DKR-KABUM-18-TSHA-007: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ལས༔ བཀའ་སྲུང་དྲག་པོ་སྡེ་ལྔའི་གསོལ་མཆོད༔ | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 18: . Delhi: Shechen Publications, 1994. | |fulltitle=rdo rje snying po don gyi thol glu las: bka' srung drag po sde lnga'i gsol mchod | ||
|citation=[[Khyentse, Dilgo]]. ''Rdo rje snying po don gyi thol glu las bka' srung drag po sde lnga'i gsol mchod''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 18: 22-23. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Protector Rituals - gsol mchod | |||
|tibgenre= | |||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
|deity=bka' srung | |||
|deity= | |||
|cycle=rdo rje snying po don gyi thol glu | |cycle=rdo rje snying po don gyi thol glu | ||
|cycletib=རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ | |cycletib=རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ | ||
| | |language=Tibetan | ||
|volumenumber=018 | |volumenumber=018 | ||
|volnumtib=༡༨ | |volnumtib=༡༨ | ||
|volyigtib=ཚ་ | |volyigtib=ཚ་ | ||
|totalvolumes=25 | |totalvolumes=25 | ||
|beginfolioline= | |textnuminvol=007 | ||
|rectonotes= | |pagenumbers=22-23 | ||
|totalpages=3 | |||
|beginfolioline=1a1 | |||
|endfolioline=2a5 | |||
|totalfolios=2 | |||
|multivolumework=No | |||
|rectonotes=bka' srung | |||
|versonotes=rdo rje snying po don gyi thol glu | |versonotes=rdo rje snying po don gyi thol glu | ||
| | |colophontib=ཅེས་འདི་རིན་ཚང་ལྷ་རིགས་ཀྱི༔ རིག་འཛིན་ཀློང་ཆེན་ཡེ་ཤེས་རྩལ༔ དགྱེས་པའི་ལུང་གིས་བསྐུལ་བ་བཞིན༔ མཁན་སློབ་ཆོས་རྒྱལ་རྣམ་གསུམ་གྱི༔ ཐུགས་བསྐྱེད་སྨོན་ལམ་རང་གཟུགས་ཆེ༔ བལ་ཡུལ་མཆོད་རྟེན་ཆེན་པོའི་མདུན༔ མགོ་ཟླའི༡༡་དུས་ཚེས༡༥་དགེ་བ་ལ༔ པདྨ་གར་དབང་བདེ་ཆེན་རྩལ༔ མདོ་སྔགས་གླིང་པའི་མིང་ཅན་གྱིས༔ རིག་རྩལ་ཤར་བཞིན་སྤེལ་བ་ཡིས༔ གསང་ཆེན་མཆོག་བསྟན་དར་རྒྱས་ཤོག༔ ས་མ་ཡ༔ བརྡ་ཐིམ༔ | ||
|colophonwylie=ces 'di rin tshang lha rigs kyi:_rig 'dzin klong chen ye shes rtsal:_dgyes pa'i lung gis bskul ba bzhin:_mkhan slob chos rgyal rnam gsum gyi:_thugs bskyed smon lam rang gzugs che:_bal yul mchod rten chen po'i mdun:_mgo zla'i11 dus tshes15 dge ba la:_pad+ma gar dbang bde chen rtsal:_mdo sngags gling pa'i ming can gyis:_rig rtsal shar bzhin spel ba yis:_gsang chen mchog bstan dar rgyas shog:_sa ma ya:_brda thim: | |||
|pdflink=File:DKR-KABUM-18-TSHA-007.pdf | |pdflink=File:DKR-KABUM-18-TSHA-007.pdf | ||
}} | }} | ||
Line 37: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ལས༔ བཀའ་སྲུང་དྲག་པོ་སྡེ་ལྔའི་གསོལ་མཆོད་བཞུགས༔ རིག་འཛིན་བླ་མ་ལྷ་ལ་འདུད༔ དྲག་པོའི་བཀའ་སྲུང་མཆོད་འདོད་པས༔ ལྕགས་སམ་བྷནྡྷའི་སྣོད་ཡངས་པར༔ དམར་གཏོར་ཤ་ཁྲག་བརྒྱན་པ་བཤམས༔ བདུད་རྩིས་བྲན་ལ་བྱིན་རླབས་འབུལ༔ ཨེ༔ ཆོས་དབྱིངས་རྡོ་རྗེ་བཙུན་མོ་ཨེ་ཀ་ཛ༔ གཏུམ་ཆེན་རྡོ་རྗེ་སྲིན་པོ་རཱ་ཧུ་ལ༔ བདེ་ཆེན་རྡོ་རྗེ་རྨད་བྱུང་སཱ་དྷུ་རྩལ༔ གཉིས་མེད་ཡེ་ཤེས་མགོན་པོ་མ་ནིང་ནག༔ ལས་ཀྱི་ཕོ་ཉ་རྡོ་རྗེ་འབར་བ་རྩལ༔ སྲོག་སྒྲུབ་ཌཱ་ཀིའི་རྒྱལ་མོ་དབྱིངས་ནས་བཞེངས༔ རྣམ་ཐར་སྒོ་གསུམ་ཡུམ་མཁའི་བྷཉྫ་རུ༔ ཕུང་ཁམས་སྐྱེ་མཆེད་རིགས་ལྔའི་དམ་ཚིགས་རྫས༔ ཡིད་བཞིན་འདོད་འབྱུང་འཕྲུལ་གྱི་ལོངས་སྤྱོད་ཆེ༔ མི་ཟད་འདོད་དགུ་ཀུན་འབྱུང་ནམ་མཁའ་མཛོད༔ ཕྱི་ལྟར་བདེ་ཆེན་ཀུན་བཟང་དགྱེས་པའི་སྤྲིན༔ ནང་དུ་དུར་ཁྲོད་དྲག་པོ་རྔམ་པའི་རྫས༔ གསང་བ་རྡོ་རྗེའི་ཏན་གན་དེ་ཁོ་ན༔ གཉིས་མེད་གཉིས་སུ་སྣང་བའི་མཆོད་པས་བསྐང༔ གཟོད་ནས་རྣམ་གྲོལ་བདེ་གསལ་མི་རྟོག་པའི༔ ཡེ་ཤེས་ཆེན་པོའི་ངོ་བོར་རྣམ་དག་པ༔ རྒྱུད་གསུམ་དྲེགས་པའི་རྒྱལ་པོ་རྣམ་པ་ལྔ༔ ཡེ་ཤེས་རོལ་པའི་ཆོ་འཕྲུལ་བཅས་ལ་བསྟོད༔ མཆོད་དང་མཆོད་བྱ་གཉིས་སུ་མི་རྟོག་ཀྱང༔ ཀུན་རྫོབ་སྒྱུ་མའི་སྣང་ཆ་མ་འགག་པ༔ ཐབས་ཤེས་རྟེན་འབྱུང་དག་པའི་ཡོ་བྱད་ནི༔ རང་བཞིན་ལྷུན་གྱིས་གྲུབ་པས་ཐུགས་དམ་བསྐང༔ བརྟེན་པའི་དམ་རྫས་དྲེགས་པའི་སྐུ་གསུང་ཐུགས༔ མཆོད་པའི་དམ་རྫས་བསྐང་དང་མཉེས་པའི་རྟེན༔ བསྙེན་སྒྲུབ་ལས་སྦྱོར་མཐར་ཕྱིན་བཞེད་དགུའི་དཔལ༔ རང་བཞིན་ལྷུན་གྱིས་གྲུབ་པས་ཐུགས་དམ་བསྐང༔ ངོ་བོའི་དབྱིངས་སུ་འཕོ་འགྱུར་སྤྲོས་བྲལ་ཡང༔ རྣམ་པའི་སྣང་ཆ་རྟེན་འབྱུང་སྒྱུ་མའི་གར༔ ཅིར་ཡང་འཆར་ཞིང་ལྷུན་གྲུབ་འགག་མེད་ཀྱི༔ བདེན་གཉིས་ཟུང་འཇུག་ཡེ་ཤེས་འཁོར་ལོར་བསྐང༔ གློ་བུར་བློས་བྱས་མཚན་མའི་རྣམ་པར་རྟོག༔ རང་ཤར་རང་གྲོལ་མཉམ་ཉིད་ཆོས་ཀྱི་སྐུར༔ བཅིངས་གྲོལ་ལས་འདས་ཀ་དག་ཀློང་ཆེན་པོར༔ བཤགས་སོ་དག་ཚངས་མཆོག་གི་དངོས་གྲུབ་སྩོལ༔ ཁྱོད་ནི་རང་རྩལ་ཕྲིན་ལས་ཐོགས་པ་མེད༔ སྲིད་པ་གཏིང་དཀྲུགས་མྱང་འདས་གཞི་ནས་བསླངས༔ ལས་བཞི་ལྷུན་གྲུབ་འདོད་དགུའི་དཔལ་དམ་པ༔ རང་གྲོལ་བདེ་ཆེན་དགྱེས་པས་རྟག་ཏུ་བསྐྱངས༔ ཐེག་མཆོག་ཨ་ཏིའི་སྒྲུབ་བརྒྱུད་འཕེལ་བ་དང༔ དེར་འཛིན་སྐྱེས་བུའི་ཉམས་རྟོགས་ཕྲིན་ལས་རྒྱས༔ འགྲོ་ཀུན་མོས་པ་ཆོས་ཀྱི་ཕྱོགས་བཀོལ་ནས༔ ཀུན་ཀྱང་རྣམ་གྲོལ་གདོད་མར་ངལ་འཚོར་མཛོད༔ བདག་གི་ལྟ་སྒོམ་སྤྱོད་པའི་བར་ཆད་སོལ༔ ལུས་དང་གྲིབ་བཞིན་འགྲོགས་པའི་སྲུང་སྐྱོབ་ཀྱིས༔ དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་དམ་པར༔ དབང་འབྱོར་ཕྲིན་ལས་རྒྱ་མཚོའི་གྲོགས་མཛོད་ཅིག༔ གྲུབ་པའི་རིག་འཛིན་བརྒྱུད་གསུམ་བླ་མ་ཡིས༔ ཐ་ཚིག་གནད་ལ་བོར་བ་མ་བསྙེལ་བར༔ འདོད་དགུའི་ལས་ཀྱི་གཉེར་ཁ་གཏད་པ་བཞིན༔ བཅོལ་བའི་ཕྲིན་ལས་མ་ལུས་མྱུར་འགྲུབ་མཛོད༔ ཅེས་འདི་རིན་ཚང་ལྷ་རིགས་ཀྱི༔ རིག་འཛིན་ཀློང་ཆེན་ཡེ་ཤེས་རྩལ༔ དགྱེས་པའི་ལུང་གིས་བསྐུལ་བ་བཞིན༔ མཁན་སློབ་ཆོས་རྒྱལ་རྣམ་གསུམ་གྱི༔ ཐུགས་བསྐྱེད་སྨོན་ལམ་རང་གཟུགས་ཆེ༔ བལ་ཡུལ་མཆོད་རྟེན་ཆེན་པོའི་མདུན༔ མགོ་ཟླའི༡༡་དུས་ཚེས༡༥་དགེ་བ་ལ༔ པདྨ་གར་དབང་བདེ་ཆེན་རྩལ༔ མདོ་སྔགས་གླིང་པའི་མིང་ཅན་གྱིས༔ རིག་རྩལ་ཤར་བཞིན་སྤེལ་བ་ཡིས༔ གསང་ཆེན་མཆོག་བསྟན་དར་རྒྱས་ཤོག༔ ས་མ་ཡ༔ བརྡ་ཐིམ༔}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
Line 45: | Line 47: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-18-TSHA]] | [[Category:DKR-KABUM-Volume-18-TSHA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Revision as of 10:19, 8 December 2022
Wylie title | rdo rje snying po don gyi thol glu las: bka' srung drag po sde lnga'i gsol mchod | |
---|---|---|
Location | dil mgo mkhyen brtse bka' 'bum Volume 18, Text 7, Pages 22-23 (Folios 1a1 to 2a5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. Rdo rje snying po don gyi thol glu las bka' srung drag po sde lnga'i gsol mchod. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 22-23. Delhi: Shechen Publications, 1994. | |
Genre | Protector Rituals - gsol mchod | |
Cycle | རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ (rdo rje snying po don gyi thol glu) | |
Deity | bka' srung | |
Colophon |
ཅེས་འདི་རིན་ཚང་ལྷ་རིགས་ཀྱི༔ རིག་འཛིན་ཀློང་ཆེན་ཡེ་ཤེས་རྩལ༔ དགྱེས་པའི་ལུང་གིས་བསྐུལ་བ་བཞིན༔ མཁན་སློབ་ཆོས་རྒྱལ་རྣམ་གསུམ་གྱི༔ ཐུགས་བསྐྱེད་སྨོན་ལམ་རང་གཟུགས་ཆེ༔ བལ་ཡུལ་མཆོད་རྟེན་ཆེན་པོའི་མདུན༔ མགོ་ཟླའི༡༡་དུས་ཚེས༡༥་དགེ་བ་ལ༔ པདྨ་གར་དབང་བདེ་ཆེན་རྩལ༔ མདོ་སྔགས་གླིང་པའི་མིང་ཅན་གྱིས༔ རིག་རྩལ་ཤར་བཞིན་སྤེལ་བ་ཡིས༔ གསང་ཆེན་མཆོག་བསྟན་དར་རྒྱས་ཤོག༔ ས་མ་ཡ༔ བརྡ་ཐིམ༔ | |
ces 'di rin tshang lha rigs kyi:_rig 'dzin klong chen ye shes rtsal:_dgyes pa'i lung gis bskul ba bzhin:_mkhan slob chos rgyal rnam gsum gyi:_thugs bskyed smon lam rang gzugs che:_bal yul mchod rten chen po'i mdun:_mgo zla'i11 dus tshes15 dge ba la:_pad+ma gar dbang bde chen rtsal:_mdo sngags gling pa'i ming can gyis:_rig rtsal shar bzhin spel ba yis:_gsang chen mchog bstan dar rgyas shog:_sa ma ya:_brda thim: |