DKR-KABUM-23-'A-012: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber='A | |||
|textnuminvol=012 | |||
|pdflink=File:DKR-KABUM-23-'A-012.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|ན་མོ་མ་ཧཱ་མུ་ནི་ཡེ། སྙིང་རྗེ་ཆེན་པོའི་སྨོན་ལམ་ལྔ་བརྒྱ་ཡིས། །རྩོད་ལྡན་འགྲོ་ཀུན་རྗེས་བཟུང་ཤཱཀྱའི་ཏོག །བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་མཆོག་བཞེངས་པ། །མཁན་ཆེན་བྱང་ཆུབ་སེམས་དཔའ་དེང་འདིར་དགོངས། ༡ །འགྲོ་ཀུན་ཉོན་མོངས་རྟོག་པས་རྒྱུད་བསླད་དེ། །རྒྱལ་བསྟན་རིན་ཆེན་མ་རུངས་བྱེད་པ་ལ། །ཁྱོད་ཀྱི་ཐུགས་བསྐྱེད་ནོར་བུ་ཀེ་ཏ་ཀས། །སླར་ཡང་བགྲུང་པར་མཛོད་ཅིག་མགོན་པོ་ཀྱེ། ༢ །འཕགས་པའི་སྤང་རྟོགས་རི་གླིང་གཞིར་གྱུར་ཅིང༌། །སྟོན་པ་མཆོག་གི་རྒྱལ་ཚབ་ཞལ་སྐྱིན་དངོས། །ཆོས་འདུལ་བདུད་རྩིའི་སྣང་བ་གསར་པ་ཡིས། །ལྗོངས་འདིར་མཛེས་པའི་དགའ་སྟོན་སླར་སྤེལ་མཛོད། ༣།ཁྱད་པར་དཀར་རྙིང་བསྟན་འཛིན་དམ་པ་ཀུན། །དྲི་མེད་འདུལ་ཁྲིམས་གསེར་སྦྱངས་རྒྱན་བཟང་གིས། །སྐུ་གསུང་ཐུགས་ཀྱི་དཔལ་ལ་བརྒྱན་པ་ཡིས། །རྒྱལ་བསྟན་རིན་ཆེན་རྒྱལ་ཁབ་སྐྱོང་ནུས་མཛོད། ༤ །སྐྱེ་དགུ་ཐམས་ཅད་ཁྱིམ་ནས་ཁྱིམ་མེད་པར། །རབ་ཏུ་བྱུང་ཞིང་ངུར་སྨྲིག་གོས་ཀྱིས་གཡོགས། །སྦྱངས་པའི་ཡོན་ཏན་བཅུ་གཉིས་རྒྱན་འཆང་བའི། །དགེ་སྦྱོང་ཁོ་ནས་ས་གཞི་མཛེས་པར་མཛོད། ༥ །དེ་ཀུན་བསླབ་གསུམ་ནོར་བུའི་མཛོད་ཀྱིས་ཕྱུག །དཀར་ཕྱོགས་ལྷ་མིས་སྙན་པ་ཕྱོགས་བཅུར་སྒྲོགས། །ཁྱད་པར་ལུང་རྟོགས་ཆོས་ཀྱི་བྱ་བ་ཡིས། །ཉིན་མཚན་ཀུན་ཏུ་འདའ་བས་དོན་ལྡན་མཛོད། ༦ །དེའི་མཐུས་ཡངས་པའི་རྒྱལ་ཁམས་བཀྲ་ཤིས་ཤིང༌། །ནད་མུག་འཁྲུགས་རྩོད་ནག་ཕྱོགས་མུན་པ་ཞི། །དཀར་ཕྱོགས་རྣམ་པར་རྒྱལ་བའི་དགའ་སྟོན་གྱི། །རྫོགས་ལྡན་སྣང་བ་མི་ནུབ་གསལ་བར་མཛོད། ༧ །ལྷ་སྲས་འཇིགས་མེད་སེང་གེ་དབང་ཕྱུག་དང༌། །འཇིགས་མེད་རྡོ་རྗེ་ཕུན་ཚོགས་ཆོས་ཀྱི་སྒྲོན། །སྐལ་བཟང་ཡུམ་སྲས་རྣམ་དཀར་ཐུགས་བསྐྱེད་དང༌། །མཛད་པས་རྒྱལ་བསྟན་དགུང་དུ་འདེགས་ནུས་མཛོད། ༨ །མཉན་ཡོད་གནས་སུ་བསྟན་པའི་སྦྱིན་བདག་གིས། །སྟོན་མཆོག་མཆོད་ཚེ་བདུད་དང་མུ་སྟེགས་ཚོགས། །ཟིལ་མནན་ཆོས་ཀྱི་རྒྱལ་རྔ་བསྒྲགས་ཇི་བཞིན། །ལྷོ་ལྗོངས་ཡངས་པའི་གཞི་འདིར་གསལ་བར་མཛོད། ༩།སྟོན་པ་མཆོག་དང་འཕགས་པའི་གནས་བརྟན་ཚོགས། །ཉེ་བའི་སྲས་བརྒྱད་རྒྱན་དྲུག་ཤིང་རྟ་གཉིས། །ཀུན་འདུས་ཞལ་སྐྱིན་མཁན་ཆེན་བླ་མ་ཡི། །ཐུགས་བསྐྱེད་ཞལ་བཞེས་རྗེས་སུ་བསྐུལ་བའི་མཐུས། ༡༠ །ཛམ་གླིང་ཁྱོན་འདིར་རྒྱལ་བསྟན་ཉི་བཞིན་གསལ། །དེ་འཛིན་མཁས་བཙུན་བཟང་པོའི་དགེ་འདུན་འཕེལ། །བསླབ་གསུམ་བཤད་སྒྲུབ་ལས་ཀྱི་མཛད་པ་ཡིས། །འཇིག་རྟེན་གསུམ་ན་རྟག་ཁྱབ་འབར་གྱུར་ཅིག །ཅེས་པའང་ཤཱཀྱའི་རིག་སྔགས་འཆང་བ་འགྱུར་མེད་བསླབ་གསུམ་རྒྱལ་མཚན་གྱིས་ལྷོ་ལྗོངས་ཆོས་ཀྱི་རྒྱལ་ཁབ་ཀྱི་བྱེ་བྲག་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་དུ་མཁན་ཆེན་བྱང་ཆུབ་སེམས་དཔའི་སྣང་བརྙན་བཞེངས་པའི་སྐབས་སྨོན་ཚིག་ཏུ་ལྷག་པའི་སེམས་ཀྱིས་གསོལ་བ་བཏབ་པ་སིདྡྷི་རསྟུ། ༈ གྲུ་གུ་བདེ་ཆེན་བསམ་གཏན་འོད་གསལ་ཆོས་གླིང་གི་བསྟན་རྒྱས་སྨོན་ལམ་བཞུགས། བདེྃ་ཆེནྃ་ལྷན་སྐྱེས་ཡེ་ཤེས་བསྃམ་གཏནྃ་གྱིས། །འོདྃ་གསྃལ་ཆོས་སྐུའི་དགོངས་པ་མངོན་གྱུར་ནས། །ཆོསྃ་བཞིན་སྤྱོད་པའི་ཕྲིན་ལས་གླིངྃ་བཞིར་ཁྱབ། །སྒྲུབ་བརྒྱུད་བསྟན་པ་དར་རྒྱས་ཡུན་གནས་ཤོག །ཅེས་རིས་མེད་བསྟན་ལ་གུས་པའི་སྔགས་བཙུན་བཀྲ་ཤིས་དཔལ་འབྱོར་གྱིས་འདུན་སྨོན་བགྱིས་པ་བཞིན་འགྲུབ་པར་གྱུར་ཅིག ༈ སིདྡྷི་སརྦ་ཨརྠ་ཤྲཱི། འཇམ་པའི་རྡོ་རྗེའི་ཡེ་ཤེས་གཟི་འོད་ཀྱིས། །བསིལ་ལྗོངས་ར་བ་དཀར་པོར་ཁྱབ་པ་ལས། །མདོ་སྔགས་ཆུ་བོ་སྟོང་གི་འབྱུང་གནས་སུ། །མཛད་པའི་ཚངས་ཆེན་ལྷ་ཡི་མེ་ཏོག་རྒྱལ། ༡ །ཁྱོད་ནི་དབང་དང་སྟོབས་བཅུའི་ཕ་རོལ་སོན། །གདུལ་དཀའ་འདུལ་ལ་ཐུགས་བསྐྱེད་གོ་ཆ་དཔའ། །ངེས་དོན་སྲིད་ཞིའི་སྤྱི་དཔལ་ཆེན་པོ་ཡིས། །དུས་ངན་སྙིགས་མའི་དུཿཁ་ཞི་བར་མཛོད། ༢ །ཁྱད་པར་ལྷ་སྲས་སེང་གེ་དབང་ཕྱུག་ཆེ། །འཇིགས་མེད་རྡོ་རྗེ་ཡབ་ཡུམ་སྲས་དང་བཅས། །བསྟན་པའི་སྦྱིན་བདག་སྐལ་བཟང་ཆོས་སྒྲོན་ལ། །བྱང་ཆུབ་བར་དུ་ཐུགས་བརྩེའི་རྗེས་བཟུང་ནས། ༣ །སྲིད་ཞིའི་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན། །ཁྱད་པར་སངས་རྒྱས་ལས་དཀོན་གསང་སྔགས་ཆོས། །འཆད་ཉན་སྒོམ་སྒྲུབ་མཛད་པའི་དགེ་འདུན་སྡེའི། །ཡངས་པའི་ས་ཆེན་གང་བ་བཞིན་དུ་མཛོད། ༤ །དེ་ཡི་དཔལ་ལས་སྣོད་བཅུད་བདེ་དཔལ་རྒྱས། །སྐྱེ་དགུའི་མོས་སྣང་དམ་པའི་ཆོས་ལ་འབྱོར། །དཀོན་མཆོག་གསུམ་གྱི་ཕྲིན་ལས་སྣང་བ་ཡིས། །རྫོགས་ལྡན་དགའ་སྟོན་མགྲོན་དུ་ཁུག་གྱུར་ཅིག ༥།ལྷ་ཡི་སྲས་པོའི་བསོད་ནམས་གཟི་བརྗིད་ཀྱིས། །ཕས་རྒོལ་ཁེངས་དྲེགས་བསམ་ངན་མུན་པ་ཞི། །མངའ་ཐང་ཆབ་སྲིད་དཔལ་འབྱོར་འདོད་དགུ་རྒྱས། །སྐུ་ཚེ་རྟག་བརྟན་རླུང་རྟ་འཕེལ་གྱུར་ཅིག ༦།རྒྱལ་བློན་ཐུགས་མཐུན་རྣམ་དཀར་ལས་ལ་བརྩོན། །ཡ་རབས་དགེ་བའི་སྤྱོད་པས་ཆོས་བཞིན་འཚོ། །ཕལ་རྒོལ་ནག་ཕྱོགས་ཟིན་གནོན་སྟོབས་བཙན་ཞིང༌། །མངའ་ཐང་ཆབ་སྲིད་ཛམ་གླིང་ཁྱབ་པར་མཛོད། ༧།མཐར་ཐུག་བྱང་ཆུབ་སྤྱོད་པ་ཡོངས་རྫོགས་པ། །པདྨ་འཇམ་པའི་རྡོ་རྗེའི་རྣམ་ཐར་དང༌། །གཉིས་སུ་མེད་པས་སྲས་བཅས་རྒྱལ་ཀུན་དང༌། །རྣམ་ཐར་ཕྲིན་ལས་མཉམ་པ་ཉིད་གྱུར་ཅིག །ཅེས་པའང་འབྲུག་སྤ་གྲོ་སྐྱེར་ཆུ་མཐའ་འདུལ་གྱི་གཙུག་ལག་ཁང་དུ་མངའ་བདག་ཆེན་པོའི་སྣང་བརྙན་གསར་བསྐྲུན་སྐབས་མངའ་བདག་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་རྗེས་སུ་དྲན་པའི་ཡིད་ཆེས་ཀྱི་གདུང་བས་ཐུགས་དམ་བསྐུལ་བའི་སྨོན་ཚིག་ཏུ་རིག་སྔགས་འཆང་བ་འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས་ཆེད་དུ་བརྗོད་པ་དོན་དང་ལྡན་པར་གྱུར་ཅིག ༈ ཨོཾ་སྭསྟི་ཤྲཱི་བི་ཛ་ཡནྟུ། ཕྱོགས་དུས་རྩ་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས། །གཅིག་འདུས་ཨོ་རྒྱན་སློབ་དཔོན་པདྨ་རྒྱལ། །སྙིགས་མའི་འགྲོ་ལ་དགོངས་པའི་རྡོ་རྗེའི་གསུང༌། །དེང་འདིར་བདག་གིས་བསྐུལ་ལ་མྱུར་དུ་གཟིགས། །ལྔ་བརྒྱ་ཐ་མའི་ལྷོ་ལྗོངས་འགྲོ་བ་རྣམས། །སྡུག་བསྔལ་ཉམ་ཐག་གྱུར་པ་ཁྱོད་གཅིག་གིས། །སྐྱོབ་པའི་ཞལ་བཞེས་དགོངས་པའི་དུས་ལ་བབ། །མྱུར་དུ་ཐུགས་རྗེས་གཟིགས་ཤིག་མ་ཧཱ་གུ་རུ། །རྡོ་རྗེའི་སྐུ་ཚབ་མཐོང་བ་དོན་ལྡན་དུ། །བྱིན་གྱིས་བརླབས་ནས་ཡེ་ཤེས་གཟི་བྱིན་གྱིས། །ལྷོ་ལྗོངས་ཆོས་ཀྱི་རྒྱལ་ཁབ་ཆེན་པོ་རུ། །ནག་ཕྱོགས་ཟིལ་གནོན་དཀར་ཕྱོགས་དབུ་འཕང་བསྟོད། །ནད་མུག་མཚོན་གྱི་བསྐལ་ངན་ཟློག་ཅིང་ཞི། །སྣོད་བཅུད་རྫོགས་ལྡན་དུས་ཀྱི་དགའ་སྟོན་རྒྱས། །ཁྱད་པར་རྒྱལ་བའི་བསྟན་པ་རིན་པོ་ཆེ། །བཤད་སྒྲུབ་ལས་ཀྱི་འཁོར་ལོས་འཕེལ་རྒྱས་བརྟན། །ལྷ་སྲས་འཇིགས་མེད་སེང་གེ་དབང་ཕྱུག་དང༌། །ཆོས་རྒྱལ་འཇིགས་མེད་རྡོ་རྗེ་ཡབ་སྲས་དང༌། །ལཀྵྨཱི་དཱི་པ་སྐལ་བཟང་ལྷའི་སྲས་མོ། །རྒྱལ་བློན་འཁོར་བཅས་ཡེ་ཤེས་རྡོ་རྗེའི་གུར། །འདུ་འབྲལ་མེད་པར་སྲུང་སྐྱོབས་བྱིན་གྱིས་རློབས། །སྐུ་ཚེ་བསོད་ནམས་དཔལ་འབྱོར་སྙན་གྲགས་སྟོབས། །དམ་པའི་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །ཕས་རྒོལ་ནག་ཕྱོགས་དགྲ་གདོན་ཟིལ་གྱིས་གནོན། །ཕྱོགས་ལས་རྣམས་པར་རྒྱལ་བའི་ཕྲིན་ལས་མཛོད། །ལྷ་སྲས་རྗེ་འདིའི་མངའ་ཐང་སྙན་གྲགས་འཕེལ། །མངའ་རིས་ཆོས་བཞིན་སྐྱོང་བའི་མཛད་ཕྲིན་སྟོབས། །ཆོས་ཀྱི་རྒྱལ་པོ་མེས་དབོན་རྣམས་གསུམ་དང༌། །དབྱེར་མེད་བསྟན་འགྲོའི་དཔལ་ཀུན་རྒྱས་བརྟན་ཤོག །ཕྱི་སྣོད་འབྲུ་བཅུད་རྩི་ཤིང་ལོ་འབྲས་འཕེལ། །ནང་བཅུད་ཆོས་སྤྱོད་ཚེ་དཔལ་བསོད་ནམས་རྒྱས། །དགེ་འདུན་སྡེ་རྒྱས་ཐུགས་མཐུན་བཤད་སྒྲུབ་དར། །ནད་མུག་མཚོན་གྱི་བསྐལ་པ་ཞི་གྱུར་ཅིག །དཀར་ཕྱོགས་ལྷ་མིས་དུས་ཀུན་བཀྲ་ཤིས་སྤེལ། །ནག་ཕྱོགས་རྒྱལ་འགོང་དམ་སྲིའི་རྒྱུ་འགྲུལ་ཞི། །རྒྱལ་བློན་ཐུགས་མཐུན་དཔལ་འཕེལ་རྫོགས་ལྡན་གྱི། །དགའ་སྟོན་མི་ཉམས་གོང་འཕེལ་རྟག་བརྟན་ཤོག །མདོར་ན་སློབ་དཔོན་སངས་རྒྱས་གཉིས་པ་ཆེ། །ལོ་པཎ་རྗེ་འབངས་སྤྲུལ་པར་བཅས་པ་ཡིས། །བོད་ཡུལ་ཆོས་ལ་བཀོད་པའི་རྣམ་ཐར་བཞིན། །ཞིང་འདིར་ནུབ་མེད་རྟག་ཏུ་འཆར་གྱུར་ཅིག །ཅེས་པའང་ཕུན་སུམ་ཚོགས་པའི་རྟེན་འབྱུང་གི་རིགས་རྩལ་དུ་རང་ཤར་བ་བཞིན་མཚོ་སྐྱེས་ཀུན་ཏུ་དགྱེས་པའི་འབངས་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ལྷག་བསམ་རྩེ་གཅིག་པས་ཇི་ལྟར་སྨོན་པ་བཞིན་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། ༈ །རིང་འཚོའི་རྟེན་འབྲེལ་ལེགས་ཚོགས་སུ་སྨིན་པའི་ཐོལ་གླུ་འཆི་མེད་དགའ་བའི་རོལ་རྩེད་ཅེས་བྱ་བ་བཞུགས། ཨ་ཧོ། རྣམ་པ་ཀུན་གྱི་མཆོག་ལྡན་སྟོང་ཆེན་གྱི་ཡེ་ཤེས། །འཆི་མེད་རྡོ་རྗེའི་སྐུ་གསུང་ཐུགས་མཆོག་གི་གསང་བ། །རབ་འབྱམས་སྐྱབས་གནས་རྒྱ་མཚོའི་སྤྱི་གཟུགས་སུ་ཤར་བའི། །ཁྱབ་བདག་དཔལ་ལྡན་བླ་མས་དགེ་ལེགས་ཀྱི་མཆོག་སྩོལ། །སྤྲོས་བྲལ་བསམ་མི་ཁྱབ་པའི་སྟོང་ཉིད་ཀྱི་གཤིས་ལུགས། །མི་ཤིགས་རྟག་པ་དམ་པའི་ལང་ཚོའི་དཔྱིད་འཆར་བའི། །དགའ་སྟོན་ལྷན་སྐྱེས་རྣལ་འབྱོར་མ་དཔལ་གྱིས་སྩོལ་ཏེ། །འཕོ་མེད་རྡོ་རྗེའི་ཐུགས་སུ་བྱིན་གྱིས་རང་རློབས་ཤིག །གདོད་ནས་གྲུབ་པའི་གནས་ཡུལ་ཉེར་བཞི་ན་བཞུགས་པའི། །བདེ་སྟོང་ཕྱག་རྒྱའི་གཟུགས་ཀྱིས་རིང་འཚོའི་སྲོག་འགྲུབ་པའི། །དགའ་སྟོན་ཞིང་སྐྱེས་རྣལ་འབྱོར་མ་དཔལ་གྱིས་རྩེན་ནས། གཞོམ་མེད་རྡོ་རྗེའི་གསུང་དུ་བྱིན་གྱིས་རང་རློབས་ཤིག །ཏིང་འཛིན་རི་མོ་མཁན་གྱིས་བཀོད་ལེགས་སུ་བྲིས་པའི། །སྣང་སྟོང་འདུ་འབྲལ་མེད་པའི་གསང་གསུམ་གྱི་ཕྱག་རྒྱ། །སྔགས་སྐྱེས་རྣལ་འབྱོར་མ་ཡི་བྱིན་རླབས་དང་ནུས་པས། །འཆི་མེད་རྡོ་རྗེའི་སྐུ་རུ་བྱིན་གྱིས་རང་རློབས་ཤིག །སྐྱེ་འཆི་བགྲེས་རྒུད་བྲལ་བའི་མཁའ་སྤྱོད་ཀྱི་དབང་མོས། །བདེ་ཆེན་རྡོ་རྗེའི་ལང་ཚོ་མངོན་སུམ་དུ་སྩོལ་བའི། །ཕོ་ཉ་རྨད་བྱུང་རྟེན་འབྲེལ་འདི་ཉིད་ཀྱིས་གྱུར་ནས། །བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རང་རློབས་ཤོག །བཅུ་གཉིས་ཉི་ཟླའི་འཕོ་བ་དྷཱུ་ཏིའི་སྦུབ་དག་ཕྱིར། །བཅུ་གཉིས་ཟླ་བའི་ཆོས་བཅུའི་དགའ་སྟོན་གྱི་ཚོགས་འཁོར། །བཅུ་གཉིས་ཟུང་གི་དཔལ་དུ་གྲུབ་པ་ལ་བརྟེན་ནས། །བཅུ་གཉིས་བདེན་དོན་རྟོགས་པའི་རྟེན་འབྲེལ་གྱིས་ཁྱབ་བོ། །ཅེས་པའང་རྡོ་རྗེ་འཛིན་དབང་འགྱུར་མེད་མདོ་སྔགས་བསྟན་འཛིན་ནས་རྟེན་འབྲེལ་དགེ་བའི་གསུང་གིས་བསྐུལ་བ་བཞིན་སྙིགས་དུས་ཀྱི་རིག་པ་འཛིན་པའི་གཟུགས་བརྙན་པདྨ་དབང་ཆེན་དགྱེས་པས་རྒྱལ་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུར་སྨྲས་ཤིང་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག ༈ རྡོ་རྗེ་ནཱ་དའི་བདེན་ཚིག་བཞུགས། འཕགས་ཡུལ་བཀའ་བབ་བཞི་ཡི་སྨིན་གྲོལ་བཅུད། །དགྱེས་མཛད་ལོ་ཙཱས་གངས་ཅན་འཛིན་མའི་རྒྱན། །དྲངས་ལས་ཟླ་མེད་གྲུབ་བརྒྱའི་འབྱུང་གནས་ཆེ། །དྭགས་བརྒྱུད་སྙིང་པོའི་བསྟན་པ་རྒྱས་གྱུར་ཅིག །མངྒ་ལས་སོ། ༈ དཀོན་མཆོག་བདེན་མཐུ་འགྲོ་བའི་རྒྱུད་ལ་ཞུགས། །འགྲོ་བའི་སྣང་བློ་དགེ་བའི་ཕྱོགས་སུ་འགྱུར། །སྣོད་བཅུད་ཕན་བདེའི་དཔལ་གྱིས་འབྱོར་བ་ཡིས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །དིལ་མགོ་མཁྱེན་སྤྲུལ་རྒན་བུའི་བྲིས་ཤིང་སྨོན་པའོ། ༈ ཨོཾ་སྭསྟི་ཤྲཱི་བི་ཛ་ཡན་ཏུ། བཀྲ་ཤིས་འཇིྃགས་མེདྃ་མཆོག་གསུམ་རིན་ཆེན་གདུགས་དཀར་དཔལ་མཛེས་བཀྲ་ཤིས་ཚོགས་གཉིས་གསེར་ཉ་འཁྱིལ། །བཀྲ་ཤིས་ཕུན་ཚོགས་སྡེ་བཞིའི་བུམ་བཟང་འདོད་དགུ་གཡང་འཁྱིལ་བཀྲ་ཤིས་སེངྃ་གེྃ་པདྨས་བཀྲ། །བཀྲ་ཤིས་སྙན་གྲགས་གཡས་འཁྱིལ་དུང་སྒྲོག་འགྲོ་ཀུན་དབྃང་ཕྱུགྃ་དཔའ་མཛངས་བཀྲ་ཤིས་དཔལ་བེའུ་བརྗིད། །བཀྲ་ཤིས་ཆོས་སྲིད་མི་ནུབ་རྒྱལ་མཚན་རྫོགས་ལྡན་རབ་དགའི་བཀྲ་ཤིས་འཁོར་ལོས་བསྒྱུར་གྱུར་ཅིག །ཅེས་པའང་སྣང་སྲིད་ཟིལ་གནོན་རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་ཕྲིན་ལས་ཀྱི་གདུང་འཛིན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་བཀྲ་ཤིས་དཔལ་འབྱོར་དོན་ཐམས་ཅད་གྲུབ་པའི་སྡེས་ལྷོ་ལྗོངས་ཆོས་རྒྱལ་ཆེན་པོའི་ལྷ་སྲས་མཆོག་ལ་ཤིང་སྟག་རྒྱལ་ཟླའི་འཕེལ་ཚེས་༡༦རྒྱལ་དང་ཕུར་བུ་འགྲུབ་པའི་སྦྱོར་བ་ལ་ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་དུ་མངའ་དབང་རིན་པོ་ཆེ་འབར་བའི་སྐབས་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་རྟེན་དང་བཅས་ཏེ་ཆེད་དུ་བརྗོད་པའི་ཤིས་པའི་གླུ་དབྱངས་དགེ་ལེགས་རྣམ་པར་རྒྱལ་བའི་ལྷའི་རྔ་གསང་སརྦ་ཨརྠ་སིདྡྷི་ཧཱུྃ། ༈ ཀུན་བཟང་འཁོར་འདས་ཀུན་གྱི་མེས་པོ་ཡང༌། །ཆོས་ཉིད་ཡེ་ཤེས་དག་པར་རང་གྲོལ་བཞིན། །ཕུན་ཚོགས་འདོད་དགུའི་སྦྱིན་བདག་ཁྱོད་ཉིད་ཀྱང༌། །སྐུ་གསུམ་དབྱིངས་སུ་གྲོལ་བའི་སྨོན་ལམ་ཞུ། །མངྒ་ལས་སོ། ཇི་ར་གོ་ཌས་ལ། ༈ ལྷོ་ལྗོངས་ཆོས་ཀྱི་རྒྱལ་པོའི་རྒྱལ་བསྟན་རིན་པོ་ཆེའི་ཞབས་འདེགས་སྟོན་པ་ཐམས་ཅད་མཁྱེན་པའི་གསུང་རབ་རིན་ཆེན་དང་པོའི་ཞུན་མས་གསར་དུ་བཞེངས་པའི་རྣམ་དཀར་རྫོགས་བྱང་ཆེན་པོར་བསྔོ་བའི་སྨོན་ཚིག་ཀུན་ཏུ་བཟང་པོའི་སྒྲ་དབྱངས་ཞེས་བྱ་བ་བཞུགས། ཨོཾ་སྭ་སྟི། འཇིག་རྟེན་གསུམ་ན་ཀུན་ཏུ་དགེ་བའི་གཏམ། །དོན་དང་ལྡན་པའི་སྤང་རྟོགས་རིན་ཆེན་སྙིང༌། །རྨད་བྱུང་ལྷ་མིའི་སྟོན་པ་ཐམས་ཅད་མཁྱེན། །ཤཱཀྱ་སེང་གེ་རྣམ་འདྲེན་བཞི་པ་རྒྱལ། ༡ །གང་ཐུགས་ཟག་མེད་ཆོས་ཀྱི་འབྱོར་པ་བརྒྱས། །ཕྱུར་བུར་གཏམས་པ་བརྩེ་ཆེན་དེད་དཔོན་གྱིས། །བླངས་པའི་ལེགས་གསུང་ནོར་བུ་དབང་གི་རྒྱལ། །མ་ཉམས་མི་མཇེད་ཞིང་འདིའི་རྒྱན་དུ་བཞུགས། ༢ །འདི་ནི་ས་གསུམ་སྲིད་ཞིའི་མིག་གཅིག་པུ། །མཉམ་མེད་སྟོན་པ་དངོས་ཀྱི་གསུང་གི་མཛོད། །ཕན་བདེའི་འདོད་དགུ་འཇོ་བའི་བུམ་བཟང་ཞེས། །རྒྱལ་དང་དེ་སྲས་ཆེ་རྒུས་མགྲིན་གཅིག་བསྔགས། ༣ །དེ་ཚུལ་མཁྱེན་དཔྱོད་དཔལ་དུ་སིམ་པའི་མཐུས། །རྣམ་དཀར་རིན་ཐང་བྲལ་བའི་དཔལ་འབྱོར་ལ། །གཅིག་ཏུ་འདུན་པའི་ཐུགས་བསྐྱེད་ཟླ་བའི་མ། །ནམ་མཁའི་མུ་ཁྱུད་བརྟོལ་བའི་རྣམ་དཔྱོད་ཅན། ༤ །དཔའ་མཛངས་འཕྲུལ་ལྡན་ལྷ་ཡི་རིགས་ཀྱི་སྲས། །ཆོས་རྒྱལ་འཇིགས་མེད་རྡོ་རྗེའི་གཏོང་ཕོད་ཀྱིས། །གསེར་སྦྱངས་ཞུན་མས་བསྐྲུན་པའི་གླེགས་བམ་ཕྲེང༌། །དཀར་པོའི་ཚེས་ཀྱི་ཟླ་བ་བཞིན་དུ་མཛེས། ༥ །ལེགས་བྱས་འདི་འབྲས་མཁའ་དང་རྒྱ་མཚོ་བཞིན། །ཟབ་ཡངས་རྣམ་དཀར་སྤྲིན་གྱི་ཕྲེང་བ་ཡང༌། །ཆོས་དབྱིངས་བསམ་མི་ཁྱབ་པའི་མཁར་བྲེས་ནས། །སྲས་བཅས་འདྲེན་པས་ཡོངས་བསྔོའི་འབྲུག་གི་སྒྲས། ༦ །ཁ་བཞི་སྨན་ལྗོངས་རྒྱལ་ཁབ་ཆེན་པོས་མཚོན། །ཛམ་གླིང་ཐ་གྲུར་ནད་མུག་མཚོན་བསྐལ་ཞི། །སྐྱེ་རྒུའི་ཤེས་རྒྱུད་ཐར་པའི་ལམ་བཟང་པོར། །འཇུག་པས་ཕན་བདེའི་དགའ་སྟོན་རྟག་འཕེལ་ཤོག ༧ །རྒྱལ་བསྟན་སྙིང་པོ་བཤད་དང་སྒྲུབ་པའི་སྡེ། །སྤོང་ཀློག་ལས་ཀྱི་འཁོར་ལོ་རྣམ་གསུམ་གྱི། །མཛད་པས་རྟག་བྲེལ་དགེ་འདུན་འཆར་ཀའི་སྤྲིན། །འཁོར་ཡུག་དོགས་པོར་བྱེད་པས་མཛེས་གྱུར་ཅིག ༨ །ནག་ཕྱོགས་རྒྱལ་བསེན་མཐའ་དམག་ནུས་སྟོབས་ཞི། །དཀར་ཕྱོགས་ལྷ་ཡི་རུ་མཚོན་མཐོན་པོར་བསྒྲེངས། །སྣོད་བཅུད་སྲིད་ཞིའི་དགེ་མཚན་དཔལ་འཕེལ་བས། །རྫོགས་ལྡན་དང་པོའི་རབ་དགའི་དཔལ་འཕེལ་ཤོག ༩ །ས་ཡི་ཚངས་ཆེན་འཇིགས་མེད་རྡོ་རྗེ་དང༌། །ལྷ་སྲས་འཇིགས་བྲལ་སེངྒེ་དབང་ཕྱུག་མཆོག །ཕུན་ཚོགས་ཆོས་སྒྲོན་སྐུ་མཆེད་སྲས་ལྕམ་གཙོས། །རྒྱལ་བློན་འབངས་ཀུན་བདེ་དགའི་དཔལ་ལ་སྤྱོད། ༡༠ །ཐུགས་མཐུན་སྐུ་ཚེ་མཛད་སྟོབས་རླུང་རྟ་དར། །ཀུན་ཀྱང་རྣམ་དཀར་ལས་མཐའ་གཙང་མས་འཚོ། །བྱང་ཆུབ་སྤྱོད་པ་རྒྱ་མཚོར་དབང་ཐོབ་པས། །འཇམ་དཔལ་ཀུན་ཏུ་བཟང་དང་དབྱེར་མེད་ཤོག ༡༡ །མདོར་ན་ཚུལ་འདིར་འབྲེལ་ཐོབ་ཡིད་ཅན་ཀུན། །སྟོན་པ་མཉམ་མེད་ཤཱཀྱའི་དབང་པོ་ཡི། །ཐུགས་བསྐྱེད་སྨོན་ལམ་རྫོགས་སྨིན་སྦྱངས་པའི་དཔལ། །གཉིས་སུ་མེད་པར་ལོངས་སུ་སྤྱོད་པར་ཤོག ༡༢ །བཀྲ་ཤིས་དགེ་མཚན་ལྷ་ཡི་རྔ་གསང་གིས། །ཕྱོགས་དུས་ཀུན་ཏུ་སྙན་པར་གྲགས་པ་ལས། །དགེ་ལེགས་ཤིས་པའི་མེ་ཏོག་མནྡྷཱ་རས། །སྲིད་ཞིའི་ཁྱོན་ཀུན་མཛེས་ཤིང་བརྒྱན་གྱུར་ཅིག ། ༡༣ ཅེས་པའང་མངའ་བདག་ཆོས་ཀྱི་རྒྱལ་པོ་མཆོག་གི་རྣམ་དཀར་གྱི་མཛད་པ་ཟབ་རྒྱས་འགྲན་བྲལ་དུ་མཛད་པའི་སྐབས་སྨོན་ཚིག་ཤིས་བརྗོད་ཀྱི་ཚུལ་དུ་འདི་ལྟར་བྲིས་ཤིག་ཅེས་དཔལ་ལྡན་སྤྲིན་སྒྲའི་རིང་ལུགས་འཛིན་པ་སྤུངས་ཐང་གི་དགེ་འདུན་སྡེའི་མཁན་ཆེན་བླ་མ་འཇམ་དཔལ་ཡེ་ཤེས་སེང་གེ་དང༌། རྒྱལ་ཡུམ་ཕུན་ཚོགས་ཆོས་ཀྱི་སྒྲོན་མས་བཀའ་ཡིས་བསྐུལ་བ་བཞིན་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་གྱི་སྐབས་གུས་ཤིང་རྗེས་སུ་ཡི་རང་བས་ཆེད་དུ་སྨོན་པ་བཞིན་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་མངྒ་ལཾ། དགེའོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-23-'A]] | [[Category:DKR-KABUM-Volume-23-'A]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:38, 7 November 2022
🚧 This website is under continued development. We appreciate your patience!
Previous Text"'A" is not a number. Back to Volume Page"'A" is not a number.Next Text "'A" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized punctuation character "'"., Text 12, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "'A" is not a number. |
"'A" is not a number.