཏན་དཔལ་བ། སངས་རྒྱས་རིན་ཆེན། སངས་རྒྱས་རྒྱལ་མཚན། རྫ་པིག་པ་ཚུལ་རྒྱལ། རྩེ་ལེ་བསོད་ནམས་རྒྱལ་མཚན། ཨོ་རྒྱན་བསྟན་འཛིན། ཀརྨ་གུ་རུ། མདོ་སྔགས་བསྟན་འཛིན། གསང་བདག་ཕྲིན་ལས་ལྷུན་གྲུབ། ཨོ་རྒྱན་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་ཆེན་པདྨ་བསྟན་འཛིན། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། པདྨ་བསྟན་སྐྱོང་འགྱུར་མེད། དཔའ་བོ་གཙུག་ལག་ཆོས་རྒྱལ། ཨོ་རྒྱན་ཆོས་འཕེལ། ཀརྨ་འཕེལ་རྒྱས། ཀརྨ་གཞན་ཕན་བསྟན་པ་དར་རྒྱས། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། གདོད་མའི་མགོན་པོ་འགྱུར་མེད་པདྨ་རྣམ་རྒྱལ་ཟུང་འཇུག་གྲུབ་པའི་རྡོ་རྗེའི་ཞལ་སྔ་ནས་རབ་བྱུང་བཅུ་གསུམ་པའི་ཆུ་ཕག་གི་ལོར་ཞེ་ཆེན་རི་ཁྲོད་པདྨ་འོད་གླིང་གི་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་གྱི་གཟིམ་སྤྱིལ་ནས་རིག་པ་འཛིན་པའི་ཚོགས་དུ་མ་དང་ལྷན་ཅིག་རྗེས་སུ་བཟུང་བའི་སྐལ་བཟང་ཉམས་སུ་མྱོང་བའོ། །ཡང་ཟབ་མོ་ཡང་ཏིག་མ་གཏོགས་བི་མ་སྙིང་ཏིག །བླ་མ་ཡང་ཏིག །མཁའ་འགྲོ་སྙིང་ཏིག །མཁའ་འགྲོ་ཡང་ཏིག་བཅས་ཀྱི་དབང་ཀུན་མཁྱེན་ཡབ་སྲས་ཀྱི་ཡེ་ཤེས་སྒྱུ་མའི་རང་གཟུགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཡེ་ཤེས་རྡོ་རྗེའི་ཞལ་སྔ་ནས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བཀའ་དྲིན་དུ་ཐོབ་པ་སྤྱིར་རྗེ་འདིས་ཀཿཐོག་སི་ཏུ་པཎྜི་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་ལས་ཐོག་མར་དབང་ཁྲིད་ལུང་བཅས་ཚང་བར་གསན་པའི་བརྒྱུད་པ་ནི་འཇམ་མགོན་བློ་གྲོས་མཐའ་ཡས་ཡན་ཆད་གོང་གསལ་ལྟར་ལ། དེ་ལས་ཀཿཐོག་སི་ཏུ་པཎྚི་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས། པདྨ་ཡེ་ཤེས་རྡོ་རྗེ་ལས་བཀའ་དྲིན་དུ་ཐོབ་པའི་སྐལ་བཟང་ཉམས་སུ་མྱོང་བའོ། །བླ་མ་ཡང་ཏིག་གི་དབང་རྒྱུན་རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་བཛྲ་དང༌། རྒྱལ་སྲས་གཞན་ཕན་མཐའ་ཡས་ལས་གསན། ཞེ་ཆེན་རབ་འབྱམས་ལྔ་པ་རིན་པོ་ཆེའི་མཁྱེན་ཀོང་གཉིས་ཀ་ལས་གསན་སྙམ། མཁན་ཆེན་མངྒ་ལ་རསྨི་རྣམས་ལས་རྡོ་རྗེ་འཆང་དངོས་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་གསན་པའོ། །བི་མ་སྙིང་ཐིག་མ་བུའི་ཉེ་བརྒྱུད་ཁྱད་པར་བ་ནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་གླིང་པ། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། འཇིགས་མེད་རྒྱལ་བའི་མྱུ་གུ། རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་དམ་ཆོས་འོད་ཟེར། འགྱུར་མེད་པདྨ་རྣམ་རྒྱལ་འཇམ་མགོན་ཡེ་ཤེས་རྡོ་རྗེ་ལས་བཀའ་དྲིན་གྱིས་ཁྱབ་པའོ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 12:43, 14 December 2022
🚧 This website is under continued development. We appreciate your patience!
འོད་གསལ་ཐེག་རྩེའི་སྙིང་ཐིག་བི་མ་ལ་དང༌། པད་འབྱུང་གི་བཀའ་སྲོལ་སྙིང་ཐིག་མ་བུའི་སྨིན་གྲོལ་རྒྱབ་བརྟེན་བཅས་ཐོབ་ཚུལ་ངོ་མཚར་ནོར་བུའི་དོ་ཤལ།
Wylie title | 'od gsal theg rtse'i snying thig bi ma la dang/ pad 'byung gi bka' srol snying thig ma bu'i smin grol rgyab brten bcas thob tshul ngo mtshar nor bu'i do shal | |
---|---|---|
Location | dil mgo mkhyen brtse bka' 'bum Volume 25, Text 4, Pages 56-76 (Folios 1a to 21a3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. 'od gsal theg rtse'i snying thig bi ma la dang pad 'byung gi bka' srol snying thig ma bu'i smin grol rgyab brten bcas thob tshul ngo mtshar nor bu'i do shal. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 25: 56-76. Delhi: Shechen Publications, 1994. | |
Genre | Records of Teachings Received - thob yig - gsan yig |