DKR-KABUM-06-CHA-004: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-06-CHA-004
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=CHA | |||
|textnuminvol=004 | |||
|pdflink=File:DKR-KABUM-06-CHA-004.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །ཤེས་རབ་བློ་འཕེལ། ཕག་དཀར་གྱི་སྒྲུབ་ཐབས། ཤེས་རབ་གསལ་བྱེད་ཞེས་བྱ་བ་རཏྣ་གླིང་པའི་གཏེར་མའོ།། | |||
བརྡ་ཡིག མ་རིག་མུན་པ་སེལ་མཛད་ཅིང༔ ཤེས་བྱ་ཀུན་གཟིགས་ཡིད་འོང་མ༔ རྡོ་རྗེ་ཕག་མོ་ལ་བཏུད་དེ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འཆད་དང་རྩོམ་དང་འཛིན་ལ་སོགས༔ ཤེས་རབ་གསལ་བྱེད་བསྟན་པར་བྱ༔ ཐོག་མར་དབེན་པའི་གནས་སུ་ཟླ་བ་ཡར་ངོ་ལ༔ གཟའ་སྐར་བཟང་པོ་ལ་དྲི་ཡིས་ཁྲུས་ནས་ཕྱུང་སྟེ༔ སྐྱབས་སུ་འགྲོ་བ་དང་ཚད་མེད་པ་བཞི་སྔོན་དུ་འགྲོ་བས། རྡོ་རྗེ་ཕག་མོའི་ཐུགས་ཀྱི་སོགས། བླ་མ་སངས་རྒྱས་ཆོས་ཚོགས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །གཞན་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །རྡོ་རྗེ་ཕག་མོ་བསྒྲུབ་པར་བགྱི། །ལན་གསུམ། སེམས་ཅན་བདེ་དང་ལྡན་སོགས་གསུམ། བདེ་བའི་སྟན་ལ་འདུག་སྟེ། རང་ཉིད་སྐད་ཅིག་གིས་ཕག་མོ་དཀར་དམར་གསལ་བའི༔ རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དཀར་པོ་གཅིག་བསྒོམ། དེ་ལས་འོད་ཟེར་འཕྲོས། རྡོ་རྗེ་ཕག་མོས་གཙོར་བྱས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ནམ་མཁར་སྤྱན་དྲངས་པ་ལ། ཡན་ལག་བདུན་པ་མཆོད་བསྟོད་སྡིག་བཤགས་ལ་སོགས་བྱས་ཏེ། བདག་གི་སྡིག་སྒྲིབ་ཐམས་ཅད་དག་པ་དང༌། ཤེས་རབ་འཕེལ་བར་གསོལ་བ་བཏབ་རྗེས་ཐམས་ཅད་ཧྲཱིཿཡིག་ལ་བསྟིམ་སྤྲོས་བྲལ་ངང་ལ་མཉམ་པར་བཞག་གོ །དེ་ནས། རང་ཉིད་པདྨ་དཀར་པོ་འདབ་མ་སྟོང་ལྡན་དང༌། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ཧཱུྃ་དཀར་པོ་གཅིག །དེ་འོད་དུ་ཞུ་བ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པའི་ལྟེ་བ་ལ་ཧྲཱིཿཡིག་དཀར་པོས་མཚན་པ་གཅིག་བསྒོམ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་སླར་ཚུར་འདུས་ཧྲཱིཿཡོངས་སུ་གྱུར་པ་ལས་ཕག་མོ་དཀར་མོ་བཅུ་དྲུག་ལོན་པའི་ཚུལ་ཅན་མ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་ལ་ཟླུམ་པ། ཚེམས་དཀར་མཆེ་བ་རྣོ་ཞིང་མཛོད་སྤུའི་དབྱིངས་ནས་གཡུང་དྲུང་འཁྱིལ་བ། གཡས་རྡོ་རྗེ་ནམ་མཁའ་ལ་ཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། དབུ་གཙུག་ན་ཕག་ཞལ་གཡས་སུ་ལྟ་བ། །དབུ་ལ་པདྨ་དཀར་དམར་མཐིང་སེར་ལྗང་དང་ལྔ་ཁ་བྱེ་བ་ཁ་ཊཱཾ་མཆན་དུ་བཅུག་པ། དབུ་སྐྲ་ཕྱེད་ཐུར་དུ་འཕྱང་བ། རུས་པའི་རྒྱན་དྲུག་གིས་རབ་ཏུ་སྤྲས་པ། མགོ་ཕྲེང་གསར་པ་ལྔ་བཅུའི་དོ་ཤལ་བྱས་པ་རྒྱུ་མ་ལ་བརྒྱུས་ཤིང་ཁྲག་འཛག་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པའི་སྟངས་སྟབས་ཀྱིས་པདྨ་ཉི་མ་རོ་ཡི་གདན་ལ་འགྱིང་བག་ཏུ་བཞུགས་པ། འོད་ཟེར་ཉི་མ་སྟོང་བས་བརྗིད་པ་གཅིག་གསལ་བར་གྱུར། པར་བསྐྱེད། དེའི་ཐུགས་ཀར་ཉི་མའི་སྟེང་དུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལ་ཧྲཱིཿདཀར་པོས་མཚན་པ་ཞིག་བསྒོམ། དེ་ལས་འོད་འཕྲོས་འཁོར་འདས་འགྲོ་བ་ཕག་མོར་གསལ་བཏབ་ལ། དེ་དག་ཐམས་ཅད་བདག་ལ་ཐིམ་ཞིང༌། རང་ཕག་མོའི་ང་རྒྱལ་གྱིས། ཨོཾ་དྷཱ་ཀི་ནི་སརྦ་པྲཛྙཱ་སིདྡྷི་ཧཱུྃཿ ཞེས་སྔོན་འགྲོ་བརྒྱ་སྟོང་སོགས་བཟླའོ། །དེ་ནས། རྡོ་རྗེ་ཕག་མོའི་ང་རྒྱལ་གསལ། ལྟེ་བར་པདྨ་འདབ་བཞི། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་ཟེའུ་འབྲུ་མཐིང་ག །དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དཀར་པོ་གཅིག་བསམ། དེ་ལས་སྔགས་ཕྲེང་མུ་ཏིག་གི་ཕྲེང་བ་ལྟར་ཞལ་ནས་ཐོན། ལྟེ་བ་ནས་འཇུག་པའི་བསམ་གཏན་གྱིས་མི་ཤེས་གཏི་མུག་བསལ་ཞིང་སྒོ་གསུམ་གྱི་སྡིག་སྒྲིབ་དག་པར་བསམ༔ ཡེ་ཤེས་པ་སྤྱན་དྲངས་ཏེ་བདག་དང་ཧྲཱིཿཡིག་ལ་བསྟིམས། དེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པས། ཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿ ཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿ ཞེས་མ་ཡེངས་པར་བཟླའོ། །འཕྲོ་གཅོད་པ་དང༌། རྗེས་སུ་སྔགས་ཕྲེང་ལྟེ་བའི་ཧྲཱིཿལ་བསྡུ། ཨཱ་ལི་ཀཱ་ལི་དང་ཡིག་བརྒྱ་བཟླའོ། །འདོད་པའི་ བཅོམ་ལྡན་འདས་རྡོ་རྗེ་ཕག་མོས་བདག་ལ་ཤེས་བྱ་ཐམས་ཅད་སོགས་དོན་ལ་གསོལ་བ་གདབ། དགེ་འདི་སྒྲུབ་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེ་ཡིས་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །དགེ་བ་བླ་མེད་ཀྱི་བྱང་ཆུབ་ཏུ་བསྔོ། ཧྲཱིཿམཿ ཞེས་པའི་སྒྲས་བསྐུལ་ཏེ་དམིགས་མེད་རྫོགས་རིམ་དུ་རྒྱས་གདབ། སྤྱོད་ལམ་རྣལ་འབྱོར་མ་ཡེངས་ང་རྒྱལ་དང་ལྡན་པར་བྱའོ། །གྲངས་ནི་འབྲུ་འབུམ་བྱས་ན། ཤེས་བྱ་ཀུན་ལ་མི་རྨོངས་ཤིང༌། ཤེས་རབ་བློ་ཁ་གསལ་ཏེ་ཐོས་པ་འཛིན། ཐམས་ཅད་མཁྱེན་པར་འགྱུར་རོ། །གཞན་ཡང་རིམས་ནད་རྒྱུ་གཟེར་དང༌། དུག་དང་འཇིག་པ་ཀུན་གྱིས་ཚུགས་པར་མི་འགྱུར་རོ། །བདག་འདྲ་པདྨ་འབྱུང་གནས་ཀྱིས། །ཟབ་དགུ་བསྡུས་ནས་གཏེར་དུ་སྦས། །བསམ་ཡས་དབུ་རྩེར་ཨ་ཐམ་རྒྱ། །ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ་རྒྱ༔}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-06-CHA]] | [[Category:DKR-KABUM-Volume-06-CHA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Revision as of 12:40, 7 November 2022
🚧 This website is under continued development. We appreciate your patience!
Previous Text"CHA" is not a number. Back to Volume Page"CHA" is not a number.Next Text "CHA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "cha"., Text 4, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "CHA" is not a number. |
"CHA" is not a number.