DKR-KABUM-03-GA-009: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-03-GA-009
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:01, 1 June 2024

Wylie title dge ba'i bshes gnyen rnams la gsol 'debs phyogs bsdus DKR-KABUM-03-GA-009.pdf
Location dil mgo mkhyen brtse bka' 'bum
Volume 3, Text 9, Pages 81-96 (Folios 1a to 16b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Dge ba'i bshes gnyen rnams la gsol 'debs phyogs bsdus. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 3: 81-96. Delhi: Shechen Publications, 1994.
Genre Supplications - gsol 'debs
[edit]
ཀྱེ་ཧོ། གཟོད་ནས་འགྱུརྃ་མེྃད་ཀ་དག་དབྱིངས་ཀྱི་ཀློང༌། །འོད་གསལ་ལྷུན་གྲུབ་པྃདྨྃའི་འདབ་སྟོང་སྦུབས། །ཕྱོགས་ལས་རྣམྃ་རྒྱལྃ་མཁྱེན་བརྩེའི་ཟིལ་དངར་ཅན། །རིགས་ཀུན་ཁྱབ་བདག་ཆེན་པོར་གསོལ་བ་འདེབས། །ཀུནྃ་བཟྃང་ཐུགས་ཀྱི་བྃསྟན་པའིྃ་ཆུ་གཏེར་དབུས། །ལུང་རྟོགས་རིན་ཆེན་ལྷུན་པོའི་མཛེས་པའི་སྤོར། །ངོ་མཚར་ཐུགས་བསྐྱེད་རྣམ་ཐར་རྒྱལྃ་མཚྃན་གྱིས། །མཛེས་པའི་ཆོས་ཀྱི་བཤེས་གཉེན་གསོལ་བ་འདེབས། །འྃགྱུར་མེྃད་ཀུནྃ་བཟྃང་དང་པོའི་སངས་རྒྱས་ཀྱི། །ཞལ་སྐྱིན་མཁས་གྲུབ་རིག་འཛིན་དབང་པོའི་ཚུལ། །གཞྃན་ཕནྃ་ཕྲིན་ལས་མཐྃའ་ཡསྃ་བསྟན་འགྲོའི་སྨན། །འཁོར་ལོའི་མགོན་པོ་མཆོག་ལ་གསོལ་བ་འདེབས། །འཕོ་འགྱུརྃ་མཚན་མེྃད་ཉེར་ཞིའི་མཆོག་བརྙེས་ཀྱང༌། །མཁའ་ཁྱབ་ཐུགས་རྗེའི་པྃདྨྃའི་འཛུམ་ཕྲེང་གིས། །འོད་གསལ་རྡོྃ་རྗེྃ་སྙིང་པོའི་བསྟན་སྲོག་འཛིན། །རིགས་ཀུན་དབང་ཕྱུག་མགོན་ལ་གསོལ་བ་འདེབས། །འྃགྱུར་བཅས་སྲིད་ཞི་ལས་འདས་གདོད་མའི་མགོན། །འཕོ་མེྃད་ཕྲིན་ལས་རང་གཟུགས་གང་འདུལ་གར། །བཤྃད་སྒྲུབྃ་རྒྱལྃ་མཚྃན་མཛེས་པའི་དོ་ཤལ་ཅན། །དོན་གྱི་རྣལ་འབྱོར་དབང་ཕྱུག་གསོལ་བ་འདེབས། རྣམ་འྃགྱུར་རབ་འབྱམས་སྡེ་སྣོད་ནོར་བུའི་དབྱིག །དྲི་མེྃད་ཐུགས་བསྐྱེད་བློ་གྲོས་སྟོབས་ཀྱིས་འདེགས། །མདོ་སྔགས་ཐུབྃ་བསྟནྃ་ཀུན་དགའི་རྒྱལྃ་མཚྃན་ཆེ། །བརྟན་མཁས་ཡོན་ཏན་ཀུན་རྫོགས་གསོལ་བ་འདེབས། །དཀོྃན་མཆོྃག་གདུང་འཛིན་དཔག་ཡས་ཆོས་ཀྱི་སྒོ། །ཐོས་བསམ་སྐལ་བཟང་ལྡེ་མིག་གིས་འབྱེད་ཅིང༌། །ངེས་དོན་སྙིང་པོའི་སྲོག་འཛིན་སྡོམ་བརྩོན་རྒྱལ། །འདྲེན་མཆོག་འཇྃམ་དཔྃལ་བློྃ་གསྃལ་གསོལ་བ་འདེབས། །འྃགྱུར་མེྃད་འཕགས་པའི་རྣམ་ཐར་རིན་ཆེན་རྒྱལ། །གསང་གསུམ་དཔལ་དུ་མཛེས་པའི་འོདྃ་ཟེརྃ་གྱིས། །སྙིགས་དུས་མུན་སེལ་གྲགྃས་པྃ་དགའ་བའི་གཉེན། །དགེ་བའི་བཤེས་གཉེན་མཆོག་ལ་གསོལ་བ་འདེབས། །གཞན་ཡང་དཔལ་ལྡན་བླ་མའི་ཕྲིན་ལས་ཀྱི། །ཆུ་གཏེར་གཅིག་གི་ཁྱོན་གནས་མཁས་དང་གྲུབ། །འཕགས་པའི་རྣམ་ཐར་དང་པོའི་ཟློས་གར་གྱིས། །རྩེན་པའི་རྣམ་འདྲེན་ཀུན་ལ་གསོལ་བ་འདེབས། །ཀུན་བཟང་ཐེག་མཆོག་རྟོགས་པའི་བརྟུལ་ཞུགས་ཀྱིས། །གྃང་འདུལ་ཕྲིན་ལས་རྩོད་དུས་ཕན་བདེའི་དཔལ། །པདྨའི་གདུང་འཚོབ་ཐུགས་བསྐྱེད་འོད་བརྒྱའི་ཕྲེང༌། །སྙིགས་དུས་དཔལ་དུ་ཤརྃ་ལ་གསོལ་བ་འདེབས། །རྣམ་རོལ་གཙོ་འཁོར་ཡབ་སྲས་འདུས་པའི་ཚུལ། །ངོ་བོ་ཆོས་ཉིད་ངེས་དོན་བླ་མའི་དབྱིངས། །མི་ཕྱེད་རོ་མཉམ་རྡོ་རྗེའི་དབྱིངས་ཆེན་པོར། །ཀུན་བཟང་རྡོ་རྗེ་སེམས་དངོས་གསོལ་བ་འདེབས། །ཁྱེད་རྣམས་མཁྱེན་བརྩེའི་ཡེ་ཤེས་ནོར་བུའི་རྡུལ། །བདག་བློ་སྐལ་བཟང་ཡིད་ཀྱི་ངོགས་འཕོས་པས། །སྲིད་པ་མཐའ་ཅན་ཐར་བདེའི་འདོད་དགུའི་སྐྱེས། །ཅིར་ཡང་ཐོབ་པའི་བཀའ་དྲིན་རྗེས་སུ་དྲན། །དམ་ཚིག་རྡོ་རྗེའི་ཐ་གུས་འབྲལ་མེད་དུ། །སྙིང་པོའི་བྱང་ཆུབ་བར་དུ་བཅིངས་བ་ལ། བཀའ་དྲིན་རྗེས་སུ་དྲན་པའི་དྲི་བཞོན་གྱིས། །བསྐུལ་བའི་ཚིག་ཕྲེང་མེ་ཏོག་བསྟར་ལ་བརྒྱུས། །ངོ་མཚར་མཁས་དང་གྲུབ་པའི་ནོར་བུའི་ཕྲེང༌། །བར་མ་ཆད་པ་དུ་མས་ཡོངས་བརྒྱན་པའི། །མདོ་སྔགས་བསྟནྃ་པ་གཉིསྃ་ཀྱི་སྤོང་དང་ཀློག །དྃར་ཞིང་རྒྱསྃ་པའི་གླིངྃ་དེར་བདག་སོན་ཤོག །དུས་འདི་ནས་བཟུང་ཚེ་རབས་ཕྲེང་བའི་བརྒྱུད། །རྫོགས་པའི་སངས་རྒྱས་ཁྱབ་བདག་ཞེ་ཆེན་པའི། །བསྟན་ལ་ཞབས་འདེགས་འབའ་ཞིག་བརྩོན་པ་ཡི། །རྡོ་རྗེའི་གོ་ཆ་བདག་གིས་ལྷུར་ལེན་ཤོག །རབ་གཙང་སྡོམ་གསུམ་ལྷོ་ཕྱོགས་ནགས་ཀྱི་ཀླུང༌། །སྐྱོན་བྲལ་ཚུལ་ཁྲིམས་མེ་ཏོག་གིས་བརྒྱན་ཞིང༌། །ཐར་པའི་རྒྱལ་མཚན་འཛིན་པའི་རྡུལ་དམར་གྱིས། །ལྷར་བཅས་གདུལ་བྱའི་བུང་བ་དབང་བྱེད་ཤོག །སྨིན་ལམ་རྡོ་རྗེའི་རིགས་ཀྱི་ས་བོན་གྲུང༌། །གྲོལ་བྱེད་རིམ་གཉིས་དབྱར་སྐྱེས་དར་ལ་བབ། །མཆོག་ཐུན་དངོས་གྲུབ་སྙེ་མས་དུད་པ་ཡི། །རྫོགས་ལྡན་གསར་པ་བདག་གིས་འདྲེན་ནུས་ཤོག །བཅོས་མིན་དད་པའི་རླབས་ཕྲེང་མཛེས་གཡོ་བའི། །ཡིད་ཀྱི་ཆུ་གཏེར་གསོལ་འདེབས་མེ་ཏོག་གི །འཛུམ་ཟེར་སྒེག་པའི་དྲི་བསུང་མངར་པོ་ཡི། །ཁྱབ་བདག་དགྱེས་པའི་ཉིན་བྱེད་མཇལ་བར་ཤོག །སྲིད་ཞིའི་ཡོན་ཏན་བླ་མའི་བཀའ་དྲིན་ལས། །བྱུང་བར་ཤེས་ནས་མོས་གུས་རྒྱང་གླུ་ཡིས། །མགོན་ཁྱོད་སྙན་གྱི་རི་སྐྱེས་བསྐུལ་བྱས་པས། །དགྱེས་པའི་སྤྱན་གྱིས་ཚེ་རབས་ཀུན་གཟིགས་ཤོག །མོས་གུས་དཀར་པོ་ཆིག་ཐུབ་བཅུད་ལེན་གྱིས། །རྣམ་མཁྱེན་ལང་ཚོ་རྫོགས་པས་བདག་ཉིད་ཀྱང༌། །དཔལ་ལྡན་བླ་མའི་རྣམ་ཐར་ལྷའི་དགའ་ཚལ། །ཚུལ་བཞིན་བརྩོན་པས་བསྟན་འགྲོའི་རྒྱན་གྱུར་ཅིག །ཀུན་རྫོབ་ཕྱི་ཡི་བླ་མས་ཆོས་སྒོ་འབྱེད། །བགྲོད་པ་ལམ་གྱི་བླ་མས་ས་བཅུ་རྫོགས། །མཐར་ཕྱིན་འབྲས་བུའི་བླ་མ་རང་རིག་ངང༌། །དབྱེར་མེད་དགོངས་བརྒྱུད་རྒྱལ་ས་ཟིན་པར་མཛོད། །ཅེས་ལས་ཉོན་གྱི་འདམ་རྫབ་སྟུག་པོའི་སེམས་རྒྱུད་ཉེས་པས་གང་ཡང་མཉམ་མེད་བླ་མ་མཆོག་གི་ཐུགས་རྗེའི་ཉི་ཟེར་གྱིས་ཕྱེས་པའི་དད་མོས་ཀྱི་འདབ་བརྒྱ་ལས་ཐོན་པའི་བསྟོད་བསྔགས་ཀྱི་སྦྲང་རྩིའི་དོགས་པ་ཕྲ་མོ་འདི་ཡང་མདོ་ཁམས་ཤར་གྱི་དཱ་རི་དྲ་མངྒ་ལ་ཤྲཱི་བྷཱུ་ཏིར་འབོད་པས་གདུང་དབྱངས་སྨོན་ཚིག་ཏུ་བགྱིས་པའི་ཚིགས་སུ་བཅད་པའོ། ༈ མཁན་ཆེན་བཀའ་དྲིན་མཚུངས་མེད་འཇིགས་མེད་པདྨ་བློ་གསལ་ལ་དད་པས་རྗེས་སུ་དྲན་པའི་བསྟོད་བསྔགས་མཚོ་བྱུང་སྤྲིན་གྱི་ལང་ཚོ་ཞེས་བྱ་བ་བཞུགས་སོ། ན་མོ་མ་ཧཱ་སྠི་ར་ཏིཥྛ་རཏྣ་ཀིརྟི་ཡེ། བསིལ་ལྗོངས་ཐུབ་དབང་གཉིས་པ་ཞི་བ་མཚོའི། །ཡེ་ཤེས་ཟླ་བ་སྔ་འགྱུར་བསྟན་མཆོག་གི །ཆུ་གཏེར་སྤེལ་ཕྱིར་ཕྲིན་ལས་བདུད་རྩིའི་དབྱིག །མཁན་ཆེན་བླ་མ་དཀོན་མཆོག་གྲགས་པ་རྒྱལ། །དག་པའི་རིགས་མཆོག་ནོར་བུ་ཀེ་ཏ་ཀར། །སྙིགས་མའི་ཉེས་སྤྱོད་རྫོགས་པས་མ་བསླད་པར། །ལང་ཚོའི་པདྨ་བཞད་པའི་དུས་ཉིད་ནས། །རྣམ་དཀར་རིན་ཆེན་ལྕིད་ལ་གསོལ་བ་འདེབས། །མདོ་ཁམས་ཤར་ཕྱོགས་དམ་པ་ཆོས་ཕྱུག་གི །བྱེ་བྲག་ཟིལ་ཁྲོམ་གངས་ཀྱི་ར་བའི་ཞོལ། །མཐའ་གཉིས་མ་ལྷུང་ཁྱིམ་དུ་སྲིད་བཟུང་བའི། །དགེ་མཚན་སྐྱ་རེངས་ཤར་ལ་གསོལ་བ་འདེབས། །རྡུལ་དུ་གནས་པའི་དངུལ་ཆུའི་གོང་བུ་བཞིན། །ཁྱིམ་ལ་ཆགས་དང་རྩེད་མོས་མ་གཡེངས་བར། །རུ་དམ་ཆོས་ཀྱི་གླིང་དུ་བྱོལ་ནས་ཀྱང༌། །ཐར་པའི་རྒྱལ་མཚན་བཞེས་ལ་གསོལ་བ་འདེབས། །ཡོན་ཏན་གཞི་མ་འབྲི་ཀློག་ཕུལ་བྱུང་ཞིང༌། །ཐུན་མོང་རིག་པའི་གནས་ཀུན་མཁྱེན་དཔྱོད་ཀྱི། །མེ་ལོང་གཙང་མར་རྣམ་བཀྲ་གཙུག་ལག་སྒོ། །གཟིགས་པའི་སྤྱན་རས་མངའ་ལ་གསོལ་བ་འདེབས། །བརྟན་མཁས་དུལ་བའི་སྤྱོད་མཛེས་མཁན་ཆེན་མཆོག །པདྨ་དམ་ཆོས་འོད་ཟེར་འབུམ་འཕྲོ་བས། །མངོན་མཐོ་ངེས་ལེགས་ཡོན་ཏན་དབྱིག་གི་གཞི། །རབ་བྱུང་བསྙེན་པར་རྫོགས་ལ་གསོལ་བ་འདེབས། །གཞན་ཕན་བྱང་ཆུབ་སེམས་ཀྱི་སྡོམ་པ་དང༌། །རྒྱུད་དང་སྒྲུབ་སྡེ་བཀའ་གཏེར་དག་སྣང་གི །སྨིན་གྲོལ་རྒྱ་མཚོས་ཐུགས་ཀྱི་བུམ་པ་བཟང༌། །ལེགས་པར་བཀང་བར་མཛད་ལ་གསོལ་བ་འདེབས། །འདུལ་མདོ་དབུ་མ་ཤེས་རབ་ཕ་རོལ་ཕྱིན། །མདོ་སྡེ་རྒྱན་དང་འབྱེད་གཉིས་རྒྱུད་བླ་མ། །རྒྱལ་སྲས་སྤྱོད་འཇུག་གིས་མཚོན་ནང་དོན་གྱི། །རིག་གཞུང་རྒྱ་མཚོ་མཁྱེན་ལ་གསོལ་བ་འདེབས། །ཁྱད་པར་ལེགས་བཤད་དཔག་བསམ་སྙེ་མ་ཡི། །ཚིག་དོན་ཐུགས་ཆུད་སྒྱུ་འཕྲུལ་སྙིང་པོའི་རྒྱུད། །འཆད་ལ་ཐོགས་མེད་སྡེ་སྣོད་འཛིན་རྒྱལ་ཞེས། །མཁས་པའི་སྙན་པས་ཁྱབ་ལ་གསོལ་བ་འདེབས། །མཁྱེན་དཔྱོད་རལ་གྲི་རྣོ་ཤིང་མྱུར་ཟབ་པས། །སྔ་འགྱུར་ངེས་དོན་བསྟན་པའི་ལྟ་སྒོམ་སྤྱོད། །རིག་འཛིན་གོང་མའི་བཞེད་སྲོལ་གསེར་སྦྱངས་ཁམས། །ངེས་དོན་དབྱིག་མཛོད་བརྙེས་ལ་གསོལ་བ་འདེབས། །ཐུབ་བསྟན་མངའ་བདག་མཁྱེན་བརྩེའི་དབང་པོ་དང༌། །མི་ཕམ་ཞབས་སོགས་རྣམ་འདྲེན་དུ་མ་ལས། །ཟབ་རྒྱས་བདུད་རྩིའི་དགའ་སྟོན་བཞེས་པ་ཡིས། །བསྟན་པའི་མིག་རྒྱན་གྲུབ་ལ་གསོལ་བ་འདེབས། །སྒྱུ་འཕྲུལ་རྒྱུད་དང་ལུང་ཆེན་འདུས་པ་མདོ། །བཀའ་གཏེར་རྡོ་རྗེ་ཕུར་པ་རཏྣ་གླིང༌། །འཇའ་ཚོན་སཱུརྻ་ཀིརྟིའི་བླ་རྫོགས་ཐུགས། །བསྙེན་སྒྲུབ་མཐར་ཕྱིན་མཛད་ལ་གསོལ་བ་འདེབས། །རྨད་བྱུང་ངེས་གསང་རྫོགས་པ་ཆེན་པོའི་ལམ། །སྙིང་ཐིག་གོང་འོག་མཛོད་མཆོག་རིན་ཆེན་བདུན། །ཡོན་ཏན་དགའ་བའི་ཆར་གྱིས་ལེགས་བསྟན་པའི། །ལམ་མཆོག་མཐར་ཕྱིན་མཛད་ལ་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱི་ཐུན་མོང་མཛད་སྤྱོད་ཀུན། །ཆོས་འདུལ་གཞུང་བཞིན་རྟག་ཏུ་མི་འདའ་ཞིང༌། །སློབ་ཚོགས་རྒྱ་མཚོར་དེ་བཞིན་ལེགས་འདོམས་པས། །ཚུལ་ཁྲིམས་དྲི་བསུང་འཐུལ་ལ་གསོལ་བ་འདེབས། །ལེགས་བཤད་འཆད་ཚེ་ངེས་འབྱུང་རྗེས་བསྐུལ་དང༌། །དམ་པའི་རྣམ་ཐར་གཞན་ཕན་བསམ་སྦྱོར་བཅས། །ལུང་རིགས་ཟབ་དོན་བསྐུལ་ཞིང་དད་མོས་དང༌། །སྙིང་རྗེས་སྤྱན་ཆབ་བསིལ་ལ་གསོལ་བ་འདེབས། །བཅུ་བདུན་གཞི་དང་ལྟུང་བ་སྡེ་ལྔ་ཡི། །གླེང་གཞི་སྙིང་པོ་བསྐྱེད་རྫོགས་རྫོགས་ཆེན་ཁྲིད། །ཚིག་ཉུང་དོན་འདུས་ལེགས་བཤད་བདུད་རྩིའི་སྐྱེས། །ཅི་ཡང་སྤྲོས་པར་མཛད་ལ་གསོལ་བ་འདེབས། །མཁས་བཙུན་གྲུབ་བརྙེས་བློ་གསལ་ཆོས་བཞིན་སྤྱོད། །འཇམ་མགོན་བླ་མ་ཆོས་ཀྱི་བློ་གྲོས་གཏེར། །སངས་རྒྱས་མཉན་པ་མཆོག་སོགས་རིས་མེད་ཀྱི། །སློབ་ཚོགས་བགྲང་ཡས་འདུས་ལ་གསོལ་བ་འདེབས། །ཁྱད་པར་མདོ་སྨད་སྔ་འགྱུར་བསྟན་འཛིན་གྱི། །འདུལ་བསྟན་འཛིན་མཛད་སྡོམ་བརྩོན་མཐའ་ཀླས་པར། །ཤཱཀྱའི་སྲས་གཅིག་ཤཱནྟ་རཀྵི་ཏའི། །རྒྱུན་འཛིན་བསམ་ཡས་སྤེལ་ལ་གསོལ་བ་འདེབས། །རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི །རྩ་བ་ཡན་ལག་འདུས་སྡེའི་བཅའ་ཁྲིམས་དང༌། །མཆོག་ཕལ་བསྟན་འཛིན་ཀུན་ལ་སློབ་སྟོན་གྱིས། །གནས་བརྟན་ཆེན་པོར་གྱུར་ལ་གསོལ་བ་འདེབས། །རྙེད་བཀུར་སྙན་གྲགས་རྒྱས་བཞིན་ཁེངས་པ་བསྐྱུངས། །མཆོད་སྦྱིན་བསགས་སྦྱངས་སྤེལ་ཞིང་གསོག་འཇོག་བྲལ། །ལོག་འཚོའི་གཟི་བྱིན་སྤངས་བའི་སྦྱངས་ཡོན་གྱི། །ཞི་དུལ་འབད་མཐར་སོན་ལ་གསོལ་བ་འདེབས། །ཐུགས་རྒྱུད་དྲངས་པས་ཀུན་གྱིས་ཡིད་རྟོན་འཆའ། །གཞུང་བཟང་ཕྱི་ཐག་རིང་བས་ལྷ་མི་འདུ། །ཆེ་བཙན་དྲེགས་ཚོགས་ཟིལ་གནོན་དཔའ་བཀོང་བའི། །ཆོས་སྲིད་ཡོན་ཏན་རྒྱས་ལ་གསོལ་བ་འདེབས། །འདུ་འཛིའི་བྱ་བྲལ་དབེན་པའི་བས་མཐའ་རུ། །སྙིང་པོ་སྒྲུབ་པའི་མཛད་པ་གཙོར་བཏོན་ཏེ། །བྱ་དང་རི་དྭགས་བརྩེ་བས་བག་ཕེབས་པར། །གཅིག་པུར་བཞུགས་པར་མཛད་ལ་གསོལ་བ་འདེབས། །མཐོང་ན་མི་མཐུན་མེད་པའི་ཀུན་སྤྱོད་ཀྱིས། །ཞལ་མཐོང་ཙམ་ནས་དད་གུས་གདུང་བས་བསྟེན། །ཡུན་དུ་འགྲོགས་བཞིན་ཞུམ་བཅས་ཡིད་འཁུལ་ཏེ། །འབྲལ་མི་ཕོད་པར་གྱུར་ལ་གསོལ་བ་འདེབས། །ཐ་མའི་མཛད་པ་བསྟན་པར་ཞལ་བཞེས་ནས། །སྐུ་ཆས་ཐུགས་ཉེའི་སློབ་ཚོགས་ཀུན་ལ་བསྩལ། །མཆོད་འབུལ་ཆས་བསྒྲིགས་དགོངས་རྫོགས་རྟེན་བཅས་ཏེ། །ཞལ་གདམས་སྤང་བླང་བསྟན་ལ་གསོལ་བ་འདེབས། །དབེན་གནས་ཚེ་རིང་ལྗོངས་ཀྱི་ས་ཡི་སྤོར། །སྐུ་གདུང་རིལ་པོ་གཅིག་ཏུ་སྦས་བྱས་ན། །རྫོགས་ཆེན་བསྟན་དགོན་ཕན་པའི་ཞལ་བཞེས་ཀྱིས། །ཐ་ཚིག་གནད་དུ་བཀར་ལ་གསོལ་བ་འདེབས། །སྐུ་ཡི་བཞུགས་སྟང་སེང་གེ་ཉལ་སྟབས་ཀྱིས། །ཆོས་གོས་གསོལ་ནས་ཞི་བར་བསམ་བཞིན་མནལ། །མཆོད་འབུལ་བསྙེན་བཀུར་བཀའ་བཞིན་ལེགས་བསྒྲུབས་པས། །ཡིད་ཆེས་སྤྲོ་བ་བསྐྱེད་ལ་གསོལ་བ་འདེབས། །དུས་མཐར་སྐྱེས་པའི་དམན་པ་བདག་ལྟས་ཀྱང༌། །ཞལ་མཇལ་སྨིན་གྲོལ་གདམས་པས་རྗེས་བཟུང་བའི། །ཡ་མཚན་དྲན་པས་བསྟོད་པའི་མེ་ཏོག་ཕྲེང༌། །རྗེ་བཙུན་བླ་མ་དྲན་བཞིན་གསོལ་བ་འདེབས། །ཚེ་རབས་ཀུན་ཏུ་མགོན་པོ་ཁྱེད་བཞིན་དུ། །ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་མཐར་སོན། །མཁས་བཙུན་བཟང་པོས་དོན་གཉིས་ལྷུན་གྲུབ་པའི། །དཔལ་གྱིས་བདག་རྒྱུད་མཛེས་པར་མཛད་དུ་གསོལ། །ཞེས་མདོ་ཁམས་རུ་དམ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་མཁན་ཆེན་འཇིགས་མེད་པདྨ་བློ་གསལ་དཀོན་མཆོག་གྲགས་པ་ཞེས་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་མཁན་ཆེན་ཞི་བ་འཚོའི་རྣམ་འཕྲུལ་དུ་ལུང་གི་ཟིན་པ་གང་གི་ཞལ་སྔ་ནས། བཀའ་མ་སྒྱུ་འཕྲུལ་ཞི་ཁྲོའི་དབང་ཆོག་དང༌། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་དབང་བཀའ་ཡོངས་རྫོགས་དང༌། ཁྲིད་ཡིག་ཆེན་མོ་ཡེ་ཤེས་བླ་མ་བཅས་སྐལ་བཟང་མངྒ་ལས་རང་ལོ་ཕྱོགས་ཀྱི་གྲངས་སུ་སོན་པའི་ཚེ་བརྩེ་བས་རྗེས་སུ་བཟུང་བ་མངོན་པར་ཤེས་བཞིན་གྱི་དད་པས་དྲན་ཏེ་ཡི་གེར་སྤེལ་བ་ཚེ་རབས་ཐམས་ཅད་དུ་རྗེ་བཙུན་བླ་མའི་ཞབས་སེན་ཚངས་གནས་སུ་མཆོད་པའི་སྐལ་པ་མཆོག་ཏུ་ལྡན་པའི་རྒྱུར་གྱུར་ཅིག ༈ འཇམ་མགོན་མཆོག་གི་སྤྲུལ་པའི་སྐུ་ཀུན་བཟང་འགྱུར་མེད་པདྨ་དྲི་མེད་ལེགས་པའི་བློ་གྲོས་ཕྲིན་ལས་འོད་ཟེར་རབ་ཏུ་རྒྱས་པའི་སྡེའི་གསོལ་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས། ན་མོ་གུ་རུ་བཻ་རོ་ཙཱ་ན་རཀྵི་ཏ་ཡེ། སྲིད་ཞི་ཀུན་ཁྱབ་འོད་གསལ་ཆོས་ཀྱི་དབྱིངས། །རབ་འབྱམས་སྐུ་དང་ཡེ་ཤེས་རྒྱ་མཚོའི་མཛོད། །མཁའ་ཁྱབ་འགྲོ་བ་འདུལ་བའི་ཕྲིན་ལས་ཅན། །ཀུན་བཟང་དང་པོའི་སངས་རྒྱས་གསོལ་བ་འདེབས། །རང་བྱུང་ལྷུན་གྲུབ་ཟག་མེད་ཡོན་ཏན་གཏེར། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྒྲོན་མེའི་སྤྲིན། །བདེ་ཆེན་ཡན་ལག་བདུན་ལྡན་རིགས་ཀུན་བདག །རྣམ་སྣང་གངས་ཅན་མཚོ་རྒྱལ་གསོལ་བ་འདེབས། །མཁའ་ཁྱབ་ཐུགས་རྗེའི་ཤིང་རྟའི་གཞན་དབང་གིས། །དཔག་ཡས་སྒྱུ་འཕྲུལ་དྲྭ་བའི་རྣམ་པར་རོལ། །སྲིད་ཞིའི་དགེ་ལེགས་ཕན་བདེའི་འབྱུང་གནས་མཆོག །རྒྱལ་ཀུན་ཕྲིན་ལས་བྱེད་པོར་གསོལ་བ་འདེབས། །ཕྱོགས་བཞི་དབུས་ལྔའི་རིགས་ལྔ་གངས་ཆེན་མཚོ། །མི་མཇེད་ཞིང་ཁམས་བྱེ་བ་ཕྲག་བརྒྱ་སོགས། །ཞིང་འདིའི་གདུལ་བྱ་སོ་སོའི་མོས་པ་བཞིན། །སྤྲུལ་པའི་རོལ་རྩེད་སྟོན་ལ་གསོལ་བ་འདེབས། །ཁྱད་པར་རྒྱལ་བ་ཀུན་གྱི་གསང་བ་ཆེ། །ཟབ་ཅིང་རྒྱ་ཆེའི་ལུང་རྟོགས་ཆོས་ཀྱི་མཛོད། །འཛིན་སྤེལ་སྡུད་པའི་མངའ་བདག་མཆོག་ཏུ་བསྔགས། །གསང་འཛིན་རྡོ་རྗེ་ཆོས་ལ་གསོལ་བ་འདེབས། །ཐུབ་པའི་དྲུང་ན་མང་ཐོས་ཀུན་དགའ་པོ། །བོད་ཡུལ་ཆོས་ཀྱི་སྲོལ་འབྱེད་ཐོན་མིའི་ཞབས། །མཚོ་སྐྱེས་རྒྱལ་དང་དགོངས་མཉམ་བཻ་རོ་སོགས། །ཡེ་ཤེས་བསམ་མི་ཁྱབ་ལ་གསོལ་བ་འདེབས། །སྔ་འགྱུར་བསྟན་པའི་ཤིང་རྟ་ཤེས་རབ་གྲགས། །གསང་ཆེན་ཆོས་ཀྱི་མིག་གཅིག་རོང་ཟོམ་ཞབས། །ཀུན་གཟིགས་རྡོ་རྗེ་གླིང་སོགས་མཁས་གྲུབ་ཆེའི། །རོལ་རྩེད་མཐའ་ཀླས་སྟོན་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དངོས་ས་སྐྱ་པཎྜི་ཏ། །མཁས་གྲུབ་རྒྱ་མཚོའི་ཐུགས་སྲས་ཁྱུང་པོའི་ཞབས། །གསང་ཆེན་རྒྱུད་སྡེའི་ཤིང་རྟ་སྒྲོལ་མགོན་སོགས། །འགྲན་བྲལ་སྐྱེས་བུའི་ཚོགས་ལ་གསོལ་བ་འདེབས། །མཁས་དང་གྲུབ་པའི་དབང་ཕྱུག་རྩེ་ལེ་པ། །བཀའ་གཏེར་ཆོས་ཀྱི་ཉིན་བྱེད་གཏེར་བདག་གླིང༌། །འཕྲེང་པོ་ཀུན་མཁྱེན་ཤེས་རབ་འོད་ཟེར་སོགས། །སྒྱུ་འཕྲུལ་དུ་མས་མཛེས་ལ་གསོལ་བ་འདེབས། །སྣང་བཞི་མཐར་ཕྱིན་དོན་གྱི་རྣལ་འབྱོར་བ། །གྲུབ་པ་ཆེན་པོའི་ཁྱུ་མཆོག་འགྲོ་བ་འདུལ། །ཤེས་རབ་ཡར་འཕེལ་བསམ་བཞིན་ཐུགས་རྗེའི་གཟུགས། །ཡོན་ཏན་རྒྱ་མཚོར་བསྟན་དེར་གསོལ་བ་འདེབས། །འཇམ་མགོན་བླ་མ་མཐུ་སྟོབས་རྣམ་རྒྱལ་ལས། །ཕྱི་ནང་རིག་གནས་རབ་འབྱམས་ཆོས་ཀྱི་སྒོ། །སྡོམ་པ་གསུམ་གྱི་བཀའ་དྲིན་ལེགས་བཞེས་པ། །མཁྱེན་གཉིས་ཡོངས་སུ་རྫོགས་ལ་གསོལ་བ་འདེབས། །ཀརྨ་བཀའ་བརྒྱུད་ལུང་རྟོགས་ཆོས་ཀྱི་མཚོར། །པད་འབྱུང་དངོས་བྱོན་པདྨ་ཉིན་བྱེད་ཀྱིས། །དོན་བརྒྱུད་ཡེ་ཤེས་དགོངས་པས་དབང་བསྐུར་ཞིང༌། །རྒྱལ་ཚབ་མངའ་གསོལ་མཛད་ལ་གསོལ་བ་འདེབས། །འཇིག་རྟེན་དབང་ཕྱུག་ཐེག་མཆོག་རྡོ་རྗེ་དང༌། །ཐུབ་བསྟན་ཡོངས་ཀྱི་ཤིང་རྟ་མཁྱེན་བརྩེའི་དབང༌། །པདྨའི་རྒྱལ་ཚབ་མཆོག་གྱུར་གླིང་སོགས་ཀྱི། །རྣམ་འདྲེན་ཐུགས་ཀྱི་ནོར་བུར་གསོལ་བ་འདེབས། །སྔ་འགྱུར་བཀའ་གཏེར་ཆུ་བོ་བཞིའི་རིང་ལུགས། །གངས་ཅན་གྲུབ་པའི་འབྱུང་གནས་བཀའ་བརྒྱུད་སྲོལ། །ཤངས་ཆོས་ཞི་གཅོད་དུས་ཀྱི་འཁོར་ལོ་སོགས། །སྨིན་གྲོལ་འབྱུང་གནས་གྱུར་ལ་གསོལ་བ་འདེབས། །དཔལ་ལྡན་ས་ངོར་བཀའ་གདམས་གསར་རྙིང་སོགས། །བོད་ཡུལ་ཐུབ་བསྟན་རིས་སུ་མ་ཆད་པའི། །ཆོས་ཀུན་གསན་བསམ་སྒོམ་པས་ཐུགས་སུ་ཆུད། །ལུང་རྟོགས་དཔལ་གྱིས་ཕྱུག་ལ་གསོལ་བ་འདེབས། །ལྷ་མིའི་རྣམ་འདྲེན་མཆོག་གི་ལུང་བསྟན་བཞིན། །འཇམ་དབྱངས་བླ་མ་མཁྱེན་བརྩེས་ལེགས་བསྐུལ་ཏེ། །ངོ་མཚར་མཛོད་ཆེན་རྣམ་ལྔའི་ལམ་སྲོལ་གྱིས། །བསྟན་པའི་སྲོག་རྩ་མཐུད་ལ་གསོལ་བ་འདེབས། །འཆད་རྩོད་རྩོམ་ལ་འགྲན་བྲལ་ངགྃ་གི་དབྃང༌། །མཁས་བཙུན་བཟང་པོའི་ཡོནྃ་ཏནྃ་རྒྱྃ་མཚོྃས་ཕྱུག །མཁྱེན་བརྩེ་ནུས་པའི་བློྃ་གྲོསྃ་ཕ་མཐྃའ་ཡསྃ། །དུས་གསུམ་འབྱོན་དཀའི་རྣམ་འདྲེན་གསོལ་བ་འདེབས། །གངས་ཅན་ཚད་མར་གྱུར་པའི་སྐྱེས་བུ་ཆེ། །མཐའ་དག་གུས་པས་ཆོས་ཀྱི་བདུད་རྩི་བཞེས། །ཕྲིནྃ་ལསྃ་ཕ་མཐའ་ཡས་པའི་ངང་ཚུལ་གྱིས། །འགྲོྃ་འདུལྃ་རྒྱལ་སྲས་དཔའ་བོར་གསོལ་བ་འདེབས། །སྲིད་ཞི་ལས་འདས་ཡེ་ཤེས་ཆེན་པོའི་དབྱིངས། །རྟག་ཏུ་མི་གཡོ་ཀུན་ཁྱབ་ཐུགས་རྗེའི་གར། །སླར་ཡང་བདག་ཅག་སྣང་ངོར་རིགས་བརྒྱའི་བདག །པདྨ་དྲི་མེད་བཞེངས་ལ་གསོལ་བ་འདེབས། །སྨྲ་བའི་སེང་གེ་རྫོགས་ཆེན་རབ་འབྱམས་པས། །རིགས་ཀྱི་བདག་པོའི་མཆོག་སྤྲུལ་མངའ་གསོལ་ཞིང༌། །མདོ་སྔགས་བསྟནྃ་གཉིསྃ་དརྃ་རྒྱསྃ་གླིངྃ་ཆེན་པོའི། །སེང་གེའི་ཁྲི་རུ་བཞུགས་ལ་གསོལ་བ་འདེབས། །མཁས་གྲུབ་རྒྱ་མཚོའི་དབང་པོ་ཞེ་ཆེན་པ། །འགྱུར་མེད་པདྨ་རྣམ་པར་རྒྱལ་བ་ལས། །གསན་བསམ་སྒོམ་པས་འཕགས་པའི་ཡོན་ཏན་མཛོད། །འདོད་དགུར་དབང་དུ་བསྒྱུར་ལ་གསོལ་བ་འདེབས། །རྡོ་རྗེ་འཛིན་དངོས་ཚུལ་ཁྲིམས་རྒྱ་མཚོ་དང༌། །ཐེག་མཆོག་ཆོས་ཀྱི་མངའ་བདག་ས་མནྟ། །ཟབ་དོན་དགོངས་པ་ཀློང་གྱུར་ནུས་ལྡན་སོགས། །མཁས་བཙུན་དུ་མ་བསྟེན་ལ་གསོལ་བ་འདེབས། །གདོད་ནས་འབྲེལ་བའི་རིགས་ཀྱི་བདག་པོ་ཟུང༌། །མཉེས་པ་གསུམ་གྱིས་ཐུགས་ཡིད་གཅིག་ཏུ་འདྲེས། །བཀའ་གཏེར་ཆོས་ཀྱི་གསང་མཛོད་གཅེས་དགུས་ཕྱུག །བསྟན་པའི་མངའ་བདག་གྱུར་ལ་གསོལ་བ་འདེབས། །གདོད་མའི་མགོན་པོ་པདྨ་བི་ཛ་ཡའི། །ཡེ་ཤེས་སྐུ་ཡིས་ཡང་ཡང་བྱིན་གྱིས་བརླབས། །ཐུགས་དགོངས་གཅིག་འདྲེས་མཉམ་ཉིད་ཆོས་སྐུའི་ཀློང༌། །རྟག་ཏུ་འདུ་འབྲལ་མེད་ལ་གསོལ་བ་འདེབས། །ཀློང་ཆེན་དགོངས་པའི་ཡེ་ཤེས་མཁའ་ཁྱབ་བརྡལ། །གཟུང་འཛིན་འཁྲུལ་རྟོག་འོད་གསལ་དབྱིངས་སུ་ཞིག །གཏད་མེད་ཆོས་སྐུའི་དགོངས་པ་ཀློང་དུ་གྱུར། །ཐེག་མཆོག་བསྟན་པའི་བདག་པོར་གསོལ་བ་འདེབས། །ཁྱད་པར་སྔོན་གྱི་སྨོན་ལམ་དུས་བབ་པས། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྨིན་གླིང་པ། །འཇམ་མགོན་གསུམ་གྱི་རིང་ལུགས་མ་ཉམས་རྒྱུན། །གཅེས་པའི་སྲོག་བཞིན་འཛིན་ལ་གསོལ་བ་འདེབས། །འཇམ་པའི་རྡོ་རྗེ་མི་ཕམ་པཎྜི་ཏས། །རོང་ཀློང་དགོངས་པའི་ཐེག་མཆོག་སེང་གེའི་སྒྲ། །ཟབ་ཅིང་གསང་བའི་ངེས་དོན་དབུ་མའི་སྲོལ། །འཆད་སྤེལ་རྒྱས་པར་མཛད་ལ་གསོལ་བ་འདེབས། །མདོ་སྒྱུ་སེམས་ཕྱོགས་རྒྱ་ཆེན་བཀའ་མའི་སྲོལ། །བརྒྱུད་པ་དྲུག་ལྡན་ཟབ་གསང་གཏེར་རྒྱའི་ཆོས། །མཛོད་ཆེན་རྣམ་ལྔའི་བཤད་དང་སྒྲུབ་པ་ཡིས། །སྐུ་ཚེ་འདའ་བར་མཛད་ལ་གསོལ་བ་འདེབས། །ཆོས་བརྒྱད་འདུ་འཛིའི་སྤྲོས་པ་རིང་དུ་དོར། །རྙེད་བཀུར་རེ་དོགས་འཆིང་བ་ཡོངས་སུ་སྤངས། །དམ་པའི་རྣམ་ཐར་འབའ་ཞིག་ལྷུར་བླངས་བས། །ཆོས་བཞིན་སྤྱོད་པའི་སྐྱེས་བུར་གསོལ་བ་འདེབས། །ཡོན་ཏན་གཞི་མ་གཙང་མའི་ཚུལ་ཁྲིམས་སྲུང༌། །ཟབ་རྒྱས་བསྟན་པའི་བྱ་བར་གཅིག་ཏུ་བརྩོན། །སྦས་པའི་རྣལ་འབྱོར་སྤངས་རྟོགས་གཏེར་བཞིན་སྦེད། །སྙེམས་མེད་ཞི་བའི་ཚུལ་སྟོན་གསོལ་བ་འདེབས། །བླ་མ་སྐུ་གསུམ་ཡི་དམ་སྒྲུབ་སྡེ་བརྒྱད། །མཁའ་འགྲོ་ཞི་ཁྲོའི་བསྙེན་སྒྲུབ་མཐའ་རུ་ཕྱིན། །རྩ་གསུམ་ལྷ་ཡིས་རྗེས་བཟུང་བྱིན་བརླབས་པས། །དངོས་གྲུབ་དཔལ་ཀུན་སྤྱོད་ལ་གསོལ་བ་འདེབས། །ཁྱད་པར་ལྷ་མཆོག་བཛྲ་ཀུ་མཱ་ར། །ཐལ་འབྱིན་དགོངས་པའི་གྲུབ་མཐའ་ཚུལ་བཞིན་སྙོགས། །མཁའ་འགྲོ་སྲུང་མས་འདོད་དགུའི་ཕྲིན་ལས་རྣམས། །ཚུལ་བཞིན་སྒྲུབ་པར་མཛད་ལ་གསོལ་བ་འདེབས། །རྡོ་རྗེ་ལུས་ཀྱི་རྩ་མདུད་དབུ་མར་གྲོལ། །གཟུང་འཛིན་རྒྱུ་བ་ཡེ་ཤེས་དབྱིངས་སུ་ཐིམ། །ལྷན་སྐྱེས་བདེ་བ་ཆེན་པོའི་དེ་ཉིད་དང༌། །ནམ་ཡང་འདུ་འབྲལ་མེད་ལ་གསོལ་བ་འདེབས། །ཕྱི་རུ་གནས་བརྟན་ཆེན་པོ་བཙུན་པའི་མཆོག །ནང་དུ་རྡོ་རྗེའི་རྣལ་འབྱོར་མཐར་སོན་པས། །ངེས་དོན་གྲུབ་པ་ཆེན་པོའི་བརྟུལ་ཞུགས་ཀྱི། །རིག་འཛིན་རྣལ་འབྱོར་དབང་ཕྱུག་གསོལ་བ་འདེབས། །ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ཡི། །ལྟ་སྒོམ་སྤྱོད་པའི་གནས་ལ་རང་བྱན་ཚུད། །ཉིན་མཚན་ཆོས་སྐུའི་དགོངས་པ་གཡོ་མེད་པའི། །ཁྱབ་བདག་དཔལ་མགོན་བླ་མར་གསོལ་བ་འདེབས། །རྟག་ཏུ་ཆོས་འཆད་སྒྲུབ་པས་དུས་འདའ་བའི། །གཞན་ཕན་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གཏམས། །འབྲེལ་ཚད་རྡོ་རྗེའི་ས་རུ་སྦྱོར་མཛད་པས། །སྙིགས་མའི་སྐལ་ངན་སེལ་ལ་གསོལ་བ་འདེབས། །འཇམ་པའི་དབྱངས་དངོས་ཆོས་ཀྱི་བློ་གྲོས་དང༌། །དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་ལ་སོགས་པ། །མཁས་དང་གྲུབ་པའི་སྐྱེས་ཆེན་དུ་མ་ཡིས། །ཆོས་ཀྱི་བདུད་རྩི་གསན་ལ་གསོལ་བ་འདེབས། །པདྨ་དབང་མཆོག་རྒྱལ་དང་རྒྱལ་བའི་དབང༌། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཡབ་སྲས་ཀྱིས། །ཆེས་ཆེར་བསྔགས་ཤིང་དད་པའི་ཟབ་རྒྱས་ཀྱི། །ཆོས་གསན་ཕྲིན་ལས་སྤེལ་ལ་གསོལ་བ་འདེབས། །བསྟན་པའི་མངའ་བདག་མཚུངས་མེད་རབ་འབྱམས་པ། །ཁྱབ་བདག་བླ་མའི་མཆོག་སྤྲུལ་ཁུ་དབོན་སོགས། །ལུང་རྟོགས་དཔལ་གྱིས་འབྱོར་པའི་ཐུགས་སྲས་ཚོགས། །དུ་མས་བསྟན་རྒྱུན་འཛིན་ལ་གསོལ་བ་འདེབས། །མདོར་ན་རིགས་ཀྱི་ཁྱབ་བདག་བླ་མ་རྗེའི། །ཟབ་རྒྱས་རྣམ་ཐར་རྗེས་སུ་དྲན་བཞིན་དུ། །རྩེ་གཅིག་གུས་པའི་ཡིད་ཀྱིས་བློ་འཁུལ་བས། །བཀའ་དྲིན་སྙིང་ནས་དྲན་པས་གསོལ་བ་འདེབས། །དད་ཅིང་མོས་པའི་རྟེན་འབྱུང་སྐྱ་རེངས་ཀྱིས། །ལེགས་དྲངས་རྡོ་རྗེའི་ཡེ་ཤེས་ཉིན་མོར་བྱེད། །ནང་གི་མཁའ་ལ་གསལ་བར་འཆར་བ་ཡིས། །ཐར་གྲོལ་ཡོན་ཏན་འདབ་སྟོང་རྒྱས་གྱུར་ཅིག །མཚན་ལྡན་བླ་མའི་བྱིན་རླབས་བདུད་རྩི་ཡིས། །ངེས་འབྱུང་ནེའུ་གསེང་གཞན་ཕན་མེ་ཏོག་མཛེས། །གསང་ཆེན་རྡོ་རྗེའི་རིགས་སུ་སྨིན་པ་ཡི། །སྐལ་བཟང་ཡོན་ཏན་མངོན་སུམ་རྫོགས་པར་མཛོད། །སྣང་གྲགས་རིག་པ་རྡོ་རྗེའི་གསང་བ་གསུམ། །གཅིག་ཆར་རྫོགས་པའི་དག་ཆེན་ཡེ་ཤེས་ཀྱིས། །མཆོག་ཐུན་དངོས་གྲུབ་མཐའ་དག་དབང་བྱེད་པའི། །འཁོར་ལོའི་དབང་ཕྱུག་གོ་འཕང་འགྲུབ་པར་ཤོག །གཉིས་མེད་ཨ་ཝ་དྷཱུ་ཏིའི་ནང་དབྱིངས་སུ། །ཞུ་བདེ་མི་རྟོག་ཡེ་ཤེས་སྐུ་གསུང་ཐུགས། །རྡོ་རྗེའི་གསང་བ་མཆོག་གི་དབྱིག་གྲུབ་པས། །ས་ལམ་ཡེ་ཤེས་ཡོན་ཏན་རྫོགས་པར་མཛོད། །ཁྱད་པར་བློ་འདས་གདོད་མའི་དེ་ཁོ་ན། །ངེས་པ་དོན་གྱི་ཡེ་ཤེས་བླ་མའི་ཞལ། །རྗེ་ཁྱོད་མོས་པ་ཙམ་གྱིས་མངོན་མཛད་པའི། །བྱིན་རླབས་མཐོང་བའི་ཆོས་སུ་སྨིན་པར་མཛོད། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །རྗེ་བཙུན་བླ་མ་མཆོག་གི་ཞབས་སེན་རྡུལ། །ཚངས་གནས་མཆོད་ནས་མཉེས་པ་དགུ་ཕྲུག་གིས། །གསང་བ་ཟབ་མོའི་དགོངས་མཛོད་བརྡོལ་གྱུར་ཅིག །ངོ་མཚར་མཛད་པ་རྒྱ་མཚོའི་མཁའ་དབྱིངས་སུ། །དད་མོས་སྤྲིན་དཀར་གཡོ་བའི་རྟེན་འབྱུང་གིས། །བླ་མའི་རྣམ་ཐར་བདུད་རྩིའི་ཆར་བཟང་པོས། །ཡིད་ཀྱི་ས་གཞིར་བརླན་ཞིང་ཁྱབ་གྱུར་ཅིག །དེ་ཡི་མཐུ་ལས་འཕགས་པའི་ས་ལམ་གྱི། །རིན་ཆེན་མྱུ་གུས་འགྲོ་ཀུན་རྒྱུད་མཛེས་པས། །གནས་སྐབས་མཐར་ཐུག་ཕན་བདེའི་སྙེ་མ་ཡིས། །དོན་གཉིས་ལྷུན་གྲུབ་བླ་མའི་ས་ཐོབ་ཤོག །ཅེས་པའང་རྗེ་བཙུན་བླ་མ་མཆོག་གི་དད་སློབ་སྡེ་སྣོད་འཛིན་པ་མཁན་པོ་ཐུབ་བསྟན་བརྩོན་འགྲུས་ཕུན་ཚོགས་ནས་ལྷ་རྫས་རིན་པོ་ཆེའི་རྟེན་དང་བཅས་ཏེ་བསྐུལ་བ་བཞིན་ཁྱབ་བདག་ཞེ་ཆེན་པ་ཡབ་སྲས་ཀྱིས་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་བའི་ཞལ་བཞེས་ཐོབ་པས་ཐར་ལམ་བླ་མའི་བཀའ་དྲིན་ལ་རེ་བའི་ཀུ་སཱ་ལི་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ལྷོ་འབྲུག་ཙན་དན་གྱི་ལྗོན་པས་མཛེས་པའི་རྒྱལ་ཁབ་དབང་འདུས་རྩེར་བྲིས་ཤིང་གསོལ་བ་བཏབ་པ་དོན་དང་ལྡན་པ་ཉིད་དུ་གྱུར་ཅིག ༈ དཔལ་ལྡན་བླ་མར་གསོལ་བ་འདེབས་པ་ལྷ་ཡི་རྔ་ཆེན་ཞེས་བྱ་བ་བཞུགས་སོ། ཨོཾ་སྭ་སྟི། དཔལ་ལྡན་བརྟན་གཡོ་ཀུན་ཁྱབ་སྲིད་ཞིའི་བདག །རང་བཞིན་འོད་གསལ་བདེ་བ་ཆེན་པོའི་ཀློང༌། །འགག་མེད་ཐུགས་རྗེའི་རོལ་རྩལ་སྤྲུལ་སྐུར་ཤར། །རྡོ་རྗེ་འཆང་དབང་བླ་མར་གསོལ་བ་འདེབས། །འཇམ་དཔལ་རྡོ་རྗེ་འགྲོ་ལ་རྗེས་ཆགས་པས། །མཁྱེན་རབ་འོད་ཀྱི་གོང་བུར་འཁྱིལ་བ་ལས། །སྨྲ་བའི་སེང་གེ་ཉིན་མོར་བྱེད་པའི་སྐུ། །འཇིགྃས་མེདྃ་ཆོསྃ་ཀྱིྃ་གྲགྃས་པརྃ་གསོལ་བ་འདེབས། །ཐེག་མཆོག་རིགས་ཀྱི་ནུས་པའི་པད་ཚལ་རྒྱས། །ཐོས་བསམ་སྒོམ་པའི་གེ་སར་ཟེའུ་འབྲུ་རྒོད། །འཆད་རྩོད་རྩོམ་པའི་སྦྲང་རྩིའི་ཟིལ་མངར་ཅན། །བློྃ་གྲོསྃ་དགྃའ་བའིྃ་གོྃ་ཆརྃ་གསོལ་བ་འདེབས། མཉྫུ་ཤྲཱི་མི་ཏྲའི་བྱིན་རླབས་ལས། །འོད་གསལ་སྤྲུལ་པའི་རྡོ་རྗེའི་སྒྱུ་འཕྲུལ་གར། །པདྨ་གར་གྱི་དབང་ཕྱུག་མདོ་སྔགས་གླིང༌། །ཡེྃ་ཤེསྃ་རྡོྃ་རྗེྃའི་ཞབས་ལ་གསོལ་བ་འདེབས། །མ་དག་ཆོས་ཀུན་ཡེ་ཤེས་ཕྱག་རྒྱས་ཐེབས། །དག་པའི་སྣང་བ་གདན་གསུམ་རྡོ་རྗེའི་གྲོང༌། །རབ་འབྱམས་དཀྱིལ་འཁོར་འཁོར་ལོར་ཡོངས་ཤར་བ། །རྡོྃ་རྗེྃ་གཟིྃ་བརྗིྃད་རྩལྃ་ལ་གསོལ་བ་འདེབས། །བཀའ་གཏེར་མ་དྲོས་ཆུ་གཏེར་ཆེན་པོ་ཡི། །བཤད་སྒྲུབ་ཁ་འབབ་རྣམ་བཞིའི་ཀླུང་ཆེན་པོ། །ཅི་དགར་འདྲེན་ལ་བསྙེངས་པ་མི་མངའ་བ། །འཇིགས་མེད་ནམྃ་མཁྃའི་རྡོྃ་རྗེྃར་གསོལ་བ་འདེབས། །གངས་ལྗོངས་མདོ་དང་སྔགས་ཀྱི་ཚུལ་མཐའ་དག །མ་འདྲེས་མཁྱེན་པའི་གསེར་འཁོར་རྩིབས་སྟོང་བཀྲ། །འགྲོ་ཁམས་རྒྱ་མཚོར་རྒྱུན་མི་ཆད་པ་བསྐོར། །འཇྃམ་དབྱངྃས་ཆོསྃ་ཀྱིྃ་བློྃ་གྲོསྃ་གསོལ་བ་འདེབས། །རྩ་གསུམ་ལྷག་པའི་ལྷ་ཡི་བསྙེན་སྒྲུབ་མཐུས། །ཕུང་ཁམས་སྐྱེ་མཆེད་འཁྲུལ་པའི་རྟོག་ཚོགས་སྦྱངས། །ཡོངས་གྲུབ་རྡོ་རྗེ་གསུམ་དུ་སྒྲུབ་མཛད་པ། །ཚེྃ་དབྃང་གྲུབྃ་པྃ་རྩལྃ་ལ་གསོལ་བ་འདེབས། །རང་རིག་ཀ་དག་ཆོས་སྐུའི་སྟོང་ཆེན་ངོགས། །ལྷུན་གྲུབ་ཉི་ཟླའི་ཚོམ་བུ་རྣམ་པར་བཀྲ། །མཁྱེན་བརྩེའི་ཟེར་གྱིས་འགྲོ་བློའི་མུན་པ་སེལ། །ཀུནྃ་བཟྃང་འོདྃ་གསྃལ་སྙིངྃ་པོརྃ་གསོལ་བ་འདེབས། །ཆོས་ཅན་སྣང་བ་ཆོས་ཉིད་དབྱིངས་སུ་ཟད། །རིག་སྟོང་ཡེ་ཤེས་རྡོ་རྗེ་འོད་ཀྱི་སྐུ། །མི་ཤིགས་གཞོམ་བྲལ་འགྱུར་མེད་རྟག་པའི་ཐུགས། །དྲི་མེད་བཤེས་གཉེན་དངོས་ལ་གསོལ་བ་འདེབས། །མ་འོངས་ལྷ་མིན་ཀླ་ཀློའི་མཐར་བྱེད་པའི། །རྡོ་རྗེའི་རིགས་ལྡན་དྲག་པོ་འཁོར་ལོ་ཅན། །ཕྱོགས་ལས་རྣམ་པར་རྒྱལ་བའི་བ་དན་ཕྱར། །བདུད་འདུལ་སྟོབས་ལྡན་ཆེན་པོར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །དཔལ་ལྡན་བླ་མས་སྐྱེ་ཀུན་རྗེས་སུ་བཟུང༌། །མཆོག་གི་སྤྲུལ་སྐུའི་ཟླ་གཞོན་མྱུར་དུ་འཆར། །ཟབ་གསང་ཆོས་ཀྱི་རྔ་ཆེན་སྒྲོགས་གྱུར་ཅིག །ཅེས་པའང་དགའ་ལྡན་ཕོ་བྲང་ཆེན་པོའི་ཆབ་སྲིད་ཀྱི་ཁ་ལོ་པ་རྒྱལ་རྩེ་ཁྲོ་དགའི་སྲས་བསླབ་གསུམ་མཛོད་འཆང་འགྱུར་མེད་མདོ་སྔགས་བསྟན་འཛིན་ནས་ལྷ་རྫས་དངུལ་དཀར་གྱི་འཁོར་ལོ་རིན་ཆེན་བདུན་གྱི་གྲངས་ལྡན་བཅས་ནན་ཏན་ཆེན་པོའི་གསུང་བསྐུལ་ངོར་རབ་བརྟག་གི་དཔེར་བརྗོད་དུ་བྱས་ཏེ་ཆོས་ཀྱི་བློ་གྲོས་པས་མེ་ཕག་མགོ་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་པའི་ཚེས་ཉི་མ་མེ་བཞིའི་འགྲུབ་སྦྱོར་བཟང་པོར་གང་དྲན་ཤར་མར་བྲིས་པ་འདིས་ཀྱང་རང་རིག་བླ་མ་སངས་རྒྱས་སུ་མཐོང་བའི་རྒྱུར་གྱུར་ཅིག །སླད་ནས་གསོལ་འདེབས་སུ་ཁ་བསྒྱུར་སྐུ་གདུང་རིན་པོ་ཆེའི་མདུན་ནས་གུས་སློབ་ཐ་ཆུང་མངྒ་ལས་ཞུས་པ་དགེ་ལེགས་འཕེལ། ༈ རྣམ་འདྲེན་བླ་མ་རྣམས་ཀྱི་གསོལ་འདེབས་བྱིན་རླབས་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། །རྒྱལ་ཀུན་སྤྱི་གཟུགས་ཁྱབ་བདག་རྡོ་རྗེ་འཆང༌། །ཡེ་ཤེས་སྤྱན་ལྡན་བཻ་རོ་གྲུབ་བརྒྱའི་གཙོ། །བཞད་པ་རྡོ་རྗེ་རྣམ་འདྲེན་མཆོག་གི་ཚུལ། །ལུངྃ་རྟོགྃས་ཕྲིནྃ་ལསྃ་ཀུནྃ་ཁྱབྃ་གསོལ་བ་འདེབས། །ཀྃརྨྃ་བཀའ་བརྒྱུད་ཟུང་འཇུག་གྲུབ་པའི་དབང༌། །བཤདྃ་སྒྲུབྃ་བསྟནྃ་པའིྃ་དཔལ་ཡོན་སྤེལ་བའི་ཕྱིར། །མཁྱེན་བརྩེ་ཉིྃ་མྃ་བརྒྱ་པའི་འོད་ཟེར་ཅན། །སངས་རྒྱས་མཉན་པའི་ཞབས་ལ་གསོལ་བ་འདེབས། །འགྱུར་མེད་རྡོ་རྗེ་སེམས་དཔའི་གསེང་ལམ་ཆེ། །ཐེགྃ་མཆོྃག་ཐུབ་བསྟནྃ་དམ་པའིྃ་རྒྱལྃ་མཚྃན་འཛིན། །མཁས་གྲུབ་རྒྱ་མཚོའི་ཐུགས་སྲས་རིགས་ཀུན་བདག །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྐྱེ་བ་ཀུན་ཏུ་དཔལ་མགོན་བླ་མ་ཡིས། །རྗེས་བཟུང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ། །དད་དང་ངེས་འབྱུང་སྙིང་རྗེའི་སེམས་སྐྱེས་ཏེ། །བྱང་ཆུབ་ལམ་གྱི་ཡོན་ཏན་རྫོགས་པར་ཤོག །ཅེས་པའང་བུ་ཚེ་དབང་དོན་གྲུབ་ཀྱིས་བསྐུལ་བ་བཞིན་ཀུ་སཱ་ལི་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་དགེ་ལེགས་འཕེལ། ༈ འཁོར་འདས་ཀུན་ཁྱབ་སྲིད་ཞི་ལས་འདས་དབྱིངས། །འོདྃ་གསྃལ་ཟག་མེད་ཡོན་ཏན་རྫོགས་པའི་གཏེར། །རངྃ་བྱུངྃ་སྤྲུལྃ་པའིྃ་རྡོྃ་རྗེྃའི་གར་བསྒྱུར་བའི། །ཡེ་གྲོལ་ལྟ་བའི་རྒྱལ་པོར་གསོལ་བ་འདེབས། །ཡེངས་འཁྲུལ་བྲལ་བའི་ཆོས་ཉིད་ལྷུམས་སུ་ཞུགས། །སྣྃ་ཚོགྃས་ཀུན་རྟོག་རངྃ་གྲོལྃ་བདེ་བ་ཆེ། །ངང་བཞག་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཅན། །གཏད་མེད་སྒོམ་བའི་བླ་མར་གསོལ་བ་འདེབས། །ཅིར་སྣང་ཡེ་ཤེས་དག་པའི་རོལ་མོར་སད། །འཁྲུལ་པ་རང་གྲོལ་སྣང་སྤྱོད་དག་མཉམ་ངང༌། །རྣམ་ཐར་གསུམ་དང་འབྲལ་མེད་སྤྱོད་འཆང་བའི། །ངེསྃ་དོནྃ གྲུབྃ་པའི་རྡོྃ་རྗེྃར་གསོལ་བ་འདེབས། །སྐུ་གསུམ་ཆིག་རྫོགས་ཆོས་ཉིད་བསམ་མི་ཁྱབ། །དོན་གྱི་བླ་མ་རིགས་ཀུན་ཁྱབ་བདག་ནི། །ཡེ་རྫོགས་རིག་པའི་ཀློང་ན་འདུ་འབྲལ་མེད། །དབྱེར་མེད་རང་ངོ་ཤེས་པས་གསོལ་བ་འདེབས། །འཁྲུལ་སྣང་རང་གྲོལ་ལྟ་སྒོམ་ཀློང་དུ་གྱུར། །ཡེ་ཤེས་ཆེན་པོའི་བཙན་ས་ཟིན་ནས་ཀྱང༌། །ཁྱད་པར་དྲུག་ལྡན་གཞོན་ནུ་བུམ་པའི་སྐུར། །མངོན་པར་བྱང་ཆུབ་ཆེན་པོའི་ས་ཐོབ་ཤོག །ཞེས་པའང་སྒྲུབ་བརྩོན་དམ་པ་སྟོབས་རྒྱལ་ནས་བསྐུལ་ངོར་རྒྱལ་ཁམས་ཀྱི་འཁྱམས་པོ་མངྒལས་རྡོ་རྗེ་གདན་དུ་གང་ཤར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ༈ ན་མོ་མ་ཧཱ་གུ་རུ་བྷྱཿ འཇྃམ་པའི་དབྱངྃས་དངོས་པཎ་ཆེན་བི་མ་ལ། །ཆོས་ཀྱིྃ་བཤེས་གཉེན་དྲི་མེད་འོད་ཟེར་དངོས། །མཁྱེན་བརྩེའི་བློྃ་གྲོསྃ་དཔག་ཡས་གཟི་བརྗིད་རྩལ། །རིས་མེད་བསྟན་པའི་ཉིན་བྱེད་གསོལ་བ་འདེབས། །འཇིྃགས་བྲལྃ་པདྨའི་རྒྱལ་ཚབ་སྣ་ནམ་པའི། །སྒྱུ་འཕྲུལ་ཡེྃ་ཤེསྃ་དགོངས་པའི་རྩལ་ཆེན་རྫོགས། །རྡོྃ་རྗེྃའི་རིག་འཛིན་ཆེན་པོ་འགྲོ་འདུལ་གླིང༌། །རིགས་ཀུན་ཁྱབ་བདག་བླ་མར་གསོལ་བ་འདེབས། །འགྱུརྃ་མེདྃ་ཐེྃག་མཆོྃག་བསྟནྃ་པའིྃ་རྗེས་སུ་ཞུགས། །བཤད་དང་སྒྲུབ་པའི་རྒྱལྃ་མཚྃན་ལེགས་པར་འཛིན། །མཁྱེནྃ་བརྩེྃའི་བྱིན་རླབས་ཕྲིན་ལས་འོདྃ་ཟེརྃ་ཅན། །རངྃ་བྱུངྃ་ཐུགྃས་མཆོྃག་རྡོྃ་རྗེྃར་གསོལ་བ་འདེབས། །སྐུ་གསུམ་རིག་འཛིན་དཔལ་ལྡན་བླ་མ་རྣམས། །ངོ་བོ་རང་བཞིན་ཐུགས་རྗེའི་རིག་རྩལ་དུ། །གདོད་ནས་འདུ་འབྲལ་མེད་པར་རོ་གཅིག་པའི། །ཡོངས་གྲུབ་མོས་གུས་གདུང་བས་གསོལ་བ་འདེབས། །གནས་ལུགས་གཞི་ཡི་བླ་མ་ལྟ་བས་རྟོགས། །འོད་གསལ་ལམ་གྱི་བླ་མ་སྒོམ་པས་མཇལ། །ཡེ་ཤེས་འབྲས་བུའི་བླ་མ་སྤྱོད་པ་ཡིས། །མཐར་སོན་ཐུགས་ཡིད་གཅིག་ཏུ་འདྲེས་པར་མཛོད། །ངེས་འབྱུང་སྙིང་རྗེའི་བརྩོན་འགྲུས་ཕ་རོལ་ཕྱིན། །ཐོས་བསམ་སྒོམ་དང་སྡོམ་གསུམ་རྣམ་པར་དག །བསྐྱེད་རྫོགས་རྡོ་རྗེའི་རྣལ་འབྱོར་མཐར་ཕྱིན་པས། །དོན་གཉིས་འདོད་པ་ཀུན་གྱིས་འགྲུབ་པར་ཤོག །ཅེས་པའང་མངའ་བདག་ཆོས་ཀྱི་རྒྱལ་པོའི་རྡོ་རྗེའི་གདུང་གི་རིགས་ཀྱི་པདྨོ་ལས་བྱོན་པའི་རིག་འཛིན་ཆེན་པོ་གར་དབང་འགྲོ་འདུལ་གླིང་པའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་ཕྲིན་ལས་ནོར་བུས་ལྷ་རྫས་ཀྱི་རྟེན་དང་བཅས་ཏེ་བཀས་བསྐུལ་བ་བཞིན་ཐར་ལམ་བླ་མའི་བཀའ་དྲིན་ལ་རེ་བའི་མོས་གུས་ཀྱི་གཡར་དམ་འཆང་བའི་མུ་ཏོ་བས་བྲིས་པ་བརྒྱུད་གསུམ་དཔལ་ལྡན་བླ་མས་བྱིན་གྱིས་རློབ་པའི་རྒྱུར་གྱུར་ཅིག ༈ འགྱུརྃ་མེདྃ་རྡོ་རྗེ་དངོས་བྱོན་བི་ཛ་ཡ། །བྱིན་རླབས་ཐེགྃ་མཆོྃག་སྙིང་པོའི་ཆོས་ཀྱིས་ཕྱུག །བྃསྟན་པའིྃ་རྒྱལྃ་མཚྃན་འཛིན་པའི་ལྷག་བསམ་ཅན། །བྃཀྲ་ཤིསྃ་དཔྃལ་འབྱོརྃ་ཞབས་ལ་གསོལ་བ་འདེབས། །འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་མཆོག་གི །ཟབ་རྒྱས་གདམས་པས་འགྲོ་ཀུན་གྲོལ་མཛད་པའི། །ངོ་མཚར་ཆོས་ཀྱི་མཛོད་འཛིན་མཁན་ཆེན་རྗེ། །བློྃ་གྲོསྃ་རབྃ་གསྃལ་ཞབས་ལ་གསོལ་བ་འདེབས། །འགྱུར་མེད་ཆོས་ཉིད་བདེན་པ་མངོན་སུམ་གཟིགས། །ཐུབ་བསྟན་ངེས་དོན་སྙིང་པོའི་དཔལ་གྱིས་ཕྱུག །བཤད་སྒྲུབ་རྒྱལ་མཚན་འཛིན་པའི་སྐྱེས་བུ་ཆེ། །མི་ཕྱེད་གུས་པས་ཡིད་ཀྱིས་གསོལ་བ་འདེབས། །འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །རྗེ་བཙུན་བླ་མ་མཆོག་དང་མི་འབྲལ་ཞིང༌། །བདག་རྒྱུད་ཡོངས་སྨིན་གཞན་རྒྱུད་གྲོལ་ནུས་པའི། །བྱིན་རླབས་དོན་གྱི་བརྒྱུད་པ་བསྩལ་དུ་གསོལ། །ཞེས་པའང་ཤར་ཁམས་ཕུ་དགེ་སློང་ངག་དབང་ཤེས་རབ་ནས་བསྐུལ་ངོར་ཆོས་རྗེ་ཞེ་ཆེན་པའི་བཀའ་འབངས་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་ཤིང་གསོལ་བ་བཏབ་པ་དགེ་ལེགས་འཕེལ། ༈ ན་མོ་མ་ཧཱ་གུ་ར་ཝེ། གངྃ་གི་གསང་གསུམ་ཡིད་ལ་ཤརྃ་ཙམ་གྱིས། །རྡོ་རྗེའི་ཡེ་ཤེས་སྙིང་ལ་སད་པའི་མཐུས། །འཕགས་པའི་ལམ་གྱི་དབྃང་ཕྱུག་སྦྱིན་མཛད་པའི། །རིག་འཛིན་གྲུབ་མཆོག་དབང་པོརྃ་གསོལ་བ་འདེབས། །གདོད་ནས་འགྱུར་མེད་རིག་སྟོང་གཉུག་མའི་དབྱིངས། །གངྃ་ལྟར་བཞུགས་པའི་གནས་ལུགས་སྒྲ་ཇི་བཞིན། །ཐུགས་དབུས་ཤརྃ་བས་གདོད་མའི་རྒྱལ་ཐབས་ལ། །དབྃང་བསྐུར་ཆོས་ཀྱི་རྒྱལ་པོརྃ་གསོལ་བ་འདེབས། །ཀ་དག་དབྱིངས་ལས་ལྷུན་གྲུབ་སྣང་བཞིའི་གདངས། །གངྃ་ལྟར་ཤརྃ་བའི་ཆོས་ཅན་སྣང་བ་བཞི། །ཆོས་ཉིད་ཀློང་དུ་ཟད་པའི་དབྃང་ཕྱུག་གི །ཡོན་ཏན་ལྷུན་རྫོགས་བླ་མར་གསོལ་བ་འདེབས། །གངྃ་གི་གསང་བ་གསུམ་གྱི་དབྱིངས་ཆེན་པོར། །ཟག་མེད་ཡོན་ཏན་རང་བྱུང་ལྷུན་གྲུབ་ཏུ། །ཤརྃ་བས་དོན་གཉིས་ལྷུན་གྲུབ་ཀུན་ཏུ་བཟང༌། །རྣལ་འབྱོར་དབྃང་པོྃ་མཆོག་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མ་རང་གྲོལ་ཆོས་སྐུ་གངྃ། །ལྷུན་རྫོགས་ཤརྃ་བས་དོན་བརྒྱུད་དབྃང་པོའིྃ་མཐུ། །སྙིང་དབུས་གཞོན་ནུ་བུམ་སྐུའི་ཀློང་སད་པས། །གདོད་མའི་གཏན་སྲིད་ཟིན་པར་བྱིན་གྱིས་རློབས། །ཞེས་འདི་དད་དང་བརྩེ་བའི་དཔལ། །རབ་རྒྱས་རང་གི་ཚ་བོ་ནི། །བླ་མ་འཆི་མེད་གཡུང་དྲུང་ནས། །བསྐུལ་ངོར་རྒྱལ་ཁམས་ཀུན་ཏུ་རྒྱུ། །འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ཞེས། །ཁྱབ་བདག་སངས་རྒྱས་ཞེ་ཆེན་པའི། །འབངས་ཀྱི་ཐ་ཆུང་དེ་ཡིས་སྦྱར། །དགེ་བས་བླ་མའི་ཡེ་ཤེས་ཞལ། །མངོན་སུམ་མྱུར་དུ་མཐོང་གྱུར་ཅིག །མངྒ་ལམ། ༈ བསྐལ་བཟང་རྣམ་འདྲེན་བཞི་པའི་རིང་ལུགས་རྒྱུན། །གངས་ཅན་རི་ནས་བབ་པའི་ཟབ་གསང་དབྱིག །བསྟནྃ་འཛིྃན་གདེངས་ཅན་དབང་པོའི་མཛེས་རྒྱན་དུ། །བཞེས་པས་ཟབ་རྒྱས་རྒྱྃ་མཚོྃའི་དཔལ་དུ་སིམ། །མཆོག་གི་གསང་གསུམ་ཚེ་མཐའ་ཡས་མགོན་བཞིན། །རབ་བརྟན་ཆོས་སྲིད་དགའ་བ་བརྒྱ་ལྡན་གྱི། །ཕུན་ཚོགས་སྡེ་བཞི་ས་གསུམ་བླར་བརྗིད་པས། །ཕྱོགས་ལས་རྣམ་རྒྱལ་ལྷ་ཡི་རྔ་ལྡིར་ཤོག །བདག་ཀྱང་རྒྱལ་ཀུན་ཕྲིན་ལས་པད་དཀར་འཆང༌། །ཐུགས་རྗེའི་གྲིབ་བསིལ་དགའ་བས་བསྟེན་བཞིན་དུ། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་དཔལ་རོལ་བའི། །ཐུན་མིན་ཐུགས་ཀྱི་སྲས་གཅིག་ཉིད་གྱུར་ཅིག །གུས་སློབ་མངྒ་ལས་ཕྱག་བཅས་ཕུལ། ༈ སྟོན་པ་མཆོག་དང་སྲས་བཅས་རྒྱལྃ་བྃ་ཡིས། །གངས་ཅན་སྐྱོབ་པར་ལུང་བསྟན་སྤྱན་རས་གཟིགས། །དགེ་བའི་བཤེས་སྟོན་བསྟན་པ་རྒྱ་མཚོའི་མགོན། །བློ་བཟང་བྃསྟན་འཛིྃན་རྒྱྃ་མཚོྃར་གསོལ་བ་འདེབས། །ཞབས་བརྟན་གསོལ། མཆན། ཚེ་རབས་ཀུན་ཏུ་པད་དཀར་འཆང་དབང་གི །ཡེ་ཤེས་སྤྱན་གྱིས་འབབ་སྟེགས་གྱུར་ནས་ཀྱང༌། །བྱང་ཆུབ་སྤྱོད་པས་གདུལ་དཀའི་འགྲོ་སྒྲོལ་མཐུ། །འཇིག་རྟེན་དབང་ཕྱུག་ཉིད་དང་མཉམ་པར་ཤོག །ཅེས་པའང་རྣམ་དཀར་མཁྱེན་ཡོན་མཚུངས་མེད་འབྲས་ལྗོངས་ལྷ་ཡུམ་ཀུན་བཟང་བདེ་ཆེན་མཚོ་མོས་གསུང་བསྐུལ་བཞིན་ཁྱབ་བདག་ཕྱག་ན་པདྨོ་དགྱེས་པའི་འབངས་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་ཏེ་གསོལ་བ་བཏབ་པ་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག ༈ ཨོཾ་སྭ་སྟི། ངགྃ་གི་དབྃང་ཕྱུག་རྗེ་བཙུན་ས་སྐྱ་པའི། །སངྃས་རྒྱསྃ་བྃསྟན་འཛིྃན་མཆོག་གི་སྤྲུལ་པའི་སྐུ། །ལུང་རྟོགས་སྙིངྃ་པོའིྃ་གསང་གསུམ་རྟག་མཛེས་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བསླབ་གསུམ་རྣམ་དག་དོན་གྱི་དགེ་བའི་བཤེས། །དབེན་པར་རིམ་གཉིས་གདིང་ལྡན་རྣལ་འབྱོར་དབང༌། །བཟང་པོའི་ཕྲིན་ལས་སྙིགས་དུས་བསྟན་འགྲོའི་རྒྱན། །ཆོས་རྗེ་རྣམ་འདྲེན་དབང་པོར་གསོལ་བ་འདེབས། །འཇྃམ་དབྱངྃས་བླ་མ་ཡབ་སྲས་ཞབས་པད་བསྙེན། །མཁྱེན་བརྩེའི་མྃཐུ་སྟོབྃས་ནུས་པའི་ཐུགས་རྒྱུད་ཕྱུག །སྨིན་གྲོལ་ཕྲིན་ལས་དཔྃལ་འབྃར་འཁོར་ལོའི་མགོན། །མཚུངས་མེད་བླ་མ་དམ་པར་གསོལ་བ་འདེབས། །ཀུནྃ་བཟྃང་ཐེག་མཆོག་སྙིང་པོའི་ལམ་ལ་ཞུགས། །འཇིགྃས་མེདྃ་བཀའ་གཏེར་གདམས་པའི་གསང་མཛོད་འཛིན། །དོན་གཉིས་ལྷུན་གྲུབ་ཕྲིནྃ་ལསྃ་རྨད་བྱུང་བས། །ཕན་བདེའི་རྩ་ལག་གྱུར་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་པད་བརྟན། །ཟབ་རྒྱས་ཆོས་ཀྱི་སྐལ་བཟང་གདུལ་བྱ་འདུལ། །ཕན་བདེའི་དགེ་མཚན་ནམ་ཡང་མི་འགྲིབ་པས། །ངེས་གསང་ཆོས་ཀྱི་མངའ་ཐང་རྒྱས་པར་ཤོག །ཅེས་པའང་དད་ལྡན་སློབ་མའི་ཚོགས་ཀྱིས་རྗེས་སུ་བསྐུལ་བ་བཞིན་རང་ཉིད་ཀྱང་མངོན་པར་དྭངས་བའི་བློས་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་ལྷ་ལུང་རི་ངོགས་ནས་བྲིས་པ་དཔལ་ལྡན་བླ་མ་དམ་པའི་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག ༈ གསོལ་འདེབས་འདོད་དོན་མྱུར་འགྲུབ་བཞུགས་སོ། ཨོཾ་སྭ་སྟི། ཕྱོགས་དུས་རྩ་གསུམ་རྒྱལ་བའི་ཡེ་ཤེས་སྐུ། །དྲན་པས་འདོད་དོན་ཀུན་སྩོལ་གུ་རུ་རྗེ། །སྙིགས་དུས་བསྟན་དང་འགྲོ་བ་མཐའ་དག་ལ། །སྐྱོབ་པའི་མཁྱེན་བརྩེ་ནུས་པ་རྩལ་སྤྲུགས་མཛོད། །རྒྱལ་བསྟན་རིན་ཆེན་སྙིང་པོའི་སྲོག་འཛིན་ཅིང༌། །དགེ་ལེགས་སྣང་བས་དུས་ཀྱི་རྒུད་བསལ་ཕྱིར། །ཞིང་མཆོག་པདྨ་འོད་ཀྱི་གནྡྷོ་ལ། །དབྱིག་འཛིན་མཛེས་པའི་རྒྱན་དུ་མྱུར་འཆར་མཛོད། །ཕྱི་ནང་བར་ཆད་བདུད་དགྲའི་འཚེ་བ་ཞི། །མཐུན་རྐྱེན་འདོད་དགུ་དཀར་ཕྱོགས་ལྷ་མིས་བསྒྲུབས། །རྡོ་རྗེའི་བྱིན་ཆེན་མ་ཧཱ་གུ་རུ་ཡིས། །མངོན་སུམ་བསྩལ་ནས་མྱུར་དུ་འགྲུབ་པར་མཛོད། །ཅེས་པའང་རྣམ་པར་དཀར་བའི་ཐུགས་སྨོན་ཅན་ཤར་པ་ཚེ་རྣམ་ནས་ལྷ་རེག་བཅས་ཆེད་དུ་བསྐུལ་ལྟར་པདྨའི་རྗེས་འཇུག་གར་དབང་འོད་གསལ་མདོ་སྔགས་བདེ་ཆེན་གླིང་པས་སྐྱབས་གནས་རྒྱ་མཚོའི་ཐུགས་དམ་བསྐུལ་བའི་སྨོན་ཚིག་ཏུ་སྤེལ་བས་ཆོས་ལྡན་གྱི་ཐུགས་བཞེད་མྱུར་དུ་འགྲུབ་པའི་རྟེན་འབྱུང་དུ་གྱུར་ཅིག
[edit]

kye ho/_gzod nas 'gyura~M me~Md ka dag dbyings kyi klong*/_/'od gsal lhun grub pa~Md+ma~M'i 'dab stong sbubs/_/phyogs las rnama~M rgyala~M mkhyen brtse'i zil dngar can/_/rigs kun khyab bdag chen por gsol ba 'debs/_/kuna~M bza~Mng thugs kyi ba~Mstan pa'i~M chu gter dbus/_/lung rtogs rin chen lhun po'i mdzes pa'i spor/_/ngo mtshar thugs bskyed rnam thar rgyala~M mtsha~Mn gyis/_/mdzes pa'i chos kyi bshes gnyen gsol ba 'debs/_/'a~Mgyur me~Md kuna~M bza~Mng dang po'i sangs rgyas kyi/_/zhal skyin mkhas grub rig 'dzin dbang po'i tshul/_/gzha~Mn phana~M phrin las mtha~M' yasa~M bstan 'gro'i sman/_/'khor lo'i mgon po mchog la gsol ba 'debs/_/'pho 'gyura~M mtshan me~Md nyer zhi'i mchog brnyes kyang*/_/mkha' khyab thugs rje'i pa~Md+ma~M'i 'dzum phreng gis/_/'od gsal rdo~M rje~M snying po'i bstan srog 'dzin/_/rigs kun dbang phyug mgon la gsol ba 'debs/_/'a~Mgyur bcas srid zhi las 'das gdod ma'i mgon/_/'pho me~Md phrin las rang gzugs gang 'dul gar/_/bsha~Md sgruba~M rgyala~M mtsha~Mn mdzes pa'i do shal can/_/don gyi rnal 'byor dbang phyug gsol ba 'debs/_rnam 'a~Mgyur rab 'byams sde snod nor bu'i dbyig_/dri me~Md thugs bskyed blo gros stobs kyis 'degs/_/mdo sngags thuba~M bstana~M kun dga'i rgyala~M mtsha~Mn che/_/brtan mkhas yon tan kun rdzogs gsol ba 'debs/_/dko~Mn mcho~Mg gdung 'dzin dpag yas chos kyi sgo/_/thos bsam skal bzang lde mig gis 'byed cing*/_/nges don snying po'i srog 'dzin sdom brtson rgyal/_/'dren mchog 'ja~Mm dpa~Ml blo~M gsa~Ml gsol ba 'debs/_/'a~Mgyur me~Md 'phags pa'i rnam thar rin chen rgyal/_/gsang gsum dpal du mdzes pa'i 'oda~M zera~M gyis/_/snyigs dus mun sel graga~Ms pa~M dga' ba'i gnyen/_/dge ba'i bshes gnyen mchog la gsol ba 'debs/_/gzhan yang dpal ldan bla ma'i phrin las kyi/_/chu gter gcig gi khyon gnas mkhas dang grub/_/'phags pa'i rnam thar dang po'i zlos gar gyis/_/rtsen pa'i rnam 'dren kun la gsol ba 'debs/_/kun bzang theg mchog rtogs pa'i brtul zhugs kyis/_/ga~Mng 'dul phrin las rtsod dus phan bde'i dpal/_/pad+ma'i gdung 'tshob thugs bskyed 'od brgya'i phreng*/_/snyigs dus dpal du shara~M la gsol ba 'debs/_/rnam rol gtso 'khor yab sras 'dus pa'i tshul/_/ngo bo chos nyid nges don bla ma'i dbyings/_/mi phyed ro mnyam rdo rje'i dbyings chen por/_/kun bzang rdo rje sems dngos gsol ba 'debs/_/khyed rnams mkhyen brtse'i ye shes nor bu'i rdul/_/bdag blo skal bzang yid kyi ngogs 'phos pas/_/srid pa mtha' can thar bde'i 'dod dgu'i skyes/_/cir yang thob pa'i bka' drin rjes su dran/_/dam tshig rdo rje'i tha gus 'bral med du/_/snying po'i byang chub bar du bcings ba la/_bka' drin rjes su dran pa'i dri bzhon gyis/_/bskul ba'i tshig phreng me tog bstar la brgyus/_/ngo mtshar mkhas dang grub pa'i nor bu'i phreng*/_/bar ma chad pa du mas yongs brgyan pa'i/_/mdo sngags bstana~M pa gnyisa~M kyi spong dang klog_/da~Mr zhing rgyasa~M pa'i glinga~M der bdag son shog_/dus 'di nas bzung tshe rabs phreng ba'i brgyud/_/rdzogs pa'i sangs rgyas khyab bdag zhe chen pa'i/_/bstan la zhabs 'degs 'ba' zhig brtson pa yi/_/rdo rje'i go cha bdag gis lhur len shog_/rab gtsang sdom gsum lho phyogs nags kyi klung*/_/skyon bral tshul khrims me tog gis brgyan zhing*/_/thar pa'i rgyal mtshan 'dzin pa'i rdul dmar gyis/_/lhar bcas gdul bya'i bung ba dbang byed shog_/smin lam rdo rje'i rigs kyi sa bon grung*/_/grol byed rim gnyis dbyar skyes dar la bab/_/mchog thun dngos grub snye mas dud pa yi/_/rdzogs ldan gsar pa bdag gis 'dren nus shog_/bcos min dad pa'i rlabs phreng mdzes g.yo ba'i/_/yid kyi chu gter gsol 'debs me tog gi_/'dzum zer sgeg pa'i dri bsung mngar po yi/_/khyab bdag dgyes pa'i nyin byed mjal bar shog_/srid zhi'i yon tan bla ma'i bka' drin las/_/byung bar shes nas mos gus rgyang glu yis/_/mgon khyod snyan gyi ri skyes bskul byas pas/_/dgyes pa'i spyan gyis tshe rabs kun gzigs shog_/mos gus dkar po chig thub bcud len gyis/_/rnam mkhyen lang tsho rdzogs pas bdag nyid kyang*/_/dpal ldan bla ma'i rnam thar lha'i dga' tshal/_/tshul bzhin brtson pas bstan 'gro'i rgyan gyur cig_/kun rdzob phyi yi bla mas chos sgo 'byed/_/bgrod pa lam gyi bla mas sa bcu rdzogs/_/mthar phyin 'bras bu'i bla ma rang rig ngang*/_/dbyer med dgongs brgyud rgyal sa zin par mdzod/_/ces las nyon gyi 'dam rdzab stug po'i sems rgyud nyes pas gang yang mnyam med bla ma mchog gi thugs rje'i nyi zer gyis phyes pa'i dad mos kyi 'dab brgya las thon pa'i bstod bsngags kyi sbrang rtsi'i dogs pa phra mo 'di yang mdo khams shar gyi dA ri dra mang+ga la shrI b+hU tir 'bod pas gdung dbyangs smon tshig tu bgyis pa'i tshigs su bcad pa'o/__!_mkhan chen bka' drin mtshungs med 'jigs med pad+ma blo gsal la dad pas rjes su dran pa'i bstod bsngags mtsho byung sprin gyi lang tsho zhes bya ba bzhugs so/__na mo ma hA s+thi ra tiSh+Tha rat+na kirti ye/_bsil ljongs thub dbang gnyis pa zhi ba mtsho'i/_/ye shes zla ba snga 'gyur bstan mchog gi_/chu gter spel phyir phrin las bdud rtsi'i dbyig_/mkhan chen bla ma dkon mchog grags pa rgyal/_/dag pa'i rigs mchog nor bu ke ta kar/_/snyigs ma'i nyes spyod rdzogs pas ma bslad par/_/lang tsho'i pad+ma bzhad pa'i dus nyid nas/_/rnam dkar rin chen lcid la gsol ba 'debs/_/mdo khams shar phyogs dam pa chos phyug gi_/bye brag zil khrom gangs kyi ra ba'i zhol/_/mtha' gnyis ma lhung khyim du srid bzung ba'i/_/dge mtshan skya rengs shar la gsol ba 'debs/_/rdul du gnas pa'i dngul chu'i gong bu bzhin/_/khyim la chags dang rtsed mos ma g.yengs bar/_/ru dam chos kyi gling du byol nas kyang*/_/thar pa'i rgyal mtshan bzhes la gsol ba 'debs/_/yon tan gzhi ma 'bri klog phul byung zhing*/_/thun mong rig pa'i gnas kun mkhyen dpyod kyi/_/me long gtsang mar rnam bkra gtsug lag sgo/_/gzigs pa'i spyan ras mnga' la gsol ba 'debs/_/brtan mkhas dul ba'i spyod mdzes mkhan chen mchog_/pad+ma dam chos 'od zer 'bum 'phro bas/_/mngon mtho nges legs yon tan dbyig gi gzhi/_/rab byung bsnyen par rdzogs la gsol ba 'debs/_/gzhan phan byang chub sems kyi sdom pa dang*/_/rgyud dang sgrub sde bka' gter dag snang gi_/smin grol rgya mtshos thugs kyi bum pa bzang*/_/legs par bkang bar mdzad la gsol ba 'debs/_/'dul mdo dbu ma shes rab pha rol phyin/_/mdo sde rgyan dang 'byed gnyis rgyud bla ma/_/rgyal sras spyod 'jug gis mtshon nang don gyi/_/rig gzhung rgya mtsho mkhyen la gsol ba 'debs/_/khyad par legs bshad dpag bsam snye ma yi/_/tshig don thugs chud sgyu 'phrul snying po'i rgyud/_/'chad la thogs med sde snod 'dzin rgyal zhes/_/mkhas pa'i snyan pas khyab la gsol ba 'debs/_/mkhyen dpyod ral gri rno shing myur zab pas/_/snga 'gyur nges don bstan pa'i lta sgom spyod/_/rig 'dzin gong ma'i bzhed srol gser sbyangs khams/_/nges don dbyig mdzod brnyes la gsol ba 'debs/_/thub bstan mnga' bdag mkhyen brtse'i dbang po dang*/_/mi pham zhabs sogs rnam 'dren du ma las/_/zab rgyas bdud rtsi'i dga' ston bzhes pa yis/_/bstan pa'i mig rgyan grub la gsol ba 'debs/_/sgyu 'phrul rgyud dang lung chen 'dus pa mdo/_/bka' gter rdo rje phur pa rat+na gling*/_/'ja' tshon sUr+Ya kirti'i bla rdzogs thugs/_/bsnyen sgrub mthar phyin mdzad la gsol ba 'debs/_/rmad byung nges gsang rdzogs pa chen po'i lam/_/snying thig gong 'og mdzod mchog rin chen bdun/_/yon tan dga' ba'i char gyis legs bstan pa'i/_/lam mchog mthar phyin mdzad la gsol ba 'debs/_/sku gsung thugs kyi thun mong mdzad spyod kun/_/chos 'dul gzhung bzhin rtag tu mi 'da' zhing*/_/slob tshogs rgya mtshor de bzhin legs 'doms pas/_/tshul khrims dri bsung 'thul la gsol ba 'debs/_/legs bshad 'chad tshe nges 'byung rjes bskul dang*/_/dam pa'i rnam thar gzhan phan bsam sbyor bcas/_/lung rigs zab don bskul zhing dad mos dang*/_/snying rjes spyan chab bsil la gsol ba 'debs/_/bcu bdun gzhi dang ltung ba sde lnga yi/_/gleng gzhi snying po bskyed rdzogs rdzogs chen khrid/_/tshig nyung don 'dus legs bshad bdud rtsi'i skyes/_/ci yang spros par mdzad la gsol ba 'debs/_/mkhas btsun grub brnyes blo gsal chos bzhin spyod/_/'jam mgon bla ma chos kyi blo gros gter/_/sangs rgyas mnyan pa mchog sogs ris med kyi/_/slob tshogs bgrang yas 'dus la gsol ba 'debs/_/khyad par mdo smad snga 'gyur bstan 'dzin gyi/_/'dul bstan 'dzin mdzad sdom brtson mtha' klas par/_/shAkya'i sras gcig shAn+ta rak+Shi ta'i/_/rgyun 'dzin bsam yas spel la gsol ba 'debs/_/ru dam o rgyan bsam gtan chos gling gi_/rtsa ba yan lag 'dus sde'i bca' khrims dang*/_/mchog phal bstan 'dzin kun la slob ston gyis/_/gnas brtan chen por gyur la gsol ba 'debs/_/rnyed bkur snyan grags rgyas bzhin khengs pa bskyungs/_/mchod sbyin bsags sbyangs spel zhing gsog 'jog bral/_/log 'tsho'i gzi byin spangs ba'i sbyangs yon gyi/_/zhi dul 'bad mthar son la gsol ba 'debs/_/thugs rgyud drangs pas kun gyis yid rton 'cha'/_/gzhung bzang phyi thag ring bas lha mi 'du/_/che btsan dregs tshogs zil gnon dpa' bkong ba'i/_/chos srid yon tan rgyas la gsol ba 'debs/_/'du 'dzi'i bya bral dben pa'i bas mtha' ru/_/snying po sgrub pa'i mdzad pa gtsor bton te/_/bya dang ri dwags brtse bas bag phebs par/_/gcig pur bzhugs par mdzad la gsol ba 'debs/_/mthong na mi mthun med pa'i kun spyod kyis/_/zhal mthong tsam nas dad gus gdung bas bsten/_/yun du 'grogs bzhin zhum bcas yid 'khul te/_/'bral mi phod par gyur la gsol ba 'debs/_/tha ma'i mdzad pa bstan par zhal bzhes nas/_/sku chas thugs nye'i slob tshogs kun la bstsal/_/mchod 'bul chas bsgrigs dgongs rdzogs rten bcas te/_/zhal gdams spang blang bstan la gsol ba 'debs/_/dben gnas tshe ring ljongs kyi sa yi spor/_/sku gdung ril po gcig tu sbas byas na/_/rdzogs chen bstan dgon phan pa'i zhal bzhes kyis/_/tha tshig gnad du bkar la gsol ba 'debs/_/sku yi bzhugs stang seng ge nyal stabs kyis/_/chos gos gsol nas zhi bar bsam bzhin mnal/_/mchod 'bul bsnyen bkur bka' bzhin legs bsgrubs pas/_/yid ches spro ba bskyed la gsol ba 'debs/_/dus mthar skyes pa'i dman pa bdag ltas kyang*/_/zhal mjal smin grol gdams pas rjes bzung ba'i/_/ya mtshan dran pas bstod pa'i me tog phreng*/_/rje btsun bla ma dran bzhin gsol ba 'debs/_/tshe rabs kun tu mgon po khyed bzhin du/_/tshul gnas thos bsam sgom pa'i pha mthar son/_/mkhas btsun bzang pos don gnyis lhun grub pa'i/_/dpal gyis bdag rgyud mdzes par mdzad du gsol/_/zhes mdo khams ru dam rdzogs chen o rgyan bsam gtan chos gling gi mkhan chen 'jigs med pad+ma blo gsal dkon mchog grags pa zhes sprul pa'i gter chen mchog gyur gling pas mkhan chen zhi ba 'tsho'i rnam 'phrul du lung gi zin pa gang gi zhal snga nas/_bka' ma sgyu 'phrul zhi khro'i dbang chog dang*/_rdzogs pa chen po klong chen snying gi thig le'i dbang bka' yongs rdzogs dang*/_khrid yig chen mo ye shes bla ma bcas skal bzang mang+ga las rang lo phyogs kyi grangs su son pa'i tshe brtse bas rjes su bzung ba mngon par shes bzhin gyi dad pas dran te yi ger spel ba tshe rabs thams cad du rje btsun bla ma'i zhabs sen tshangs gnas su mchod pa'i skal pa mchog tu ldan pa'i rgyur gyur cig__!_'jam mgon mchog gi sprul pa'i sku kun bzang 'gyur med pad+ma dri med legs pa'i blo gros phrin las 'od zer rab tu rgyas pa'i sde'i gsol 'debs byin rlabs bdud rtsi'i sprin gyi rol mo zhes bya ba bzhugs/_na mo gu ru bai ro tsA na rak+Shi ta ye/_srid zhi kun khyab 'od gsal chos kyi dbyings/_/rab 'byams sku dang ye shes rgya mtsho'i mdzod/_/mkha' khyab 'gro ba 'dul ba'i phrin las can/_/kun bzang dang po'i sangs rgyas gsol ba 'debs/_/rang byung lhun grub zag med yon tan gter/_/rab 'byams dkyil 'khor rgya mtsho'i sgron me'i sprin/_/bde chen yan lag bdun ldan rigs kun bdag_/rnam snang gangs can mtsho rgyal gsol ba 'debs/_/mkha' khyab thugs rje'i shing rta'i gzhan dbang gis/_/dpag yas sgyu 'phrul drwa ba'i rnam par rol/_/srid zhi'i dge legs phan bde'i 'byung gnas mchog_/rgyal kun phrin las byed por gsol ba 'debs/_/phyogs bzhi dbus lnga'i rigs lnga gangs chen mtsho/_/mi mjed zhing khams bye ba phrag brgya sogs/_/zhing 'di'i gdul bya so so'i mos pa bzhin/_/sprul pa'i rol rtsed ston la gsol ba 'debs/_/khyad par rgyal ba kun gyi gsang ba che/_/zab cing rgya che'i lung rtogs chos kyi mdzod/_/'dzin spel sdud pa'i mnga' bdag mchog tu bsngags/_/gsang 'dzin rdo rje chos la gsol ba 'debs/_/thub pa'i drung na mang thos kun dga' po/_/bod yul chos kyi srol 'byed thon mi'i zhabs/_/mtsho skyes rgyal dang dgongs mnyam bai ro sogs/_/ye shes bsam mi khyab la gsol ba 'debs/_/snga 'gyur bstan pa'i shing rta shes rab grags/_/gsang chen chos kyi mig gcig rong zom zhabs/_/kun gzigs rdo rje gling sogs mkhas grub che'i/_/rol rtsed mtha' klas ston la gsol ba 'debs/_/'jam dpal dbyangs dngos sa skya paN+Di ta/_/mkhas grub rgya mtsho'i thugs sras khyung po'i zhabs/_/gsang chen rgyud sde'i shing rta sgrol mgon sogs/_/'gran bral skyes bu'i tshogs la gsol ba 'debs/_/mkhas dang grub pa'i dbang phyug rtse le pa/_/bka' gter chos kyi nyin byed gter bdag gling*/_/'phreng po kun mkhyen shes rab 'od zer sogs/_/sgyu 'phrul du mas mdzes la gsol ba 'debs/_/snang bzhi mthar phyin don gyi rnal 'byor ba/_/grub pa chen po'i khyu mchog 'gro ba 'dul/_/shes rab yar 'phel bsam bzhin thugs rje'i gzugs/_/yon tan rgya mtshor bstan der gsol ba 'debs/_/'jam mgon bla ma mthu stobs rnam rgyal las/_/phyi nang rig gnas rab 'byams chos kyi sgo/_/sdom pa gsum gyi bka' drin legs bzhes pa/_/mkhyen gnyis yongs su rdzogs la gsol ba 'debs/_/karma bka' brgyud lung rtogs chos kyi mtshor/_/pad 'byung dngos byon pad+ma nyin byed kyis/_/don brgyud ye shes dgongs pas dbang bskur zhing*/_/rgyal tshab mnga' gsol mdzad la gsol ba 'debs/_/'jig rten dbang phyug theg mchog rdo rje dang*/_/thub bstan yongs kyi shing rta mkhyen brtse'i dbang*/_/pad+ma'i rgyal tshab mchog gyur gling sogs kyi/_/rnam 'dren thugs kyi nor bur gsol ba 'debs/_/snga 'gyur bka' gter chu bo bzhi'i ring lugs/_/gangs can grub pa'i 'byung gnas bka' brgyud srol/_/shangs chos zhi gcod dus kyi 'khor lo sogs/_/smin grol 'byung gnas gyur la gsol ba 'debs/_/dpal ldan sa ngor bka' gdams gsar rnying sogs/_/bod yul thub bstan ris su ma chad pa'i/_/chos kun gsan bsam sgom pas thugs su chud/_/lung rtogs dpal gyis phyug la gsol ba 'debs/_/lha mi'i rnam 'dren mchog gi lung bstan bzhin/_/'jam dbyangs bla ma mkhyen brtses legs bskul te/_/ngo mtshar mdzod chen rnam lnga'i lam srol gyis/_/bstan pa'i srog rtsa mthud la gsol ba 'debs/_/'chad rtsod rtsom la 'gran bral ngaga~M gi dba~Mng*/_/mkhas btsun bzang po'i yona~M tana~M rgya~M mtsho~Ms phyug_/mkhyen brtse nus pa'i blo~M grosa~M pha mtha~M' yasa~M/_/dus gsum 'byon dka'i rnam 'dren gsol ba 'debs/_/gangs can tshad mar gyur pa'i skyes bu che/_/mtha' dag gus pas chos kyi bdud rtsi bzhes/_/phrina~M lasa~M pha mtha' yas pa'i ngang tshul gyis/_/'gro~M 'dula~M rgyal sras dpa' bor gsol ba 'debs/_/srid zhi las 'das ye shes chen po'i dbyings/_/rtag tu mi g.yo kun khyab thugs rje'i gar/_/slar yang bdag cag snang ngor rigs brgya'i bdag_/pad+ma dri med bzhengs la gsol ba 'debs/_/smra ba'i seng ge rdzogs chen rab 'byams pas/_/rigs kyi bdag po'i mchog sprul mnga' gsol zhing*/_/mdo sngags bstana~M gnyisa~M dara~M rgyasa~M glinga~M chen po'i/_/seng ge'i khri ru bzhugs la gsol ba 'debs/_/mkhas grub rgya mtsho'i dbang po zhe chen pa/_/'gyur med pad+ma rnam par rgyal ba las/_/gsan bsam sgom pas 'phags pa'i yon tan mdzod/_/'dod dgur dbang du bsgyur la gsol ba 'debs/_/rdo rje 'dzin dngos tshul khrims rgya mtsho dang*/_/theg mchog chos kyi mnga' bdag sa man+ta/_/zab don dgongs pa klong gyur nus ldan sogs/_/mkhas btsun du ma bsten la gsol ba 'debs/_/gdod nas 'brel ba'i rigs kyi bdag po zung*/_/mnyes pa gsum gyis thugs yid gcig tu 'dres/_/bka' gter chos kyi gsang mdzod gces dgus phyug_/bstan pa'i mnga' bdag gyur la gsol ba 'debs/_/gdod ma'i mgon po pad+ma bi dza ya'i/_/ye shes sku yis yang yang byin gyis brlabs/_/thugs dgongs gcig 'dres mnyam nyid chos sku'i klong*/_/rtag tu 'du 'bral med la gsol ba 'debs/_/klong chen dgongs pa'i ye shes mkha' khyab brdal/_/gzung 'dzin 'khrul rtog 'od gsal dbyings su zhig_/gtad med chos sku'i dgongs pa klong du gyur/_/theg mchog bstan pa'i bdag por gsol ba 'debs/_/khyad par sngon gyi smon lam dus bab pas/_/khams gsum chos kyi rgyal po smin gling pa/_/'jam mgon gsum gyi ring lugs ma nyams rgyun/_/gces pa'i srog bzhin 'dzin la gsol ba 'debs/_/'jam pa'i rdo rje mi pham paN+Di tas/_/rong klong dgongs pa'i theg mchog seng ge'i sgra/_/zab cing gsang ba'i nges don dbu ma'i srol/_/'chad spel rgyas par mdzad la gsol ba 'debs/_/mdo sgyu sems phyogs rgya chen bka' ma'i srol/_/brgyud pa drug ldan zab gsang gter rgya'i chos/_/mdzod chen rnam lnga'i bshad dang sgrub pa yis/_/sku tshe 'da' bar mdzad la gsol ba 'debs/_/chos brgyad 'du 'dzi'i spros pa ring du dor/_/rnyed bkur re dogs 'ching ba yongs su spangs/_/dam pa'i rnam thar 'ba' zhig lhur blangs bas/_/chos bzhin spyod pa'i skyes bur gsol ba 'debs/_/yon tan gzhi ma gtsang ma'i tshul khrims srung*/_/zab rgyas bstan pa'i bya bar gcig tu brtson/_/sbas pa'i rnal 'byor spangs rtogs gter bzhin sbed/_/snyems med zhi ba'i tshul ston gsol ba 'debs/_/bla ma sku gsum yi dam sgrub sde brgyad/_/mkha' 'gro zhi khro'i bsnyen sgrub mtha' ru phyin/_/rtsa gsum lha yis rjes bzung byin brlabs pas/_/dngos grub dpal kun spyod la gsol ba 'debs/_/khyad par lha mchog badz+ra ku mA ra/_/thal 'byin dgongs pa'i grub mtha' tshul bzhin snyogs/_/mkha' 'gro srung mas 'dod dgu'i phrin las rnams/_/tshul bzhin sgrub par mdzad la gsol ba 'debs/_/rdo rje lus kyi rtsa mdud dbu mar grol/_/gzung 'dzin rgyu ba ye shes dbyings su thim/_/lhan skyes bde ba chen po'i de nyid dang*/_/nam yang 'du 'bral med la gsol ba 'debs/_/phyi ru gnas brtan chen po btsun pa'i mchog_/nang du rdo rje'i rnal 'byor mthar son pas/_/nges don grub pa chen po'i brtul zhugs kyi/_/rig 'dzin rnal 'byor dbang phyug gsol ba 'debs/_/khyad par 'od gsal rdzogs pa chen po yi/_/lta sgom spyod pa'i gnas la rang byan tshud/_/nyin mtshan chos sku'i dgongs pa g.yo med pa'i/_/khyab bdag dpal mgon bla mar gsol ba 'debs/_/rtag tu chos 'chad sgrub pas dus 'da' ba'i/_/gzhan phan byang chub sems kyis thugs rgyud gtams/_/'brel tshad rdo rje'i sa ru sbyor mdzad pas/_/snyigs ma'i skal ngan sel la gsol ba 'debs/_/'jam pa'i dbyangs dngos chos kyi blo gros dang*/_/dpal ldan mkhyen brtse'i 'od zer la sogs pa/_/mkhas dang grub pa'i skyes chen du ma yis/_/chos kyi bdud rtsi gsan la gsol ba 'debs/_/pad+ma dbang mchog rgyal dang rgyal ba'i dbang*/_/sgrub brgyud bstan pa'i mnga' bdag yab sras kyis/_/ches cher bsngags shing dad pa'i zab rgyas kyi/_/chos gsan phrin las spel la gsol ba 'debs/_/bstan pa'i mnga' bdag mtshungs med rab 'byams pa/_/khyab bdag bla ma'i mchog sprul khu dbon sogs/_/lung rtogs dpal gyis 'byor pa'i thugs sras tshogs/_/du mas bstan rgyun 'dzin la gsol ba 'debs/_/mdor na rigs kyi khyab bdag bla ma rje'i/_/zab rgyas rnam thar rjes su dran bzhin du/_/rtse gcig gus pa'i yid kyis blo 'khul bas/_/bka' drin snying nas dran pas gsol ba 'debs/_/dad cing mos pa'i rten 'byung skya rengs kyis/_/legs drangs rdo rje'i ye shes nyin mor byed/_/nang gi mkha' la gsal bar 'char ba yis/_/thar grol yon tan 'dab stong rgyas gyur cig_/mtshan ldan bla ma'i byin rlabs bdud rtsi yis/_/nges 'byung ne'u gseng gzhan phan me tog mdzes/_/gsang chen rdo rje'i rigs su smin pa yi/_/skal bzang yon tan mngon sum rdzogs par mdzod/_/snang grags rig pa rdo rje'i gsang ba gsum/_/gcig char rdzogs pa'i dag chen ye shes kyis/_/mchog thun dngos grub mtha' dag dbang byed pa'i/_/'khor lo'i dbang phyug go 'phang 'grub par shog_/gnyis med a wa d+hU ti'i nang dbyings su/_/zhu bde mi rtog ye shes sku gsung thugs/_/rdo rje'i gsang ba mchog gi dbyig grub pas/_/sa lam ye shes yon tan rdzogs par mdzod/_/khyad par blo 'das gdod ma'i de kho na/_/nges pa don gyi ye shes bla ma'i zhal/_/rje khyod mos pa tsam gyis mngon mdzad pa'i/_/byin rlabs mthong ba'i chos su smin par mdzod/_/mdor na 'di nas byang chub snying po'i bar/_/rje btsun bla ma mchog gi zhabs sen rdul/_/tshangs gnas mchod nas mnyes pa dgu phrug gis/_/gsang ba zab mo'i dgongs mdzod brdol gyur cig_/ngo mtshar mdzad pa rgya mtsho'i mkha' dbyings su/_/dad mos sprin dkar g.yo ba'i rten 'byung gis/_/bla ma'i rnam thar bdud rtsi'i char bzang pos/_/yid kyi sa gzhir brlan zhing khyab gyur cig_/de yi mthu las 'phags pa'i sa lam gyi/_/rin chen myu gus 'gro kun rgyud mdzes pas/_/gnas skabs mthar thug phan bde'i snye ma yis/_/don gnyis lhun grub bla ma'i sa thob shog__/ces pa'ang rje btsun bla ma mchog gi dad slob sde snod 'dzin pa mkhan po thub bstan brtson 'grus phun tshogs nas lha rdzas rin po che'i rten dang bcas te bskul ba bzhin khyab bdag zhe chen pa yab sras kyis tshe rabs kun tu rjes su bzung ba'i zhal bzhes thob pas thar lam bla ma'i bka' drin la re ba'i ku sA li 'gyur med theg mchog bstan pa'i rgyal mtshan gyis lho 'brug tsan dan gyi ljon pas mdzes pa'i rgyal khab dbang 'dus rtser bris shing gsol ba btab pa don dang ldan pa nyid du gyur cig_!_dpal ldan bla mar gsol ba 'debs pa lha yi rnga chen zhes bya ba bzhugs so/__oM swa sti/_dpal ldan brtan g.yo kun khyab srid zhi'i bdag_/rang bzhin 'od gsal bde ba chen po'i klong*/_/'gag med thugs rje'i rol rtsal sprul skur shar/_/rdo rje 'chang dbang bla mar gsol ba 'debs/_/'jam dpal rdo rje 'gro la rjes chags pas/_/mkhyen rab 'od kyi gong bur 'khyil ba las/_/smra ba'i seng ge nyin mor byed pa'i sku/_/'jiga~Ms meda~M chosa~M kyi~M graga~Ms para~M gsol ba 'debs/_/theg mchog rigs kyi nus pa'i pad tshal rgyas/_/thos bsam sgom pa'i ge sar ze'u 'bru rgod/_/'chad rtsod rtsom pa'i sbrang rtsi'i zil mngar can/_/blo~M grosa~M dga~M' ba'i~M go~M chara~M gsol ba 'debs/_many+dzu shrI mi tra'i byin rlabs las/_/'od gsal sprul pa'i rdo rje'i sgyu 'phrul gar/_/pad+ma gar gyi dbang phyug mdo sngags gling*/_/ye~M shesa~M rdo~M rje~M'i zhabs la gsol ba 'debs/_/ma dag chos kun ye shes phyag rgyas thebs/_/dag pa'i snang ba gdan gsum rdo rje'i grong*/_/rab 'byams dkyil 'khor 'khor lor yongs shar ba/_/rdo~M rje~M gzi~M brji~Md rtsala~M la gsol ba 'debs/_/bka' gter ma dros chu gter chen po yi/_/bshad sgrub kha 'bab rnam bzhi'i klung chen po/_/ci dgar 'dren la bsnyengs pa mi mnga' ba/_/'jigs med nama~M mkha~M'i rdo~M rje~Mr gsol ba 'debs/_/gangs ljongs mdo dang sngags kyi tshul mtha' dag_/ma 'dres mkhyen pa'i gser 'khor rtsibs stong bkra/_/'gro khams rgya mtshor rgyun mi chad pa bskor/_/'ja~Mm dbyanga~Ms chosa~M kyi~M blo~M grosa~M gsol ba 'debs/_/rtsa gsum lhag pa'i lha yi bsnyen sgrub mthus/_/phung khams skye mched 'khrul pa'i rtog tshogs sbyangs/_/yongs grub rdo rje gsum du sgrub mdzad pa/_/tshe~M dba~Mng gruba~M pa~M rtsala~M la gsol ba 'debs/_/rang rig ka dag chos sku'i stong chen ngogs/_/lhun grub nyi zla'i tshom bu rnam par bkra/_/mkhyen brtse'i zer gyis 'gro blo'i mun pa sel/_/kuna~M bza~Mng 'oda~M gsa~Ml snyinga~M pora~M gsol ba 'debs/_/chos can snang ba chos nyid dbyings su zad/_/rig stong ye shes rdo rje 'od kyi sku/_/mi shigs gzhom bral 'gyur med rtag pa'i thugs/_/dri med bshes gnyen dngos la gsol ba 'debs/_/ma 'ongs lha min kla klo'i mthar byed pa'i/_/rdo rje'i rigs ldan drag po 'khor lo can/_/phyogs las rnam par rgyal ba'i ba dan phyar/_/bdud 'dul stobs ldan chen por gsol ba 'debs/_/de ltar gsol ba btab pa'i byin rlabs kyis/_/dpal ldan bla mas skye kun rjes su bzung*/_/mchog gi sprul sku'i zla gzhon myur du 'char/_/zab gsang chos kyi rnga chen sgrogs gyur cig__/ces pa'ang dga' ldan pho brang chen po'i chab srid kyi kha lo pa rgyal rtse khro dga'i sras bslab gsum mdzod 'chang 'gyur med mdo sngags bstan 'dzin nas lha rdzas dngul dkar gyi 'khor lo rin chen bdun gyi grangs ldan bcas nan tan chen po'i gsung bskul ngor rab brtag gi dper brjod du byas te chos kyi blo gros pas me phag mgo zla'i dmar phyogs kyi rgyal ba gnyis pa'i tshes nyi ma me bzhi'i 'grub sbyor bzang por gang dran shar mar bris pa 'dis kyang rang rig bla ma sangs rgyas su mthong ba'i rgyur gyur cig_/slad nas gsol 'debs su kha bsgyur sku gdung rin po che'i mdun nas gus slob tha chung mang+ga las zhus pa dge legs 'phel/_!_rnam 'dren bla ma rnams kyi gsol 'debs byin rlabs char rgyun zhes bya ba bzhugs so/_/rgyal kun spyi gzugs khyab bdag rdo rje 'chang*/_/ye shes spyan ldan bai ro grub brgya'i gtso/_/bzhad pa rdo rje rnam 'dren mchog gi tshul/_/lunga~M rtoga~Ms phrina~M lasa~M kuna~M khyaba~M gsol ba 'debs/_/ka~Mrma~M bka' brgyud zung 'jug grub pa'i dbang*/_/bshada~M sgruba~M bstana~M pa'i~M dpal yon spel ba'i phyir/_/mkhyen brtse nyi~M ma~M brgya pa'i 'od zer can/_/sangs rgyas mnyan pa'i zhabs la gsol ba 'debs/_/'gyur med rdo rje sems dpa'i gseng lam che/_/thega~M mcho~Mg thub bstana~M dam pa'i~M rgyala~M mtsha~Mn 'dzin/_/mkhas grub rgya mtsho'i thugs sras rigs kun bdag_/dpal ldan bla ma'i zhabs la gsol ba 'debs/_/skye ba kun tu dpal mgon bla ma yis/_/rjes bzung sku gsung thugs kyi byin rlabs thob/_/dad dang nges 'byung snying rje'i sems skyes te/_/byang chub lam gyi yon tan rdzogs par shog_/ces pa'ang bu tshe dbang don grub kyis bskul ba bzhin ku sA li mang+ga la shrI b+hU tis bris pa dge legs 'phel/_!_'khor 'das kun khyab srid zhi las 'das dbyings/_/'oda~M gsa~Ml zag med yon tan rdzogs pa'i gter/_/ranga~M byunga~M sprula~M pa'i~M rdo~M rje~M'i gar bsgyur ba'i/_/ye grol lta ba'i rgyal por gsol ba 'debs/_/yengs 'khrul bral ba'i chos nyid lhums su zhugs/_/sna~M tshoga~Ms kun rtog ranga~M grola~M bde ba che/_/ngang bzhag chu bo rgyun gyi rnal 'byor can/_/gtad med sgom ba'i bla mar gsol ba 'debs/_/cir snang ye shes dag pa'i rol mor sad/_/'khrul pa rang grol snang spyod dag mnyam ngang*/_/rnam thar gsum dang 'bral med spyod 'chang ba'i/_/ngesa~M dona~M_gruba~M pa'i rdo~M rje~Mr gsol ba 'debs/_/sku gsum chig rdzogs chos nyid bsam mi khyab/_/don gyi bla ma rigs kun khyab bdag ni/_/ye rdzogs rig pa'i klong na 'du 'bral med/_/dbyer med rang ngo shes pas gsol ba 'debs/_/'khrul snang rang grol lta sgom klong du gyur/_/ye shes chen po'i btsan sa zin nas kyang*/_/khyad par drug ldan gzhon nu bum pa'i skur/_/mngon par byang chub chen po'i sa thob shog__/zhes pa'ang sgrub brtson dam pa stobs rgyal nas bskul ngor rgyal khams kyi 'khyams po mang+galas rdo rje gdan du gang shar bris pa don dang ldan par gyur cig_!_na mo ma hA gu ru b+h+yaH_'ja~Mm pa'i dbyanga~Ms dngos paN chen bi ma la/_/chos kyi~M bshes gnyen dri med 'od zer dngos/_/mkhyen brtse'i blo~M grosa~M dpag yas gzi brjid rtsal/_/ris med bstan pa'i nyin byed gsol ba 'debs/_/'ji~Mgs brala~M pad+ma'i rgyal tshab sna nam pa'i/_/sgyu 'phrul ye~M shesa~M dgongs pa'i rtsal chen rdzogs/_/rdo~M rje~M'i rig 'dzin chen po 'gro 'dul gling*/_/rigs kun khyab bdag bla mar gsol ba 'debs/_/'gyura~M meda~M the~Mg mcho~Mg bstana~M pa'i~M rjes su zhugs/_/bshad dang sgrub pa'i rgyala~M mtsha~Mn legs par 'dzin/_/mkhyena~M brtse~M'i byin rlabs phrin las 'oda~M zera~M can/_/ranga~M byunga~M thuga~Ms mcho~Mg rdo~M rje~Mr gsol ba 'debs/_/sku gsum rig 'dzin dpal ldan bla ma rnams/_/ngo bo rang bzhin thugs rje'i rig rtsal du/_/gdod nas 'du 'bral med par ro gcig pa'i/_/yongs grub mos gus gdung bas gsol ba 'debs/_/gnas lugs gzhi yi bla ma lta bas rtogs/_/'od gsal lam gyi bla ma sgom pas mjal/_/ye shes 'bras bu'i bla ma spyod pa yis/_/mthar son thugs yid gcig tu 'dres par mdzod/_/nges 'byung snying rje'i brtson 'grus pha rol phyin/_/thos bsam sgom dang sdom gsum rnam par dag_/bskyed rdzogs rdo rje'i rnal 'byor mthar phyin pas/_/don gnyis 'dod pa kun gyis 'grub par shog__/ces pa'ang mnga' bdag chos kyi rgyal po'i rdo rje'i gdung gi rigs kyi pad+mo las byon pa'i rig 'dzin chen po gar dbang 'gro 'dul gling pa'i sku gsung thugs kyi sras mchog phrin las nor bus lha rdzas kyi rten dang bcas te bkas bskul ba bzhin thar lam bla ma'i bka' drin la re ba'i mos gus kyi g.yar dam 'chang ba'i mu to bas bris pa brgyud gsum dpal ldan bla mas byin gyis rlob pa'i rgyur gyur cig_!_'gyura~M meda~M rdo rje dngos byon bi dza ya/_/byin rlabs thega~M mcho~Mg snying po'i chos kyis phyug_/ba~Mstan pa'i~M rgyala~M mtsha~Mn 'dzin pa'i lhag bsam can/_/ba~Mkra shisa~M dpa~Ml 'byora~M zhabs la gsol ba 'debs/_/'od gsal rdo rje snying po'i theg mchog gi_/zab rgyas gdams pas 'gro kun grol mdzad pa'i/_/ngo mtshar chos kyi mdzod 'dzin mkhan chen rje/_/blo~M grosa~M raba~M gsa~Ml zhabs la gsol ba 'debs/_/'gyur med chos nyid bden pa mngon sum gzigs/_/thub bstan nges don snying po'i dpal gyis phyug_/bshad sgrub rgyal mtshan 'dzin pa'i skyes bu che/_/mi phyed gus pas yid kyis gsol ba 'debs/_/'di nas bzung ste byang chub ma thob bar/_/rje btsun bla ma mchog dang mi 'bral zhing*/_/bdag rgyud yongs smin gzhan rgyud grol nus pa'i/_/byin rlabs don gyi brgyud pa bstsal du gsol/_/zhes pa'ang shar khams phu dge slong ngag dbang shes rab nas bskul ngor chos rje zhe chen pa'i bka' 'bangs 'gyur med theg mchog bstan pa'i rgyal mtshan gyis bris shing gsol ba btab pa dge legs 'phel/_!_na mo ma hA gu ra we/_ganga~M gi gsang gsum yid la shara~M tsam gyis/_/rdo rje'i ye shes snying la sad pa'i mthus/_/'phags pa'i lam gyi dba~Mng phyug sbyin mdzad pa'i/_/rig 'dzin grub mchog dbang pora~M gsol ba 'debs/_/gdod nas 'gyur med rig stong gnyug ma'i dbyings/_/ganga~M ltar bzhugs pa'i gnas lugs sgra ji bzhin/_/thugs dbus shara~M bas gdod ma'i rgyal thabs la/_/dba~Mng bskur chos kyi rgyal pora~M gsol ba 'debs/_/ka dag dbyings las lhun grub snang bzhi'i gdangs/_/ganga~M ltar shara~M ba'i chos can snang ba bzhi/_/chos nyid klong du zad pa'i dba~Mng phyug gi_/yon tan lhun rdzogs bla mar gsol ba 'debs/_/ganga~M gi gsang ba gsum gyi dbyings chen por/_/zag med yon tan rang byung lhun grub tu/_/shara~M bas don gnyis lhun grub kun tu bzang*/_/rnal 'byor dba~Mng po~M mchog la gsol ba 'debs/_/dpal ldan bla ma rang grol chos sku ganga~M/_/lhun rdzogs shara~M bas don brgyud dba~Mng po'i~M mthu/_/snying dbus gzhon nu bum sku'i klong sad pas/_/gdod ma'i gtan srid zin par byin gyis rlobs/_/zhes 'di dad dang brtse ba'i dpal/_/rab rgyas rang gi tsha bo ni/_/bla ma 'chi med g.yung drung nas/_/bskul ngor rgyal khams kun tu rgyu/_/'jigs med mkhyen brtse'i 'od zer zhes/_/khyab bdag sangs rgyas zhe chen pa'i/_/'bangs kyi tha chung de yis sbyar/_/dge bas bla ma'i ye shes zhal/_/mngon sum myur du mthong gyur cig_/mang+ga lam/__!_bskal bzang rnam 'dren bzhi pa'i ring lugs rgyun/_/gangs can ri nas bab pa'i zab gsang dbyig_/bstana~M 'dzi~Mn gdengs can dbang po'i mdzes rgyan du/_/bzhes pas zab rgyas rgya~M mtsho~M'i dpal du sim/_/mchog gi gsang gsum tshe mtha' yas mgon bzhin/_/rab brtan chos srid dga' ba brgya ldan gyi/_/phun tshogs sde bzhi sa gsum blar brjid pas/_/phyogs las rnam rgyal lha yi rnga ldir shog_/bdag kyang rgyal kun phrin las pad dkar 'chang*/_/thugs rje'i grib bsil dga' bas bsten bzhin du/_/rlabs chen rgyal sras spyod pa'i dpal rol ba'i/_/thun min thugs kyi sras gcig nyid gyur cig_/gus slob mang+ga las phyag bcas phul/__!_ston pa mchog dang sras bcas rgyala~M ba~M yis/_/gangs can skyob par lung bstan spyan ras gzigs/_/dge ba'i bshes ston bstan pa rgya mtsho'i mgon/_/blo bzang ba~Mstan 'dzi~Mn rgya~M mtsho~Mr gsol ba 'debs/_/zhabs brtan gsol/_mchan/_tshe rabs kun tu pad dkar 'chang dbang gi_/ye shes spyan gyis 'bab stegs gyur nas kyang*/_/byang chub spyod pas gdul dka'i 'gro sgrol mthu/_/'jig rten dbang phyug nyid dang mnyam par shog_/ces pa'ang rnam dkar mkhyen yon mtshungs med 'bras ljongs lha yum kun bzang bde chen mtsho mos gsung bskul bzhin khyab bdag phyag na pad+mo dgyes pa'i 'bangs mang+ga la shrI b+hU tis bris te gsol ba btab pa bzhin 'grub pa'i rgyur gyur cig__!_oM swa sti/_ngaga~M gi dba~Mng phyug rje btsun sa skya pa'i/_/sanga~Ms rgyasa~M ba~Mstan 'dzi~Mn mchog gi sprul pa'i sku/_/lung rtogs snyinga~M po'i~M gsang gsum rtag mdzes pa/_/dpal ldan bla ma'i zhabs la gsol ba 'debs/_/bslab gsum rnam dag don gyi dge ba'i bshes/_/dben par rim gnyis gding ldan rnal 'byor dbang*/_/bzang po'i phrin las snyigs dus bstan 'gro'i rgyan/_/chos rje rnam 'dren dbang por gsol ba 'debs/_/'ja~Mm dbyanga~Ms bla ma yab sras zhabs pad bsnyen/_/mkhyen brtse'i ma~Mthu stoba~Ms nus pa'i thugs rgyud phyug_/smin grol phrin las dpa~Ml 'ba~Mr 'khor lo'i mgon/_/mtshungs med bla ma dam par gsol ba 'debs/_/kuna~M bza~Mng theg mchog snying po'i lam la zhugs/_/'jiga~Ms meda~M bka' gter gdams pa'i gsang mdzod 'dzin/_/don gnyis lhun grub phrina~M lasa~M rmad byung bas/_/phan bde'i rtsa lag gyur la gsol ba 'debs/_/dpal ldan bla ma bskal brgyar zhabs pad brtan/_/zab rgyas chos kyi skal bzang gdul bya 'dul/_/phan bde'i dge mtshan nam yang mi 'grib pas/_/nges gsang chos kyi mnga' thang rgyas par shog_/ces pa'ang dad ldan slob ma'i tshogs kyis rjes su bskul ba bzhin rang nyid kyang mngon par dwangs ba'i blos 'jigs med mkhyen brtse'i 'od zer gyis lha lung ri ngogs nas bris pa dpal ldan bla ma dam pa'i byin rlabs 'jug pa'i rgyur gyur cig_!_gsol 'debs 'dod don myur 'grub bzhugs so/__oM swa sti/_phyogs dus rtsa gsum rgyal ba'i ye shes sku/_/dran pas 'dod don kun stsol gu ru rje/_/snyigs dus bstan dang 'gro ba mtha' dag la/_/skyob pa'i mkhyen brtse nus pa rtsal sprugs mdzod/_/rgyal bstan rin chen snying po'i srog 'dzin cing*/_/dge legs snang bas dus kyi rgud bsal phyir/_/zhing mchog pad+ma 'od kyi gan+d+ho la/_/dbyig 'dzin mdzes pa'i rgyan du myur 'char mdzod/_/phyi nang bar chad bdud dgra'i 'tshe ba zhi/_/mthun rkyen 'dod dgu dkar phyogs lha mis bsgrubs/_/rdo rje'i byin chen ma hA gu ru yis/_/mngon sum bstsal nas myur du 'grub par mdzod/_/ces pa'ang rnam par dkar ba'i thugs smon can shar pa tshe rnam nas lha reg bcas ched du bskul ltar pad+ma'i rjes 'jug gar dbang 'od gsal mdo sngags bde chen gling pas skyabs gnas rgya mtsho'i thugs dam bskul ba'i smon tshig tu spel bas chos ldan gyi thugs bzhed myur du 'grub pa'i rten 'byung du gyur cig

Footnotes

Other Information