DKR-KABUM-02-KHA-019: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:00, 1 June 2024

Wylie title bla ma'i rnal 'byor byin rlabs mchog stsol DKR-KABUM-02-KHA-019.pdf
Location dil mgo mkhyen brtse bka' 'bum
Volume 2, Text 19, Pages 123-124 (Folios 1a1 to 2a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Bla ma'i rnal 'byor byin rlabs mchog stsol. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 123-124. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་ལུང་རྟོགས་བསླབ་པ་གསུམ་གྱིས་མཛེས་པའི་དགེ་བའི་བཤེས་གཉེན་ངེས་དོན་བཟང་པོ་ནས་གསུང་བསྐུལ་བཞིན་ཤར་མདོ་ཁམས་ཀྱི་སྔགས་བན་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེས་བྲིས་པ་འབྲེལ་ཚད་བླ་མ་བདེ་བ་ཆེན་པོའི་རང་ཞལ་མངོན་སུམ་དུ་མཇལ་བའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ། དགེའོ།།

/ces pa'ang lung rtogs bslab pa gsum gyis mdzes pa'i dge ba'i bshes gnyen nges don bzang po nas gsung bskul bzhin shar mdo khams kyi sngags ban rang byung 'od gsal thugs mchog rdo rjes bris pa 'brel tshad bla ma bde ba chen po'i rang zhal mngon sum du mjal ba'i rgyur gyur cig_sarba mang+ga laM/_dge'o//

[edit]
༄༅། བླ་མའི་རྣལ་འབྱོར་བྱིན་རླབས་མཆོག་སྩོལ་བཞུགས། །ན་མོ། རང་རིག་བླ་མ་སྐུ་གསུམ་རྫོགས། །འདུ་འབྲལ་མེད་པར་སྐྱབས་སུ་མཆི། །འགྲོ་ཀུན་ཡེ་ཤེས་བླ་མ་ལྷར། །རང་ངོ་ཤེས་པས་སེམས་བསྐྱེད་དོ། ཨ། སྣོད་བཅུད་དག་པ་ཆེན་པོའི་ཞིང༌། །ཡེ་ཤེས་རང་སྣང་འོག་མིན་ཆེ། །རང་ལུས་འཛིན་མེད་སྤྱི་བོ་རུ། །རིགས་ཀུན་ཁྱབ་བདག་གདོད་མའི་མགོན། །པདྨ་གར་དབང་མདོ་སྔགས་གླིང༌། །རྣལ་འབྱོར་སྤྱོད་པའི་ངང་ཚུལ་ཅན། །གཅེར་བུ་རུས་རྒྱན་སྟག་ཤམ་གསོལ། །ཕྱག་གཡས་མཁྱེན་པའི་རལ་གྲི་ཕྱར། །གཡོན་པས་བདེ་སྐྱོང་ཀ་པཱ་ལ། །བརྩེ་ཆེན་བདུད་རྩིའི་བཅུད་ཀྱིས་བཀང༌། །ཞབས་གཉིས་རོལ་སྟབས་ནུས་མཐུ་ཆེས། །གཟུང་འཛིན་ཟིལ་གནོན་རི་དྭགས་གདན། །མཆན་གཡོན་ལྷན་སྐྱེས་ཌཱ་ཀི་བརྟེན། །དགྱེས་འཛུམ་སྤྱན་ཟུང་ལྟ་སྟངས་གཟིར། །ཁྲོ་འཛུམ་ཞལ་རྒྱས་ཧཱུྃ་སྒྲ་སྒྲོག །སྤྱི་བོར་ཚངས་པ་ལྷའི་མེ་ཏོག །མགྲིན་པར་པདྨ་འབྱུང་གནས་ཆེ། །ཐུགས་ཀར་གནུབས་བན་ནམ་མཁའི་སྙིང༌། །ལྟེ་བར་བི་མ་ལ་མི་ཏྲ། །གསང་བ་ལང་གྲོ་ལོ་ཙཱ་བའི། །རྒྱལ་ཀུན་གསང་བ་ལྷུན་རྫོགས་པའི། །ཀུན་གཟིགས་མཁྱེན་བརྩེའི་དབང་པོ་དང༌། །གཉིས་མེད་འཇའ་ཟེར་འོད་ཀློང་འགྱིང༌། །གདན་གསུམ་ཡོངས་རྫོགས་བླ་མ་རྗེར། །ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར། །རྟག་བཞུགས་དགེ་ཚོགས་འགྲོ་ལ་བསྔོ། །ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་འདུས་པའི་ངོ་མཚར་ཅན། །བཀའ་དྲིན་མཉམ་མེད་ཆོས་ཀྱི་རྗེར། །འདི་ཕྱིའི་བློ་གཏད་སྙིང་ནས་ཞུ། །ལེགས་ཉེས་ཅི་མཛད་ཁྱེད་རང་མཁྱེན། །མོས་གུས་གདུང་བས་གསོལ་འདེབས་ན། །ཐུགས་ཡིད་གཅིག་ཏུ་འདྲེས་པ་ཡི། །མངོན་སུམ་བྱིན་རླབས་མྱུར་སྩོལ་ཅིག །ཅེས་དང་གསོལ་འདེབས་རྒྱས་བསྡུས་གང་འོས་བྱ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པ་ར་ཡཱ་ན་ཤཱ་ས་ན་དྷཱ་ར་སརྦ་སིདྡྷི་ཧཱུྃ༔ ཞེས་མཚན་སྔགས་ཀྱང་བཟླ། སྣང་སྲིད་བླ་མའི་སྐུ་གསུང་ཐུགས། །རྡོ་རྗེ་གསུམ་གྱི་ངོ་བོ་སྟེ། །དོན་གྱི་དབང་ལ་བསྐུར་ཐོབ་བྲལ། དག་པ་རབ་འབྱམས་དཀྱིལ་འཁོར་ཆེ། །མངོན་སུམ་གྱུར་པའི་ཆོས་ཉིད་ལ། །མ་བཅོས་རང་ངོ་ཤེས་པས་བལྟ། །དགེ་འདིས་འགྲོ་བ་མ་ལུས་ཀྱང༌། །སྐུ་གསུམ་བླ་མ་མངོན་གྱུར་ནས། །སྐྱེ་འཆི་བར་དོའི་འཁྲུལ་པ་དག །རྡོ་རྗེ་བཞི་ཡི་ཡེ་ཤེས་དང༌། །གཉིས་སུ་མེད་པར་སངས་རྒྱས་ནས། །འགྲོ་ཀུན་དབྱིངས་སུ་སྒྲོལ་ནུས་ཤོག །ཅེས་པའང་ལུང་རྟོགས་བསླབ་པ་གསུམ་གྱིས་མཛེས་པའི་དགེ་བའི་བཤེས་གཉེན་ངེས་དོན་བཟང་པོ་ནས་གསུང་བསྐུལ་བཞིན་ཤར་མདོ་ཁམས་ཀྱི་སྔགས་བན་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེས་བྲིས་པ་འབྲེལ་ཚད་བླ་མ་བདེ་བ་ཆེན་པོའི་རང་ཞལ་མངོན་སུམ་དུ་མཇལ་བའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ། དགེའོ།། །།
[edit]

@#/___bla ma'i rnal 'byor byin rlabs mchog stsol bzhugs/___/na mo/__rang rig bla ma sku gsum rdzogs/__/'du 'bral med par skyabs su mchi/__/'gro kun ye shes bla ma lhar/__/rang ngo shes pas sems bskyed do/__a/__snod bcud dag pa chen po'i zhing*/__/ye shes rang snang 'og min che/__/rang lus 'dzin med spyi bo ru/__/rigs kun khyab bdag gdod ma'i mgon/__/pad+ma gar dbang mdo sngags gling*/__/rnal 'byor spyod pa'i ngang tshul can/__/gcer bu rus rgyan stag sham gsol/__/phyag g.yas mkhyen pa'i ral gri phyar/_/g.yon pas bde skyong ka pA la/_/brtse chen bdud rtsi'i bcud kyis bkang*/_/zhabs gnyis rol stabs nus mthu ches/_/gzung 'dzin zil gnon ri dwags gdan/_/mchan g.yon lhan skyes DA ki brten/_/dgyes 'dzum spyan zung lta stangs gzir/_/khro 'dzum zhal rgyas hU~M sgra sgrog_/spyi bor tshangs pa lha'i me tog_/mgrin par pad+ma 'byung gnas che/_/thugs kar gnubs ban nam mkha'i snying*/_/lte bar bi ma la mi tra/_/gsang ba lang gro lo tsA ba'i/_/rgyal kun gsang ba lhun rdzogs pa'i/_/kun gzigs mkhyen brtse'i dbang po dang*/_/gnyis med 'ja' zer 'od klong 'gying*/_/gdan gsum yongs rdzogs bla ma rjer/_/phyag 'tshal mchod 'bul sdig ltung bshags/_/dge la yi rang chos 'khor bskor/_/rtag bzhugs dge tshogs 'gro la bsngo/_/khyed ni sangs rgyas thams cad kyi/_/ye shes 'dus pa'i ngo mtshar can/_/bka' drin mnyam med chos kyi rjer/_/'di phyi'i blo gtad snying nas zhu/_/legs nyes ci mdzad khyed rang mkhyen/_/mos gus gdung bas gsol 'debs na/_/thugs yid gcig tu 'dres pa yi/_/mngon sum byin rlabs myur stsol cig_/ces dang gsol 'debs rgyas bsdus gang 'os bya/_oM AHhU~M badz+ra ma hA gu ru pa ra yA na shA sa na d+hA ra sarba sid+d+hi hU~M:_zhes mtshan sngags kyang bzla/_snang srid bla ma'i sku gsung thugs/_/rdo rje gsum gyi ngo bo ste/_/don gyi dbang la bskur thob bral/_dag pa rab 'byams dkyil 'khor che/_/mngon sum gyur pa'i chos nyid la/_/ma bcos rang ngo shes pas blta/_/dge 'dis 'gro ba ma lus kyang*/_/sku gsum bla ma mngon gyur nas/_/skye 'chi bar do'i 'khrul pa dag_/rdo rje bzhi yi ye shes dang*/_/gnyis su med par sangs rgyas nas/_/'gro kun dbyings su sgrol nus shog_/ces pa'ang lung rtogs bslab pa gsum gyis mdzes pa'i dge ba'i bshes gnyen nges don bzang po nas gsung bskul bzhin shar mdo khams kyi sngags ban rang byung 'od gsal thugs mchog rdo rjes bris pa 'brel tshad bla ma bde ba chen po'i rang zhal mngon sum du mjal ba'i rgyur gyur cig_sarba mang+ga laM/_dge'o//_//

Footnotes

Other Information