DKR-KABUM-04-NGA-015: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-04-NGA-015
No edit summary
No edit summary
Line 1: Line 1:
{{WyliePageHeader}}
{{Khyentse Metadata
 
|classification=Tibetan Publications
<div class="wylie-content"
|subclass=Tibetan Texts
 
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|language=Tibetan
|pagestatus=Temporary stub only
|volumenumber=NGA
|textnuminvol=015
|pdflink=File:DKR-KABUM-04-NGA-015.pdf
}}
{{Header}}
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
 
{{TibP|༄༅། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་ཞིང་དང་མཚན་གྱི་བཀོད་པ་ལ་བསྟེན་པའི་མཆོད་ཅིང་གསོལ་བ་འདེབས་པའི་རིམ་པ་ངོ་མཚར་ཡེ་ཤེས་རྒྱ་མཚོའི་རླབས་ཕྲེང་ཞེས་བྱ་བ་བཞུགས།།
@#/_/'jam dpal sgyu 'phrul drwa ba'i zhing dang mtshan gyi bkod pa la bsten pa'i mchod cing gsol ba 'debs pa'i rim pa ngo mtshar ye shes rgya mtsho'i rlabs phreng zhes bya ba bzhugs//
༄༅། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། སྐལ་བཟང་གང་ཞིག་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་རྩ་བ་ཡེ་ཤེས་འདོད་དགུའི་སྣང་བ་ལ་བདེ་བླག་ཏུ་ལོངས་སུ་སྤྱོད་པར་འདོད་པས་རྒྱལ་ཀུན་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཁྱབ་བདག་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཐུགས་དམ་རྗེས་སུ་བསྐུལ་བའི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་པར་བྱ་བ་ལ། སྔོན་དངོས་རྗེས་གསུམ་ལས། དང་པོ་ལའང་ཐོག་མར་ཡོ་བྱད་བཤམ་བཀོད་ནི། གཙང་མའི་གནས་ཁང་རྒྱན་དང་བྱི་དོར་ལེགས་པར་བྱས་པའི་དབུས་སུ་འཕགས་པ་འཇམ་དཔལ་གཙོ་བོར་གྱུར་པའི་སྐུ་གསུང་ཐུགས་རྟེན་བྱིན་རླབས་ཁྱད་པར་དང་ལྡན་པའི་མདུན་སྟེགས་ལྷ་རྫས་ཀྱིས་བཀབ་པར་རིན་པོ་ཆེའི་མཎྜལ་དྲི་བཟང་གིས་གཤེར་བའི་ཚོམ་བུ་ལྔ་བཀོད་པའི་མདུན། འབུལ་གཏོར་དཀར་ཟླུམ་ཟས་སྣ་བཟང་དགུས་བསྐོར་བ་དང༌། དཀར་གཏོར་གཉིས་བཅས་སྣོད་སོ་སོར་བཤམས། མེ་ཏོག་སོགས་ཉེར་སྤྱོད་མཆོད་པའི་ཕྲེང་བ་བརྒྱ་སྟོང་སོགས་ཇི་ཙམ་འབྱོར་བ་དང༌། ཁྲུས་གསོལ་གྱི་ཡོ་བྱད་དྲི་བཟང་གི་ཆུ་གཙང༌། མེ་ལོང་སྐུ་ཕྱི་གོས་ཟུང་བཅས་དང༌། རང་གི་མདུན་དུ་འཐོར་ནས་དང་རོལ་མོ་སོགས་བཀོད་ལ། གཉིས་པ་ངེས་འབྱུང་གི་བློ་བསྐུལ་བ་ནི། རབ་འབྱམས་རྒྱལ་བའི་ཡེ་ཤེས་སྐུ་གཅིག་པུ། །བཀའ་དྲིན་མཉམ་མེད་ཁྱབ་བདག་བླ་མ་དང༌། །རྣམ་དབྱེར་མེད་པ་དགྱེས་འཛུམ་ཤིག་གེ་བར། །བཞུགས་ནས་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །རྙེད་དཀའ་དོན་ལྡན་དལ་འབྱོར་རྟེན་ཐོབ་ཀྱང༌། །དོ་ནུབ་ཙམ་ཡང་མི་འཆིའི་གདེང་མེད་ཅིང༌། །ཤི་བའི་འོག་ཏུ་ལས་ཀྱི་རྗེས་འབྲང་ནས། །འཁོར་བར་གར་སྐྱེས་སྡུག་བསྔལ་རང་བཞིན་ཕྱིར། །བདག་གཞན་སྲིད་ལས་ངེས་པར་འབྱུང་བའི་བློས། །ཞེས་དད་དང༌། ངེས་འབྱུང་ཐར་འདོད་ཀྱིས་ཀུན་ནས་བསླངས་ཏེ། གསུམ་པ་སྐྱབས་འགྲོ་ནི། སྐུ་དང་ཡེ་ཤེས་རྒྱ་མཚོའི་ཁྱབ་བདག་ཆེ། །སྐྱབས་གནས་གཅིག་ཆོག་རྗེ་བཙུན་འཇམ་དཔལ་གྱི །གསང་བ་མི་ཟད་རྗེས་སུ་དྲན་པའི་མཐུས། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །ལན་གསུམ། བཞི་པ་སེམས་བསྐྱེད་ནི། ཤེས་པས་སྲིད་པའི་ཕ་མཐའ་ལས་བརྒལ་ཀྱང༌། །སྙིང་རྗེས་ཞི་བའི་གཡང་སར་གོལ་མིན་པས། །བླ་མ་འཇམ་དཔལ་གཞོན་ནུའི་ཡེ་ཤེས་སྐུ། །ཐོབ་ཕྱིར་ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི། །ལན་གསུམ། ལྔ་པ་མཆོད་པ་བྱིན་རླབས་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པའི་ཚེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་བའི་བདེན་པ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་རབ་འབྱམས་སྲས་བཅས་རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་རོལ་མོ་མཐའ་དག་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདི་དག་བཅོམ་ལྡན་འདས་མགོན་པོ་ཀུན་ཏུ་གཟིགས་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་དང་ལྡན་པའི་དབུས་སུ་བྱང་ཆུབ་ཤིང་རིན་པོ་ཆེ་རྣམ་པར་བཀྲ་བ་དང༌། རྡོ་རྗེའི་གདན་ཁྲི་ཆེས་མཐོ་ཞིང་ཡངས་པ་དང༌། རིན་པོ་ཆེའི་ས་གཞི་ལྗོན་ཤིང་ཆུ་མཚོ་ལེགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའི་ཞིང་ཁམས་ཚད་དུ་མཉམ་པ་དང༌། ཕྱི་ནང་ཀུན་ཏུ་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་བཀང་ཞིང་རྒྱན་བཀླུབས་པ་དང་ལྡན་པར་གྱུར་ཅིག །ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་ས་ར་པྲ་མ་དྷ་ནི། ཏ་ཐཱ་ག་ཏ་ཡ། ཨར་ཧ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། །ཞེས་མཆོད་པའི་སྤྲིན་གཟུངས་ལན་གསུམ་བཟླ། །གཉིས་པ་དངོས་གཞིའི་དང་པོ་ཚོགས་རྟེན་གསལ་གདབ་པ་ནི། ཨོཾ་སྭ་བྷཱ་ཝ་སོགས། གཟོད་ནས་སྤྲོས་བྲལ་ཀ་དག་གཞི་ཡི་དབྱིངས། །ལོངས་སྐུ་རྡུལ་བྲལ་ཡང་དག་བསགས་པའི་ཞིང༌། །སྤྲུལ་སྐུ་དྭངས་བསིལ་རི་བོ་རྩེ་མོ་ལྔ། །རིན་ཆེན་ས་གཞི་བཀོད་པ་ལྟ་ན་སྡུག །སངས་རྒྱས་གང་གཱའི་ཀླུང་གི་བྱེ་སྙེད་ཀྱི། །ཞིང་གི་ཐ་གྲུ་ལྟར་ཡངས་བདུད་རྩིའི་ཀླུང༌། །མེ་ཏོག་ཚལ་བསྟར་རིན་ཆེན་བརྒྱ་ཕྲག་སྟོང༌། །དུ་མས་ས་གཞི་ལྷུན་པོའི་ཕྲེང་བ་ལ། །ནགས་ཚལ་ནེའུ་གསེང་ཆེ་རྒུའི་རྒྱན་དུ་མས། །མཛེས་པས་རབ་སྤྲས་སྲིད་རྩེའི་ཚད་ཙམ་དབུས། །སྟོང་གསུམ་འཇིག་རྟེན་བཅུ་མཉམ་བྱང་ཆུབ་ཤིང༌། །རིན་ཆེན་སྣ་བདུན་རྣམ་པར་བཀྲ་བ་ཞེས། །གླིང་བཞིའི་ཁྲི་ཚད་ཡལ་འདབ་ཁོར་ཡུག་ཁྱོན། །ལོ་འབྲས་མེ་ཏོག་ནོར་བུའི་འཕྱང་འཕྲུལ་གཡོ། །སྟོང་གསུམ་བཅུ་ཚད་དྲི་དང་འོད་ཟེར་གྱིས། །སངས་རྒྱས་ཞིང་ཀུན་ཁྱབ་པས་ཟག་མེད་ཀྱི། །གཟུངས་དང་ཏིང་འཛིན་མཆོག་བསྐྱེད་དེ་ཡི་དྲུང༌། །རིན་ཐང་བརྗོད་བྲལ་རྨད་བྱུང་རྡོ་རྗེའི་གདན། །རབ་ཞི་བཀོད་པའི་ཡེ་ཤེས་ཤིན་ཏུ་འགྱེད། །དྲི་ལ་ཡང་དག་གཞོལ་བ་འཇིག་རྟེན་ལྔའི། །ཁྱོན་མཉམ་འཕྲོག་བྱེད་རྐང་པ་བརྒྱད་པ་ཡིས། །གུས་བཏུད་སྟེང་དུ་འདབ་སྟོང་ཀེ་ས་རར། །ཆ་ཤས་ཡོངས་རྫོགས་ཆུ་ཤེལ་དབང་པོའི་སྟེང༌། །དེ་བཞིན་གཤེགས་པ་མགོན་པོ་ཀུན་ཏུ་གཟིགས། །གསེར་གྱི་གཏན་པ་ཕྱིས་པའི་མཚན་དཔེ་ཅན། །ཡེ་ཤེས་འོད་ཟེར་སྣང་བས་ཆོས་དབྱིངས་ཁྱབ། །ཐུན་མཚམས་སྤྲིན་མདངས་འགྲན་པའི་ཆོས་གོས་གསོལ། །ཞབས་ཟུང་མི་གཡོ་རྡོ་རྗེའི་སྐྱིལ་ཀྲུང་གིས། །མངོན་སངས་རྒྱས་ནས་མྱ་ངན་འདས་ཀྱི་བར། །རྟག་བཞུགས་ཕྱག་གཉིས་ཆོས་འཆད་ཕྱག་རྒྱ་མཛད། །སངས་རྒྱས་བྱང་སེམས་བགྲང་ལས་འདས་སྤྲུལ་ནས། །བླ་མེད་བྱང་ཆུབ་ལམ་ལ་འགོད་པར་མཛད། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་བྱ་བའི་མདོ་ལས་གསུངས། མཆན། །གཡས་སུ་མཉམ་པ་ཆེན་པོའི་ཞིང་བཞུགས་པའི། །བདེ་གཤེགས་ཀླུ་ཡི་རིགས་མཆོག་བཅོམ་ལྡན་འདས། །གསེར་མདོག་མཚན་དཔེ་ཕྱག་ཟུང་མཉམ་པར་བཞག །ངུར་སྨྲིག་ཐར་པའི་རྒྱལ་མཚན་ཆེན་པོས་བཀླུབས། །རྡོ་རྗེའི་སྐྱིལ་ཀྲུང་སེང་ཁྲི་པད་ཟླར་བཞུགས། །གཡོན་དུ་ལྷོ་ཕྱོགས་རྟག་པར་རབ་དགའི་ཞིང༌། །མོས་པ་རབ་དགའི་སྙིང་པོ་མཚན་དཔེའི་དཔལ། །འཆར་ཁའི་ཉིན་བྱེད་ལྟར་མཛེས་སྤྲུལ་སྐུའི་ཆས། །ཕྱག་གཡས་ཆོས་འཆད་གཡོན་པ་མཉམ་བཞག་ཅན། །སེང་ཁྲིས་བཏེགས་པའི་རིན་ཆེན་ཁྲི་ལ་བཞུགས། །མདུན་གྱི་སེང་ཁྲི་འཇམ་དཔལ་སྨྲ་བའི་སེང༌། །གུར་གུམ་གཞོན་ནུའི་མདོག་ཅན་ཞི་འཛུམ་སྒེག །ཕྱག་གཡས་ཤེས་རབ་རལ་གྲི་མཁའ་ལ་ཕྱར། །གཡོན་པས་ཨུཏྤལ་ལར་གནས་གླེགས་བམ་བསྣམས། །ཟུར་ཕུད་ལྔ་ལྡན་དར་དང་རཏྣས་བརྒྱན། །ཞབས་ཟུང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །རྒྱབ་ཏུ་ཤེས་རབ་ཕ་རོལ་ཕྱིན་མ་ནི། །གསེར་མདོག་ཞལ་གཅིག་ཕྱག་བཞི་ལོངས་སྐུའི་ཆས། །དང་པོས་མཉམ་བཞག་འོག་གཉིས་རྡོ་རྗེ་དང༌། །གླེགས་བམ་གཡོན་བསྣམས་སེང་གེའི་ཁྲི་སྟེང་བཞུགས། །གཙོ་བོའི་སྤྱི་གཙུག་འབྲུག་སྒྲའི་དབྱངས་ཀྱི་རྒྱལ། །མཆོག་གི་སྤྲུལ་སྐུ་ཕྱག་གཉིས་མཆོག་སྦྱིན་དང༌། །ཆོས་འཆད་རྒྱ་ཅན་རྡོ་རྗེའི་སྐྱིལ་ཀྲུང་ཅན། །ཡེ་ཤེས་འོད་ཀྱིས་སྲིད་ཞིའི་ཉེས་ཀུན་སེལ། །འཁོར་དུ་འཕགས་བོད་པཎ་གྲུབ་རྒྱ་མཚོ་དང༌། །སངས་རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས། །ཡི་དམ་མཁའ་འགྲོ་རྡོ་རྗེའི་ཆོས་སྐྱོང་བཅས། །ཚད་དང་མུ་མེད་རྡུལ་གཅིག་ཁྱོན་དུ་མས། །ཕྱོགས་དུས་ཞིང་གི་རྡུལ་སྙེད་ཞིང་དང་སྐུའི། །བཀོད་པ་ཆེན་པོས་སྲིད་ཞིའི་དབྱིངས་ཐམས་ཅད། །སྙོམས་ཞུགས་ཆོས་དབྱིངས་ཀུན་ཏུ་ཁྱབ་པར་བརྡལ། །གཉིས་པ་བསགས་སྦྱང་གིས་རྒྱུད་དག་པར་བྱེད་པ་ནི། ཨ་ཧོ་སྲིད་ཞིའི་ཉམས་འགྱུར་ཇི་སྙེད་པ། །ཀུན་ཀྱང་འཇམ་དཔལ་ཡེ་ཤེས་རོལ་མོ་སྟེ། །དག་པ་ཆེན་པོར་ཆོས་དབྱིངས་བསམ་མི་ཁྱབ། །མཉམ་ཉིད་སོ་སོར་རིག་པས་ཕྱག་འཚལ་ལོ། །འཇམ་དཔལ་འདི་ནི་དཔལ་གྱུར་རྫོགས་པའི་སྐུ། །ཐུན་མོང་མ་ཡིན་གཉིས་མེད་ཁྱབ་པའི་ཆོས། །དུས་གསུམ་མཉམ་རྫོགས་རྒྱལ་བ་ཀུན་གྱི་ཡབ། །ཆོས་དབྱིངས་ཡུམ་ཉིད་སེམས་དཔའ་སྲས་མཆོག་སྟོན། །སྟོང་ཉིད་ཅི་ལའང་མ་རེག་ལྷུན་གྱིས་གྲུབ། །དོན་ཀུན་འབྱོར་བས་བླང་དོར་མེད་པ་ཡི། །བདག་ཉིད་རང་བཞིན་བཞག་དང་འཇམ་དཔལ་ཉིད། །བསམ་གྱིས་མི་ཁྱབ་མི་གནས་མི་སེམས་ན། །འཇམ་དཔལ་ཉིད་དང་ཡོན་ཏན་རྫོགས་པར་མཉམ། །དུས་གསུམ་སངས་རྒྱས་རྣམ་ཐར་ལས་བྱེད་པ། །སངས་རྒྱས་གསང་བ་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་ཕྱོགས་དུས་རིས་མེད་པ། །མཁྱེན་གཉིས་ཡེ་ཤེས་མིག་གཅིག་དྲི་མ་མེད། །མཆོག་གི་དང་པོ་སྐུ་གསུམ་གཅིག་ཏུ་འཆང༌། །སངས་རྒྱས་སྐུ་ལྔའི་སྤྲོ་བསྡུའི་བདག་ཉིད་ཅན། །རིགས་ཀུན་ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །འཇམ་དཔལ་ཡེ་ཤེས་སེམས་དཔར་ཕྱག་འཚལ་ལོ། །སྟོང་ཆེན་ཆོས་དབྱིངས་རྒྱས་འགེངས་ཟག་མེད་ཀྱིས། །སྙིང་རྗེས་ཡོངས་གང་སྐུ་གསུང་ཐུགས་རྡོ་རྗེ། །དྲན་པས་སྲིད་ཞིའི་མཆོག་སྦྱིན་རྡོ་རྗེ་བཞིའི། །བདག་ཉིད་མཆོག་ཁྱོད་ཞབས་ལ་ཕྱག་འཚལ་ལོ། །སོ་སོ་ཡང་དག་རིགས་བཞིའི་འཕྲུལ་འཁོར་གྱི། །ཤེས་རབ་མཐར་གྱུར་གསེར་སྦྱང་རྩིབས་སྟོང་གིས། །ཟབ་རྒྱས་གསང་བའི་ཆོས་ཕུང་རྒྱ་མཚོའི་ཁྱོན། །ལུང་རྟོགས་གླིང་བཞིར་དབང་བསྒྱུར་ཕྱག་འཚལ་ལོ། །སྲིད་ཞི་ཀུན་ཏུ་ཁྱབ་ཀྱང་སྲིད་དང་ཞི། །གང་དུ་མི་གནས་རྣམ་ཀུན་མཆོག་ལྡན་གྱི། །སྟོང་ཉིད་རྡོ་རྗེ་བཙུན་མོའི་འཇོ་སྒེག་མསྃ། །བྱུང་བའི་སྒྱུ་འཕྲུལ་རོལ་པར་ཕྱག་འཚལ་ལོ། །ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི། །མངོན་པར་བྱངྃ་ཆུབྃ་རྣམ་ཐར་རྒྱ་མཚོའི་འཇིངས། །གསང་གསུམ་གསེར་གྱི་ས་གཞིར་གཅིག་ཏུ་བསྐྱིལ། །རྒྱལ་བ་ཀུན་གྱི་ཡབ་གཅིག་ཕྱག་འཚལ་ལོ། །སྒྲིབ་བྲལ་མཁའ་བཞིན་རྣམ་དག་སངས་རྒྱས་ཀྱང༌། །རང་བྱུང་ཐུགས་རྗེས་འགྲོ་ལ་རྗེས་ཆགས་ཐུགས། །ནམ་མཁའ་ཇི་སྲིད་རྒྱལ་སྲས་གཞོན་ནུའི་ཚུལ། །སྨོན་ལམ་རྒྱ་མཚོས་རྗེས་བཟུང་ཕྱག་འཚལ་ལོ། །དབང་དང་སྟོབས་བཅུའི་ཡོན་ཏན་མཐར་སོན་པས། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་བསམ་ཡས་ཀྱིས། །འགྲོ་ཀུན་ཟག་མེད་སངས་རྒྱས་མི་སློབ་སར། །འདོད་དགུའི་བུ་བཞིན་བསྐྱངས་ལ་ཕྱག་འཚལ་ལོ། །མཐའ་ཀླས་ཞིང་བཞུགས་སངས་རྒྱས་སྲས་བཅས་ཀྱིས། །ཇི་སྙེད་ཆོས་ཚུལ་མི་ཟད་མཐའ་དག་ཀྱང༌། །ཁྱེད་ཀྱི་རྣམ་ཐར་སྒྲོགས་ལ་དགྱེས་པ་ཡི། །བསྔགས་བརྗོད་མེ་ཏོག་འཐོར་ལ་ཕྱག་འཚལ་ལོ། །རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀུན་གྱིས་ཀྱང༌། །དཔའ་ཆེན་རྣམ་ཐར་སློབ་པ་བཞིན་གྱུར་པས། །སངས་རྒྱས་ཀུན་ཀྱང་ཁྱོད་ཞལ་ཉིན་མོར་བྱེད། །དགྱེས་འཛུམ་འདབ་རྒྱ་གྲོལ་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི། །ཆ་ཤས་རེ་ཡང་ནོར་བུའི་རྡུལ་བཞིན་དུ། །སྲིད་ཞིའི་རྒུད་སེལ་ཕན་བདེའི་མཆོག་སྟེར་ཞེས། །སངས་རྒྱས་དགྱེས་ཞལ་འཛུམ་ལ་ཕྱག་འཚལ་ལོ། །བརྟན་དང་གཡོ་བའི་སྒྲ་དབྱངས་རྒྱ་མཚོའི་བཅུད། །ཚངས་དབྱངས་ཡན་ལག་དྲུག་ཅུའི་ཏམྦུ་ར། །སངས་རྒྱས་ཀུན་གྱི་གསུང་དང་གཉིས་མེད་པས། །སྲིད་ཞི་ཉེར་འཚོའི་དཔལ་གྱུར་ཕྱག་འཚལ་ལོ། །ཟབ་ཞི་སྤྲོས་བྲལ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་དབྱིངས་གཟུངས་སྤོབས་འཇིགས་མེད་སེང་གེའི་སྒྲས། །བློ་ལྡན་སྤོབས་པའི་གཏེར་མཛོད་ཡོངས་གྲོལ་ཏེ། །ཐེག་མཆོག་དགའ་སྟོན་སྤེལ་མཛད་ཕྱག་འཚལ་ལོ། །སྐྱེ་འགག་གནས་པ་མེད་པའི་དབྱིངས་ཉིད་ལས། །ཟག་མེད་ཞི་བ་ཆེན་པོའི་སྤངས་རྟོགས་ཀྱི། །ལམ་ཀུན་འཛད་མེད་འབྱུང་ཞིང་སྟོན་པ་ཡི། །འཕགས་བཞིའི་ཡུམ་དུ་བསྔགས་ལ་ཕྱག་འཚལ་ལོ། །མདོར་ན་ཆོས་སྐུ་ཞི་བའི་ཐིག་ལེ་རུ། །མངོན་པར་བྱང་ཆུབ་མཐའ་དག་སངས་རྒྱས་ཀུན། །ཁྱོད་ལས་འབྱུང་ཞིང་མཉམ་པ་ཆེན་པོའི་ཀློང༌། །གཅིག་ཏུ་རྫོགས་པའི་ཚུལ་ཅན་ཕྱག་འཚལ་ལོ། །ནམ་མཁའ་གཅིག་ལས་སྣོད་བཅུད་སྲིད་དང་ཞི། །བྱུང་ལྟར་སྣང་ཡང་དབྱིངས་ལ་འཕེལ་འགྲིབ་བྲལ། །འཁོར་འདས་ཐམས་ཅད་མཉམ་ཉིད་བདེ་ཆེན་གྱི། །དགོངས་པ་འཕེལ་འགྲིབ་བྲལ་ལ་ཕྱག་འཚལ་ལོ། །ཁྱོད་ཐུགས་ཡེ་ཤེས་ཆེན་པོའི་དེ་ཉིད་ལས། །དངོས་ཀུན་འབྱུང་ལྟར་སྣང་ཞིང་སྟོན་ན་ཡང༌། །གང་དུའང་མི་གནས་བསམ་བརྗོད་སྤྲོས་མཚན་གྱི །ཟུག་རྔུ་མཐའ་དག་སྤངས་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱང་སེམས་ཉན་རང་རྒྱལ་བློན་དང༌། །སྐྱེས་པ་བུད་མེད་སྣ་ཚོགས་རོལ་པ་རུ། །སྟོན་པས་གདུལ་དཀའི་འགྲོ་ཁམས་རྒྱ་མཚོ་ཀུན། །ཕྲིན་ལས་ཕྱག་གིས་འཁྱུད་ལ་ཕྱག་འཚལ་ལོ། །འཁྲུལ་པའི་འགྲོ་བ་ཐམས་ཅད་ཕན་བདེས་བསྐྱངས། །ཞི་བའི་ཡོན་ཏན་ཐམས་ཅད་རྒྱན་དུ་བཞེས། །དངོས་ཀུན་བདག་ཉིད་སྒྱུ་འཕྲུལ་དྲྭ་བའི་དབྱིངས། །བདེ་ཆེན་དགྱེས་པའི་དཔའ་བོར་ཕྱག་འཚལ་ལོ། །ཤིན་ཏུ་རྣམ་དག་ཟབ་ཞི་སྤྲོས་བྲལ་གྱི། །ཡེ་ཤེས་སྐུ་གསུང་ཐུགས་ཀྱི་གསང་བའི་མཛོད། །རྒྱལ་ཀུན་ཐུགས་ཀྱི་དཔའ་བོར་དགྱེས་བརྩེ་བའི། །ཆོས་དབྱིངས་ཀུན་འགྲོའི་མགོན་པོར་ཕྱག་འཚལ་ལོ། །སྐུ་ལྔ་ཡེ་ཤེས་ཕུང་པོ་ཁྱོད་ཉིད་དང༌། །འགྲོ་ཀུན་ཀུན་ཁྱབ་ཆོས་དབྱིངས་རོ་གཅིག་པས། །བདེ་ཆེན་ཐིག་ལེ་གཅིག་ཏུ་ངེས་པ་ཡིས། །མི་ཕྱེད་མཉམ་པ་ཆེན་པོར་ཕྱག་འཚལ་ལོ། །སྟོང་ཉིད་དབྱིངས་ལས་འགག་མེད་ཆོ་འཕྲུལ་དུ། །སྣང་སྲིད་ཀུན་ཁྱབ་བདེ་ཆེན་ཡེ་ཤེས་སྤྲིན། །ཅིར་ཡང་འབྱུང་ཞིང་འཆར་བའི་རྟེན་འབྱུང་གི །བཀོད་པ་བསམ་མི་ཁྱབ་པས་རྟག་ཏུ་མཆོད། །བདེ་བའི་དཔལ་བསྐྱེད་ཡིད་འོང་མཆོད་སྤྲིན་ཡང༌། །མཁའ་ལ་འཇའ་བཞིན་མེད་སྣང་སྟོང་པའི་གཟུགས། །མི་འདོད་སྡུག་བསྔལ་ཀུན་འབྱུང་སྤང་བྱ་ཡང༌། །ངེས་པའི་དོན་ལ་ཡེ་ཤེས་ཆོས་སྐུའི་རྩལ། །མཉམ་ཉིད་ངང་ནས་འཁོར་འདས་སྤང་བླང་བྲལ། །འཁོར་གསུམ་ཀ་དག་འོད་གསལ་ཀློང་ཡངས་སུ། །འཇམ་དཔལ་ཀུན་བཟང་སྒྱུ་འཕྲུལ་དྲྭ་བས་མཆོད། །ཐབས་ཀྱི་སྣང་ཆ་གདན་གསུམ་མཎྜ་ལ། །ཤེས་རབ་རྡོ་རྗེ་བཙུན་མོ་ཡུམ་ལྔའི་མཁའ། །གདོད་ནས་གཉིས་མེད་བསོད་ནམས་ཡེ་ཤེས་ཚོགས། །རང་བྱུང་ལྷུན་གྲུབ་ཆེན་པོའི་དབྱིངས་སུ་མཆོད། །ཕྱོགས་རིས་བྲལ་བའི་གཞན་ཕན་སེམས་ཀྱི་མཁར། །ཀུན་ཁྱབ་སྙིང་རྗེ་བདུད་རྩིའི་སྤྲིན་ཆར་གྱིས། །ཚོགས་གཉིས་སྙེ་མ་མི་ཟད་གཡུར་ཟ་བས། །ཀུན་དགའི་ཟག་མེད་དཔལ་འབྱོར་རྒྱས་པས་མཆོད། །རྣམ་དག་གཏོང་སེམས་ལྷ་རྫས་གཅལ་དུ་བཀྲམ། །ཉེས་བྲལ་ཚུལ་ཁྲིམས་དྲི་བསུང་ཞིང་ཀུན་བརྡལ། །བཟོད་པའི་བསྙེན་བཀུར་ཆོག་མི་ཤེས་པའི་ལས། །བརྩོན་འགྲུས་གོ་ཆ་ལྷོད་པ་མེད་པས་མཆོད། །བསམ་གཏན་རི་གླིང་བཀོད་པ་བལྟ་ན་སྡུག །ཤེས་རབ་ཉི་ཟླའི་སྣང་བ་ཆེས་གསལ་བས། །ཐབས་མཁས་འདབ་སྟོང་འཛུམ་པའི་ལང་ཚོ་བཀྲ། །སྟོབས་བཅུའི་ལག་ལྡན་དྲེགས་བཞིན་རྒྱུ་བས་མཆོད། །སྨོན་ལམ་དལ་འབབ་ཁ་འབབ་ཀླུང་བཞི་རྒྱུ། །ཡེ་ཤེས་གྲུ་ཡིས་སྲིད་ཞིའི་ཕ་མཐར་བརྒལ། །ཚད་མེད་གླིང་བཞིའི་དཔལ་འབྱོར་ཟད་མི་ཤེས། །མངོན་ཤེས་རྣམ་ལྔའི་ལྷ་དབང་གྲོང་གིས་མཆོད། །བསྡུ་བའི་དངོས་བཞིའི་ཡོངས་འདུའི་ལྗོན་བཟང་ཚལ། །སོ་སོ་ཡང་དག་རིགས་བཞིའི་མེ་འབྲས་བཀྲ། །རྟོན་པ་རྣམ་བཞིའི་འདོད་དགུའི་དཔལ་འབྱོར་རྫོགས། །ཚོགས་གཉིས་མངའ་ཐང་ཟད་མི་ཤེས་པས་མཆོད། །དྲན་པ་ཉེར་གཞག་བཞི་ཡི་རྨིང་བརྟན་ཅིང༌། །ཡང་དག་སྤོང་བཞིའི་རིན་ཆེན་ཕ་གུ་བརྩེགས། །རྫུ་འཕྲུལ་རྐང་བཞིའི་བ་གམ་བརྗིད་ཆགས་ཤིང༌། །དབང་དང་སྟོབས་ལྔའི་རྒྱ་ཕིབས་ཆེས་མཐོས་མཆོད། །བྱང་ཆུབ་ཡན་ལག་བདུན་རྫོགས་ལྷའི་ཁྱེའུ། །འཕགས་ལམ་བརྒྱད་ཀྱི་ནོར་བུའི་རྒྱན་གྱིས་བཀླུབས། །ཞི་ལྷག་རྩེ་བརྒྱ་རྟག་ཏུ་མི་དོར་བཞིན། །གཟུངས་སྤོབས་གླུ་བྲོ་རྒྱུན་མི་འཆད་པས་མཆོད། །ཆོས་ཀྱི་སྡོམ་བཞིའི་ལྷ་ཡི་རྔ་བོ་ཆེས། །བསྐུལ་ཏེ་བགྲོད་པ་གཅིག་པུའི་ལམ་ཞུགས་ཏེ། །མཁའ་ཁྱབ་འགྲོ་བའི་ཉེར་འཚོའི་གཞིར་གྱུར་ནས། །རྫོགས་སྨིན་སྦྱང་བའི་ཕ་མཐར་སོན་པས་མཆོད། །ཀུན་བཟང་རྣམ་ཐར་མི་ཟད་བརྒྱད་ཅུའི་དཔལ། །ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོར་འགྲན་པས་ལེགས་འབུལ་ན། །ཀུན་བཟང་མཆོད་པའི་ཚུལ་དང་དབྱེར་མེད་ཤོག །ཀུན་རྟོག་འཁྲུལ་པའི་སྡིག་ལྟུང་ནག་པོའི་སྤྲིན། །སྟོབས་བཞིའི་འཐོར་རླུང་ཤུགས་ཀྱིས་བསལ་ནས་ཀྱང༌། །འཕགས་ལམ་སྣང་བྱེད་རྒྱུ་སྐར་འབུམ་བཀྲ་བས། །མི་སློབ་ཡོན་ཏན་མཁའ་དང་མཉམ་པར་ཤོག །ཕ་མཐའ་ཡས་པའི་ཚོགས་གཉིས་རྒྱ་མཚོའི་འཇིངས། །རྗེས་སུ་ཡི་རང་ཟླ་ཟེར་གྱིས་བྲན་པས། །རྣམ་དཀར་རླབས་ཕྲེང་གཡོ་བས་སྒེག་པའི་དཔལ། །འབད་མེད་བདག་གིར་བགྱི་བའི་ཐབས་མཁས་རྨད། །འགྲོ་རྒྱུད་གཤིས་དང་མཛའ་བའི་ལས་ཉོན་མུན། །སེལ་བྱེད་ཆོས་ཀྱི་འཁོར་ལོའི་རྩིབས་སྟོང་གིས། །ལམ་ལྔ་ས་གསུམ་སྲིད་པ་དབང་བྱས་པས། །སྐུ་བཞིའི་རྒྱལ་ཐབས་སྐྱོང་བར་སྙིང་ནས་བསྐུལ། །འགྲོ་བའི་ལེགས་སྨོན་སྐྱ་རེང་གིས་བསུས་པའི། །གང་འདུལ་སྤྲུལ་པའི་འོད་སྟོང་དྲྭ་བ་ཅན། །འཕེལ་འགྲིབ་མཛད་པས་ནམ་ཡང་མི་བྲེལ་བ། །རྟག་བརྟན་ཡོངས་གྲུབ་ངེས་པར་གསོལ་བ་འདེབས། །ཇི་སྙེད་འདས་དང་མ་འདས་ལེགས་བྱས་བཅུད། །ཡོངས་བསྔོ་གསེར་གྱི་དབྱིག་འཛིན་བསྐྱིལ་བ་ལས། །ཐམས་ཅད་མཁྱེན་པའི་ནོར་བུའི་མཛོད་གྱུར་ནས། །སྐུ་བཞིའི་རི་གླིང་བཀོད་པས་ཆེས་མཛེས་ཏེ། །རྒྱལ་བ་ཀུན་གྱིས་བསྔགས་འོས་ཡོན་ཏན་དང༌། །སྲིད་ཞི་ཉེར་འཚོའི་སྲོག་གི་ཟུངས་སྨིན་པས། །རྗེ་བཙུན་མཁྱེན་པའི་གཏེར་དང་གཉིས་མེད་པའི། །ངོ་མཚར་དགའ་བས་མཁའ་ཁྱབ་འགྲོ་སྐྱོང་ཤོག །གསུམ་པ་ཕུར་ཚུགས་སུ་གསོལ་བ་གདབ་པ་ནི། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་གསང་བའི་མཛོད་འཛིན་པ། །འཇམ་དཔལ་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །རྒྱལ་ཀུན་ཐུགས་དབུས་ཡེ་ཤེས་སེམས་དཔའ་སྟེ། །ཕྱོགས་དུས་ཁྱོན་བཞུགས་རྒྱལ་དང་རྒྱལ་བའི་སྲས། །ཉན་རང་སོ་སྐྱེ་བཟོ་དང་སྐྱེ་སོགས་ཀྱི། །སྤྲུལ་པ་བསམ་ལས་འདས་པར་གསོལ་བ་འདེབས། །ངག་དང་ཡིད་ཀྱིས་མི་མཚོན་མཁའ་ཁྱབ་སྐུ། །རྡུལ་བྲལ་སྣང་སྟོང་སྒྱུ་མ་ཆེན་པོའི་གཟུགས། །དར་བབ་ལང་ཚོའི་བརྟན་རྫོགས་གཞོན་ནུའི་སྐུ། །ཡེ་ཤེས་ལུས་ཅན་ཁྱེད་ལ་གསོལ་བ་འདེབས། །ཁྱོད་གསུང་ལེགས་བཤད་སྦྲང་རྩིའི་ཟིལ་མངར་ནི། །མཐའ་ཡས་ཐེག་པ་རྒྱ་མཚོའི་རོ་ནུས་ཅན། །ཀུན་ཕན་ཀུན་མཐུན་ཀུན་ལས་ཁྱད་འཕགས་པའི། །ངག་གི་དབང་ཕྱུག་ཆེན་པོར་གསོལ་བ་འདེབས། །ཟླ་བས་འཕེལ་བའི་དག་བྱེད་གཏེར་གྱི་འཇིངས། །སྤྲིན་བྲལ་ལམ་གྱིས་མི་མཚོན་མཉམ་ཉིད་ཐུགས། །སྲིད་ཞི་ཀུན་ཁྱབ་གང་གི་ཕྱོགས་མ་ལྷུང༌། །གཉིས་མེད་ཚུལ་འཆང་ཐུགས་ལ་གསོལ་བ་འདེབས། །ལེགས་བྲིས་འདོད་འབྱུང་ནོར་བུའི་འཁྲི་ཤིང་དང༌། །ས་བདག་འཁོར་བསྒྱུར་དབྱིག་གི་རིན་ཐང་ཡང༌། །ཕྲ་མོར་བགྱིད་པའི་ཁྱོད་ཀྱི་ཡོན་ཏན་གཏེར། །དཔོག་པ་མིན་ཡང་དད་པས་གསོལ་བ་འདེབས། །སྤྲིན་ལམ་རྒྱུ་བའི་གློག་ཕྲེང་རླུང་སོགས་ལས། །ཆེས་མྱུར་ཕྲིན་ལས་གདུལ་དཀའི་དོན་མཛད་པའི། །དཔའ་བོའི་སྒྱུ་རྩལ་རྒྱལ་ཀུན་ལས་ལྷག་པའི། །ངོ་མཚར་མེ་ཏོག་བཞད་པས་གསོལ་བ་འདེབས། །འདི་མན་ཆད་ཀུན་གཟིགས་མཁྱེན་བརྩེས་གསུངས། །མཁའ་ཁྱབ་རྒྱལ་བ་ཀུན་གྱི་སྐུ་ཡེ་ཤེས། །གཅིག་བསྡུས་བླ་མ་བརྟན་པའི་འཁོར་ལོ་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག་འཇམ་པའི་དབྱངས། །རྙེད་དཀའི་དལ་འབྱོར་མི་ལུས་ཐོབ་དུས་འདིར། །ལོང་མེད་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས། །སྲིད་པའི་ཕུན་ཚོགས་ཀུན་ལ་མ་ཆགས་པའི། །ཐར་འདོད་བློ་གྲོས་སྐྱེད་ཅིག་འཇམ་པའི་དབྱངས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །མཚན་ལྡན་བླ་མ་དགེ་བའི་བཤེས་གཉེན་གྱི། །ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ནུས་པའི། །སྐལ་པ་བཟང་པོ་སྐྱེད་ཅིག་འཇམ་པའི་དབྱངས། །དེ་ལས་ཁས་བླངས་ཚུལ་ཁྲིམས་རྣམ་པར་དག །མང་དུ་ཐོས་དང་བསམ་པའི་ཕ་རོལ་སོན། །རྩེ་གཅིག་བསྒོམ་པས་ཞི་ལྷག་ཟུང་འཇུག་གི །ཏིང་འཛིན་སྒོ་བརྒྱ་སྐྱེད་མཛོད་འཇམ་པའི་དབྱངས། །ལོག་སྨྲ་ཚར་གཅོད་གཞན་དག་རྗེས་བཟུང་བའི། །ཐུན་མོང་རིག་པའི་གནས་ལ་མ་རྨོངས་ཤིང༌། །ཁྱད་པར་སྡེ་སྣོད་རྒྱུད་སྡེའི་ངེས་གསང་ལ། །འཁྲུལ་མེད་བློ་གྲོས་སྩོལ་ཅིག་འཇམ་པའི་དབྱངས། །འཆད་མཁས་བློ་ལྡན་བྱེ་བའི་ཡིད་དབང་འཕྲོག །རྩོད་པས་ཕས་རྒོལ་འཁྲུལ་པའི་དྲེགས་པ་འཇོམས། །རྩོམ་པས་ཐུབ་བསྟན་ཡུན་རིང་གསལ་ནུས་པའི། །སྨྲ་བའི་དབང་ཕྱུག་སྩོལ་ཅིག་འཇམ་པའི་དབྱངས། །ཐ་སྙད་ཁོ་ནའི་གནས་ལ་མ་ཞེན་པར། །དབེན་པའི་གནས་སུ་མདོ་སྔགས་ལམ་གྱི་རིམ། །ཚུལ་བཞིན་སྒྲུབ་པས་ཉམས་རྟོགས་ཡོན་ཏན་ཀུན། །རྩོལ་མེད་རྒྱུད་ལ་སྐྱེད་ཅིག་འཇམ་པའི་དབྱངས། །གལ་ཏེ་ཚེ་འདིར་བརྟན་པ་མ་ཐོབ་ན། །འཆི་བ་འོད་གསལ་དོན་གྱི་འཇམ་པའི་དཔལ། །མངོན་སུམ་མཐོང་ནས་ཆོས་སྐུའི་གྲོང་ཁྱེར་དུ། །འབྲལ་མེད་རྗེས་སུ་ཟུངས་ཤིག་འཇམ་པའི་དབྱངས། དེར་ཡང་འཁྲུལ་ནས་བར་དོར་འཁྱམས་སྲིད་ན། །བླ་མ་མཆོག་དང་བརྟན་པའི་འཁོར་ལོ་ཡི། །རྣམ་འཕྲུལ་དུ་མས་དག་པའི་ཞིང་ཁམས་སུ། །ལུང་བསྟན་དབུགས་དབྱུང་སྩོལ་ཅིག་འཇམ་པའི་དབྱངས། །ལས་ཉོན་དབང་གིས་སྲིད་པར་སྐྱེས་གྱུར་ཀྱང༌། །དལ་འབྱོར་རྟེན་ཐོབ་ཐེག་ཆེན་རིགས་སད་ནས། །དཀའ་བ་མེད་པར་ལམ་གྱི་ལྷག་མ་ཀུན། །རྫོགས་པའི་རྟེན་འབྲེལ་སྒྲིགས་ཤིག་འཇམ་པའི་དབྱངས། །མདོར་ན་འདི་ཕྱི་བར་དོའི་གནས་སྐབས་ཀུན། །མགོན་པོ་ཁྱོད་ལས་སྐྱབས་གཞན་མི་འཚོལ་བས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །དགེ་མཚན་མངོན་སུམ་སྩོལ་ཅིག་འཇམ་པའི་དབྱངས། །སྐབས་འདིར་སྤྲོ་ན་ཀུན་མཁྱེན་བླ་མ་མི་ཕམ་རིན་པོ་ཆེས་མཛད་པ་འཇམ་དཔལ་དབྱངས་ཀྱི་གསོལ་འདེབས་ཀྱང་སྦྱར། བཞི་པ་རིགས་སྔགས་བཟླས་པས་ཐུགས་རྒྱུད་བསྐུལ་བ་ལ་གཉིས་ལས། དང་པོ་ཤེས་རབ་བློ་འཕེལ་གྱི་གཟུངས་བཟླ་བ་ནི། སྟོང་པའི་ངང་ལས་སྐད་ཅིག་གིས། །པདྨ་ཉི་ཟླའི་གདན་གྱི་སྟེང༌། །རང་ཉིད་འཇམ་དཔལ་གུར་གུམ་མདངས། །ཕྱག་གཡས་ཤེལ་རབ་རལ་གྲི་འཕྱར། །གཡོན་པས་ཐུགས་ཀར་གླེགས་བམ་འཛིན། །དར་དང་རིན་ཆེན་རྒྱན་ལྡན་པ། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྙིང་གི་པདྨ་འདབ་ཟླུམ་དབུས། །ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང༌། །ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །བཟླས་པས་འོད་འཕྲོས་པདྨ་བྱེ། །མ་རིག་མུན་པ་ཡོངས་སུ་བསལ། །མདུན་བསྐྱེད་ལྷ་རྣམས་ཐུགས་དམ་བསྐུལ། །དཔག་མེད་འོད་ཟེར་ཞིང་ཀུན་ཁྱབ། །འགྲོ་ཀུན་མ་རིག་མུན་བསལ་ནས། །དེ་ལས་འོད་ཟེར་རབ་འཕྲོས་པས། །ཡེ་ཤེས་སྣང་བ་རྒྱས་པར་གྱུར། །ཅེས་བསྒོམ་ལ། ན་མོ་མཉྫུ་ཤྲཱི་ཡེ། ཀུ་མཱ་ར་བྷཱུ་ཏ་ཡ་བྷོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ། བི་ར་ཛེ། ཤུདྡྷེ་བི་ཤུདྡྷེ། ཤོ་དྷ་ནི། བི་ཤོ་དྷ་ནི། ཨ་མ་ལེ། བི་མ་ལེ། ནིརྨ་ཡེ། ཛ་ཡ་བ་ཏཱ་རུ་རུ་ཙ་ལེ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་བརྒྱའམ་ཉེར་གཅིག་བཟླ། སློབ་དཔོན་ཛེ་ཏཱ་རིའི་མན་ངག་སྙིང་གི་པདྨ་ཁ་འབྱེད་པའི་གདམས་པའོ། །གཉིས་པ་འཇམ་དཔལ་རིགས་ཐམས་ཅད་ཀུན་འདུས་ཨ་ར་པ་ཙའི་སྔགས་བཟླས་ནི། མདུན་བསྐྱེད་ཀུན་ཏུ་གཟིགས་སོགས་ཐུགས་དབུས་སུ། །དྲི་མེད་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང༌། །ཀུན་ཏུ་གཟིགས་ཀྱི་ཐུགས་ཀར་པ་དཀར་པོ། །མདུན་དུ་འཇམ་དཔལ་ཐུགས་ཀར་དྷཱིཿདམར་སེར། །ཀླུ་ཡི་རིགས་མཆོག་ཐུགས་ཀར་ན་སེར་པོ། །མོས་པ་རབ་དགའི་ཐུགས་དབུས་ར་དམར་པོ། །ཡུམ་ཆེན་ཐུགས་ཀར་ཨ་མཐིང་ཡི་གེས་མཚན། །མཐའ་བསྐོར་རང་མདོག་སྔགས་ཀྱི་ཕྲེང་བས་བསྐོར། །མོས་གུས་ཤུགས་ཀྱིས་བསྐུལ་བས་ལྷ་ལྔའི་མདུན། །རང་གི་སྙིང་གར་ཟླ་བ་ལ་གནས་པའི། །ཙ་ཡིག་ལྗང་གུ་ལས་འཕྲོས་རླུང་མདོག་ལྔས། །བསྐུལ་བས་སོ་སོའི་སྔགས་ལས་འོད་ཟེར་འཕྲོས། །རབ་འབྱམས་ཞིང་གི་འཕགས་མཆོག་ཐུགས་དམ་བསྐུལ། །བྱིན་རླབས་བཅུད་ཀུན་དབྱངས་གསལ་རྟེན་འབྲེལ་སྙིང༌། །དཀར་དམར་མཐིང་གའི་ཡི་གེའི་རྣམ་པར་བསྡུས། །མདུན་བསྐྱེད་ཐུགས་ལ་ཐིམ་པས་ཡེ་ཤེས་ཀྱི། །འོད་ཟེར་སྣང་བས་མི་ཤེས་སྒྲིབ་ཚོགས་སྦྱངས། །མདུན་གྱི་རིགས་ལྔའི་ཐུགས་ལས་དབྱངས་གསལ་དང༌། །རྟེན་སྙིང་ཕྲེང་བ་བདག་ཐིམ་སྒོ་གསུམ་སྦྱངས། །ཡེ་ཤེས་རྣམ་པ་ཐམས་ཅད་བདག་ཉིད་དུ། འོད་ཟེར་ཆེན་པོའི་དབང་བསྐུར་བསྩལ་བར་གྱུར། །ཞེས་དམིགས་ལ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་རྩེ་གཅིག་ཏུ་བརྒྱ་སྟོང་སོགས་ཇི་ལྟར་ནུས་པ་བཟླ། གསུམ་པ་བསགས་སྦྱང་གིས་གསོལ་བ་གདབ་པ་ནི། གྲུབ་ན་ལུས་ཕྱག་དང་བཅས་ཏེ། ཆོས་དབྱིངས་ཡངས་པ་ཆེན་པོའི་ཞིང་ཁམས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བརྗོད་ཅིང་མེ་ཏོག་འཐོར། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཚིག་བྲལ་ངག་གི་ལམ་གྱིས་མི་མཚོན་པའི། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱི་རྒྱུ་བ་རྣམ་སྤངས་པ། །མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། །ཞེས་དང༌། ཀུན་འབྱུང་མུན་པའི་ས་བོན་དྲུང་འབྱིན་ཞིང༌། །སྡུག་བསྔལ་ཟུག་རྔུའི་རྩ་བ་རྩད་ནས་གཅོད། །ཐེག་གསུམ་ཆོས་ཀྱི་བདུད་རྩི་འབྱུང་བའི་གནས། །རྒྱལ་ཡུམ་ཤེས་རབ་ཕར་ཕྱིན་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང༌། །མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ། །ནམ་མཁའི་ཕ་མཐར་ཁྱབ་པས་རྟག་ཏུ་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་ཞིང་ཡུན་དུ་བཞུགས་པར་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །རྒྱལ་ཡུམ་ཤེས་རབ་ཕར་ཕྱིན་ཐུགས་བསྐྱེད་དང༌། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །འདི་ནས་ཤི་འཕོས་གྱུར་ཚེ་ཡུམ་ཆེན་མོའི། །ཆོས་དབྱིངས་མཉམ་པ་ཉིད་གྱུར་ཡོན་ཏན་ལྡན། །འཕགས་བཞིའི་ཡུམ་ཆེན་ཤེས་རབ་ཕར་ཕྱིན་གྱི། །དགོངས་པས་རྒྱལ་ཀུན་མཉེས་པར་བྱེད་གྱུར་ཅིག །རྡུལ་བྲལ་ཡང་དག་བསགས་པའི་ཞིང་ན་བཞུགས་པའི་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ སྙིང་རྗེ་པདྨ་དཀར་པོ་དང་དཀོན་བརྩེགས་ལེའུ་བཅོ་ལྔ་པ་འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་མདོ་ལས་གསུངས། མཆན། མགོན་པོ་ཀུན་ཏུ་གཟིགས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་དུ་བརྗོད་ཅིང་མེ་ཏོག་འཐོར་ཏེ། དག་ལ་རྡུལ་མེད་བསགས་པའི་ཞིང་མཆོག་ཏུ། སངས་རྒྱས་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་གི །མཚན་ཐོས་ལས་ལྷག་ཡང་དག་རྫོགས་སངས་རྒྱས། །མགོན་པོ་ཀུན་ཏུ་གཟིགས་ལ་ཕྱག་འཚལ་ལོ། །སྔོན་ཚེ་དེ་བཞིན་གཤེགས་དེའི་མཚན་བརྗོད་ཚེ། །སྲོག་ཆགས་བྱེ་བ་ཕྲག་ཁྲིག་འབུམ་བརྒྱད་ཅུ། །རྩ་བཞིའི་རྒྱུད་ལ་བྱང་ཆུབ་སེམས་སྐྱེས་པའི། །ཟླ་མེད་འདྲེན་པ་དེ་ལ་ཕྱག་འཚལ་ལོ། །རྒྱ་མཚོ་ཆེ་ལས་སྐྲ་རྩེ་བརྒྱར་གཤག་པའི། །ཆུ་ཡི་ཐིག་བླངས་བདེ་ཆེན་ཞིང་ཁམས་དང༌། །ལྷག་མ་ལུས་པ་ཀུན་ཏུ་གཟིགས་ཆེན་པོའི། །ཡོན་ཏན་མཚུངས་པར་བསྔགས་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང༌། །མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ། །ནམ་མཁའི་ཕ་མཐར་ཁྱབ་པས་རྟག་ཏུ་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་ཞིང་ཡུན་དུ་བཞུགས་པར་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །མགོན་པོ་ཀུན་ཏུ་གཟིགས་ཀྱི་ཐུགས་བསྐྱེད་དང༌། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་བརྫུས་སྐྱེས་གཟུངས་སོགས་ཡོན་ཏན་ལྡན། །ཀུན་ཏུ་གཟིགས་ལ་སོགས་པའི་རྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །དེ་བཞིན་དུ། ལྷོ་ཕྱོགས་མཉམ་པ་ཆེན་པོའི་ཞིང་ན་བཞུགས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུ་ཡི་ དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་བྱ་བའི་མདོ་ལས་གསུངས། མཆན། རིགས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་བརྗོད་བཞིན་ཕྱག་འཚལ་ཞིང་མེ་ཏོག་འཐོར། ལྷོ་ཕྱོགས་མཉམ་པ་ཆེན་པོའི་ཞིང་བཞུགས་པའི། །བྱང་སེམས་བྱེ་བ་བདུན་ཅུ་ཉན་ཐོས་འཁོར། །བྱེ་བ་བརྒྱད་ཅུ་རང་རྒྱལ་བཅུ་དྲུག་སོགས། །སྨིན་མཛད་ཀླུ་ཡི་རིགས་ལ་ཕྱག་འཚལ་ལོ། །མཚན་དཔེའི་མཛེས་སྐུས་ཉི་འབུམ་མོག་པོར་བྱེད། །ཐེག་མཆོག་ཆོས་ཀྱི་དབྱངས་སྙན་སྒྲོགས་པའི་གསུང༌། །ཆོས་དབྱིངས་ཀུན་ཁྱབ་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས། །སངས་རྒྱས་ཀུན་དང་གཉིས་མེད་ཁྱོད་ཕྱག་འཚལ། །དུས་གསུམ་ཀུན་ཏུ་ཡེ་ཤེས་གཅིག་ཉིད་ལས། །མི་གཡོ་གང་འདུལ་མཛད་པ་རྒྱ་མཚོ་ཡིས། །རྒྱལ་དང་རྒྱལ་བའི་སྲས་གྱུར་ཀུན་ལས་འཕགས། །སྲིད་ཞི་ཉེར་འཚོའི་མགོན་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང༌། །མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བའི། །ནམ་མཁའི་ཕ་མཐར་ཁྱབ་པས་རྟག་ཏུ་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་ཞིང་ཡུན་དུ་བཞུགས་པར་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །མགོན་པོ་ཀླུ་ཡི་རིགས་མཆོག་ཐུགས་བསྐྱེད་དང༌། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་བརྫུས་སྐྱེས་གཟུངས་སོགས་ཡོན་ཏན་ལྡན། །ཀླུ་ཡི་རིགས་མཆོག་ལ་སོགས་རྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བྱང་ཕྱོགས་རྟག་པ་རབ་ཏུ་དགའ་བའི་ཞིང་ན་བཞུགས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མོས་པ་རབ་དགའི་སྙིང་པོ་ནོར་བུ་རིན་ཆེན་བརྩེགས་པའི་ སོར་མོའི་ཕྲེང་བ་ལ་ཕན་གདགས་པའི་མདོ་ལས་གསུངས། མཆན། རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་བརྗོད་ལ་ཕྱག་འཚལ་ཞིང་མེ་ཏོག་འཐོར། བྱང་ཕྱོགས་རྟག་པར་རབ་དགའ་སྡུག་པའི་ཞིང༌། །རྒ་ན་འཆི་དང་ཉན་རང་མིང་མེད་པར། །ཐེག་ཆེན་སྟོན་པ་ཡང་དག་རྫོགས་སངས་རྒྱས། །མོས་པ་རབ་དགའི་སྙིང་པོར་ཕྱག་འཚལ་ལོ། །ཞིང་དང་དེ་བཞིན་གཤེགས་དེའི་མཚན་ཐོས་ཏེ། །དད་པས་ཕྱག་འཚལ་མོས་ཀུན་ཚེ་འཕོས་ནས། །ངན་འགྲོའི་སྒོ་བཅད་དགའ་བ་ཅན་གྱི་ཞིང༌། །འདྲེན་མཛད་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་མཚན་ཐོས་གསོལ་བ་འདེབས་པ་དག །ངན་འགྲོའི་སྒོ་བཞི་བཅད་ཅིང་འཇིགས་ཀུན་ཞི། །གདོན་གྱིས་མི་ཚུགས་རྟག་ཏུ་སྲུང་མཛད་པའི། །མཁྱེན་བརྩེའི་ཡེ་ཤེས་བརྙེས་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང༌། །མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བའི། །ནམ་མཁའི་ཕ་མཐར་ཁྱབ་པས་རྟག་ཏུ་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་ཞིང་ཡུན་དུ་བཞུགས་པར་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །མོས་པ་རབ་དགའ་སྙིང་པོའི་ཐུགས་བསྐྱེད་དང༌། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་བརྫུས་སྐྱེས་གཟུངས་སོགས་ཡོན་ཏན་ལྡན། །མོས་པ་རབ་དགའ་ལ་སོགས་རྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་ དཀོན་མཆོག་བརྩེགས་པའི་ལེའུ་བཅོ་ལྔ་པ་འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས་གསུངས། མཆན། གྱུར་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་བརྗོད་དེ་ཕྱག་འཚལ་མེ་ཏོག་འཐོར་ནས། །ཤར་ཕྱོགས་འབྱུང་བ་བཟང་པོའི་ཞིང་བཞུགས་པའི། །དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་མདུན། །འཁོར་ལོས་བསྒྱུར་རྒྱལ་ནམ་མཁར་གྱུར་ནས་ཀྱང༌། །བླ་མེད་བྱང་ཆུབ་ཐུགས་བསྐྱེད་ཕྱག་འཚལ་ལོ། །ཤེས་བྱའི་མཁའ་དབྱིངས་ཟབ་ཅིང་ཡངས་པ་ལ། །བློ་གྲོས་དཀྱིལ་འཁོར་རྒྱས་པའི་འོད་ཟེར་གྱིས། །སྐྱེ་དགུའི་མ་རིག་མུན་པའི་ཚོགས་བསལ་བ། །རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཟབ་ཅིང་རྒྱ་ཆེའི་ངོ་མཚར་རྣམ་ཐར་མཐའ། །མཐའ་དག་གསུང་ལ་ཚངས་པའི་དབྱངས་ཀྱིས་ཀྱང༌། །ཕ་མཐའ་གཏུགས་མིན་མཚུངས་མེད་རྒྱལ་བའི་སྲས། །འཇམ་དཔལ་དཔའ་བོའི་ཞབས་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང༌། །མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ། །ནམ་མཁའི་ཕ་མཐར་ཁྱབ་པས་རྟག་ཏུ་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་ཞིང་ཡུན་དུ་བཞུགས་པར་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཐུགས་བསྐྱེད་དང༌། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་བརྫུས་སྐྱེས་གཟུངས་སོགས་ཡོན་ཏན་ལྡན། །རྗེ་བཙུན་འཇམ་དཔལ་དབྱངས་སོགས་རྒྱལ་སྲས་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །གསུམ་པ་རྗེས་རིམ་དང་པོ་ཚོགས་གཉིས་སྤེལ་བའི་ཕྱིར་ཀུན་རྫོབ་དང་དོན་དམ་གྱི་སེམས་བསྐྱེད་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ལན་གསུམ་གྱིས་སེམས་བསྐྱེད་རྟེན་སྐྱབས་འགྲོ་དང༌། ཚོགས་བསགས་ཡན་ལག་བདུན་པ་འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང༌། ཨོཾ། སྣང་སྲིད་རྣམ་དག་མཉམ་ཉིད་ཆོས་སྐུའི་ངང༌། །གདོད་ནས་རྣམ་གྲོལ་ཆེན་པོར་ཕྱག་འཚལ་ལོ། །གང་སྣང་བདེ་ཆེན་རྡོ་རྗེའི་རང་བཞིན་གྱིས། །ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་མཆོད་པ་འབུལ། །རང་སེམས་རྣམ་རྟོག་འཁྲུལ་པའི་ཉེས་པ་ཡིས། །མ་དག་ནོངས་པར་གྱུར་པ་མཐོལ་ལོ་བཤགས། །འདི་ལྟར་བདེ་ཆེན་ཆོས་སྐུར་རོ་གཅིག་པའི། །ཡང་དག་དོན་ལ་མི་ཕྱེད་ཡི་རང་ངོ༌། །མཉམ་ཉིད་ངང་ནས་ཐུགས་རྗེའི་རོལ་པ་ཡིས། །ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར། །སྐུ་གསུམ་རོལ་པ་ནམ་ཡང་མི་ཟད་པའི། །རྟག་པ་ཆེན་པོར་བཞུགས་ལ་གསོལ་བ་འདེབས། །ཐམས་ཅད་མ་ལུས་དགེ་ཞིང་ལེགས་པའི་ལམ། །རང་གྲོལ་དོན་གྱི་སངས་རྒྱས་འགྲུབ་པར་ཤོག །སེམས་བསྐྱེད་དངོས་གཞིའི་དང་པོ་ཀུན་རྫོབ་སེམས་བསྐྱེད་པ་ནི། ཕྱོགས་བཅུ་ན་སོགས་གོང་ལྟར་དགོངས་གསོལ་སྔོན་དུ་འགྲོ་བས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི །ལན་གསུམ་གྱིས་སྨོན་འཇུག་སྟབས་གཅིག་ཏུ་ལེན། རྗེས་ལ་དགའ་བ་བསྒོམ་པ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །རྒྱལ་པོ་བློན་པོ་ལས་དང་པོའི། །ལྟུང་བ་ལྔ་ལྔ་བརྒྱད་ལ་སོགས། །རྩ་བ་དང་ནི་ཡན་ལག་གི །ཉེས་ལྟུང་རྣམས་ཀྱིས་མ་གོས་པར། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོགས་པར་མི་འགྱུར་དེ་ལྟར་བྱ། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་དོན་དམ་སེམས་བསྐྱེད་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་དང་འཛིན་པ་རྣམ་པར་སྤང་བ་ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་ཕྱིར་རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་བསྐྱེད་དོ། །ཞེས་ལན་གསུམ་དུ་བརྗོད་ཅིང་དོན་དམ་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བ་ནི། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང༌། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང༌། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལའང་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །གཉིས་པ་གཏོར་མ་འབུལ་བ་ནི། རིན་པོ་ཆེ་ལ་སོགས་པའི་གཏོར་སྣོད་ནང་དུ་གཟུགས་སྒྲ་དྲི་རོ་རེག་བྱ་སྐྱེ་མཆེད་ཀྱི་ངོ་བོར་གྱུར་པའི་གཏོར་མ་འདོད་པའི་ཡོན་ཏན་བསམ་གྱི་མི་ཁྱབ་པས་གང་བར་གྱུར། །ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བརླབས་ནས། གཏོར་མ་དང་པོར། ཨོཾ་མཉྫུ་ཤྲཱི་གྷོ་ཥ་སརྦ་ཏ་ཐཱ་ག་ཏ་ཛ་ཡ་པཱུ་ཏྲ་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་བཏགས་པ་གསུམ་གྱིས་འཇམ་དཔལ་དབྱངས་དང་དཀོན་མཆོག་གསུམ་ལ་ཕུལ་ནས། བླ་མ་རྗེ་བཙུན་འཕགས་པ་འཇམ་དཔལ་དབྱངས་སྒྱུ་འཕྲུལ་དྲྭ་བ་རྒྱལ་བ་སྲས་དང་བཅས་པ་དཀོན་མཆོག་རིན་ཆེན་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བདག་ཅག་འཁོར་དང་བཅས་པས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་སུ་སློབ་ཅིང་སྒྲུབ་པའི་གཡར་དམ་འཆང་བ་ལ་བར་དུ་གཅོད་པ་ཞི་བ་དང་ཇི་ལྟར་བསམ་པ་བཞིན་འགྲུབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། གཏོར་མ་གཉིས་པ། ཨོཾ་དྷརྨ་པཱ་ལ་ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་ཆོས་སྐྱོང་སྤྱི་ལ་ཕུལ་ནས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་སོགས་པ་ཆོས་སྐྱོང་བའི་སྲུང་མ་རྣམས་དང༌། དཀར་ཕྱོགས་ལ་མངོན་པར་དགའ་བའི་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་དར་བ་དང་འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་འབྱུང་བ་དང༌། བདག་ཅག་དཔོན་སློབ་རྣམས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོའི་རྗེས་སུ་སློབ་པ་བཞིན་འགྲུབ་པའི་སྡོང་གྲོགས་དམ་པ་མཛད་དུ་གསོལ། །ཞེས་འདོད་དོན་གསོལ། གཏོར་མ་གསུམ་པ། གཉུག་མར་གནས་པའི་གཞི་ཡི་བདག་པོ་རྣམས་མདུན་དུ་མངོན་སུམ་བཞིན་འཁོད་པར་བསམ་ལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་བསྔོས་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་གཞི་བདག །གནས་བདག །གྲོང་བདག །དཀོར་བདག །གཉུག་མར་གནས་པ་རྣམས་ལ་འབུལ་ལོ། མཆོད་དོ། སྟོབ་བོ། བཞེས་ཤིག །སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། །འཇིག་རྟེན་གྱི་ཁམས་སུ་བདེ་ལེགས་འབྱུང་བ་དང༌། བདག་ཅག་དཔོན་སློབ་རྣམས་ཀྱིས་རྗེ་བཙུན་འཇམ་དཔལ་དབྱངས་མཆོད་ཅིང་རྗེས་སུ་སློབ་པ་ལ་དགའ་ཞིང་རྗེས་སུ་ཡི་རང་ནས་བར་དུ་གཅོད་པ་ཐམས་ཅད་སྲུང་བའི་སྟོང་གྲོགས་དམ་པ་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། བཞི་པ་ཚོགས་ཞིང་བསྡུ་བ་ནི། འཁོར་རྣམས་འོད་དུ་རིམ་གྱིས་གཙོ་ལ་ཐིམ། །གཙོ་བོའི་སྐུ་ལས་འོད་ཟེར་བདུད་རྩིའི་རྒྱུན། །སྤྱི་བོ་ནས་ཞུགས་ལུས་གང་སྒྲིབ་ཀུན་ཞི། །བྱིན་རླབས་དབང་བསྐུར་རྡོ་རྗེའི་ཡེ་ཤེས་བསྐྱེད། །མཐར་ནི་འོད་དུ་རང་ཐིམ་གཉིས་མེད་ངང༌། །འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུར་གྱུར་ནས། །སྣང་སྲིད་བདེ་ཆེན་མཉམ་ཉིད་བྱང་ཆུབ་སེམས། །མ་བཅོས་བློ་འདས་རྫོགས་པ་ཆེན་པོའོ། །ཞེས་མོས་ལ་མཉམ་པར་བཞག །སྤྲོ་ན་གོང་གི་གསོལ་འདེབས་ཀྱི་སྐབས་དང༌། གཟུངས་བཟླ་བའི་སྐབས་དང༌། སྐབས་འདི་གསུམ་དུ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་རྒྱས་བསྡུས་གང་རུང་བཀླག །སྔ་མ་གཉིས་ལ་མ་གྲུབ་ཀྱང་སྐབས་འདིར་ལན་གཅིག་ངེས་པར་བཀླག ཨོཾ་མཉྫུ་ཤྲཱི་པ་ར་དཱ་བཛྲ་མྃ་སྭཱ་ཧཱ། ཞེས་ཅུང་ཟད་བཟླ། གསུམ་པ་གཏང་རག་གི་སླད་དུ་ཡན་ལག་བདུན་པ་ཕུལ་བ་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་སོགས། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །བཞི་པ་བསྔོ་སྨོན་ནི། ཚིག་དོན་ལ་སེམས་གཞོལ་བས། དང་པོ་ཐུགས་བསྐྱེད་གོ་ཆ་བཞེས་པ་དང༌། །བར་དུ་རྫོགས་སྨིན་སྦྱངས་བའི་རྣམ་ཐར་མཐུ། །མཐར་འབྲས་སྐུ་བཞིའི་ཁྱབ་བདག་ཡེ་ཤེས་དཔལ། །ཕྱོགས་དུས་རྣམ་འདྲེན་ཀུན་ལས་ཁྱད་འཕགས་པ། །རྗེ་བཙུན་འཇམ་དབྱངས་མཆོད་ཅིང་གསོལ་བ་འདེབས། །ལེགས་བྱས་སྟོན་ཟླ་འཛུམ་པའི་མཚར་སྡུག་ལ། །ཡོངས་བསྔོ་བདུད་རྩིའི་ཟིལ་མངར་འབུམ་འཛག་པས། །ཆོས་དབྱིངས་འཆི་མེད་ལམ་ཀུན་མཛེས་བྱས་ནས། །ངོ་མཚར་ཆུ་གཏེར་ཟད་མི་ཤེས་གྱུར་ཅིག །སྔོན་ཚེ་གྲངས་མེད་བསྐལ་པའི་ཕ་རོལ་དུ། །འཁོར་ལོས་བསྒྱུར་རྒྱལ་ནམ་མཁའི་ཚུལ་བསྟན་ནས། །བདེ་གཤེགས་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོའི་མདུན། །ཉོན་མོངས་མི་ཟད་མི་དགེའི་ལས་སྤངས་ནས། །ཚངས་པར་སྤྱོད་པས་སངས་རྒྱས་རྗེས་སློབ་སྟེ། །ཕྱི་མའི་མུ་མཐར་སེམས་ཅན་གཅིག་ཕྱིར་ཡང༌། །བྱང་ཆུབ་སྤྱོད་སྤྱད་མངོན་སངས་མི་རྒྱ་བར། །སངས་རྒྱས་ཞིང་སྦྱངས་ཕྱོགས་བཅུའི་འཇིག་རྟེན་དུ། །བདག་གི་མིང་ཐོས་ཀུན་ཏུ་གྲགས་གྱུར་ཅིག །བསྐལ་པ་གངྒའི་བྱེ་སྙེད་བཞི་འདས་ཚེ། །ལྷོ་ཕྱོགས་རྡུལ་བྲལ་ཡང་དག་བསགས་པ་རུ། །འཇམ་དཔལ་བདེ་གཤེགས་ཀུན་ཏུ་གཟིགས་གྱུར་ཚེ། །བདག་ཀྱང་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །མངོན་སངས་རྒྱས་ནས་མྱ་ངན་འདས་ཀྱི་བར། །རྡོ་རྗེའི་སྟན་ལས་མི་གཡོ་སྤྲུལ་པའི་ཚོགས། །དཔག་མེད་འབྱེད་པས་འགྲོ་ལ་ཆོས་སྟོན་ཅིང༌། །རྣམ་གྲོལ་ལམ་སྟོན་མཛད་དེར་སྐྱེ་བར་ཤོག །སངས་རྒྱས་ཞིང་ཁམས་གངྒ་དུ་མ་ཡི། །བྱེ་མའི་གྲངས་སྙེད་ཐ་གྲུ་ལྟར་ཡངས་པར། རིན་ཆེན་བརྒྱ་སྟོང་དུ་མས་སྤྲས་པ་ཡི། །སྲིད་རྩེའི་ཚད་དང་མཉམ་དེར་སྐྱེ་བར་ཤོག །དག་པའི་ཞིང་དེར་བུད་མེད་མངལ་སྐྱེས་དང༌། །ཉན་རང་མིང་མེད་ཞེ་སྡང་ཐ་བ་སྤང༌། །འཆབ་པའི་སྐྱོན་བྲལ་ཀུན་ཀྱང་ཚངས་པར་སྤྱོད། །དགེ་སྦྱོང་ཚུལ་ཅན་ཞིང་དེར་སྐྱེ་བར་ཤོག །ཀུན་ཀྱང་སྐྲ་བྲེགས་ངུར་སྨྲིག་རྒྱལ་མཚན་ཅན། །རོ་བརྒྱའི་ཟས་སྤྱོད་ཞིང་གཞན་ཉན་རང་དང༌། །ཡི་དྭགས་ཚིམས་བྱས་མི་ཁོམ་གནས་བརྒྱད་དང༌། །སྡུག་བསྔལ་མིང་མི་གྲགས་དེར་སྐྱེ་བར་ཤོག །ཞིང་གཞན་མི་སྲིད་ནོར་བུས་ཡོངས་སུ་གང༌། །ཚ་གྲང་ན་དང་རྒ་འཆི་སྒྲ་མི་གྲགས། །རང་ལུས་གསེར་སོགས་གང་འདོད་དེར་སྣང་ཞིང༌། །སིལ་སྙན་སྒྲ་ལས་གང་འདོད་སྡེ་སྣོད་ཐོས། །རིན་ཆེན་ལས་གྲུབ་ཤིང་དང་ལྷའི་མེ་ཏོག །མན་དཱ་ར་བས་ཁོར་ཡུག་ཀུན་གང་ངད། །དྲི་ཞིམ་སྤོས་སྤྲིན་ཀུན་ཁྱབ་བདུད་རྩིའི་ཆུ། །ཆོས་སྙན་སྒྲ་སྒྲོགས་ཞིང་དེར་སྐྱེ་བར་ཤོག །བྱང་ཆུབ་ཤིང་འོད་སངས་རྒྱས་ཞིང་བྱེ་བ། །ཁྲག་ཁྲིག་འབུམ་ཁྱབ་ཉི་ཟླ་གློག་འོད་མེད། །ཉིན་མཚན་པད་མོ་འབྱེད་འཛུམ་དེར་སྐྱེ་ཤོག །ཞིང་དེར་བལྟ་འདོད་བྱང་ཆུབ་ཤིང་སངས་རྒྱས། །མཇལ་བའི་མོད་ནས་སེམས་ཉིད་ཐེ་ཚོམ་ཞི། །གཟུངས་དང་སྤོབས་པའི་སྒོ་རྙེད་སྔོན་མ་ཐོས། །ཆོས་སྒོ་མཐའ་ཡས་སྟོན་དེར་སྐྱེ་བར་ཤོག །ཕྱོགས་བཅུའི་འཇིག་རྟེན་བྱེ་བ་ཕྲག་ཁྲིག་ནི། །འབུམ་ཕྲག་ཚད་མེད་བཞུགས་པའི་ཞིང་ཁམས་ཀྱི། །ཡོན་ཏན་བཀོད་པ་ཞིང་གཅིག་ལ་རྫོགས་པའི། །ངོ་མཚར་རྨད་དུ་བྱུང་དེར་སྐྱེ་བར་ཤོག །སངས་རྒྱས་བྱེ་བ་ཕྲག་ཁྲིག་འབུམ་གྱི་མཚན། །བརྗོད་ལས་འཇམ་དཔལ་གཅིག་གི་མཚན་བརྗོད་པའི། །བསོད་ནམས་ཆེ་བསྔགས་མངོན་སངས་རྒྱས་པའི་མཚན། །ཀུན་ཏུ་གཟིགས་ཀྱི་ཞིང་དུ་སྐྱེ་བར་ཤོག །རྒྱལ་པོ་ནམ་མཁས་བྱང་ཆུབ་ཐུགས་བསྐྱེད་ཚེ། །སྲོག་ཆགས་བྱེ་བ་ཉི་ཤུས་སེམས་བསྐྱེད་ཅིང༌། །ཀུན་ཏུ་གཟིགས་མཚན་ཐོས་པས་བྱེ་བ་ཕྲག །འབུམ་ཕྲག་བརྒྱད་ཅུ་རྩ་བཞིར་གྲོལ་བཞིན་ཤོག །སྔོན་ཚེ་རྣམ་པར་སྣང་བ་ཞིང་གི་རྒྱལ། །མྱ་ངན་འདས་ནས་འཕགས་པ་འཇམ་དཔལ་དབྱངས། །རང་སངས་རྒྱས་སྟོན་སྲོག་ཆགས་བྱེ་བ་ཕྲག །སུམ་ཅུ་རྩ་དྲུག་སྒྲོལ་བཞིན་བདག་ནུས་ཤོག །ལྷོ་ཕྱོགས་མཉམ་ཞིང་འདས་པའི་སངས་རྒྱས་ཞིང༌། །བདེ་གཤེགས་ཀླུ་ཡི་དབང་པོའི་ཚུལ་བསྟན་ནས། །བྱེ་བ་བདུན་ཅུ་བྱང་སེམས་བྱེ་བ་ཕྲག །བརྒྱད་ཅུ་ཉན་ཐོས་བྱེ་བ་སྟོང་ཕྲག་ནི། །རང་སངས་རྒྱས་སུ་སྒྲོལ་སོགས་ལྷ་དང་མིའི། །གདུལ་བྱའི་དོན་དུ་མཆོད་རྟེན་བྱེ་བ་ཕྲག །སུམ་ཅུ་རྩ་དྲུག་ཆོས་ནི་ལོ་འབུམ་དུ། །གནས་པས་དོན་མཛད་ཇི་བཞིན་བདག་གྱུར་ཤོག །མི་མཇེད་བྱང་ཕྱོགས་རྟག་པར་རབ་དགའ་ཞིང༌། །ད་ལྟའི་སངས་རྒྱས་མོས་པ་རབ་དགའི་སྙིང༌། །སྡུག་བསྔལ་ཐེག་དམན་མེད་པའི་བྱང་སེམས་འཁོར། །ཚེ་དང་གཟི་བརྗིད་ལྡན་དེར་སྐྱེ་བར་ཤོག །སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་ཇི་སྙེད། །རིན་ཆེན་གྱིས་བཀང་རྒྱལ་ལ་མཆོད་པ་དང༌། །སྒོམ་པའི་སེམས་ཅན་ཚུལ་ཁྲིམས་ལ་གནས་ཏེ། །ཕྱི་མཐར་ཐུག་བར་སྦྱིན་པས་ཚིམས་བྱས་པས། །འཇམ་དཔལ་གཞོན་ནུའི་རྗེས་སུ་སློབ་སེམས་པ། །བསོད་ནམས་ཆེ་བར་བསྔགས་བཞིན་རྗེས་སློབ་ཤོག །འོད་ཀྱི་ཏོག་དང་ཡེ་ཤེས་བླ་མ་མཆོག །ཞི་བའི་དབང་པོ་སྨོན་ལམ་བློ་གྲོས་སོགས། །མགོན་པོ་ཁྱོད་ཀྱི་རྗེས་སུ་སློབ་པ་ལྟར། །བདག་ཀྱང་འཇམ་དཔལ་དཔའ་བོའི་རྗེས་སློབ་ཤོག །མ་སྐྱེས་དགྲ་བཏུལ་ མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལས་གསུངས། བྱང་ཆུབ་གནས་ལ་བཀོད། །ནོར་བཟང་བྱང་ཆུབ་སྤྱོད་པ་རྒྱ་མཚོ་སྟོན། །སྨད་འཚོང་གསེར་མཆོག་འཇིགས་བྱིན་སྒྲོལ་ འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་གསུངས། མཛད་ལྟར། །ཐབས་མཁས་སྤྱོད་པ་རླབས་ཆེན་སྤྱོད་ནུས་ཤོག །འཇམ་དཔལ་ཞེས་པའི་མཚན་གྱི་སྒྲ་བསྒྲགས་པས། །བདུད་གནས་གཡོ་ཞིང་ཚེ་འཕོས་སྙམ་བྱེད་ལྟར། །རྣམ་དབྱེར་མེད་པའི་སེམས་ཅན་དོན་བྱས་ནས། །འགྲོ་ཀུན་འཇིགས་དང་སྡུག་བསྔལ་ལས་སྐྱོབ་ཤོག །ལྷའི་བུ་བློ་གྲོས་རབ་གནས་ཀྱི་ཞུས་པའི་མདོ་ལས་གསུངས། མདོར་ན་སངས་རྒྱས་བྱེ་བ་ཕྲག་ཁྲིག་འབུམ། །མཚན་ནས་བརྗོད་ལས་འཇམ་དཔལ་གཞོན་ནུའི་མཚན། །ལན་གཅིག་བརྗོད་པ་བསོད་ནམས་ཆེ་གསུངས་པས། །དད་བློས་མཚན་བརྗོད་ཕྱག་མཆོད་ཕུལ་བའི་དགེས། །སྲིད་ཞིའི་དགེ་ལེགས་དཔལ་གྱུར་རྒྱལ་བའི་བསྟན། །འཇམ་དཔལ་ཞིང་གི་ཡོན་ཏན་བསྟན་པའི་མདོ་ལས་གསུངས། བཤད་སྒྲུབ་ལས་ཀྱི་འཁོར་ལོས་གོང་དུ་འཕེལ། །དེ་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་དང༌། །ཐུགས་ཀྱི་བཞེད་དོན་འབད་རྩོལ་མེད་པར་འགྲུབ། །མཁའ་ཁྱབ་ཡིད་ཅན་འཁྲུལ་སྣང་ཁྲི་མུན་བརྡོལ། །ཕན་བདེ་དཔལ་འབྱོར་རྫོགས་ལྡན་བཞིན་འབྱོར་ནས། །དཀོན་མཆོག་མཚན་ཐོས་བྱང་ཆུབ་སྤྱོད་རྫོགས་པ། །རྗེ་བཙུན་ཡེ་ཤེས་གཏེར་ཆེན་བཞིན་གྱུར་ཅིག །བདག་ཀྱང་ཚེ་རབས་ཕྲེང་བ་ཐམས་ཅད་དུ། །རྒྱལ་ཀུན་ཡབ་དེས་རྗེས་བཟུང་མཁྱེན་བརྩེ་ནུས། །མཚུངས་མེད་རྒྱལ་བ་དགྱེས་པའི་ལམ་ཞུགས་ནས། །སྲིད་ཞི་ལས་འདས་གོ་འཕང་བརྙེས་གྱུར་ཅིག །ལྔ་པ་ཤིས་པ་བརྗོད་པ་ནི། བཀྲ་ཤིས་ལྷ་ཡི་མཆོག་གྱུར་འདས་པའི་དུས་ཀྱི་ཚེ། །མཉམ་པ་ཆེན་པོའི་ཞིང་བཞུགས་བདེ་གཤེགས་ཀླུ་ཡི་རིགས། །ཐེག་གསུམ་བདུད་རྩིར་སྤྱོད་འབྲས་མངོན་གྱུར་འཁོར་བཅས་ཀྱིས། །འགྲོ་ཀུན་མི་གནས་མྱང་འདས་དཔལ་ཐོབ་བཀྲ་ཤིས་ཤོག །ད་ལྟ་བྱང་ཕྱོགས་མོས་པ་རབ་དགའ་སྡུག་པའི་ཞིང༌། །རྣམ་འདྲེན་ཉི་མ་མོས་པ་རབ་ཏུ་དགའ་བའི་མཚན། །ཐེག་ཆེན་བྱང་ཆུབ་སྤྱོད་གཙང་འབའ་ཞིག་སྟོན་མཛད་དེས། །མཁའ་མཉམ་ཡིད་ཅན་ཐེག་མཆོག་ཆོས་སྤྱོད་བཀྲ་ཤིས་ཤོག །མ་འོངས་རྡུལ་བྲལ་ཡང་དག་བསགས་པ་དག་པའི་ཞིང༌། །རྫོགས་པའི་སངས་རྒྱས་མགོན་པོ་ཀུན་ཏུ་གཟིགས་ཆེན་པོ། །སངས་རྒྱས་ཀུན་གྱི་ཞིང་དང་མཚན་བརྗོད་ལས་ལྷག་པའི། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་མཆོག་གི་བཀྲ་ཤིས་ཤོག །ཕྱོགས་དུས་ཞིང་ན་སངས་རྒྱས་ཡེ་ཤེས་སྤྱན་རས་ཀྱི། །གཟིགས་པས་འཇམ་དཔལ་དབྱངས་ཀྱིས་བྱང་ཆུབ་མ་བཀོད་པ། །གཅིག་ཀྱང་མེད་པར་རྒྱལ་སྲས་ཐུ་བོའི་ཚུལ་འཛིན་པ། །རྒྱལ་ཀུན་ཡབ་དེའི་རྗེས་སུ་འཛིན་པའི་བཀྲ་ཤིས་ཤོག །རྣམ་ཀུན་མཆོག་ལྡན་ཟབ་ཞི་ཆོས་ཀྱི་དབྱིངས་ཆེན་པོར། །མཆོག་ཏུ་མི་འགྱུར་ཟག་མེད་བདེ་བའི་དགའ་སྟོན་ལ། །རྟག་ཏུ་ངལ་འཚོ་འཕོ་འགྱུར་མཚན་མའི་སྤྲོས་བྲལ་བའི། །འཕགས་བཞིའི་ཡུམ་གྱིས་སྲིད་ཞིའི་གདུང་སེལ་བཀྲ་ཤིས་ཤོག །ཅེས་བརྗོད་པས་དགེ་ལེགས་ཀྱི་སྣང་བ་ཕྱོགས་དུས་ཀུན་ཏུ་ཁྱབ་པར་བྱའོ། །མཚན་ཙམ་བཟུང་བས་འཁོར་བ་ཕྱིར་བསྙིལ་ཞིང༌། །བདུད་རིགས་དཔའ་བཀོང་མཛད་སོགས་ངོ་མཚར་གྱི། །ཕན་ཡོན་མཐའ་ཡས་རྒྱལ་གསུང་ཚད་མའི་ཕྱིར། །ཚུལ་འདི་བགྱི་བ་དོན་དང་ལྡན་པར་རློམས། །སྙིགས་མའི་སེམས་ཅན་བསོད་ནམས་འབྱོར་པས་ཕོངས། །ནད་མུག་མཚོན་གྱི་ཟུག་རྔུ་ཆེས་ལྡང་ཚེ། །འབད་རྩོལ་ཆུང་ངུས་དོན་ཆེན་འགྲུབ་མཐོང་ནས། །འཇམ་མགོན་ཡབ་སྲས་གསུང་ལ་བརྟེན་ནས་བཀོད། །རབ་དགེ་དྲི་མེད་ནོར་བུ་ཆུ་ཤེལ་སྤྲིན། །ཆོས་དབྱིངས་མཁའ་ལ་མཛེས་པར་བྲེས་འདིས་ཀྱང༌། །བསྟན་འགྲོའི་རྒུད་སེལ་དགེ་ལེགས་ཞིང་ས་རུ། །སྐུ་བཞིའི་སྙེ་མ་གཡུར་དུ་ཟ་བར་ཤོག །འཇམ་དཔལ་ཡེ་ཤེས་སྣང་བའི་གཏེར་གཅིག་གིས། །ཚེ་རབས་ཀུན་ཏུ་དགྱེས་པའི་འབབ་སྟེགས་གྱུར། །བསྟན་འགྲོའི་རྒུད་སེལ་གཟུངས་སྤོབས་སྨོན་ལམ་གྱིས། །རྒྱལ་ཀུན་ཡབ་དང་གཉིས་མེད་གཅིག་གྱུར་ཅིག །ཅེས་པ་འདི་ཡང་འཇམ་དཔལ་དངོས་སུ་གྲུབ་པའི་སློབ་དཔོན་དུ་མས་རྗེས་སུ་བཟུང་ཞིང༌། འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོས་བྱིན་གྱིས་བརླབས་པའི་མཚན་འཆང་ཞིང༌། འཇམ་དཔལ་དབྱངས་ཀྱི་རྒྱུད་ལུང་མན་ངག་དུ་མའི་ཐོས་བསམ་གྱི་སྐལ་པ་དགེ་བ། འཇམ་དཔལ་དགའ་བའི་བཤེས་གཉེན་ཚངས་སྲས་དགྱེས་པའི་རྡོ་རྗེའམ་བཀྲིས་དཔལ་འབྱོར་དུ་འབོད་པའི་ཕྱོགས་བྲལ་ཀུན་ཏུ་རྒྱུ་བ་གང༌། འཇམ་དཔལ་དབྱངས་ཀྱི་ཕྱག་མཚན་དུ་བཞེས་པའི་རྒྱ་ནག་རི་བོ་རྩེ་ལྔས་མཛེས་པའི་ཞིང་དུ་ཁ་འཁྱལ་བའི་ཚེ། དད་བློ་གསལ་བ་ཁ་བ་སྤྲུལ་སྐུ་ཆོས་ཀྱི་ཉི་མ་དང༌། སིབ་བཀྲ་ཤིས་ཆོས་གླིང་གི་སྤྲུལ་སྐུ་ཟུང་གིས་རབ་འབྱམས་མཆོག་སྤྲུལ་སྦྲན་ནས་ལྷ་རྫས་ཀྱི་རྟེན་དང་བཅས་ཏེ་དྭངས་བསིལ་རི་བོ་རྩེ་ལྔ་ནས་དག་པའི་གཟིགས་སྣང་དང་མཐུན་པའི་ཆོ་ག་ཞིག་བརྩམས་པར་བསྐུལ་ཀྱང༌། ཁོ་བོ་ནི་ལོ་ན་སྨིན་བཞིན་རྩ་རླུང་རྒུད་ཅིང༌། དཀོར་ནག་གི་རི་བོས་གཉའ་བར་མནན་ཏེ་ཕག་པ་བཞིན་ཉལ་བ་ལས་དག་པའི་གཟིགས་སྣང་ནམ་ཡང་མེད་ཀྱང་རིགས་ཀུན་ཁྱབ་བདག་འཇམ་མགོན་བླ་མའི་མཆོག་སྤྲུལ་འཇམ་དཔལ་ཆོས་ཀྱི་རྒྱ་མཚོས་ཞིང་ཁྱད་པར་ཅན་མི་ཕམ་རིན་པོ་ཆེའི་ཐུགས་དམ་རྟེན་འཇམ་དབྱངས་གསུང་བྱོན་མའི་མདུན་མཆོད་མེ་འབུམ་ཕྲག་ཕུལ་བའི་སྐབས་ཉེམ་ཁོར་གྱུར་པའི་རྐྱེན་གྱིས་འཇམ་དཔལ་མཆོད་པའི་ཆོ་ག་ཞིག་གྲུབ་པར་གྱིས་ཞེས་བཀའ་ལུང་གསེར་གྱི་ཅོད་པན་སྤྱི་བོར་བཅིངས་པས་མདོ་རྒྱུད་ཀྱི་ལུང་དང་མཐུན་པའི་ཞིང་སྦྱང་གི་ཆོ་ག་འདི་ལྟར་བྲིས་ན་དོན་དང་ལྡན་པར་མཐོང་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་བཞུགས་གནས་རྒྱ་ནག་ཁྲི་འདུ་གྲོང་ཁྱེར་སྤོས་ངད་ལྡན་ནས་དབུ་འཛིན་བྱས་ཏེ་མཐའ་ཡོངས་སུ་རྫོགས་པ་ལྷོ་ལྗོངས་ཆོས་ཀྱི་དགའ་ཚལ་གྱི་བྱེ་བྲག་མཐའ་འདུལ་གྱི་གཙུག་ལག་ཁང་སྤ་གྲོ་སྐྱེར་ཆུའི་འདབས་འབྱོར་བའི་བསམ་གཏན་གྱི་སྤྱིལ་བུ་བཀྲིས་དགའ་བ་འཁྱིལ་བར་རྫོགས་པར་བྱས་པ་འདིས་ཀྱང་འབྲེལ་ཚད་རྗེ་བཙུན་འཇམ་པའི་རྡོ་རྗེའི་རྣམ་ཐར་གྱི་རྗེས་སུ་སློབ་པར་གྱུར་ཅིག ། །།}}
@#/_/na mo gu ru many+dzu shrI ye/_skal bzang gang zhig thar pa dang thams cad mkhyen pa'i lam gyi rtsa ba ye shes 'dod dgu'i snang ba la bde blag tu longs su spyod par 'dod pas rgyal kun ye shes sgyu 'phrul drwa ba'i khyab bdag rje btsun 'jam dpal dbyangs kyi thugs dam rjes su bskul ba'i rnal 'byor zab mo nyams su len par bya ba la/_sngon dngos rjes gsum las/_dang po la'ang thog mar yo byad bsham bkod ni/_gtsang ma'i gnas khang rgyan dang byi dor legs par byas pa'i dbus su 'phags pa 'jam dpal gtso bor gyur pa'i sku gsung thugs rten byin rlabs khyad par dang ldan pa'i mdun stegs lha rdzas kyis bkab par rin po che'i maN+Dal dri bzang gis gsher ba'i tshom bu lnga bkod pa'i mdun/_'bul gtor dkar zlum zas sna bzang dgus bskor ba dang*/_dkar gtor gnyis bcas snod so sor bshams/_me tog sogs nyer spyod mchod pa'i phreng ba brgya stong sogs ji tsam 'byor ba dang*/_khrus gsol gyi yo byad dri bzang gi chu gtsang*/_me long sku phyi gos zung bcas dang*/_rang gi mdun du 'thor nas dang rol mo sogs bkod la/_gnyis pa nges 'byung gi blo bskul ba ni/_rab 'byams rgyal ba'i ye shes sku gcig pu/_/bka' drin mnyam med khyab bdag bla ma dang*/_/rnam dbyer med pa dgyes 'dzum shig ge bar/_/bzhugs nas bdag rgyud byin gyis brlab tu gsol/_/rnyed dka' don ldan dal 'byor rten thob kyang*/_/do nub tsam yang mi 'chi'i gdeng med cing*/_/shi ba'i 'og tu las kyi rjes 'brang nas/_/'khor bar gar skyes sdug bsngal rang bzhin phyir/_/bdag gzhan srid las nges par 'byung ba'i blos/_/zhes dad dang*/_nges 'byung thar 'dod kyis kun nas bslangs te/_gsum pa skyabs 'gro ni/_sku dang ye shes rgya mtsho'i khyab bdag che/_/skyabs gnas gcig chog rje btsun 'jam dpal gyi_/gsang ba mi zad rjes su dran pa'i mthus/_/byang chub snying po'i bar du skyabs su mchi/_/lan gsum/_bzhi pa sems bskyed ni/_shes pas srid pa'i pha mtha' las brgal kyang*/_/snying rjes zhi ba'i g.yang sar gol min pas/_/bla ma 'jam dpal gzhon nu'i ye shes sku/_/thob phyir zab mo'i rnal 'byor bsgom par bgyi/_/lan gsum/_lnga pa mchod pa byin rlabs ni/_dkon mchog gsum gyi bden pa dang*/_sangs rgyas dang byang chub sems dpa' thams cad kyi byin gyis brlabs pa dang*/_tshogs gnyis yongs su rdzogs pa'i mnga' thang chen po dang*/_rje btsun 'jam dpal dbyangs kyis byang chub kyi spyod pa spyad pa'i tshe sangs rgyas kyi zhing yongs su sbyangs ba'i bden pa dang*/_chos kyi dbyings rnam par dag cing bsam gyis mi khyab pa'i stobs kyis deng 'dir rab 'byams sras bcas rgyal ba'i yab gcig rje btsun 'jam dpal dbyangs kyi sgyu 'phrul rdo rje bkod pa'i rol mo mtha' dag mchod pa'i tshogs sbyar ba'i pho brang gi dkyil 'khor 'di dag bcom ldan 'das mgon po kun tu gzigs kyi zhing gi bkod pa'i yon tan dang ldan pa'i dbus su byang chub shing rin po che rnam par bkra ba dang*/_rdo rje'i gdan khri ches mtho zhing yangs pa dang*/_rin po che'i sa gzhi ljon shing chu mtsho legs pa'i rgyan thams cad kyis rnam par brgyan pa'i zhing khams tshad du mnyam pa dang*/_phyi nang kun tu mchod pa'i sprin rgya mtsho thams cad kyis rgyas par bkang zhing rgyan bklubs pa dang ldan par gyur cig_/oM na mo b+ha ga wa te/_badz+ra sa ra pra ma d+ha ni/_ta thA ga ta ya/_ar ha te samyak+saM bud+d+ha ya/_tad+ya thA/_oM badz+re badz+re ma hA badz+re/_ma hA te dzo badz+re/_ma hA bid+ya badz+re/_ma hA bo d+hi tsit+ta badz+re/_ma hA bo d+hi maN+Do pa saM kra ma Na badz+re/_sarba karma a ba ra Na bi sho d+ha na badz+re swA hA/_/zhes mchod pa'i sprin gzungs lan gsum bzla/_/gnyis pa dngos gzhi'i dang po tshogs rten gsal gdab pa ni/_oM swa b+hA wa sogs/_gzod nas spros bral ka dag gzhi yi dbyings/_/longs sku rdul bral yang dag bsags pa'i zhing*/_/sprul sku dwangs bsil ri bo rtse mo lnga/_/rin chen sa gzhi bkod pa lta na sdug_/sangs rgyas gang gA'i klung gi bye snyed kyi/_/zhing gi tha gru ltar yangs bdud rtsi'i klung*/_/me tog tshal bstar rin chen brgya phrag stong*/_/du mas sa gzhi lhun po'i phreng ba la/_/nags tshal ne'u gseng che rgu'i rgyan du mas/_/mdzes pas rab spras srid rtse'i tshad tsam dbus/_/stong gsum 'jig rten bcu mnyam byang chub shing*/_/rin chen sna bdun rnam par bkra ba zhes/_/gling bzhi'i khri tshad yal 'dab khor yug khyon/_/lo 'bras me tog nor bu'i 'phyang 'phrul g.yo/_/stong gsum bcu tshad dri dang 'od zer gyis/_/sangs rgyas zhing kun khyab pas zag med kyi/_/gzungs dang ting 'dzin mchog bskyed de yi drung*/_/rin thang brjod bral rmad byung rdo rje'i gdan/_/rab zhi bkod pa'i ye shes shin tu 'gyed/_/dri la yang dag gzhol ba 'jig rten lnga'i/_/khyon mnyam 'phrog byed rkang pa brgyad pa yis/_/gus btud steng du 'dab stong ke sa rar/_/cha shas yongs rdzogs chu shel dbang po'i steng*/_/de bzhin gshegs pa mgon po kun tu gzigs/_/gser gyi gtan pa phyis pa'i mtshan dpe can/_/ye shes 'od zer snang bas chos dbyings khyab/_/thun mtshams sprin mdangs 'gran pa'i chos gos gsol/_/zhabs zung mi g.yo rdo rje'i skyil krung gis/_/mngon sangs rgyas nas mya ngan 'das kyi bar/_/rtag bzhugs phyag gnyis chos 'chad phyag rgya mdzad/_/sangs rgyas byang sems bgrang las 'das sprul nas/_/bla med byang chub lam la 'god par mdzad/_/dpa' bar 'gro ba'i ting nge 'dzin zhes bya ba'i mdo las gsungs/_mchan/_/g.yas su mnyam pa chen po'i zhing bzhugs pa'i/_/bde gshegs klu yi rigs mchog bcom ldan 'das/_/gser mdog mtshan dpe phyag zung mnyam par bzhag_/ngur smrig thar pa'i rgyal mtshan chen pos bklubs/_/rdo rje'i skyil krung seng khri pad zlar bzhugs/_/g.yon du lho phyogs rtag par rab dga'i zhing*/_/mos pa rab dga'i snying po mtshan dpe'i dpal/_/'char kha'i nyin byed ltar mdzes sprul sku'i chas/_/phyag g.yas chos 'chad g.yon pa mnyam bzhag can/_/seng khris btegs pa'i rin chen khri la bzhugs/_/mdun gyi seng khri 'jam dpal smra ba'i seng*/_/gur gum gzhon nu'i mdog can zhi 'dzum sgeg_/phyag g.yas shes rab ral gri mkha' la phyar/_/g.yon pas ut+pal lar gnas glegs bam bsnams/_/zur phud lnga ldan dar dang rat+nas brgyan/_/zhabs zung rdo rje'i skyil mo krung gis bzhugs/_/rgyab tu shes rab pha rol phyin ma ni/_/gser mdog zhal gcig phyag bzhi longs sku'i chas/_/dang pos mnyam bzhag 'og gnyis rdo rje dang*/_/glegs bam g.yon bsnams seng ge'i khri steng bzhugs/_/gtso bo'i spyi gtsug 'brug sgra'i dbyangs kyi rgyal/_/mchog gi sprul sku phyag gnyis mchog sbyin dang*/_/chos 'chad rgya can rdo rje'i skyil krung can/_/ye shes 'od kyis srid zhi'i nyes kun sel/_/'khor du 'phags bod paN grub rgya mtsho dang*/_/sangs rgyas byang sems nyan rang 'phags pa'i tshogs/_/yi dam mkha' 'gro rdo rje'i chos skyong bcas/_/tshad dang mu med rdul gcig khyon du mas/_/phyogs dus zhing gi rdul snyed zhing dang sku'i/_/bkod pa chen pos srid zhi'i dbyings thams cad/_/snyoms zhugs chos dbyings kun tu khyab par brdal/_/gnyis pa bsags sbyang gis rgyud dag par byed pa ni/_a ho srid zhi'i nyams 'gyur ji snyed pa/_/kun kyang 'jam dpal ye shes rol mo ste/_/dag pa chen por chos dbyings bsam mi khyab/_/mnyam nyid so sor rig pas phyag 'tshal lo/_/'jam dpal 'di ni dpal gyur rdzogs pa'i sku/_/thun mong ma yin gnyis med khyab pa'i chos/_/dus gsum mnyam rdzogs rgyal ba kun gyi yab/_/chos dbyings yum nyid sems dpa' sras mchog ston/_/stong nyid ci la'ang ma reg lhun gyis grub/_/don kun 'byor bas blang dor med pa yi/_/bdag nyid rang bzhin bzhag dang 'jam dpal nyid/_/bsam gyis mi khyab mi gnas mi sems na/_/'jam dpal nyid dang yon tan rdzogs par mnyam/_/dus gsum sangs rgyas rnam thar las byed pa/_/sangs rgyas gsang ba thog ma tha ma med/_/dang po'i sangs rgyas phyogs dus ris med pa/_/mkhyen gnyis ye shes mig gcig dri ma med/_/mchog gi dang po sku gsum gcig tu 'chang*/_/sangs rgyas sku lnga'i spro bsdu'i bdag nyid can/_/rigs kun khyab bdag ye shes lnga yi bdag_/'jam dpal ye shes sems dpar phyag 'tshal lo/_/stong chen chos dbyings rgyas 'gengs zag med kyis/_/snying rjes yongs gang sku gsung thugs rdo rje/_/dran pas srid zhi'i mchog sbyin rdo rje bzhi'i/_/bdag nyid mchog khyod zhabs la phyag 'tshal lo/_/so so yang dag rigs bzhi'i 'phrul 'khor gyi/_/shes rab mthar gyur gser sbyang rtsibs stong gis/_/zab rgyas gsang ba'i chos phung rgya mtsho'i khyon/_/lung rtogs gling bzhir dbang bsgyur phyag 'tshal lo/_/srid zhi kun tu khyab kyang srid dang zhi/_/gang du mi gnas rnam kun mchog ldan gyi/_/stong nyid rdo rje btsun mo'i 'jo sgeg masa~M/_/byung ba'i sgyu 'phrul rol par phyag 'tshal lo/_/phyogs bcu dus bzhi'i sangs rgyas thams cad kyi/_/mngon par byanga~M chuba~M rnam thar rgya mtsho'i 'jings/_/gsang gsum gser gyi sa gzhir gcig tu bskyil/_/rgyal ba kun gyi yab gcig phyag 'tshal lo/_/sgrib bral mkha' bzhin rnam dag sangs rgyas kyang*/_/rang byung thugs rjes 'gro la rjes chags thugs/_/nam mkha' ji srid rgyal sras gzhon nu'i tshul/_/smon lam rgya mtshos rjes bzung phyag 'tshal lo/_/dbang dang stobs bcu'i yon tan mthar son pas/_/ye shes sgyu ma'i cho 'phrul bsam yas kyis/_/'gro kun zag med sangs rgyas mi slob sar/_/'dod dgu'i bu bzhin bskyangs la phyag 'tshal lo/_/mtha' klas zhing bzhugs sangs rgyas sras bcas kyis/_/ji snyed chos tshul mi zad mtha' dag kyang*/_/khyed kyi rnam thar sgrogs la dgyes pa yi/_/bsngags brjod me tog 'thor la phyag 'tshal lo/_/rgyal dang rgyal sras thams cad kun gyis kyang*/_/dpa' chen rnam thar slob pa bzhin gyur pas/_/sangs rgyas kun kyang khyod zhal nyin mor byed/_/dgyes 'dzum 'dab rgya grol la phyag 'tshal lo/_/khyod kyi mkhyen brtse nus pa'i ye shes kyi/_/cha shas re yang nor bu'i rdul bzhin du/_/srid zhi'i rgud sel phan bde'i mchog ster zhes/_/sangs rgyas dgyes zhal 'dzum la phyag 'tshal lo/_/brtan dang g.yo ba'i sgra dbyangs rgya mtsho'i bcud/_/tshangs dbyangs yan lag drug cu'i tam+bu ra/_/sangs rgyas kun gyi gsung dang gnyis med pas/_/srid zhi nyer 'tsho'i dpal gyur phyag 'tshal lo/_/zab zhi spros bral sangs rgyas thams cad kyi/_/thugs dbyings gzungs spobs 'jigs med seng ge'i sgras/_/blo ldan spobs pa'i gter mdzod yongs grol te/_/theg mchog dga' ston spel mdzad phyag 'tshal lo/_/skye 'gag gnas pa med pa'i dbyings nyid las/_/zag med zhi ba chen po'i spangs rtogs kyi/_/lam kun 'dzad med 'byung zhing ston pa yi/_/'phags bzhi'i yum du bsngags la phyag 'tshal lo/_/mdor na chos sku zhi ba'i thig le ru/_/mngon par byang chub mtha' dag sangs rgyas kun/_/khyod las 'byung zhing mnyam pa chen po'i klong*/_/gcig tu rdzogs pa'i tshul can phyag 'tshal lo/_/nam mkha' gcig las snod bcud srid dang zhi/_/byung ltar snang yang dbyings la 'phel 'grib bral/_/'khor 'das thams cad mnyam nyid bde chen gyi/_/dgongs pa 'phel 'grib bral la phyag 'tshal lo/_/khyod thugs ye shes chen po'i de nyid las/_/dngos kun 'byung ltar snang zhing ston na yang*/_/gang du'ang mi gnas bsam brjod spros mtshan gyi_/zug rngu mtha' dag spangs la phyag 'tshal lo/_/sangs rgyas byang sems nyan rang rgyal blon dang*/_/skyes pa bud med sna tshogs rol pa ru/_/ston pas gdul dka'i 'gro khams rgya mtsho kun/_/phrin las phyag gis 'khyud la phyag 'tshal lo/_/'khrul pa'i 'gro ba thams cad phan bdes bskyangs/_/zhi ba'i yon tan thams cad rgyan du bzhes/_/dngos kun bdag nyid sgyu 'phrul drwa ba'i dbyings/_/bde chen dgyes pa'i dpa' bor phyag 'tshal lo/_/shin tu rnam dag zab zhi spros bral gyi/_/ye shes sku gsung thugs kyi gsang ba'i mdzod/_/rgyal kun thugs kyi dpa' bor dgyes brtse ba'i/_/chos dbyings kun 'gro'i mgon por phyag 'tshal lo/_/sku lnga ye shes phung po khyod nyid dang*/_/'gro kun kun khyab chos dbyings ro gcig pas/_/bde chen thig le gcig tu nges pa yis/_/mi phyed mnyam pa chen por phyag 'tshal lo/_/stong nyid dbyings las 'gag med cho 'phrul du/_/snang srid kun khyab bde chen ye shes sprin/_/cir yang 'byung zhing 'char ba'i rten 'byung gi_/bkod pa bsam mi khyab pas rtag tu mchod/_/bde ba'i dpal bskyed yid 'ong mchod sprin yang*/_/mkha' la 'ja' bzhin med snang stong pa'i gzugs/_/mi 'dod sdug bsngal kun 'byung spang bya yang*/_/nges pa'i don la ye shes chos sku'i rtsal/_/mnyam nyid ngang nas 'khor 'das spang blang bral/_/'khor gsum ka dag 'od gsal klong yangs su/_/'jam dpal kun bzang sgyu 'phrul drwa bas mchod/_/thabs kyi snang cha gdan gsum maN+Da la/_/shes rab rdo rje btsun mo yum lnga'i mkha'/_/gdod nas gnyis med bsod nams ye shes tshogs/_/rang byung lhun grub chen po'i dbyings su mchod/_/phyogs ris bral ba'i gzhan phan sems kyi mkhar/_/kun khyab snying rje bdud rtsi'i sprin char gyis/_/tshogs gnyis snye ma mi zad g.yur za bas/_/kun dga'i zag med dpal 'byor rgyas pas mchod/_/rnam dag gtong sems lha rdzas gcal du bkram/_/nyes bral tshul khrims dri bsung zhing kun brdal/_/bzod pa'i bsnyen bkur chog mi shes pa'i las/_/brtson 'grus go cha lhod pa med pas mchod/_/bsam gtan ri gling bkod pa blta na sdug_/shes rab nyi zla'i snang ba ches gsal bas/_/thabs mkhas 'dab stong 'dzum pa'i lang tsho bkra/_/stobs bcu'i lag ldan dregs bzhin rgyu bas mchod/_/smon lam dal 'bab kha 'bab klung bzhi rgyu/_/ye shes gru yis srid zhi'i pha mthar brgal/_/tshad med gling bzhi'i dpal 'byor zad mi shes/_/mngon shes rnam lnga'i lha dbang grong gis mchod/_/bsdu ba'i dngos bzhi'i yongs 'du'i ljon bzang tshal/_/so so yang dag rigs bzhi'i me 'bras bkra/_/rton pa rnam bzhi'i 'dod dgu'i dpal 'byor rdzogs/_/tshogs gnyis mnga' thang zad mi shes pas mchod/_/dran pa nyer gzhag bzhi yi rming brtan cing*/_/yang dag spong bzhi'i rin chen pha gu brtsegs/_/rdzu 'phrul rkang bzhi'i ba gam brjid chags shing*/_/dbang dang stobs lnga'i rgya phibs ches mthos mchod/_/byang chub yan lag bdun rdzogs lha'i khye'u/_/'phags lam brgyad kyi nor bu'i rgyan gyis bklubs/_/zhi lhag rtse brgya rtag tu mi dor bzhin/_/gzungs spobs glu bro rgyun mi 'chad pas mchod/_/chos kyi sdom bzhi'i lha yi rnga bo ches/_/bskul te bgrod pa gcig pu'i lam zhugs te/_/mkha' khyab 'gro ba'i nyer 'tsho'i gzhir gyur nas/_/rdzogs smin sbyang ba'i pha mthar son pas mchod/_/kun bzang rnam thar mi zad brgyad cu'i dpal/_/kun bzang sgyu 'phrul drwa ba'i mchod pa'i sprin/_/kun tu bzang por 'gran pas legs 'bul na/_/kun bzang mchod pa'i tshul dang dbyer med shog_/kun rtog 'khrul pa'i sdig ltung nag po'i sprin/_/stobs bzhi'i 'thor rlung shugs kyis bsal nas kyang*/_/'phags lam snang byed rgyu skar 'bum bkra bas/_/mi slob yon tan mkha' dang mnyam par shog_/pha mtha' yas pa'i tshogs gnyis rgya mtsho'i 'jings/_/rjes su yi rang zla zer gyis bran pas/_/rnam dkar rlabs phreng g.yo bas sgeg pa'i dpal/_/'bad med bdag gir bgyi ba'i thabs mkhas rmad/_/'gro rgyud gshis dang mdza' ba'i las nyon mun/_/sel byed chos kyi 'khor lo'i rtsibs stong gis/_/lam lnga sa gsum srid pa dbang byas pas/_/sku bzhi'i rgyal thabs skyong bar snying nas bskul/_/'gro ba'i legs smon skya reng gis bsus pa'i/_/gang 'dul sprul pa'i 'od stong drwa ba can/_/'phel 'grib mdzad pas nam yang mi brel ba/_/rtag brtan yongs grub nges par gsol ba 'debs/_/ji snyed 'das dang ma 'das legs byas bcud/_/yongs bsngo gser gyi dbyig 'dzin bskyil ba las/_/thams cad mkhyen pa'i nor bu'i mdzod gyur nas/_/sku bzhi'i ri gling bkod pas ches mdzes te/_/rgyal ba kun gyis bsngags 'os yon tan dang*/_/srid zhi nyer 'tsho'i srog gi zungs smin pas/_/rje btsun mkhyen pa'i gter dang gnyis med pa'i/_/ngo mtshar dga' bas mkha' khyab 'gro skyong shog_/gsum pa phur tshugs su gsol ba gdab pa ni/_phyogs dus rgyal ba kun gyi ye shes sku/_/dpal ldan rdzogs pa'i sangs rgyas pad+ma skyes/_/kun mkhyen ye shes gsang ba'i mdzod 'dzin pa/_/'jam dpal yid bzhin nor bur gsol ba 'debs/_/rgyal kun thugs dbus ye shes sems dpa' ste/_/phyogs dus khyon bzhugs rgyal dang rgyal ba'i sras/_/nyan rang so skye bzo dang skye sogs kyi/_/sprul pa bsam las 'das par gsol ba 'debs/_/ngag dang yid kyis mi mtshon mkha' khyab sku/_/rdul bral snang stong sgyu ma chen po'i gzugs/_/dar bab lang tsho'i brtan rdzogs gzhon nu'i sku/_/ye shes lus can khyed la gsol ba 'debs/_/khyod gsung legs bshad sbrang rtsi'i zil mngar ni/_/mtha' yas theg pa rgya mtsho'i ro nus can/_/kun phan kun mthun kun las khyad 'phags pa'i/_/ngag gi dbang phyug chen por gsol ba 'debs/_/zla bas 'phel ba'i dag byed gter gyi 'jings/_/sprin bral lam gyis mi mtshon mnyam nyid thugs/_/srid zhi kun khyab gang gi phyogs ma lhung*/_/gnyis med tshul 'chang thugs la gsol ba 'debs/_/legs bris 'dod 'byung nor bu'i 'khri shing dang*/_/sa bdag 'khor bsgyur dbyig gi rin thang yang*/_/phra mor bgyid pa'i khyod kyi yon tan gter/_/dpog pa min yang dad pas gsol ba 'debs/_/sprin lam rgyu ba'i glog phreng rlung sogs las/_/ches myur phrin las gdul dka'i don mdzad pa'i/_/dpa' bo'i sgyu rtsal rgyal kun las lhag pa'i/_/ngo mtshar me tog bzhad pas gsol ba 'debs/_/'di man chad kun gzigs mkhyen brtses gsungs/_/mkha' khyab rgyal ba kun gyi sku ye shes/_/gcig bsdus bla ma brtan pa'i 'khor lo la/_/mi phyed snying nas gus pas gsol ba 'debs/_/thugs rje'i spyan gyis gzigs shig 'jam pa'i dbyangs/_/rnyed dka'i dal 'byor mi lus thob dus 'dir/_/long med 'chi ba dran pa'i brtson 'grus kyis/_/srid pa'i phun tshogs kun la ma chags pa'i/_/thar 'dod blo gros skyed cig 'jam pa'i dbyangs/_/deng nas bzung ste tshe rabs thams cad du/_/mtshan ldan bla ma dge ba'i bshes gnyen gyi/_/zhabs pad mnyes pa gsum gyis bsten nus pa'i/_/skal pa bzang po skyed cig 'jam pa'i dbyangs/_/de las khas blangs tshul khrims rnam par dag_/mang du thos dang bsam pa'i pha rol son/_/rtse gcig bsgom pas zhi lhag zung 'jug gi_/ting 'dzin sgo brgya skyed mdzod 'jam pa'i dbyangs/_/log smra tshar gcod gzhan dag rjes bzung ba'i/_/thun mong rig pa'i gnas la ma rmongs shing*/_/khyad par sde snod rgyud sde'i nges gsang la/_/'khrul med blo gros stsol cig 'jam pa'i dbyangs/_/'chad mkhas blo ldan bye ba'i yid dbang 'phrog_/rtsod pas phas rgol 'khrul pa'i dregs pa 'joms/_/rtsom pas thub bstan yun ring gsal nus pa'i/_/smra ba'i dbang phyug stsol cig 'jam pa'i dbyangs/_/tha snyad kho na'i gnas la ma zhen par/_/dben pa'i gnas su mdo sngags lam gyi rim/_/tshul bzhin sgrub pas nyams rtogs yon tan kun/_/rtsol med rgyud la skyed cig 'jam pa'i dbyangs/_/gal te tshe 'dir brtan pa ma thob na/_/'chi ba 'od gsal don gyi 'jam pa'i dpal/_/mngon sum mthong nas chos sku'i grong khyer du/_/'bral med rjes su zungs shig 'jam pa'i dbyangs/_der yang 'khrul nas bar dor 'khyams srid na/_/bla ma mchog dang brtan pa'i 'khor lo yi/_/rnam 'phrul du mas dag pa'i zhing khams su/_/lung bstan dbugs dbyung stsol cig 'jam pa'i dbyangs/_/las nyon dbang gis srid par skyes gyur kyang*/_/dal 'byor rten thob theg chen rigs sad nas/_/dka' ba med par lam gyi lhag ma kun/_/rdzogs pa'i rten 'brel sgrigs shig 'jam pa'i dbyangs/_/mdor na 'di phyi bar do'i gnas skabs kun/_/mgon po khyod las skyabs gzhan mi 'tshol bas/_/rang gzhan don gnyis lhun gyis grub pa yi/_/dge mtshan mngon sum stsol cig 'jam pa'i dbyangs/_/skabs 'dir spro na kun mkhyen bla ma mi pham rin po ches mdzad pa 'jam dpal dbyangs kyi gsol 'debs kyang sbyar/_bzhi pa rigs sngags bzlas pas thugs rgyud bskul ba la gnyis las/_dang po shes rab blo 'phel gyi gzungs bzla ba ni/_stong pa'i ngang las skad cig gis/_/pad+ma nyi zla'i gdan gyi steng*/_/rang nyid 'jam dpal gur gum mdangs/_/phyag g.yas shel rab ral gri 'phyar/_/g.yon pas thugs kar glegs bam 'dzin/_/dar dang rin chen rgyan ldan pa/_/rdo rje'i skyil mo krung gis bzhugs/_/snying gi pad+ma 'dab zlum dbus/_/a las zla ba'i dkyil 'khor steng*/_/hU~M mthar sngags kyi phreng bas bskor/_/bzlas pas 'od 'phros pad+ma bye/_/ma rig mun pa yongs su bsal/_/mdun bskyed lha rnams thugs dam bskul/_/dpag med 'od zer zhing kun khyab/_/'gro kun ma rig mun bsal nas/_/de las 'od zer rab 'phros pas/_/ye shes snang ba rgyas par gyur/_/ces bsgom la/_na mo many+dzu shrI ye/_ku mA ra b+hU ta ya b+ho d+hi satwa ya/_ma hA satwa ya/_ma hA ka ru Ni ka ya/_tad+ya thA/_oM a ra dze/_bi ra dze/_shud+d+he bi shud+d+he/_sho d+ha ni/_bi sho d+ha ni/_a ma le/_bi ma le/_nirma ye/_dza ya ba tA ru ru tsa le hU~M hU~M hU~M/_phaT phaT phaT swA hA/_zhes brgya'am nyer gcig bzla/_slob dpon dze tA ri'i man ngag snying gi pad+ma kha 'byed pa'i gdams pa'o/_/gnyis pa 'jam dpal rigs thams cad kun 'dus a ra pa tsa'i sngags bzlas ni/_mdun bskyed kun tu gzigs sogs thugs dbus su/_/dri med zla ba'i dkyil 'khor re re'i steng*/_/kun tu gzigs kyi thugs kar pa dkar po/_/mdun du 'jam dpal thugs kar d+hIHdmar ser/_/klu yi rigs mchog thugs kar na ser po/_/mos pa rab dga'i thugs dbus ra dmar po/_/yum chen thugs kar a mthing yi ges mtshan/_/mtha' bskor rang mdog sngags kyi phreng bas bskor/_/mos gus shugs kyis bskul bas lha lnga'i mdun/_/rang gi snying gar zla ba la gnas pa'i/_/tsa yig ljang gu las 'phros rlung mdog lngas/_/bskul bas so so'i sngags las 'od zer 'phros/_/rab 'byams zhing gi 'phags mchog thugs dam bskul/_/byin rlabs bcud kun dbyangs gsal rten 'brel snying*/_/dkar dmar mthing ga'i yi ge'i rnam par bsdus/_/mdun bskyed thugs la thim pas ye shes kyi/_/'od zer snang bas mi shes sgrib tshogs sbyangs/_/mdun gyi rigs lnga'i thugs las dbyangs gsal dang*/_/rten snying phreng ba bdag thim sgo gsum sbyangs/_/ye shes rnam pa thams cad bdag nyid du/_'od zer chen po'i dbang bskur bstsal bar gyur/_/zhes dmigs la/_oM a ra pa tsa na d+hIH_zhes rtse gcig tu brgya stong sogs ji ltar nus pa bzla/_gsum pa bsags sbyang gis gsol ba gdab pa ni/_grub na lus phyag dang bcas te/_chos dbyings yangs pa chen po'i zhing khams na/_bcom ldan 'das de bzhin gshegs pa dgra bcom pa yang dag pa yang dag par rdzogs pa'i sangs rgyas thams cad kyi yum chen mo shes rab kyi pha rol tu phyin ma la phyag 'tshal lo/_/mchod do skyabs su mchi'o/_/lan bdun brjod cing me tog 'thor/_smra bsam brjod med shes rab pha rol phyin/_/ma skyes mi 'gag nam mkha'i ngo bo nyid/_/so so rang rig ye shes spyod yul ba/_/dus gsum rgyal ba'i yum la phyag 'tshal lo/_/tshig bral ngag gi lam gyis mi mtshon pa'i/_/de bzhin nyid chos rang bzhin nam mkha' 'dra/_/sems dang yid kyi rgyu ba rnam spangs pa/_/mchog rab ngo mtshar che ba dam pa shes/_/zhes dang*/_kun 'byung mun pa'i sa bon drung 'byin zhing*/_/sdug bsngal zug rngu'i rtsa ba rtsad nas gcod/_/theg gsum chos kyi bdud rtsi 'byung ba'i gnas/_/rgyal yum shes rab phar phyin phyag 'tshal lo/_/dngos su bshams dang gzungs dang rig pa dang*/_/mos pa'i stobs kyis bskyed pa'i mchod pa'i sprin/_/kun tu bzang po'i smon lam las byung ba/_/nam mkha'i pha mthar khyab pas rtag tu mchod/_/thog med nas bsags sdig ltung thams cad bshags/_/dus gsum dge ba kun la rjes yi rang*/_/chos 'khor bskor zhing yun du bzhugs par gsol/_/bsod nams bla med byang chub chen por bsngo/_/rgyal yum shes rab phar phyin thugs bskyed dang*/_/mdzad pa smon lam mkhyen brtse nus pa'i tshul/_/bla med ye shes sgyu 'phrul ji 'dra ba/_/de 'dra kho nar bdag sogs 'gyur bar shog_/'di nas shi 'phos gyur tshe yum chen mo'i/_/chos dbyings mnyam pa nyid gyur yon tan ldan/_/'phags bzhi'i yum chen shes rab phar phyin gyi/_/dgongs pas rgyal kun mnyes par byed gyur cig_/rdul bral yang dag bsags pa'i zhing na bzhugs pa'i ston pa bcom ldan 'das de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas _snying rje pad+ma dkar po dang dkon brtsegs le'u bco lnga pa 'jam dpal zhing gi yon tan bkod mdo las gsungs/_mchan/_mgon po kun tu gzigs la phyag 'tshal lo/_/mchod do skyabs su mchi'o/_/zhes lan bdun du brjod cing me tog 'thor te/_dag la rdul med bsags pa'i zhing mchog tu/_sangs rgyas bye ba phrag khrig 'bum phrag gi_/mtshan thos las lhag yang dag rdzogs sangs rgyas/_/mgon po kun tu gzigs la phyag 'tshal lo/_/sngon tshe de bzhin gshegs de'i mtshan brjod tshe/_/srog chags bye ba phrag khrig 'bum brgyad cu/_/rtsa bzhi'i rgyud la byang chub sems skyes pa'i/_/zla med 'dren pa de la phyag 'tshal lo/_/rgya mtsho che las skra rtse brgyar gshag pa'i/_/chu yi thig blangs bde chen zhing khams dang*/_/lhag ma lus pa kun tu gzigs chen po'i/_/yon tan mtshungs par bsngags la phyag 'tshal lo/_/dngos su bshams dang gzungs dang rig pa dang*/_/mos pa'i stobs kyis bskyed pa'i mchod pa'i sprin/_/kun tu bzang po'i smon lam las byung ba/_/nam mkha'i pha mthar khyab pas rtag tu mchod/_/thog med nas bsags sdig ltung thams cad bshags/_/dus gsum dge ba kun la rjes yi rang*/_/chos 'khor bskor zhing yun du bzhugs par gsol/_/bsod nams bla med byang chub chen por bsngo/_/mgon po kun tu gzigs kyi thugs bskyed dang*/_/mdzad pa smon lam mkhyen brtse nus pa'i tshul/_/bla med ye shes sgyu 'phrul ji 'dra ba/_/de 'dra kho nar bdag sogs 'gyur bar shog_/'di nas shi 'phos gyur tshe sangs rgyas kyi/_/zhing der brdzus skyes gzungs sogs yon tan ldan/_/kun tu gzigs la sogs pa'i rgyal kun las/_/bka' lung nod cing mnyes par byed gyur cig_/de bzhin du/_lho phyogs mnyam pa chen po'i zhing na bzhugs pa'i bcom ldan 'das de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas klu yi _dpa' bar 'gro ba'i ting nge 'dzin zhes bya ba'i mdo las gsungs/_mchan/_rigs la phyag 'tshal lo/_/mchod do skyabs su mchi'o/_/zhes lan bdun brjod bzhin phyag 'tshal zhing me tog 'thor/_lho phyogs mnyam pa chen po'i zhing bzhugs pa'i/_/byang sems bye ba bdun cu nyan thos 'khor/_/bye ba brgyad cu rang rgyal bcu drug sogs/_/smin mdzad klu yi rigs la phyag 'tshal lo/_/mtshan dpe'i mdzes skus nyi 'bum mog por byed/_/theg mchog chos kyi dbyangs snyan sgrogs pa'i gsung*/_/chos dbyings kun khyab mkhyen brtse'i dkyil 'khor rgyas/_/sangs rgyas kun dang gnyis med khyod phyag 'tshal/_/dus gsum kun tu ye shes gcig nyid las/_/mi g.yo gang 'dul mdzad pa rgya mtsho yis/_/rgyal dang rgyal ba'i sras gyur kun las 'phags/_/srid zhi nyer 'tsho'i mgon la phyag 'tshal lo/_/dngos su bshams dang gzungs dang rig pa dang*/_/mos pa'i stobs kyis bskyed pa'i mchod pa'i sprin/_/kun tu bzang po'i smon lam las byung ba'i/_/nam mkha'i pha mthar khyab pas rtag tu mchod/_/thog med nas bsags sdig ltung thams cad bshags/_/dus gsum dge ba kun la rjes yi rang*/_/chos 'khor bskor zhing yun du bzhugs par gsol/_/bsod nams bla med byang chub chen por bsngo/_/mgon po klu yi rigs mchog thugs bskyed dang*/_/mdzad pa smon lam mkhyen brtse nus pa'i tshul/_/bla med ye shes sgyu 'phrul ji 'dra ba/_/de 'dra kho nar bdag sogs 'gyur bar shog_/'di nas shi 'phos gyur tshe sangs rgyas kyi/_/zhing der brdzus skyes gzungs sogs yon tan ldan/_/klu yi rigs mchog la sogs rgyal kun las/_/bka' lung nod cing mnyes par byed gyur cig_/byang phyogs rtag pa rab tu dga' ba'i zhing na bzhugs pa'i bcom ldan 'das de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas mos pa rab dga'i snying po nor bu rin chen brtsegs pa'i _sor mo'i phreng ba la phan gdags pa'i mdo las gsungs/_mchan/_rgyal po la phyag 'tshal lo/_/mchod do skyabs su mchi'o/_/zhes lan bdun brjod la phyag 'tshal zhing me tog 'thor/_byang phyogs rtag par rab dga' sdug pa'i zhing*/_/rga na 'chi dang nyan rang ming med par/_/theg chen ston pa yang dag rdzogs sangs rgyas/_/mos pa rab dga'i snying por phyag 'tshal lo/_/zhing dang de bzhin gshegs de'i mtshan thos te/_/dad pas phyag 'tshal mos kun tshe 'phos nas/_/ngan 'gro'i sgo bcad dga' ba can gyi zhing*/_/'dren mdzad mgon po mchog la phyag 'tshal lo/_/khyod kyis mtshan thos gsol ba 'debs pa dag_/ngan 'gro'i sgo bzhi bcad cing 'jigs kun zhi/_/gdon gyis mi tshugs rtag tu srung mdzad pa'i/_/mkhyen brtse'i ye shes brnyes la phyag 'tshal lo/_/dngos su bshams dang gzungs dang rig pa dang*/_/mos pa'i stobs kyis bskyed pa'i mchod pa'i sprin/_/kun tu bzang po'i smon lam las byung ba'i/_/nam mkha'i pha mthar khyab pas rtag tu mchod/_/thog med nas bsags sdig ltung thams cad bshags/_/dus gsum dge ba kun la rjes yi rang*/_/chos 'khor bskor zhing yun du bzhugs par gsol/_/bsod nams bla med byang chub chen por bsngo/_/mos pa rab dga' snying po'i thugs bskyed dang*/_/mdzad pa smon lam mkhyen brtse nus pa'i tshul/_/bla med ye shes sgyu 'phrul ji 'dra ba/_/de 'dra kho nar bdag sogs 'gyur bar shog_/'di nas shi 'phos gyur tshe sangs rgyas kyi/_/zhing der brdzus skyes gzungs sogs yon tan ldan/_/mos pa rab dga' la sogs rgyal kun las/_/bka' lung nod cing mnyes par byed gyur cig_/byang chub sems dpa' sems dpa' chen po 'jam dpal gzhon nur _dkon mchog brtsegs pa'i le'u bco lnga pa 'jam dpal zhing gi yon tan bkod pa las gsungs/_mchan/_gyur pa la phyag 'tshal lo/_/mchod do skyabs su mchi'o/_/zhes lan bdun brjod de phyag 'tshal me tog 'thor nas/_/shar phyogs 'byung ba bzang po'i zhing bzhugs pa'i/_/de bzhin gshegs pa 'brug sgra'i dbyangs kyi mdun/_/'khor los bsgyur rgyal nam mkhar gyur nas kyang*/_/bla med byang chub thugs bskyed phyag 'tshal lo/_/shes bya'i mkha' dbyings zab cing yangs pa la/_/blo gros dkyil 'khor rgyas pa'i 'od zer gyis/_/skye dgu'i ma rig mun pa'i tshogs bsal ba/_/rje btsun 'jam dpal dbyangs la phyag 'tshal lo/_/zab cing rgya che'i ngo mtshar rnam thar mtha'/_/mtha' dag gsung la tshangs pa'i dbyangs kyis kyang*/_/pha mtha' gtugs min mtshungs med rgyal ba'i sras/_/'jam dpal dpa' bo'i zhabs la phyag 'tshal lo/_/dngos su bshams dang gzungs dang rig pa dang*/_/mos pa'i stobs kyis bskyed pa'i mchod pa'i sprin/_/kun tu bzang po'i smon lam las byung ba/_/nam mkha'i pha mthar khyab pas rtag tu mchod/_/thog med nas bsags sdig ltung thams cad bshags/_/dus gsum dge ba kun la rjes yi rang*/_/chos 'khor bskor zhing yun du bzhugs par gsol/_/bsod nams bla med byang chub chen por bsngo/_/rje btsun 'jam dpal dbyangs kyi thugs bskyed dang*/_/mdzad pa smon lam mkhyen brtse nus pa'i tshul/_/bla med ye shes sgyu 'phrul ji 'dra ba/_/de 'dra kho nar bdag sogs 'gyur bar shog_/'di nas shi 'phos gyur tshe sangs rgyas kyi/_/zhing der brdzus skyes gzungs sogs yon tan ldan/_/rje btsun 'jam dpal dbyangs sogs rgyal sras las/_/bka' lung nod cing mnyes par byed gyur cig_/gsum pa rjes rim dang po tshogs gnyis spel ba'i phyir kun rdzob dang don dam gyi sems bskyed ni/_phyogs bcu na bzhugs pa'i sangs rgyas dang*/_byang chub sems dpa' thams cad bdag la dgongs su gsol/_bdag ming 'di zhes bgyi bas/_dus 'di nas bzung ste/_byang chub snying por mchis kyi bar/_/sangs rgyas rnams la skyabs su mchi/_/chos dang byang chub sems dpa' yi/_/tshogs la'ang de bzhin skyabs su mchi/_/lan gsum gyis sems bskyed rten skyabs 'gro dang*/_tshogs bsags yan lag bdun pa 'jam mgon mi pham rin po che'i gsung*/_oM/_snang srid rnam dag mnyam nyid chos sku'i ngang*/_/gdod nas rnam grol chen por phyag 'tshal lo/_/gang snang bde chen rdo rje'i rang bzhin gyis/_/kun bzang sgyu 'phrul drwa ba'i mchod pa 'bul/_/rang sems rnam rtog 'khrul pa'i nyes pa yis/_/ma dag nongs par gyur pa mthol lo bshags/_/'di ltar bde chen chos skur ro gcig pa'i/_/yang dag don la mi phyed yi rang ngo*/_/mnyam nyid ngang nas thugs rje'i rol pa yis/_/chos kyi 'khor lo rgyun mi 'chad par bskor/_/sku gsum rol pa nam yang mi zad pa'i/_/rtag pa chen por bzhugs la gsol ba 'debs/_/thams cad ma lus dge zhing legs pa'i lam/_/rang grol don gyi sangs rgyas 'grub par shog_/sems bskyed dngos gzhi'i dang po kun rdzob sems bskyed pa ni/_phyogs bcu na sogs gong ltar dgongs gsol sngon du 'gro bas/_ji ltar sngon gyi bde gshegs kyis/_/byang chub thugs ni bskyed pa dang*/_/byang chub sems dpa'i bslab pa la/_/de dag rim bzhin gnas pa ltar/_/bdag kyang 'gro la phan don du/_/byang chub sems ni bskyed bgyi zhing*/_/de bzhin du ni bslab pa la'ang*/_/rim pa bzhin du bslab par bgyi_/lan gsum gyis smon 'jug stabs gcig tu len/_rjes la dga' ba bsgom pa ni/_deng dus bdag tshe 'bras bu yod/_/mi yi srid pa legs par thob/_/de ring sangs rgyas rigs su skyes/_/sangs rgyas sras su da gyur to/_/rgyal po blon po las dang po'i/_/ltung ba lnga lnga brgyad la sogs/_/rtsa ba dang ni yan lag gi_/nyes ltung rnams kyis ma gos par/_/da ni bdag gis ci nas kyang*/_/rigs dang mthun pa'i las brtsams te/_/skyon med btsun pa'i rigs 'di la/_/rnyogs par mi 'gyur de ltar bya/_/bdag gis de ring skyob pa thams cad kyi/_/spyan sngar 'gro ba bde gshegs nyid dang ni/_/bar du bde la mgron du bos zin gyi/_/lha dang lha min la sogs dga' bar gyis/_/zhes don dam sems bskyed ni/_sangs rgyas dang byang chub sems dpa' thams cad bdag la dgongs su gsol/_bdag ming 'di zhes bgyi ba/_dus 'di nas bzung ste/_nam byang chub snying po la mchis kyi bar du/_dngos po thams cad dang bral ba/_phung po dang khams dang skye mched dang gzung dang 'dzin pa rnam par spang ba chos bdag med pa mnyam pa nyid kyi phyir rang gi sems gdod ma nas ma skyes pa stong pa nyid kyi ngo bo nyid du ji ltar sangs rgyas bcom ldan 'das rnams dang byang chub sems dpa' rnams kyi byang chub tu sems bskyed pa de bzhin du bdag gis kyang bskyed do/_/zhes lan gsum du brjod cing don dam spros bral mnyam pa nyid kyi ngang du ci gnas su mnyam par bzhag_/de las ldang ba ni/_byang chub sems mchog rin po che/_/ma skyes pa rnams skyes gyur cig_/skyes pa nyams pa med par yang*/_/gong nas gong du 'phel bar shog_/byang chub sems dang mi 'bral zhing*/_/byang chub spyod la gzhol ba dang*/_/sangs rgyas rnams kyis yongs bzung zhing*/_/bdud kyi las rnams spong bar shog_/byang chub sems dpa' rnams kyis ni/_/'gro don thugs la dgongs 'grub shog_/mgon po yis ni gang dgongs pa/_/sems can rnams la'ang de 'byor shog_/sems can thams cad bde dang ldan gyur cig_/ngan 'gro thams cad rtag tu stong par shog_/byang chub sems dpa' gang dag sar bzhugs pa/_/de dag kun gyi smon lam 'grub par shog_/gnyis pa gtor ma 'bul ba ni/_rin po che la sogs pa'i gtor snod nang du gzugs sgra dri ro reg bya skye mched kyi ngo bor gyur pa'i gtor ma 'dod pa'i yon tan bsam gyi mi khyab pas gang bar gyur/_/oM a kA ro sogs lan gsum gyis brlabs nas/_gtor ma dang por/_oM many+dzu shrI g+ho Sha sarba ta thA ga ta dza ya pU tra sa pa ri wA ra a kA ro sogs btags pa gsum gyis 'jam dpal dbyangs dang dkon mchog gsum la phul nas/_bla ma rje btsun 'phags pa 'jam dpal dbyangs sgyu 'phrul drwa ba rgyal ba sras dang bcas pa dkon mchog rin chen rnams kyis mchod sbyin gyi gtor ma rgya chen po 'di bzhes la/_bdag cag 'khor dang bcas pas rje btsun 'jam dpal dbyangs kyi rjes su slob cing sgrub pa'i g.yar dam 'chang ba la bar du gcod pa zhi ba dang ji ltar bsam pa bzhin 'grub par byin gyis brlab par mdzad du gsol/_zhes gsol ba gdab/_gtor ma gnyis pa/_oM d+harma pA la oM a kA ro sogs btags pa lan gsum gyis chos skyong spyi la phul nas/_dpal rdo rje nag po chen po la sogs pa chos skyong ba'i srung ma rnams dang*/_dkar phyogs la mngon par dga' ba'i lha klu gnod sbyin 'byung po'i tshogs rnams mchod sbyin gyi gtor ma rgya chen po 'di bzhes la/_sangs rgyas kyi bstan pa dar ba dang 'jig rten du dge legs rgya chen 'byung ba dang*/_bdag cag dpon slob rnams rje btsun 'jam dpal dbyangs kyi byang chub kyi spyod pa rgya mtsho'i rjes su slob pa bzhin 'grub pa'i sdong grogs dam pa mdzad du gsol/_/zhes 'dod don gsol/_gtor ma gsum pa/_gnyug mar gnas pa'i gzhi yi bdag po rnams mdun du mngon sum bzhin 'khod par bsam la/_b+hU mi pa ti sa pa ri wA ra oM a kA ro sogs btags pa lan gsum gyis bsngos la/_mchod sbyin gyi gtor ma rgya chen po 'di gzhi bdag_/gnas bdag_/grong bdag_/dkor bdag_/gnyug mar gnas pa rnams la 'bul lo/_mchod do/_stob bo/_bzhes shig_/sangs rgyas kyi bstan pa dar ba dang*/_/'jig rten gyi khams su bde legs 'byung ba dang*/_bdag cag dpon slob rnams kyis rje btsun 'jam dpal dbyangs mchod cing rjes su slob pa la dga' zhing rjes su yi rang nas bar du gcod pa thams cad srung ba'i stong grogs dam pa mdzod cig_/ces phrin las bcol/_bzhi pa tshogs zhing bsdu ba ni/_'khor rnams 'od du rim gyis gtso la thim/_/gtso bo'i sku las 'od zer bdud rtsi'i rgyun/_/spyi bo nas zhugs lus gang sgrib kun zhi/_/byin rlabs dbang bskur rdo rje'i ye shes bskyed/_/mthar ni 'od du rang thim gnyis med ngang*/_/'jam dpal ye shes sems dpa'i skur gyur nas/_/snang srid bde chen mnyam nyid byang chub sems/_/ma bcos blo 'das rdzogs pa chen po'o/_/zhes mos la mnyam par bzhag_/spro na gong gi gsol 'debs kyi skabs dang*/_gzungs bzla ba'i skabs dang*/_skabs 'di gsum du 'jam dpal sgyu 'phrul drwa ba'i rgyud rgyas bsdus gang rung bklag_/snga ma gnyis la ma grub kyang skabs 'dir lan gcig nges par bklag_oM many+dzu shrI pa ra dA badz+ra ma~M swA hA/_zhes cung zad bzla/_gsum pa gtang rag gi slad du yan lag bdun pa phul ba ni/_'jam dpal sgyu 'phrul drwa ba'i rnam rol sogs/_/phyogs bcu dus bzhi'i rgyal ba sras dang bcas/_/rdul gcig steng na rdul snyed bzhugs pa yi/_/bla med 'phags pa'i tshogs la phyag 'tshal lo/_/dngos bshams gzungs rig mos stobs kyis sprul pa'i/_/mchod tshogs kun 'bul sdig ltung thams cad bshags/_/dge la yi rang bskul zhing gsol ba 'debs/_/'dis mtshon dge ba byang chub chen por bsngo/_/bzhi pa bsngo smon ni/_tshig don la sems gzhol bas/_dang po thugs bskyed go cha bzhes pa dang*/_/bar du rdzogs smin sbyangs ba'i rnam thar mthu/_/mthar 'bras sku bzhi'i khyab bdag ye shes dpal/_/phyogs dus rnam 'dren kun las khyad 'phags pa/_/rje btsun 'jam dbyangs mchod cing gsol ba 'debs/_/legs byas ston zla 'dzum pa'i mtshar sdug la/_/yongs bsngo bdud rtsi'i zil mngar 'bum 'dzag pas/_/chos dbyings 'chi med lam kun mdzes byas nas/_/ngo mtshar chu gter zad mi shes gyur cig_/sngon tshe grangs med bskal pa'i pha rol du/_/'khor los bsgyur rgyal nam mkha'i tshul bstan nas/_/bde gshegs 'brug sgra'i dbyangs kyi rgyal po'i mdun/_/nyon mongs mi zad mi dge'i las spangs nas/_/tshangs par spyod pas sangs rgyas rjes slob ste/_/phyi ma'i mu mthar sems can gcig phyir yang*/_/byang chub spyod spyad mngon sangs mi rgya bar/_/sangs rgyas zhing sbyangs phyogs bcu'i 'jig rten du/_/bdag gi ming thos kun tu grags gyur cig_/bskal pa gang+ga'i bye snyed bzhi 'das tshe/_/lho phyogs rdul bral yang dag bsags pa ru/_/'jam dpal bde gshegs kun tu gzigs gyur tshe/_/bdag kyang 'khor gyi thog mar skye bar shog_/mngon sangs rgyas nas mya ngan 'das kyi bar/_/rdo rje'i stan las mi g.yo sprul pa'i tshogs/_/dpag med 'byed pas 'gro la chos ston cing*/_/rnam grol lam ston mdzad der skye bar shog_/sangs rgyas zhing khams gang+ga du ma yi/_/bye ma'i grangs snyed tha gru ltar yangs par/_rin chen brgya stong du mas spras pa yi/_/srid rtse'i tshad dang mnyam der skye bar shog_/dag pa'i zhing der bud med mngal skyes dang*/_/nyan rang ming med zhe sdang tha ba spang*/_/'chab pa'i skyon bral kun kyang tshangs par spyod/_/dge sbyong tshul can zhing der skye bar shog_/kun kyang skra bregs ngur smrig rgyal mtshan can/_/ro brgya'i zas spyod zhing gzhan nyan rang dang*/_/yi dwags tshims byas mi khom gnas brgyad dang*/_/sdug bsngal ming mi grags der skye bar shog_/zhing gzhan mi srid nor bus yongs su gang*/_/tsha grang na dang rga 'chi sgra mi grags/_/rang lus gser sogs gang 'dod der snang zhing*/_/sil snyan sgra las gang 'dod sde snod thos/_/rin chen las grub shing dang lha'i me tog_/man dA ra bas khor yug kun gang ngad/_/dri zhim spos sprin kun khyab bdud rtsi'i chu/_/chos snyan sgra sgrogs zhing der skye bar shog_/byang chub shing 'od sangs rgyas zhing bye ba/_/khrag khrig 'bum khyab nyi zla glog 'od med/_/nyin mtshan pad mo 'byed 'dzum der skye shog_/zhing der blta 'dod byang chub shing sangs rgyas/_/mjal ba'i mod nas sems nyid the tshom zhi/_/gzungs dang spobs pa'i sgo rnyed sngon ma thos/_/chos sgo mtha' yas ston der skye bar shog_/phyogs bcu'i 'jig rten bye ba phrag khrig ni/_/'bum phrag tshad med bzhugs pa'i zhing khams kyi/_/yon tan bkod pa zhing gcig la rdzogs pa'i/_/ngo mtshar rmad du byung der skye bar shog_/sangs rgyas bye ba phrag khrig 'bum gyi mtshan/_/brjod las 'jam dpal gcig gi mtshan brjod pa'i/_/bsod nams che bsngags mngon sangs rgyas pa'i mtshan/_/kun tu gzigs kyi zhing du skye bar shog_/rgyal po nam mkhas byang chub thugs bskyed tshe/_/srog chags bye ba nyi shus sems bskyed cing*/_/kun tu gzigs mtshan thos pas bye ba phrag_/'bum phrag brgyad cu rtsa bzhir grol bzhin shog_/sngon tshe rnam par snang ba zhing gi rgyal/_/mya ngan 'das nas 'phags pa 'jam dpal dbyangs/_/rang sangs rgyas ston srog chags bye ba phrag_/sum cu rtsa drug sgrol bzhin bdag nus shog_/lho phyogs mnyam zhing 'das pa'i sangs rgyas zhing*/_/bde gshegs klu yi dbang po'i tshul bstan nas/_/bye ba bdun cu byang sems bye ba phrag_/brgyad cu nyan thos bye ba stong phrag ni/_/rang sangs rgyas su sgrol sogs lha dang mi'i/_/gdul bya'i don du mchod rten bye ba phrag_/sum cu rtsa drug chos ni lo 'bum du/_/gnas pas don mdzad ji bzhin bdag gyur shog_/mi mjed byang phyogs rtag par rab dga' zhing*/_/da lta'i sangs rgyas mos pa rab dga'i snying*/_/sdug bsngal theg dman med pa'i byang sems 'khor/_/tshe dang gzi brjid ldan der skye bar shog_/sangs rgyas spyan gyis gzigs pa'i zhing ji snyed/_/rin chen gyis bkang rgyal la mchod pa dang*/_/sgom pa'i sems can tshul khrims la gnas te/_/phyi mthar thug bar sbyin pas tshims byas pas/_/'jam dpal gzhon nu'i rjes su slob sems pa/_/bsod nams che bar bsngags bzhin rjes slob shog_/'od kyi tog dang ye shes bla ma mchog_/zhi ba'i dbang po smon lam blo gros sogs/_/mgon po khyod kyi rjes su slob pa ltar/_/bdag kyang 'jam dpal dpa' bo'i rjes slob shog_/ma skyes dgra btul _ma skyes dgra'i 'gyod pa bsal ba'i mdo las gsungs/_byang chub gnas la bkod/_/nor bzang byang chub spyod pa rgya mtsho ston/_/smad 'tshong gser mchog 'jigs byin sgrol _'jam dpal rnam par rol pa'i mdo las gsungs/_mdzad ltar/_/thabs mkhas spyod pa rlabs chen spyod nus shog_/'jam dpal zhes pa'i mtshan gyi sgra bsgrags pas/_/bdud gnas g.yo zhing tshe 'phos snyam byed ltar/_/rnam dbyer med pa'i sems can don byas nas/_/'gro kun 'jigs dang sdug bsngal las skyob shog_/lha'i bu blo gros rab gnas kyi zhus pa'i mdo las gsungs/_mdor na sangs rgyas bye ba phrag khrig 'bum/_/mtshan nas brjod las 'jam dpal gzhon nu'i mtshan/_/lan gcig brjod pa bsod nams che gsungs pas/_/dad blos mtshan brjod phyag mchod phul ba'i dges/_/srid zhi'i dge legs dpal gyur rgyal ba'i bstan/_/'jam dpal zhing gi yon tan bstan pa'i mdo las gsungs/_bshad sgrub las kyi 'khor los gong du 'phel/_/de 'dzin skyes bu'i sku tshe mdzad phrin dang*/_/thugs kyi bzhed don 'bad rtsol med par 'grub/_/mkha' khyab yid can 'khrul snang khri mun brdol/_/phan bde dpal 'byor rdzogs ldan bzhin 'byor nas/_/dkon mchog mtshan thos byang chub spyod rdzogs pa/_/rje btsun ye shes gter chen bzhin gyur cig_/bdag kyang tshe rabs phreng ba thams cad du/_/rgyal kun yab des rjes bzung mkhyen brtse nus/_/mtshungs med rgyal ba dgyes pa'i lam zhugs nas/_/srid zhi las 'das go 'phang brnyes gyur cig_/lnga pa shis pa brjod pa ni/_bkra shis lha yi mchog gyur 'das pa'i dus kyi tshe/_/mnyam pa chen po'i zhing bzhugs bde gshegs klu yi rigs/_/theg gsum bdud rtsir spyod 'bras mngon gyur 'khor bcas kyis/_/'gro kun mi gnas myang 'das dpal thob bkra shis shog_/da lta byang phyogs mos pa rab dga' sdug pa'i zhing*/_/rnam 'dren nyi ma mos pa rab tu dga' ba'i mtshan/_/theg chen byang chub spyod gtsang 'ba' zhig ston mdzad des/_/mkha' mnyam yid can theg mchog chos spyod bkra shis shog_/ma 'ongs rdul bral yang dag bsags pa dag pa'i zhing*/_/rdzogs pa'i sangs rgyas mgon po kun tu gzigs chen po/_/sangs rgyas kun gyi zhing dang mtshan brjod las lhag pa'i/_/bkra shis kun gyi bkra shis mchog gi bkra shis shog_/phyogs dus zhing na sangs rgyas ye shes spyan ras kyi/_/gzigs pas 'jam dpal dbyangs kyis byang chub ma bkod pa/_/gcig kyang med par rgyal sras thu bo'i tshul 'dzin pa/_/rgyal kun yab de'i rjes su 'dzin pa'i bkra shis shog_/rnam kun mchog ldan zab zhi chos kyi dbyings chen por/_/mchog tu mi 'gyur zag med bde ba'i dga' ston la/_/rtag tu ngal 'tsho 'pho 'gyur mtshan ma'i spros bral ba'i/_/'phags bzhi'i yum gyis srid zhi'i gdung sel bkra shis shog_/ces brjod pas dge legs kyi snang ba phyogs dus kun tu khyab par bya'o/_/mtshan tsam bzung bas 'khor ba phyir bsnyil zhing*/_/bdud rigs dpa' bkong mdzad sogs ngo mtshar gyi/_/phan yon mtha' yas rgyal gsung tshad ma'i phyir/_/tshul 'di bgyi ba don dang ldan par rloms/_/snyigs ma'i sems can bsod nams 'byor pas phongs/_/nad mug mtshon gyi zug rngu ches ldang tshe/_/'bad rtsol chung ngus don chen 'grub mthong nas/_/'jam mgon yab sras gsung la brten nas bkod/_/rab dge dri med nor bu chu shel sprin/_/chos dbyings mkha' la mdzes par bres 'dis kyang*/_/bstan 'gro'i rgud sel dge legs zhing sa ru/_/sku bzhi'i snye ma g.yur du za bar shog_/'jam dpal ye shes snang ba'i gter gcig gis/_/tshe rabs kun tu dgyes pa'i 'bab stegs gyur/_/bstan 'gro'i rgud sel gzungs spobs smon lam gyis/_/rgyal kun yab dang gnyis med gcig gyur cig_/ces pa 'di yang 'jam dpal dngos su grub pa'i slob dpon du mas rjes su bzung zhing*/_'jam dpal dbyangs dngos mkhyen brtse'i dbang pos byin gyis brlabs pa'i mtshan 'chang zhing*/_'jam dpal dbyangs kyi rgyud lung man ngag du ma'i thos bsam gyi skal pa dge ba/_'jam dpal dga' ba'i bshes gnyen tshangs sras dgyes pa'i rdo rje'am bkris dpal 'byor du 'bod pa'i phyogs bral kun tu rgyu ba gang*/_'jam dpal dbyangs kyi phyag mtshan du bzhes pa'i rgya nag ri bo rtse lngas mdzes pa'i zhing du kha 'khyal ba'i tshe/_dad blo gsal ba kha ba sprul sku chos kyi nyi ma dang*/_sib bkra shis chos gling gi sprul sku zung gis rab 'byams mchog sprul sbran nas lha rdzas kyi rten dang bcas te dwangs bsil ri bo rtse lnga nas dag pa'i gzigs snang dang mthun pa'i cho ga zhig brtsams par bskul kyang*/_kho bo ni lo na smin bzhin rtsa rlung rgud cing*/_dkor nag gi ri bos gnya' bar mnan te phag pa bzhin nyal ba las dag pa'i gzigs snang nam yang med kyang rigs kun khyab bdag 'jam mgon bla ma'i mchog sprul 'jam dpal chos kyi rgya mtshos zhing khyad par can mi pham rin po che'i thugs dam rten 'jam dbyangs gsung byon ma'i mdun mchod me 'bum phrag phul ba'i skabs nyem khor gyur pa'i rkyen gyis 'jam dpal mchod pa'i cho ga zhig grub par gyis zhes bka' lung gser gyi cod pan spyi bor bcings pas mdo rgyud kyi lung dang mthun pa'i zhing sbyang gi cho ga 'di ltar bris na don dang ldan par mthong nas byang chub sems dpa' chen po chos 'phags kyi bzhugs gnas rgya nag khri 'du grong khyer spos ngad ldan nas dbu 'dzin byas te mtha' yongs su rdzogs pa lho ljongs chos kyi dga' tshal gyi bye brag mtha' 'dul gyi gtsug lag khang spa gro skyer chu'i 'dabs 'byor ba'i bsam gtan gyi spyil bu bkris dga' ba 'khyil bar rdzogs par byas pa 'dis kyang 'brel tshad rje btsun 'jam pa'i rdo rje'i rnam thar gyi rjes su slob par gyur cig_/_//
 
</onlyinclude>
</onlyinclude>
 
{{TsagliCall}}
</div>
<headertabs/>
== Footnotes ==
<references/>
==Other Information==
{{Footer}}
[[Category:DKR-KABUM-Volume-04-NGA]]
[[Category:DKR-KABUM-Volume-04-NGA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]
[[Category:Text Pages in Wylie]]

Revision as of 12:32, 7 November 2022

Wylie title DKR-KABUM-04-NGA-015.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "nga"., Text 15, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "NGA" is not a number.

"NGA" is not a number.

[edit]
༄༅། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་ཞིང་དང་མཚན་གྱི་བཀོད་པ་ལ་བསྟེན་པའི་མཆོད་ཅིང་གསོལ་བ་འདེབས་པའི་རིམ་པ་ངོ་མཚར་ཡེ་ཤེས་རྒྱ་མཚོའི་རླབས་ཕྲེང་ཞེས་བྱ་བ་བཞུགས།། ༄༅། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། སྐལ་བཟང་གང་ཞིག་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་རྩ་བ་ཡེ་ཤེས་འདོད་དགུའི་སྣང་བ་ལ་བདེ་བླག་ཏུ་ལོངས་སུ་སྤྱོད་པར་འདོད་པས་རྒྱལ་ཀུན་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཁྱབ་བདག་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཐུགས་དམ་རྗེས་སུ་བསྐུལ་བའི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་པར་བྱ་བ་ལ། སྔོན་དངོས་རྗེས་གསུམ་ལས། དང་པོ་ལའང་ཐོག་མར་ཡོ་བྱད་བཤམ་བཀོད་ནི། གཙང་མའི་གནས་ཁང་རྒྱན་དང་བྱི་དོར་ལེགས་པར་བྱས་པའི་དབུས་སུ་འཕགས་པ་འཇམ་དཔལ་གཙོ་བོར་གྱུར་པའི་སྐུ་གསུང་ཐུགས་རྟེན་བྱིན་རླབས་ཁྱད་པར་དང་ལྡན་པའི་མདུན་སྟེགས་ལྷ་རྫས་ཀྱིས་བཀབ་པར་རིན་པོ་ཆེའི་མཎྜལ་དྲི་བཟང་གིས་གཤེར་བའི་ཚོམ་བུ་ལྔ་བཀོད་པའི་མདུན། འབུལ་གཏོར་དཀར་ཟླུམ་ཟས་སྣ་བཟང་དགུས་བསྐོར་བ་དང༌། དཀར་གཏོར་གཉིས་བཅས་སྣོད་སོ་སོར་བཤམས། མེ་ཏོག་སོགས་ཉེར་སྤྱོད་མཆོད་པའི་ཕྲེང་བ་བརྒྱ་སྟོང་སོགས་ཇི་ཙམ་འབྱོར་བ་དང༌། ཁྲུས་གསོལ་གྱི་ཡོ་བྱད་དྲི་བཟང་གི་ཆུ་གཙང༌། མེ་ལོང་སྐུ་ཕྱི་གོས་ཟུང་བཅས་དང༌། རང་གི་མདུན་དུ་འཐོར་ནས་དང་རོལ་མོ་སོགས་བཀོད་ལ། གཉིས་པ་ངེས་འབྱུང་གི་བློ་བསྐུལ་བ་ནི། རབ་འབྱམས་རྒྱལ་བའི་ཡེ་ཤེས་སྐུ་གཅིག་པུ། །བཀའ་དྲིན་མཉམ་མེད་ཁྱབ་བདག་བླ་མ་དང༌། །རྣམ་དབྱེར་མེད་པ་དགྱེས་འཛུམ་ཤིག་གེ་བར། །བཞུགས་ནས་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །རྙེད་དཀའ་དོན་ལྡན་དལ་འབྱོར་རྟེན་ཐོབ་ཀྱང༌། །དོ་ནུབ་ཙམ་ཡང་མི་འཆིའི་གདེང་མེད་ཅིང༌། །ཤི་བའི་འོག་ཏུ་ལས་ཀྱི་རྗེས་འབྲང་ནས། །འཁོར་བར་གར་སྐྱེས་སྡུག་བསྔལ་རང་བཞིན་ཕྱིར། །བདག་གཞན་སྲིད་ལས་ངེས་པར་འབྱུང་བའི་བློས། །ཞེས་དད་དང༌། ངེས་འབྱུང་ཐར་འདོད་ཀྱིས་ཀུན་ནས་བསླངས་ཏེ། གསུམ་པ་སྐྱབས་འགྲོ་ནི། སྐུ་དང་ཡེ་ཤེས་རྒྱ་མཚོའི་ཁྱབ་བདག་ཆེ། །སྐྱབས་གནས་གཅིག་ཆོག་རྗེ་བཙུན་འཇམ་དཔལ་གྱི །གསང་བ་མི་ཟད་རྗེས་སུ་དྲན་པའི་མཐུས། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །ལན་གསུམ། བཞི་པ་སེམས་བསྐྱེད་ནི། ཤེས་པས་སྲིད་པའི་ཕ་མཐའ་ལས་བརྒལ་ཀྱང༌། །སྙིང་རྗེས་ཞི་བའི་གཡང་སར་གོལ་མིན་པས། །བླ་མ་འཇམ་དཔལ་གཞོན་ནུའི་ཡེ་ཤེས་སྐུ། །ཐོབ་ཕྱིར་ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི། །ལན་གསུམ། ལྔ་པ་མཆོད་པ་བྱིན་རླབས་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པའི་ཚེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་བའི་བདེན་པ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་རབ་འབྱམས་སྲས་བཅས་རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་རོལ་མོ་མཐའ་དག་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདི་དག་བཅོམ་ལྡན་འདས་མགོན་པོ་ཀུན་ཏུ་གཟིགས་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་དང་ལྡན་པའི་དབུས་སུ་བྱང་ཆུབ་ཤིང་རིན་པོ་ཆེ་རྣམ་པར་བཀྲ་བ་དང༌། རྡོ་རྗེའི་གདན་ཁྲི་ཆེས་མཐོ་ཞིང་ཡངས་པ་དང༌། རིན་པོ་ཆེའི་ས་གཞི་ལྗོན་ཤིང་ཆུ་མཚོ་ལེགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའི་ཞིང་ཁམས་ཚད་དུ་མཉམ་པ་དང༌། ཕྱི་ནང་ཀུན་ཏུ་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་བཀང་ཞིང་རྒྱན་བཀླུབས་པ་དང་ལྡན་པར་གྱུར་ཅིག །ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་ས་ར་པྲ་མ་དྷ་ནི། ཏ་ཐཱ་ག་ཏ་ཡ། ཨར་ཧ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། །ཞེས་མཆོད་པའི་སྤྲིན་གཟུངས་ལན་གསུམ་བཟླ། །གཉིས་པ་དངོས་གཞིའི་དང་པོ་ཚོགས་རྟེན་གསལ་གདབ་པ་ནི། ཨོཾ་སྭ་བྷཱ་ཝ་སོགས། གཟོད་ནས་སྤྲོས་བྲལ་ཀ་དག་གཞི་ཡི་དབྱིངས། །ལོངས་སྐུ་རྡུལ་བྲལ་ཡང་དག་བསགས་པའི་ཞིང༌། །སྤྲུལ་སྐུ་དྭངས་བསིལ་རི་བོ་རྩེ་མོ་ལྔ། །རིན་ཆེན་ས་གཞི་བཀོད་པ་ལྟ་ན་སྡུག །སངས་རྒྱས་གང་གཱའི་ཀླུང་གི་བྱེ་སྙེད་ཀྱི། །ཞིང་གི་ཐ་གྲུ་ལྟར་ཡངས་བདུད་རྩིའི་ཀླུང༌། །མེ་ཏོག་ཚལ་བསྟར་རིན་ཆེན་བརྒྱ་ཕྲག་སྟོང༌། །དུ་མས་ས་གཞི་ལྷུན་པོའི་ཕྲེང་བ་ལ། །ནགས་ཚལ་ནེའུ་གསེང་ཆེ་རྒུའི་རྒྱན་དུ་མས། །མཛེས་པས་རབ་སྤྲས་སྲིད་རྩེའི་ཚད་ཙམ་དབུས། །སྟོང་གསུམ་འཇིག་རྟེན་བཅུ་མཉམ་བྱང་ཆུབ་ཤིང༌། །རིན་ཆེན་སྣ་བདུན་རྣམ་པར་བཀྲ་བ་ཞེས། །གླིང་བཞིའི་ཁྲི་ཚད་ཡལ་འདབ་ཁོར་ཡུག་ཁྱོན། །ལོ་འབྲས་མེ་ཏོག་ནོར་བུའི་འཕྱང་འཕྲུལ་གཡོ། །སྟོང་གསུམ་བཅུ་ཚད་དྲི་དང་འོད་ཟེར་གྱིས། །སངས་རྒྱས་ཞིང་ཀུན་ཁྱབ་པས་ཟག་མེད་ཀྱི། །གཟུངས་དང་ཏིང་འཛིན་མཆོག་བསྐྱེད་དེ་ཡི་དྲུང༌། །རིན་ཐང་བརྗོད་བྲལ་རྨད་བྱུང་རྡོ་རྗེའི་གདན། །རབ་ཞི་བཀོད་པའི་ཡེ་ཤེས་ཤིན་ཏུ་འགྱེད། །དྲི་ལ་ཡང་དག་གཞོལ་བ་འཇིག་རྟེན་ལྔའི། །ཁྱོན་མཉམ་འཕྲོག་བྱེད་རྐང་པ་བརྒྱད་པ་ཡིས། །གུས་བཏུད་སྟེང་དུ་འདབ་སྟོང་ཀེ་ས་རར། །ཆ་ཤས་ཡོངས་རྫོགས་ཆུ་ཤེལ་དབང་པོའི་སྟེང༌། །དེ་བཞིན་གཤེགས་པ་མགོན་པོ་ཀུན་ཏུ་གཟིགས། །གསེར་གྱི་གཏན་པ་ཕྱིས་པའི་མཚན་དཔེ་ཅན། །ཡེ་ཤེས་འོད་ཟེར་སྣང་བས་ཆོས་དབྱིངས་ཁྱབ། །ཐུན་མཚམས་སྤྲིན་མདངས་འགྲན་པའི་ཆོས་གོས་གསོལ། །ཞབས་ཟུང་མི་གཡོ་རྡོ་རྗེའི་སྐྱིལ་ཀྲུང་གིས། །མངོན་སངས་རྒྱས་ནས་མྱ་ངན་འདས་ཀྱི་བར། །རྟག་བཞུགས་ཕྱག་གཉིས་ཆོས་འཆད་ཕྱག་རྒྱ་མཛད། །སངས་རྒྱས་བྱང་སེམས་བགྲང་ལས་འདས་སྤྲུལ་ནས། །བླ་མེད་བྱང་ཆུབ་ལམ་ལ་འགོད་པར་མཛད། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་བྱ་བའི་མདོ་ལས་གསུངས། མཆན། །གཡས་སུ་མཉམ་པ་ཆེན་པོའི་ཞིང་བཞུགས་པའི། །བདེ་གཤེགས་ཀླུ་ཡི་རིགས་མཆོག་བཅོམ་ལྡན་འདས། །གསེར་མདོག་མཚན་དཔེ་ཕྱག་ཟུང་མཉམ་པར་བཞག །ངུར་སྨྲིག་ཐར་པའི་རྒྱལ་མཚན་ཆེན་པོས་བཀླུབས། །རྡོ་རྗེའི་སྐྱིལ་ཀྲུང་སེང་ཁྲི་པད་ཟླར་བཞུགས། །གཡོན་དུ་ལྷོ་ཕྱོགས་རྟག་པར་རབ་དགའི་ཞིང༌། །མོས་པ་རབ་དགའི་སྙིང་པོ་མཚན་དཔེའི་དཔལ། །འཆར་ཁའི་ཉིན་བྱེད་ལྟར་མཛེས་སྤྲུལ་སྐུའི་ཆས། །ཕྱག་གཡས་ཆོས་འཆད་གཡོན་པ་མཉམ་བཞག་ཅན། །སེང་ཁྲིས་བཏེགས་པའི་རིན་ཆེན་ཁྲི་ལ་བཞུགས། །མདུན་གྱི་སེང་ཁྲི་འཇམ་དཔལ་སྨྲ་བའི་སེང༌། །གུར་གུམ་གཞོན་ནུའི་མདོག་ཅན་ཞི་འཛུམ་སྒེག །ཕྱག་གཡས་ཤེས་རབ་རལ་གྲི་མཁའ་ལ་ཕྱར། །གཡོན་པས་ཨུཏྤལ་ལར་གནས་གླེགས་བམ་བསྣམས། །ཟུར་ཕུད་ལྔ་ལྡན་དར་དང་རཏྣས་བརྒྱན། །ཞབས་ཟུང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །རྒྱབ་ཏུ་ཤེས་རབ་ཕ་རོལ་ཕྱིན་མ་ནི། །གསེར་མདོག་ཞལ་གཅིག་ཕྱག་བཞི་ལོངས་སྐུའི་ཆས། །དང་པོས་མཉམ་བཞག་འོག་གཉིས་རྡོ་རྗེ་དང༌། །གླེགས་བམ་གཡོན་བསྣམས་སེང་གེའི་ཁྲི་སྟེང་བཞུགས། །གཙོ་བོའི་སྤྱི་གཙུག་འབྲུག་སྒྲའི་དབྱངས་ཀྱི་རྒྱལ། །མཆོག་གི་སྤྲུལ་སྐུ་ཕྱག་གཉིས་མཆོག་སྦྱིན་དང༌། །ཆོས་འཆད་རྒྱ་ཅན་རྡོ་རྗེའི་སྐྱིལ་ཀྲུང་ཅན། །ཡེ་ཤེས་འོད་ཀྱིས་སྲིད་ཞིའི་ཉེས་ཀུན་སེལ། །འཁོར་དུ་འཕགས་བོད་པཎ་གྲུབ་རྒྱ་མཚོ་དང༌། །སངས་རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས། །ཡི་དམ་མཁའ་འགྲོ་རྡོ་རྗེའི་ཆོས་སྐྱོང་བཅས། །ཚད་དང་མུ་མེད་རྡུལ་གཅིག་ཁྱོན་དུ་མས། །ཕྱོགས་དུས་ཞིང་གི་རྡུལ་སྙེད་ཞིང་དང་སྐུའི། །བཀོད་པ་ཆེན་པོས་སྲིད་ཞིའི་དབྱིངས་ཐམས་ཅད། །སྙོམས་ཞུགས་ཆོས་དབྱིངས་ཀུན་ཏུ་ཁྱབ་པར་བརྡལ། །གཉིས་པ་བསགས་སྦྱང་གིས་རྒྱུད་དག་པར་བྱེད་པ་ནི། ཨ་ཧོ་སྲིད་ཞིའི་ཉམས་འགྱུར་ཇི་སྙེད་པ། །ཀུན་ཀྱང་འཇམ་དཔལ་ཡེ་ཤེས་རོལ་མོ་སྟེ། །དག་པ་ཆེན་པོར་ཆོས་དབྱིངས་བསམ་མི་ཁྱབ། །མཉམ་ཉིད་སོ་སོར་རིག་པས་ཕྱག་འཚལ་ལོ། །འཇམ་དཔལ་འདི་ནི་དཔལ་གྱུར་རྫོགས་པའི་སྐུ། །ཐུན་མོང་མ་ཡིན་གཉིས་མེད་ཁྱབ་པའི་ཆོས། །དུས་གསུམ་མཉམ་རྫོགས་རྒྱལ་བ་ཀུན་གྱི་ཡབ། །ཆོས་དབྱིངས་ཡུམ་ཉིད་སེམས་དཔའ་སྲས་མཆོག་སྟོན། །སྟོང་ཉིད་ཅི་ལའང་མ་རེག་ལྷུན་གྱིས་གྲུབ། །དོན་ཀུན་འབྱོར་བས་བླང་དོར་མེད་པ་ཡི། །བདག་ཉིད་རང་བཞིན་བཞག་དང་འཇམ་དཔལ་ཉིད། །བསམ་གྱིས་མི་ཁྱབ་མི་གནས་མི་སེམས་ན། །འཇམ་དཔལ་ཉིད་དང་ཡོན་ཏན་རྫོགས་པར་མཉམ། །དུས་གསུམ་སངས་རྒྱས་རྣམ་ཐར་ལས་བྱེད་པ། །སངས་རྒྱས་གསང་བ་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་ཕྱོགས་དུས་རིས་མེད་པ། །མཁྱེན་གཉིས་ཡེ་ཤེས་མིག་གཅིག་དྲི་མ་མེད། །མཆོག་གི་དང་པོ་སྐུ་གསུམ་གཅིག་ཏུ་འཆང༌། །སངས་རྒྱས་སྐུ་ལྔའི་སྤྲོ་བསྡུའི་བདག་ཉིད་ཅན། །རིགས་ཀུན་ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །འཇམ་དཔལ་ཡེ་ཤེས་སེམས་དཔར་ཕྱག་འཚལ་ལོ། །སྟོང་ཆེན་ཆོས་དབྱིངས་རྒྱས་འགེངས་ཟག་མེད་ཀྱིས། །སྙིང་རྗེས་ཡོངས་གང་སྐུ་གསུང་ཐུགས་རྡོ་རྗེ། །དྲན་པས་སྲིད་ཞིའི་མཆོག་སྦྱིན་རྡོ་རྗེ་བཞིའི། །བདག་ཉིད་མཆོག་ཁྱོད་ཞབས་ལ་ཕྱག་འཚལ་ལོ། །སོ་སོ་ཡང་དག་རིགས་བཞིའི་འཕྲུལ་འཁོར་གྱི། །ཤེས་རབ་མཐར་གྱུར་གསེར་སྦྱང་རྩིབས་སྟོང་གིས། །ཟབ་རྒྱས་གསང་བའི་ཆོས་ཕུང་རྒྱ་མཚོའི་ཁྱོན། །ལུང་རྟོགས་གླིང་བཞིར་དབང་བསྒྱུར་ཕྱག་འཚལ་ལོ། །སྲིད་ཞི་ཀུན་ཏུ་ཁྱབ་ཀྱང་སྲིད་དང་ཞི། །གང་དུ་མི་གནས་རྣམ་ཀུན་མཆོག་ལྡན་གྱི། །སྟོང་ཉིད་རྡོ་རྗེ་བཙུན་མོའི་འཇོ་སྒེག་མསྃ། །བྱུང་བའི་སྒྱུ་འཕྲུལ་རོལ་པར་ཕྱག་འཚལ་ལོ། །ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི། །མངོན་པར་བྱངྃ་ཆུབྃ་རྣམ་ཐར་རྒྱ་མཚོའི་འཇིངས། །གསང་གསུམ་གསེར་གྱི་ས་གཞིར་གཅིག་ཏུ་བསྐྱིལ། །རྒྱལ་བ་ཀུན་གྱི་ཡབ་གཅིག་ཕྱག་འཚལ་ལོ། །སྒྲིབ་བྲལ་མཁའ་བཞིན་རྣམ་དག་སངས་རྒྱས་ཀྱང༌། །རང་བྱུང་ཐུགས་རྗེས་འགྲོ་ལ་རྗེས་ཆགས་ཐུགས། །ནམ་མཁའ་ཇི་སྲིད་རྒྱལ་སྲས་གཞོན་ནུའི་ཚུལ། །སྨོན་ལམ་རྒྱ་མཚོས་རྗེས་བཟུང་ཕྱག་འཚལ་ལོ། །དབང་དང་སྟོབས་བཅུའི་ཡོན་ཏན་མཐར་སོན་པས། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་བསམ་ཡས་ཀྱིས། །འགྲོ་ཀུན་ཟག་མེད་སངས་རྒྱས་མི་སློབ་སར། །འདོད་དགུའི་བུ་བཞིན་བསྐྱངས་ལ་ཕྱག་འཚལ་ལོ། །མཐའ་ཀླས་ཞིང་བཞུགས་སངས་རྒྱས་སྲས་བཅས་ཀྱིས། །ཇི་སྙེད་ཆོས་ཚུལ་མི་ཟད་མཐའ་དག་ཀྱང༌། །ཁྱེད་ཀྱི་རྣམ་ཐར་སྒྲོགས་ལ་དགྱེས་པ་ཡི། །བསྔགས་བརྗོད་མེ་ཏོག་འཐོར་ལ་ཕྱག་འཚལ་ལོ། །རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀུན་གྱིས་ཀྱང༌། །དཔའ་ཆེན་རྣམ་ཐར་སློབ་པ་བཞིན་གྱུར་པས། །སངས་རྒྱས་ཀུན་ཀྱང་ཁྱོད་ཞལ་ཉིན་མོར་བྱེད། །དགྱེས་འཛུམ་འདབ་རྒྱ་གྲོལ་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི། །ཆ་ཤས་རེ་ཡང་ནོར་བུའི་རྡུལ་བཞིན་དུ། །སྲིད་ཞིའི་རྒུད་སེལ་ཕན་བདེའི་མཆོག་སྟེར་ཞེས། །སངས་རྒྱས་དགྱེས་ཞལ་འཛུམ་ལ་ཕྱག་འཚལ་ལོ། །བརྟན་དང་གཡོ་བའི་སྒྲ་དབྱངས་རྒྱ་མཚོའི་བཅུད། །ཚངས་དབྱངས་ཡན་ལག་དྲུག་ཅུའི་ཏམྦུ་ར། །སངས་རྒྱས་ཀུན་གྱི་གསུང་དང་གཉིས་མེད་པས། །སྲིད་ཞི་ཉེར་འཚོའི་དཔལ་གྱུར་ཕྱག་འཚལ་ལོ། །ཟབ་ཞི་སྤྲོས་བྲལ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་དབྱིངས་གཟུངས་སྤོབས་འཇིགས་མེད་སེང་གེའི་སྒྲས། །བློ་ལྡན་སྤོབས་པའི་གཏེར་མཛོད་ཡོངས་གྲོལ་ཏེ། །ཐེག་མཆོག་དགའ་སྟོན་སྤེལ་མཛད་ཕྱག་འཚལ་ལོ། །སྐྱེ་འགག་གནས་པ་མེད་པའི་དབྱིངས་ཉིད་ལས། །ཟག་མེད་ཞི་བ་ཆེན་པོའི་སྤངས་རྟོགས་ཀྱི། །ལམ་ཀུན་འཛད་མེད་འབྱུང་ཞིང་སྟོན་པ་ཡི། །འཕགས་བཞིའི་ཡུམ་དུ་བསྔགས་ལ་ཕྱག་འཚལ་ལོ། །མདོར་ན་ཆོས་སྐུ་ཞི་བའི་ཐིག་ལེ་རུ། །མངོན་པར་བྱང་ཆུབ་མཐའ་དག་སངས་རྒྱས་ཀུན། །ཁྱོད་ལས་འབྱུང་ཞིང་མཉམ་པ་ཆེན་པོའི་ཀློང༌། །གཅིག་ཏུ་རྫོགས་པའི་ཚུལ་ཅན་ཕྱག་འཚལ་ལོ། །ནམ་མཁའ་གཅིག་ལས་སྣོད་བཅུད་སྲིད་དང་ཞི། །བྱུང་ལྟར་སྣང་ཡང་དབྱིངས་ལ་འཕེལ་འགྲིབ་བྲལ། །འཁོར་འདས་ཐམས་ཅད་མཉམ་ཉིད་བདེ་ཆེན་གྱི། །དགོངས་པ་འཕེལ་འགྲིབ་བྲལ་ལ་ཕྱག་འཚལ་ལོ། །ཁྱོད་ཐུགས་ཡེ་ཤེས་ཆེན་པོའི་དེ་ཉིད་ལས། །དངོས་ཀུན་འབྱུང་ལྟར་སྣང་ཞིང་སྟོན་ན་ཡང༌། །གང་དུའང་མི་གནས་བསམ་བརྗོད་སྤྲོས་མཚན་གྱི །ཟུག་རྔུ་མཐའ་དག་སྤངས་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱང་སེམས་ཉན་རང་རྒྱལ་བློན་དང༌། །སྐྱེས་པ་བུད་མེད་སྣ་ཚོགས་རོལ་པ་རུ། །སྟོན་པས་གདུལ་དཀའི་འགྲོ་ཁམས་རྒྱ་མཚོ་ཀུན། །ཕྲིན་ལས་ཕྱག་གིས་འཁྱུད་ལ་ཕྱག་འཚལ་ལོ། །འཁྲུལ་པའི་འགྲོ་བ་ཐམས་ཅད་ཕན་བདེས་བསྐྱངས། །ཞི་བའི་ཡོན་ཏན་ཐམས་ཅད་རྒྱན་དུ་བཞེས། །དངོས་ཀུན་བདག་ཉིད་སྒྱུ་འཕྲུལ་དྲྭ་བའི་དབྱིངས། །བདེ་ཆེན་དགྱེས་པའི་དཔའ་བོར་ཕྱག་འཚལ་ལོ། །ཤིན་ཏུ་རྣམ་དག་ཟབ་ཞི་སྤྲོས་བྲལ་གྱི། །ཡེ་ཤེས་སྐུ་གསུང་ཐུགས་ཀྱི་གསང་བའི་མཛོད། །རྒྱལ་ཀུན་ཐུགས་ཀྱི་དཔའ་བོར་དགྱེས་བརྩེ་བའི། །ཆོས་དབྱིངས་ཀུན་འགྲོའི་མགོན་པོར་ཕྱག་འཚལ་ལོ། །སྐུ་ལྔ་ཡེ་ཤེས་ཕུང་པོ་ཁྱོད་ཉིད་དང༌། །འགྲོ་ཀུན་ཀུན་ཁྱབ་ཆོས་དབྱིངས་རོ་གཅིག་པས། །བདེ་ཆེན་ཐིག་ལེ་གཅིག་ཏུ་ངེས་པ་ཡིས། །མི་ཕྱེད་མཉམ་པ་ཆེན་པོར་ཕྱག་འཚལ་ལོ། །སྟོང་ཉིད་དབྱིངས་ལས་འགག་མེད་ཆོ་འཕྲུལ་དུ། །སྣང་སྲིད་ཀུན་ཁྱབ་བདེ་ཆེན་ཡེ་ཤེས་སྤྲིན། །ཅིར་ཡང་འབྱུང་ཞིང་འཆར་བའི་རྟེན་འབྱུང་གི །བཀོད་པ་བསམ་མི་ཁྱབ་པས་རྟག་ཏུ་མཆོད། །བདེ་བའི་དཔལ་བསྐྱེད་ཡིད་འོང་མཆོད་སྤྲིན་ཡང༌། །མཁའ་ལ་འཇའ་བཞིན་མེད་སྣང་སྟོང་པའི་གཟུགས། །མི་འདོད་སྡུག་བསྔལ་ཀུན་འབྱུང་སྤང་བྱ་ཡང༌། །ངེས་པའི་དོན་ལ་ཡེ་ཤེས་ཆོས་སྐུའི་རྩལ། །མཉམ་ཉིད་ངང་ནས་འཁོར་འདས་སྤང་བླང་བྲལ། །འཁོར་གསུམ་ཀ་དག་འོད་གསལ་ཀློང་ཡངས་སུ། །འཇམ་དཔལ་ཀུན་བཟང་སྒྱུ་འཕྲུལ་དྲྭ་བས་མཆོད། །ཐབས་ཀྱི་སྣང་ཆ་གདན་གསུམ་མཎྜ་ལ། །ཤེས་རབ་རྡོ་རྗེ་བཙུན་མོ་ཡུམ་ལྔའི་མཁའ། །གདོད་ནས་གཉིས་མེད་བསོད་ནམས་ཡེ་ཤེས་ཚོགས། །རང་བྱུང་ལྷུན་གྲུབ་ཆེན་པོའི་དབྱིངས་སུ་མཆོད། །ཕྱོགས་རིས་བྲལ་བའི་གཞན་ཕན་སེམས་ཀྱི་མཁར། །ཀུན་ཁྱབ་སྙིང་རྗེ་བདུད་རྩིའི་སྤྲིན་ཆར་གྱིས། །ཚོགས་གཉིས་སྙེ་མ་མི་ཟད་གཡུར་ཟ་བས། །ཀུན་དགའི་ཟག་མེད་དཔལ་འབྱོར་རྒྱས་པས་མཆོད། །རྣམ་དག་གཏོང་སེམས་ལྷ་རྫས་གཅལ་དུ་བཀྲམ། །ཉེས་བྲལ་ཚུལ་ཁྲིམས་དྲི་བསུང་ཞིང་ཀུན་བརྡལ། །བཟོད་པའི་བསྙེན་བཀུར་ཆོག་མི་ཤེས་པའི་ལས། །བརྩོན་འགྲུས་གོ་ཆ་ལྷོད་པ་མེད་པས་མཆོད། །བསམ་གཏན་རི་གླིང་བཀོད་པ་བལྟ་ན་སྡུག །ཤེས་རབ་ཉི་ཟླའི་སྣང་བ་ཆེས་གསལ་བས། །ཐབས་མཁས་འདབ་སྟོང་འཛུམ་པའི་ལང་ཚོ་བཀྲ། །སྟོབས་བཅུའི་ལག་ལྡན་དྲེགས་བཞིན་རྒྱུ་བས་མཆོད། །སྨོན་ལམ་དལ་འབབ་ཁ་འབབ་ཀླུང་བཞི་རྒྱུ། །ཡེ་ཤེས་གྲུ་ཡིས་སྲིད་ཞིའི་ཕ་མཐར་བརྒལ། །ཚད་མེད་གླིང་བཞིའི་དཔལ་འབྱོར་ཟད་མི་ཤེས། །མངོན་ཤེས་རྣམ་ལྔའི་ལྷ་དབང་གྲོང་གིས་མཆོད། །བསྡུ་བའི་དངོས་བཞིའི་ཡོངས་འདུའི་ལྗོན་བཟང་ཚལ། །སོ་སོ་ཡང་དག་རིགས་བཞིའི་མེ་འབྲས་བཀྲ། །རྟོན་པ་རྣམ་བཞིའི་འདོད་དགུའི་དཔལ་འབྱོར་རྫོགས། །ཚོགས་གཉིས་མངའ་ཐང་ཟད་མི་ཤེས་པས་མཆོད། །དྲན་པ་ཉེར་གཞག་བཞི་ཡི་རྨིང་བརྟན་ཅིང༌། །ཡང་དག་སྤོང་བཞིའི་རིན་ཆེན་ཕ་གུ་བརྩེགས། །རྫུ་འཕྲུལ་རྐང་བཞིའི་བ་གམ་བརྗིད་ཆགས་ཤིང༌། །དབང་དང་སྟོབས་ལྔའི་རྒྱ་ཕིབས་ཆེས་མཐོས་མཆོད། །བྱང་ཆུབ་ཡན་ལག་བདུན་རྫོགས་ལྷའི་ཁྱེའུ། །འཕགས་ལམ་བརྒྱད་ཀྱི་ནོར་བུའི་རྒྱན་གྱིས་བཀླུབས། །ཞི་ལྷག་རྩེ་བརྒྱ་རྟག་ཏུ་མི་དོར་བཞིན། །གཟུངས་སྤོབས་གླུ་བྲོ་རྒྱུན་མི་འཆད་པས་མཆོད། །ཆོས་ཀྱི་སྡོམ་བཞིའི་ལྷ་ཡི་རྔ་བོ་ཆེས། །བསྐུལ་ཏེ་བགྲོད་པ་གཅིག་པུའི་ལམ་ཞུགས་ཏེ། །མཁའ་ཁྱབ་འགྲོ་བའི་ཉེར་འཚོའི་གཞིར་གྱུར་ནས། །རྫོགས་སྨིན་སྦྱང་བའི་ཕ་མཐར་སོན་པས་མཆོད། །ཀུན་བཟང་རྣམ་ཐར་མི་ཟད་བརྒྱད་ཅུའི་དཔལ། །ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོར་འགྲན་པས་ལེགས་འབུལ་ན། །ཀུན་བཟང་མཆོད་པའི་ཚུལ་དང་དབྱེར་མེད་ཤོག །ཀུན་རྟོག་འཁྲུལ་པའི་སྡིག་ལྟུང་ནག་པོའི་སྤྲིན། །སྟོབས་བཞིའི་འཐོར་རླུང་ཤུགས་ཀྱིས་བསལ་ནས་ཀྱང༌། །འཕགས་ལམ་སྣང་བྱེད་རྒྱུ་སྐར་འབུམ་བཀྲ་བས། །མི་སློབ་ཡོན་ཏན་མཁའ་དང་མཉམ་པར་ཤོག །ཕ་མཐའ་ཡས་པའི་ཚོགས་གཉིས་རྒྱ་མཚོའི་འཇིངས། །རྗེས་སུ་ཡི་རང་ཟླ་ཟེར་གྱིས་བྲན་པས། །རྣམ་དཀར་རླབས་ཕྲེང་གཡོ་བས་སྒེག་པའི་དཔལ། །འབད་མེད་བདག་གིར་བགྱི་བའི་ཐབས་མཁས་རྨད། །འགྲོ་རྒྱུད་གཤིས་དང་མཛའ་བའི་ལས་ཉོན་མུན། །སེལ་བྱེད་ཆོས་ཀྱི་འཁོར་ལོའི་རྩིབས་སྟོང་གིས། །ལམ་ལྔ་ས་གསུམ་སྲིད་པ་དབང་བྱས་པས། །སྐུ་བཞིའི་རྒྱལ་ཐབས་སྐྱོང་བར་སྙིང་ནས་བསྐུལ། །འགྲོ་བའི་ལེགས་སྨོན་སྐྱ་རེང་གིས་བསུས་པའི། །གང་འདུལ་སྤྲུལ་པའི་འོད་སྟོང་དྲྭ་བ་ཅན། །འཕེལ་འགྲིབ་མཛད་པས་ནམ་ཡང་མི་བྲེལ་བ། །རྟག་བརྟན་ཡོངས་གྲུབ་ངེས་པར་གསོལ་བ་འདེབས། །ཇི་སྙེད་འདས་དང་མ་འདས་ལེགས་བྱས་བཅུད། །ཡོངས་བསྔོ་གསེར་གྱི་དབྱིག་འཛིན་བསྐྱིལ་བ་ལས། །ཐམས་ཅད་མཁྱེན་པའི་ནོར་བུའི་མཛོད་གྱུར་ནས། །སྐུ་བཞིའི་རི་གླིང་བཀོད་པས་ཆེས་མཛེས་ཏེ། །རྒྱལ་བ་ཀུན་གྱིས་བསྔགས་འོས་ཡོན་ཏན་དང༌། །སྲིད་ཞི་ཉེར་འཚོའི་སྲོག་གི་ཟུངས་སྨིན་པས། །རྗེ་བཙུན་མཁྱེན་པའི་གཏེར་དང་གཉིས་མེད་པའི། །ངོ་མཚར་དགའ་བས་མཁའ་ཁྱབ་འགྲོ་སྐྱོང་ཤོག །གསུམ་པ་ཕུར་ཚུགས་སུ་གསོལ་བ་གདབ་པ་ནི། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་གསང་བའི་མཛོད་འཛིན་པ། །འཇམ་དཔལ་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །རྒྱལ་ཀུན་ཐུགས་དབུས་ཡེ་ཤེས་སེམས་དཔའ་སྟེ། །ཕྱོགས་དུས་ཁྱོན་བཞུགས་རྒྱལ་དང་རྒྱལ་བའི་སྲས། །ཉན་རང་སོ་སྐྱེ་བཟོ་དང་སྐྱེ་སོགས་ཀྱི། །སྤྲུལ་པ་བསམ་ལས་འདས་པར་གསོལ་བ་འདེབས། །ངག་དང་ཡིད་ཀྱིས་མི་མཚོན་མཁའ་ཁྱབ་སྐུ། །རྡུལ་བྲལ་སྣང་སྟོང་སྒྱུ་མ་ཆེན་པོའི་གཟུགས། །དར་བབ་ལང་ཚོའི་བརྟན་རྫོགས་གཞོན་ནུའི་སྐུ། །ཡེ་ཤེས་ལུས་ཅན་ཁྱེད་ལ་གསོལ་བ་འདེབས། །ཁྱོད་གསུང་ལེགས་བཤད་སྦྲང་རྩིའི་ཟིལ་མངར་ནི། །མཐའ་ཡས་ཐེག་པ་རྒྱ་མཚོའི་རོ་ནུས་ཅན། །ཀུན་ཕན་ཀུན་མཐུན་ཀུན་ལས་ཁྱད་འཕགས་པའི། །ངག་གི་དབང་ཕྱུག་ཆེན་པོར་གསོལ་བ་འདེབས། །ཟླ་བས་འཕེལ་བའི་དག་བྱེད་གཏེར་གྱི་འཇིངས། །སྤྲིན་བྲལ་ལམ་གྱིས་མི་མཚོན་མཉམ་ཉིད་ཐུགས། །སྲིད་ཞི་ཀུན་ཁྱབ་གང་གི་ཕྱོགས་མ་ལྷུང༌། །གཉིས་མེད་ཚུལ་འཆང་ཐུགས་ལ་གསོལ་བ་འདེབས། །ལེགས་བྲིས་འདོད་འབྱུང་ནོར་བུའི་འཁྲི་ཤིང་དང༌། །ས་བདག་འཁོར་བསྒྱུར་དབྱིག་གི་རིན་ཐང་ཡང༌། །ཕྲ་མོར་བགྱིད་པའི་ཁྱོད་ཀྱི་ཡོན་ཏན་གཏེར། །དཔོག་པ་མིན་ཡང་དད་པས་གསོལ་བ་འདེབས། །སྤྲིན་ལམ་རྒྱུ་བའི་གློག་ཕྲེང་རླུང་སོགས་ལས། །ཆེས་མྱུར་ཕྲིན་ལས་གདུལ་དཀའི་དོན་མཛད་པའི། །དཔའ་བོའི་སྒྱུ་རྩལ་རྒྱལ་ཀུན་ལས་ལྷག་པའི། །ངོ་མཚར་མེ་ཏོག་བཞད་པས་གསོལ་བ་འདེབས། །འདི་མན་ཆད་ཀུན་གཟིགས་མཁྱེན་བརྩེས་གསུངས། །མཁའ་ཁྱབ་རྒྱལ་བ་ཀུན་གྱི་སྐུ་ཡེ་ཤེས། །གཅིག་བསྡུས་བླ་མ་བརྟན་པའི་འཁོར་ལོ་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག་འཇམ་པའི་དབྱངས། །རྙེད་དཀའི་དལ་འབྱོར་མི་ལུས་ཐོབ་དུས་འདིར། །ལོང་མེད་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས། །སྲིད་པའི་ཕུན་ཚོགས་ཀུན་ལ་མ་ཆགས་པའི། །ཐར་འདོད་བློ་གྲོས་སྐྱེད་ཅིག་འཇམ་པའི་དབྱངས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །མཚན་ལྡན་བླ་མ་དགེ་བའི་བཤེས་གཉེན་གྱི། །ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ནུས་པའི། །སྐལ་པ་བཟང་པོ་སྐྱེད་ཅིག་འཇམ་པའི་དབྱངས། །དེ་ལས་ཁས་བླངས་ཚུལ་ཁྲིམས་རྣམ་པར་དག །མང་དུ་ཐོས་དང་བསམ་པའི་ཕ་རོལ་སོན། །རྩེ་གཅིག་བསྒོམ་པས་ཞི་ལྷག་ཟུང་འཇུག་གི །ཏིང་འཛིན་སྒོ་བརྒྱ་སྐྱེད་མཛོད་འཇམ་པའི་དབྱངས། །ལོག་སྨྲ་ཚར་གཅོད་གཞན་དག་རྗེས་བཟུང་བའི། །ཐུན་མོང་རིག་པའི་གནས་ལ་མ་རྨོངས་ཤིང༌། །ཁྱད་པར་སྡེ་སྣོད་རྒྱུད་སྡེའི་ངེས་གསང་ལ། །འཁྲུལ་མེད་བློ་གྲོས་སྩོལ་ཅིག་འཇམ་པའི་དབྱངས། །འཆད་མཁས་བློ་ལྡན་བྱེ་བའི་ཡིད་དབང་འཕྲོག །རྩོད་པས་ཕས་རྒོལ་འཁྲུལ་པའི་དྲེགས་པ་འཇོམས། །རྩོམ་པས་ཐུབ་བསྟན་ཡུན་རིང་གསལ་ནུས་པའི། །སྨྲ་བའི་དབང་ཕྱུག་སྩོལ་ཅིག་འཇམ་པའི་དབྱངས། །ཐ་སྙད་ཁོ་ནའི་གནས་ལ་མ་ཞེན་པར། །དབེན་པའི་གནས་སུ་མདོ་སྔགས་ལམ་གྱི་རིམ། །ཚུལ་བཞིན་སྒྲུབ་པས་ཉམས་རྟོགས་ཡོན་ཏན་ཀུན། །རྩོལ་མེད་རྒྱུད་ལ་སྐྱེད་ཅིག་འཇམ་པའི་དབྱངས། །གལ་ཏེ་ཚེ་འདིར་བརྟན་པ་མ་ཐོབ་ན། །འཆི་བ་འོད་གསལ་དོན་གྱི་འཇམ་པའི་དཔལ། །མངོན་སུམ་མཐོང་ནས་ཆོས་སྐུའི་གྲོང་ཁྱེར་དུ། །འབྲལ་མེད་རྗེས་སུ་ཟུངས་ཤིག་འཇམ་པའི་དབྱངས། དེར་ཡང་འཁྲུལ་ནས་བར་དོར་འཁྱམས་སྲིད་ན། །བླ་མ་མཆོག་དང་བརྟན་པའི་འཁོར་ལོ་ཡི། །རྣམ་འཕྲུལ་དུ་མས་དག་པའི་ཞིང་ཁམས་སུ། །ལུང་བསྟན་དབུགས་དབྱུང་སྩོལ་ཅིག་འཇམ་པའི་དབྱངས། །ལས་ཉོན་དབང་གིས་སྲིད་པར་སྐྱེས་གྱུར་ཀྱང༌། །དལ་འབྱོར་རྟེན་ཐོབ་ཐེག་ཆེན་རིགས་སད་ནས། །དཀའ་བ་མེད་པར་ལམ་གྱི་ལྷག་མ་ཀུན། །རྫོགས་པའི་རྟེན་འབྲེལ་སྒྲིགས་ཤིག་འཇམ་པའི་དབྱངས། །མདོར་ན་འདི་ཕྱི་བར་དོའི་གནས་སྐབས་ཀུན། །མགོན་པོ་ཁྱོད་ལས་སྐྱབས་གཞན་མི་འཚོལ་བས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །དགེ་མཚན་མངོན་སུམ་སྩོལ་ཅིག་འཇམ་པའི་དབྱངས། །སྐབས་འདིར་སྤྲོ་ན་ཀུན་མཁྱེན་བླ་མ་མི་ཕམ་རིན་པོ་ཆེས་མཛད་པ་འཇམ་དཔལ་དབྱངས་ཀྱི་གསོལ་འདེབས་ཀྱང་སྦྱར། བཞི་པ་རིགས་སྔགས་བཟླས་པས་ཐུགས་རྒྱུད་བསྐུལ་བ་ལ་གཉིས་ལས། དང་པོ་ཤེས་རབ་བློ་འཕེལ་གྱི་གཟུངས་བཟླ་བ་ནི། སྟོང་པའི་ངང་ལས་སྐད་ཅིག་གིས། །པདྨ་ཉི་ཟླའི་གདན་གྱི་སྟེང༌། །རང་ཉིད་འཇམ་དཔལ་གུར་གུམ་མདངས། །ཕྱག་གཡས་ཤེལ་རབ་རལ་གྲི་འཕྱར། །གཡོན་པས་ཐུགས་ཀར་གླེགས་བམ་འཛིན། །དར་དང་རིན་ཆེན་རྒྱན་ལྡན་པ། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྙིང་གི་པདྨ་འདབ་ཟླུམ་དབུས། །ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང༌། །ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །བཟླས་པས་འོད་འཕྲོས་པདྨ་བྱེ། །མ་རིག་མུན་པ་ཡོངས་སུ་བསལ། །མདུན་བསྐྱེད་ལྷ་རྣམས་ཐུགས་དམ་བསྐུལ། །དཔག་མེད་འོད་ཟེར་ཞིང་ཀུན་ཁྱབ། །འགྲོ་ཀུན་མ་རིག་མུན་བསལ་ནས། །དེ་ལས་འོད་ཟེར་རབ་འཕྲོས་པས། །ཡེ་ཤེས་སྣང་བ་རྒྱས་པར་གྱུར། །ཅེས་བསྒོམ་ལ། ན་མོ་མཉྫུ་ཤྲཱི་ཡེ། ཀུ་མཱ་ར་བྷཱུ་ཏ་ཡ་བྷོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ། བི་ར་ཛེ། ཤུདྡྷེ་བི་ཤུདྡྷེ། ཤོ་དྷ་ནི། བི་ཤོ་དྷ་ནི། ཨ་མ་ལེ། བི་མ་ལེ། ནིརྨ་ཡེ། ཛ་ཡ་བ་ཏཱ་རུ་རུ་ཙ་ལེ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་བརྒྱའམ་ཉེར་གཅིག་བཟླ། སློབ་དཔོན་ཛེ་ཏཱ་རིའི་མན་ངག་སྙིང་གི་པདྨ་ཁ་འབྱེད་པའི་གདམས་པའོ། །གཉིས་པ་འཇམ་དཔལ་རིགས་ཐམས་ཅད་ཀུན་འདུས་ཨ་ར་པ་ཙའི་སྔགས་བཟླས་ནི། མདུན་བསྐྱེད་ཀུན་ཏུ་གཟིགས་སོགས་ཐུགས་དབུས་སུ། །དྲི་མེད་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང༌། །ཀུན་ཏུ་གཟིགས་ཀྱི་ཐུགས་ཀར་པ་དཀར་པོ། །མདུན་དུ་འཇམ་དཔལ་ཐུགས་ཀར་དྷཱིཿདམར་སེར། །ཀླུ་ཡི་རིགས་མཆོག་ཐུགས་ཀར་ན་སེར་པོ། །མོས་པ་རབ་དགའི་ཐུགས་དབུས་ར་དམར་པོ། །ཡུམ་ཆེན་ཐུགས་ཀར་ཨ་མཐིང་ཡི་གེས་མཚན། །མཐའ་བསྐོར་རང་མདོག་སྔགས་ཀྱི་ཕྲེང་བས་བསྐོར། །མོས་གུས་ཤུགས་ཀྱིས་བསྐུལ་བས་ལྷ་ལྔའི་མདུན། །རང་གི་སྙིང་གར་ཟླ་བ་ལ་གནས་པའི། །ཙ་ཡིག་ལྗང་གུ་ལས་འཕྲོས་རླུང་མདོག་ལྔས། །བསྐུལ་བས་སོ་སོའི་སྔགས་ལས་འོད་ཟེར་འཕྲོས། །རབ་འབྱམས་ཞིང་གི་འཕགས་མཆོག་ཐུགས་དམ་བསྐུལ། །བྱིན་རླབས་བཅུད་ཀུན་དབྱངས་གསལ་རྟེན་འབྲེལ་སྙིང༌། །དཀར་དམར་མཐིང་གའི་ཡི་གེའི་རྣམ་པར་བསྡུས། །མདུན་བསྐྱེད་ཐུགས་ལ་ཐིམ་པས་ཡེ་ཤེས་ཀྱི། །འོད་ཟེར་སྣང་བས་མི་ཤེས་སྒྲིབ་ཚོགས་སྦྱངས། །མདུན་གྱི་རིགས་ལྔའི་ཐུགས་ལས་དབྱངས་གསལ་དང༌། །རྟེན་སྙིང་ཕྲེང་བ་བདག་ཐིམ་སྒོ་གསུམ་སྦྱངས། །ཡེ་ཤེས་རྣམ་པ་ཐམས་ཅད་བདག་ཉིད་དུ། འོད་ཟེར་ཆེན་པོའི་དབང་བསྐུར་བསྩལ་བར་གྱུར། །ཞེས་དམིགས་ལ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་རྩེ་གཅིག་ཏུ་བརྒྱ་སྟོང་སོགས་ཇི་ལྟར་ནུས་པ་བཟླ། གསུམ་པ་བསགས་སྦྱང་གིས་གསོལ་བ་གདབ་པ་ནི། གྲུབ་ན་ལུས་ཕྱག་དང་བཅས་ཏེ། ཆོས་དབྱིངས་ཡངས་པ་ཆེན་པོའི་ཞིང་ཁམས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བརྗོད་ཅིང་མེ་ཏོག་འཐོར། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཚིག་བྲལ་ངག་གི་ལམ་གྱིས་མི་མཚོན་པའི། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱི་རྒྱུ་བ་རྣམ་སྤངས་པ། །མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། །ཞེས་དང༌། ཀུན་འབྱུང་མུན་པའི་ས་བོན་དྲུང་འབྱིན་ཞིང༌། །སྡུག་བསྔལ་ཟུག་རྔུའི་རྩ་བ་རྩད་ནས་གཅོད། །ཐེག་གསུམ་ཆོས་ཀྱི་བདུད་རྩི་འབྱུང་བའི་གནས། །རྒྱལ་ཡུམ་ཤེས་རབ་ཕར་ཕྱིན་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང༌། །མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ། །ནམ་མཁའི་ཕ་མཐར་ཁྱབ་པས་རྟག་ཏུ་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་ཞིང་ཡུན་དུ་བཞུགས་པར་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །རྒྱལ་ཡུམ་ཤེས་རབ་ཕར་ཕྱིན་ཐུགས་བསྐྱེད་དང༌། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །འདི་ནས་ཤི་འཕོས་གྱུར་ཚེ་ཡུམ་ཆེན་མོའི། །ཆོས་དབྱིངས་མཉམ་པ་ཉིད་གྱུར་ཡོན་ཏན་ལྡན། །འཕགས་བཞིའི་ཡུམ་ཆེན་ཤེས་རབ་ཕར་ཕྱིན་གྱི། །དགོངས་པས་རྒྱལ་ཀུན་མཉེས་པར་བྱེད་གྱུར་ཅིག །རྡུལ་བྲལ་ཡང་དག་བསགས་པའི་ཞིང་ན་བཞུགས་པའི་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ སྙིང་རྗེ་པདྨ་དཀར་པོ་དང་དཀོན་བརྩེགས་ལེའུ་བཅོ་ལྔ་པ་འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་མདོ་ལས་གསུངས། མཆན། མགོན་པོ་ཀུན་ཏུ་གཟིགས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་དུ་བརྗོད་ཅིང་མེ་ཏོག་འཐོར་ཏེ། དག་ལ་རྡུལ་མེད་བསགས་པའི་ཞིང་མཆོག་ཏུ། སངས་རྒྱས་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་གི །མཚན་ཐོས་ལས་ལྷག་ཡང་དག་རྫོགས་སངས་རྒྱས། །མགོན་པོ་ཀུན་ཏུ་གཟིགས་ལ་ཕྱག་འཚལ་ལོ། །སྔོན་ཚེ་དེ་བཞིན་གཤེགས་དེའི་མཚན་བརྗོད་ཚེ། །སྲོག་ཆགས་བྱེ་བ་ཕྲག་ཁྲིག་འབུམ་བརྒྱད་ཅུ། །རྩ་བཞིའི་རྒྱུད་ལ་བྱང་ཆུབ་སེམས་སྐྱེས་པའི། །ཟླ་མེད་འདྲེན་པ་དེ་ལ་ཕྱག་འཚལ་ལོ། །རྒྱ་མཚོ་ཆེ་ལས་སྐྲ་རྩེ་བརྒྱར་གཤག་པའི། །ཆུ་ཡི་ཐིག་བླངས་བདེ་ཆེན་ཞིང་ཁམས་དང༌། །ལྷག་མ་ལུས་པ་ཀུན་ཏུ་གཟིགས་ཆེན་པོའི། །ཡོན་ཏན་མཚུངས་པར་བསྔགས་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང༌། །མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ། །ནམ་མཁའི་ཕ་མཐར་ཁྱབ་པས་རྟག་ཏུ་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་ཞིང་ཡུན་དུ་བཞུགས་པར་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །མགོན་པོ་ཀུན་ཏུ་གཟིགས་ཀྱི་ཐུགས་བསྐྱེད་དང༌། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་བརྫུས་སྐྱེས་གཟུངས་སོགས་ཡོན་ཏན་ལྡན། །ཀུན་ཏུ་གཟིགས་ལ་སོགས་པའི་རྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །དེ་བཞིན་དུ། ལྷོ་ཕྱོགས་མཉམ་པ་ཆེན་པོའི་ཞིང་ན་བཞུགས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུ་ཡི་ དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་བྱ་བའི་མདོ་ལས་གསུངས། མཆན། རིགས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་བརྗོད་བཞིན་ཕྱག་འཚལ་ཞིང་མེ་ཏོག་འཐོར། ལྷོ་ཕྱོགས་མཉམ་པ་ཆེན་པོའི་ཞིང་བཞུགས་པའི། །བྱང་སེམས་བྱེ་བ་བདུན་ཅུ་ཉན་ཐོས་འཁོར། །བྱེ་བ་བརྒྱད་ཅུ་རང་རྒྱལ་བཅུ་དྲུག་སོགས། །སྨིན་མཛད་ཀླུ་ཡི་རིགས་ལ་ཕྱག་འཚལ་ལོ། །མཚན་དཔེའི་མཛེས་སྐུས་ཉི་འབུམ་མོག་པོར་བྱེད། །ཐེག་མཆོག་ཆོས་ཀྱི་དབྱངས་སྙན་སྒྲོགས་པའི་གསུང༌། །ཆོས་དབྱིངས་ཀུན་ཁྱབ་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས། །སངས་རྒྱས་ཀུན་དང་གཉིས་མེད་ཁྱོད་ཕྱག་འཚལ། །དུས་གསུམ་ཀུན་ཏུ་ཡེ་ཤེས་གཅིག་ཉིད་ལས། །མི་གཡོ་གང་འདུལ་མཛད་པ་རྒྱ་མཚོ་ཡིས། །རྒྱལ་དང་རྒྱལ་བའི་སྲས་གྱུར་ཀུན་ལས་འཕགས། །སྲིད་ཞི་ཉེར་འཚོའི་མགོན་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང༌། །མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བའི། །ནམ་མཁའི་ཕ་མཐར་ཁྱབ་པས་རྟག་ཏུ་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་ཞིང་ཡུན་དུ་བཞུགས་པར་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །མགོན་པོ་ཀླུ་ཡི་རིགས་མཆོག་ཐུགས་བསྐྱེད་དང༌། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་བརྫུས་སྐྱེས་གཟུངས་སོགས་ཡོན་ཏན་ལྡན། །ཀླུ་ཡི་རིགས་མཆོག་ལ་སོགས་རྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བྱང་ཕྱོགས་རྟག་པ་རབ་ཏུ་དགའ་བའི་ཞིང་ན་བཞུགས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མོས་པ་རབ་དགའི་སྙིང་པོ་ནོར་བུ་རིན་ཆེན་བརྩེགས་པའི་ སོར་མོའི་ཕྲེང་བ་ལ་ཕན་གདགས་པའི་མདོ་ལས་གསུངས། མཆན། རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་བརྗོད་ལ་ཕྱག་འཚལ་ཞིང་མེ་ཏོག་འཐོར། བྱང་ཕྱོགས་རྟག་པར་རབ་དགའ་སྡུག་པའི་ཞིང༌། །རྒ་ན་འཆི་དང་ཉན་རང་མིང་མེད་པར། །ཐེག་ཆེན་སྟོན་པ་ཡང་དག་རྫོགས་སངས་རྒྱས། །མོས་པ་རབ་དགའི་སྙིང་པོར་ཕྱག་འཚལ་ལོ། །ཞིང་དང་དེ་བཞིན་གཤེགས་དེའི་མཚན་ཐོས་ཏེ། །དད་པས་ཕྱག་འཚལ་མོས་ཀུན་ཚེ་འཕོས་ནས། །ངན་འགྲོའི་སྒོ་བཅད་དགའ་བ་ཅན་གྱི་ཞིང༌། །འདྲེན་མཛད་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་མཚན་ཐོས་གསོལ་བ་འདེབས་པ་དག །ངན་འགྲོའི་སྒོ་བཞི་བཅད་ཅིང་འཇིགས་ཀུན་ཞི། །གདོན་གྱིས་མི་ཚུགས་རྟག་ཏུ་སྲུང་མཛད་པའི། །མཁྱེན་བརྩེའི་ཡེ་ཤེས་བརྙེས་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང༌། །མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བའི། །ནམ་མཁའི་ཕ་མཐར་ཁྱབ་པས་རྟག་ཏུ་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་ཞིང་ཡུན་དུ་བཞུགས་པར་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །མོས་པ་རབ་དགའ་སྙིང་པོའི་ཐུགས་བསྐྱེད་དང༌། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་བརྫུས་སྐྱེས་གཟུངས་སོགས་ཡོན་ཏན་ལྡན། །མོས་པ་རབ་དགའ་ལ་སོགས་རྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་ དཀོན་མཆོག་བརྩེགས་པའི་ལེའུ་བཅོ་ལྔ་པ་འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས་གསུངས། མཆན། གྱུར་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་བརྗོད་དེ་ཕྱག་འཚལ་མེ་ཏོག་འཐོར་ནས། །ཤར་ཕྱོགས་འབྱུང་བ་བཟང་པོའི་ཞིང་བཞུགས་པའི། །དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་མདུན། །འཁོར་ལོས་བསྒྱུར་རྒྱལ་ནམ་མཁར་གྱུར་ནས་ཀྱང༌། །བླ་མེད་བྱང་ཆུབ་ཐུགས་བསྐྱེད་ཕྱག་འཚལ་ལོ། །ཤེས་བྱའི་མཁའ་དབྱིངས་ཟབ་ཅིང་ཡངས་པ་ལ། །བློ་གྲོས་དཀྱིལ་འཁོར་རྒྱས་པའི་འོད་ཟེར་གྱིས། །སྐྱེ་དགུའི་མ་རིག་མུན་པའི་ཚོགས་བསལ་བ། །རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཟབ་ཅིང་རྒྱ་ཆེའི་ངོ་མཚར་རྣམ་ཐར་མཐའ། །མཐའ་དག་གསུང་ལ་ཚངས་པའི་དབྱངས་ཀྱིས་ཀྱང༌། །ཕ་མཐའ་གཏུགས་མིན་མཚུངས་མེད་རྒྱལ་བའི་སྲས། །འཇམ་དཔལ་དཔའ་བོའི་ཞབས་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང༌། །མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ། །ནམ་མཁའི་ཕ་མཐར་ཁྱབ་པས་རྟག་ཏུ་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་ཞིང་ཡུན་དུ་བཞུགས་པར་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཐུགས་བསྐྱེད་དང༌། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་བརྫུས་སྐྱེས་གཟུངས་སོགས་ཡོན་ཏན་ལྡན། །རྗེ་བཙུན་འཇམ་དཔལ་དབྱངས་སོགས་རྒྱལ་སྲས་ལས། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །གསུམ་པ་རྗེས་རིམ་དང་པོ་ཚོགས་གཉིས་སྤེལ་བའི་ཕྱིར་ཀུན་རྫོབ་དང་དོན་དམ་གྱི་སེམས་བསྐྱེད་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ལན་གསུམ་གྱིས་སེམས་བསྐྱེད་རྟེན་སྐྱབས་འགྲོ་དང༌། ཚོགས་བསགས་ཡན་ལག་བདུན་པ་འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང༌། ཨོཾ། སྣང་སྲིད་རྣམ་དག་མཉམ་ཉིད་ཆོས་སྐུའི་ངང༌། །གདོད་ནས་རྣམ་གྲོལ་ཆེན་པོར་ཕྱག་འཚལ་ལོ། །གང་སྣང་བདེ་ཆེན་རྡོ་རྗེའི་རང་བཞིན་གྱིས། །ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་མཆོད་པ་འབུལ། །རང་སེམས་རྣམ་རྟོག་འཁྲུལ་པའི་ཉེས་པ་ཡིས། །མ་དག་ནོངས་པར་གྱུར་པ་མཐོལ་ལོ་བཤགས། །འདི་ལྟར་བདེ་ཆེན་ཆོས་སྐུར་རོ་གཅིག་པའི། །ཡང་དག་དོན་ལ་མི་ཕྱེད་ཡི་རང་ངོ༌། །མཉམ་ཉིད་ངང་ནས་ཐུགས་རྗེའི་རོལ་པ་ཡིས། །ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར། །སྐུ་གསུམ་རོལ་པ་ནམ་ཡང་མི་ཟད་པའི། །རྟག་པ་ཆེན་པོར་བཞུགས་ལ་གསོལ་བ་འདེབས། །ཐམས་ཅད་མ་ལུས་དགེ་ཞིང་ལེགས་པའི་ལམ། །རང་གྲོལ་དོན་གྱི་སངས་རྒྱས་འགྲུབ་པར་ཤོག །སེམས་བསྐྱེད་དངོས་གཞིའི་དང་པོ་ཀུན་རྫོབ་སེམས་བསྐྱེད་པ་ནི། ཕྱོགས་བཅུ་ན་སོགས་གོང་ལྟར་དགོངས་གསོལ་སྔོན་དུ་འགྲོ་བས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི །ལན་གསུམ་གྱིས་སྨོན་འཇུག་སྟབས་གཅིག་ཏུ་ལེན། རྗེས་ལ་དགའ་བ་བསྒོམ་པ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །རྒྱལ་པོ་བློན་པོ་ལས་དང་པོའི། །ལྟུང་བ་ལྔ་ལྔ་བརྒྱད་ལ་སོགས། །རྩ་བ་དང་ནི་ཡན་ལག་གི །ཉེས་ལྟུང་རྣམས་ཀྱིས་མ་གོས་པར། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོགས་པར་མི་འགྱུར་དེ་ལྟར་བྱ། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་དོན་དམ་སེམས་བསྐྱེད་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་དང་འཛིན་པ་རྣམ་པར་སྤང་བ་ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་ཕྱིར་རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་བསྐྱེད་དོ། །ཞེས་ལན་གསུམ་དུ་བརྗོད་ཅིང་དོན་དམ་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བ་ནི། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང༌། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང༌། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལའང་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །གཉིས་པ་གཏོར་མ་འབུལ་བ་ནི། རིན་པོ་ཆེ་ལ་སོགས་པའི་གཏོར་སྣོད་ནང་དུ་གཟུགས་སྒྲ་དྲི་རོ་རེག་བྱ་སྐྱེ་མཆེད་ཀྱི་ངོ་བོར་གྱུར་པའི་གཏོར་མ་འདོད་པའི་ཡོན་ཏན་བསམ་གྱི་མི་ཁྱབ་པས་གང་བར་གྱུར། །ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བརླབས་ནས། གཏོར་མ་དང་པོར། ཨོཾ་མཉྫུ་ཤྲཱི་གྷོ་ཥ་སརྦ་ཏ་ཐཱ་ག་ཏ་ཛ་ཡ་པཱུ་ཏྲ་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་བཏགས་པ་གསུམ་གྱིས་འཇམ་དཔལ་དབྱངས་དང་དཀོན་མཆོག་གསུམ་ལ་ཕུལ་ནས། བླ་མ་རྗེ་བཙུན་འཕགས་པ་འཇམ་དཔལ་དབྱངས་སྒྱུ་འཕྲུལ་དྲྭ་བ་རྒྱལ་བ་སྲས་དང་བཅས་པ་དཀོན་མཆོག་རིན་ཆེན་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བདག་ཅག་འཁོར་དང་བཅས་པས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་སུ་སློབ་ཅིང་སྒྲུབ་པའི་གཡར་དམ་འཆང་བ་ལ་བར་དུ་གཅོད་པ་ཞི་བ་དང་ཇི་ལྟར་བསམ་པ་བཞིན་འགྲུབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། གཏོར་མ་གཉིས་པ། ཨོཾ་དྷརྨ་པཱ་ལ་ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་ཆོས་སྐྱོང་སྤྱི་ལ་ཕུལ་ནས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་སོགས་པ་ཆོས་སྐྱོང་བའི་སྲུང་མ་རྣམས་དང༌། དཀར་ཕྱོགས་ལ་མངོན་པར་དགའ་བའི་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་དར་བ་དང་འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་འབྱུང་བ་དང༌། བདག་ཅག་དཔོན་སློབ་རྣམས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོའི་རྗེས་སུ་སློབ་པ་བཞིན་འགྲུབ་པའི་སྡོང་གྲོགས་དམ་པ་མཛད་དུ་གསོལ། །ཞེས་འདོད་དོན་གསོལ། གཏོར་མ་གསུམ་པ། གཉུག་མར་གནས་པའི་གཞི་ཡི་བདག་པོ་རྣམས་མདུན་དུ་མངོན་སུམ་བཞིན་འཁོད་པར་བསམ་ལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་བསྔོས་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་གཞི་བདག །གནས་བདག །གྲོང་བདག །དཀོར་བདག །གཉུག་མར་གནས་པ་རྣམས་ལ་འབུལ་ལོ། མཆོད་དོ། སྟོབ་བོ། བཞེས་ཤིག །སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། །འཇིག་རྟེན་གྱི་ཁམས་སུ་བདེ་ལེགས་འབྱུང་བ་དང༌། བདག་ཅག་དཔོན་སློབ་རྣམས་ཀྱིས་རྗེ་བཙུན་འཇམ་དཔལ་དབྱངས་མཆོད་ཅིང་རྗེས་སུ་སློབ་པ་ལ་དགའ་ཞིང་རྗེས་སུ་ཡི་རང་ནས་བར་དུ་གཅོད་པ་ཐམས་ཅད་སྲུང་བའི་སྟོང་གྲོགས་དམ་པ་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། བཞི་པ་ཚོགས་ཞིང་བསྡུ་བ་ནི། འཁོར་རྣམས་འོད་དུ་རིམ་གྱིས་གཙོ་ལ་ཐིམ། །གཙོ་བོའི་སྐུ་ལས་འོད་ཟེར་བདུད་རྩིའི་རྒྱུན། །སྤྱི་བོ་ནས་ཞུགས་ལུས་གང་སྒྲིབ་ཀུན་ཞི། །བྱིན་རླབས་དབང་བསྐུར་རྡོ་རྗེའི་ཡེ་ཤེས་བསྐྱེད། །མཐར་ནི་འོད་དུ་རང་ཐིམ་གཉིས་མེད་ངང༌། །འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུར་གྱུར་ནས། །སྣང་སྲིད་བདེ་ཆེན་མཉམ་ཉིད་བྱང་ཆུབ་སེམས། །མ་བཅོས་བློ་འདས་རྫོགས་པ་ཆེན་པོའོ། །ཞེས་མོས་ལ་མཉམ་པར་བཞག །སྤྲོ་ན་གོང་གི་གསོལ་འདེབས་ཀྱི་སྐབས་དང༌། གཟུངས་བཟླ་བའི་སྐབས་དང༌། སྐབས་འདི་གསུམ་དུ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་རྒྱས་བསྡུས་གང་རུང་བཀླག །སྔ་མ་གཉིས་ལ་མ་གྲུབ་ཀྱང་སྐབས་འདིར་ལན་གཅིག་ངེས་པར་བཀླག ཨོཾ་མཉྫུ་ཤྲཱི་པ་ར་དཱ་བཛྲ་མྃ་སྭཱ་ཧཱ། ཞེས་ཅུང་ཟད་བཟླ། གསུམ་པ་གཏང་རག་གི་སླད་དུ་ཡན་ལག་བདུན་པ་ཕུལ་བ་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་སོགས། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །བཞི་པ་བསྔོ་སྨོན་ནི། ཚིག་དོན་ལ་སེམས་གཞོལ་བས། དང་པོ་ཐུགས་བསྐྱེད་གོ་ཆ་བཞེས་པ་དང༌། །བར་དུ་རྫོགས་སྨིན་སྦྱངས་བའི་རྣམ་ཐར་མཐུ། །མཐར་འབྲས་སྐུ་བཞིའི་ཁྱབ་བདག་ཡེ་ཤེས་དཔལ། །ཕྱོགས་དུས་རྣམ་འདྲེན་ཀུན་ལས་ཁྱད་འཕགས་པ། །རྗེ་བཙུན་འཇམ་དབྱངས་མཆོད་ཅིང་གསོལ་བ་འདེབས། །ལེགས་བྱས་སྟོན་ཟླ་འཛུམ་པའི་མཚར་སྡུག་ལ། །ཡོངས་བསྔོ་བདུད་རྩིའི་ཟིལ་མངར་འབུམ་འཛག་པས། །ཆོས་དབྱིངས་འཆི་མེད་ལམ་ཀུན་མཛེས་བྱས་ནས། །ངོ་མཚར་ཆུ་གཏེར་ཟད་མི་ཤེས་གྱུར་ཅིག །སྔོན་ཚེ་གྲངས་མེད་བསྐལ་པའི་ཕ་རོལ་དུ། །འཁོར་ལོས་བསྒྱུར་རྒྱལ་ནམ་མཁའི་ཚུལ་བསྟན་ནས། །བདེ་གཤེགས་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོའི་མདུན། །ཉོན་མོངས་མི་ཟད་མི་དགེའི་ལས་སྤངས་ནས། །ཚངས་པར་སྤྱོད་པས་སངས་རྒྱས་རྗེས་སློབ་སྟེ། །ཕྱི་མའི་མུ་མཐར་སེམས་ཅན་གཅིག་ཕྱིར་ཡང༌། །བྱང་ཆུབ་སྤྱོད་སྤྱད་མངོན་སངས་མི་རྒྱ་བར། །སངས་རྒྱས་ཞིང་སྦྱངས་ཕྱོགས་བཅུའི་འཇིག་རྟེན་དུ། །བདག་གི་མིང་ཐོས་ཀུན་ཏུ་གྲགས་གྱུར་ཅིག །བསྐལ་པ་གངྒའི་བྱེ་སྙེད་བཞི་འདས་ཚེ། །ལྷོ་ཕྱོགས་རྡུལ་བྲལ་ཡང་དག་བསགས་པ་རུ། །འཇམ་དཔལ་བདེ་གཤེགས་ཀུན་ཏུ་གཟིགས་གྱུར་ཚེ། །བདག་ཀྱང་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །མངོན་སངས་རྒྱས་ནས་མྱ་ངན་འདས་ཀྱི་བར། །རྡོ་རྗེའི་སྟན་ལས་མི་གཡོ་སྤྲུལ་པའི་ཚོགས། །དཔག་མེད་འབྱེད་པས་འགྲོ་ལ་ཆོས་སྟོན་ཅིང༌། །རྣམ་གྲོལ་ལམ་སྟོན་མཛད་དེར་སྐྱེ་བར་ཤོག །སངས་རྒྱས་ཞིང་ཁམས་གངྒ་དུ་མ་ཡི། །བྱེ་མའི་གྲངས་སྙེད་ཐ་གྲུ་ལྟར་ཡངས་པར། རིན་ཆེན་བརྒྱ་སྟོང་དུ་མས་སྤྲས་པ་ཡི། །སྲིད་རྩེའི་ཚད་དང་མཉམ་དེར་སྐྱེ་བར་ཤོག །དག་པའི་ཞིང་དེར་བུད་མེད་མངལ་སྐྱེས་དང༌། །ཉན་རང་མིང་མེད་ཞེ་སྡང་ཐ་བ་སྤང༌། །འཆབ་པའི་སྐྱོན་བྲལ་ཀུན་ཀྱང་ཚངས་པར་སྤྱོད། །དགེ་སྦྱོང་ཚུལ་ཅན་ཞིང་དེར་སྐྱེ་བར་ཤོག །ཀུན་ཀྱང་སྐྲ་བྲེགས་ངུར་སྨྲིག་རྒྱལ་མཚན་ཅན། །རོ་བརྒྱའི་ཟས་སྤྱོད་ཞིང་གཞན་ཉན་རང་དང༌། །ཡི་དྭགས་ཚིམས་བྱས་མི་ཁོམ་གནས་བརྒྱད་དང༌། །སྡུག་བསྔལ་མིང་མི་གྲགས་དེར་སྐྱེ་བར་ཤོག །ཞིང་གཞན་མི་སྲིད་ནོར་བུས་ཡོངས་སུ་གང༌། །ཚ་གྲང་ན་དང་རྒ་འཆི་སྒྲ་མི་གྲགས། །རང་ལུས་གསེར་སོགས་གང་འདོད་དེར་སྣང་ཞིང༌། །སིལ་སྙན་སྒྲ་ལས་གང་འདོད་སྡེ་སྣོད་ཐོས། །རིན་ཆེན་ལས་གྲུབ་ཤིང་དང་ལྷའི་མེ་ཏོག །མན་དཱ་ར་བས་ཁོར་ཡུག་ཀུན་གང་ངད། །དྲི་ཞིམ་སྤོས་སྤྲིན་ཀུན་ཁྱབ་བདུད་རྩིའི་ཆུ། །ཆོས་སྙན་སྒྲ་སྒྲོགས་ཞིང་དེར་སྐྱེ་བར་ཤོག །བྱང་ཆུབ་ཤིང་འོད་སངས་རྒྱས་ཞིང་བྱེ་བ། །ཁྲག་ཁྲིག་འབུམ་ཁྱབ་ཉི་ཟླ་གློག་འོད་མེད། །ཉིན་མཚན་པད་མོ་འབྱེད་འཛུམ་དེར་སྐྱེ་ཤོག །ཞིང་དེར་བལྟ་འདོད་བྱང་ཆུབ་ཤིང་སངས་རྒྱས། །མཇལ་བའི་མོད་ནས་སེམས་ཉིད་ཐེ་ཚོམ་ཞི། །གཟུངས་དང་སྤོབས་པའི་སྒོ་རྙེད་སྔོན་མ་ཐོས། །ཆོས་སྒོ་མཐའ་ཡས་སྟོན་དེར་སྐྱེ་བར་ཤོག །ཕྱོགས་བཅུའི་འཇིག་རྟེན་བྱེ་བ་ཕྲག་ཁྲིག་ནི། །འབུམ་ཕྲག་ཚད་མེད་བཞུགས་པའི་ཞིང་ཁམས་ཀྱི། །ཡོན་ཏན་བཀོད་པ་ཞིང་གཅིག་ལ་རྫོགས་པའི། །ངོ་མཚར་རྨད་དུ་བྱུང་དེར་སྐྱེ་བར་ཤོག །སངས་རྒྱས་བྱེ་བ་ཕྲག་ཁྲིག་འབུམ་གྱི་མཚན། །བརྗོད་ལས་འཇམ་དཔལ་གཅིག་གི་མཚན་བརྗོད་པའི། །བསོད་ནམས་ཆེ་བསྔགས་མངོན་སངས་རྒྱས་པའི་མཚན། །ཀུན་ཏུ་གཟིགས་ཀྱི་ཞིང་དུ་སྐྱེ་བར་ཤོག །རྒྱལ་པོ་ནམ་མཁས་བྱང་ཆུབ་ཐུགས་བསྐྱེད་ཚེ། །སྲོག་ཆགས་བྱེ་བ་ཉི་ཤུས་སེམས་བསྐྱེད་ཅིང༌། །ཀུན་ཏུ་གཟིགས་མཚན་ཐོས་པས་བྱེ་བ་ཕྲག །འབུམ་ཕྲག་བརྒྱད་ཅུ་རྩ་བཞིར་གྲོལ་བཞིན་ཤོག །སྔོན་ཚེ་རྣམ་པར་སྣང་བ་ཞིང་གི་རྒྱལ། །མྱ་ངན་འདས་ནས་འཕགས་པ་འཇམ་དཔལ་དབྱངས། །རང་སངས་རྒྱས་སྟོན་སྲོག་ཆགས་བྱེ་བ་ཕྲག །སུམ་ཅུ་རྩ་དྲུག་སྒྲོལ་བཞིན་བདག་ནུས་ཤོག །ལྷོ་ཕྱོགས་མཉམ་ཞིང་འདས་པའི་སངས་རྒྱས་ཞིང༌། །བདེ་གཤེགས་ཀླུ་ཡི་དབང་པོའི་ཚུལ་བསྟན་ནས། །བྱེ་བ་བདུན་ཅུ་བྱང་སེམས་བྱེ་བ་ཕྲག །བརྒྱད་ཅུ་ཉན་ཐོས་བྱེ་བ་སྟོང་ཕྲག་ནི། །རང་སངས་རྒྱས་སུ་སྒྲོལ་སོགས་ལྷ་དང་མིའི། །གདུལ་བྱའི་དོན་དུ་མཆོད་རྟེན་བྱེ་བ་ཕྲག །སུམ་ཅུ་རྩ་དྲུག་ཆོས་ནི་ལོ་འབུམ་དུ། །གནས་པས་དོན་མཛད་ཇི་བཞིན་བདག་གྱུར་ཤོག །མི་མཇེད་བྱང་ཕྱོགས་རྟག་པར་རབ་དགའ་ཞིང༌། །ད་ལྟའི་སངས་རྒྱས་མོས་པ་རབ་དགའི་སྙིང༌། །སྡུག་བསྔལ་ཐེག་དམན་མེད་པའི་བྱང་སེམས་འཁོར། །ཚེ་དང་གཟི་བརྗིད་ལྡན་དེར་སྐྱེ་བར་ཤོག །སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་ཇི་སྙེད། །རིན་ཆེན་གྱིས་བཀང་རྒྱལ་ལ་མཆོད་པ་དང༌། །སྒོམ་པའི་སེམས་ཅན་ཚུལ་ཁྲིམས་ལ་གནས་ཏེ། །ཕྱི་མཐར་ཐུག་བར་སྦྱིན་པས་ཚིམས་བྱས་པས། །འཇམ་དཔལ་གཞོན་ནུའི་རྗེས་སུ་སློབ་སེམས་པ། །བསོད་ནམས་ཆེ་བར་བསྔགས་བཞིན་རྗེས་སློབ་ཤོག །འོད་ཀྱི་ཏོག་དང་ཡེ་ཤེས་བླ་མ་མཆོག །ཞི་བའི་དབང་པོ་སྨོན་ལམ་བློ་གྲོས་སོགས། །མགོན་པོ་ཁྱོད་ཀྱི་རྗེས་སུ་སློབ་པ་ལྟར། །བདག་ཀྱང་འཇམ་དཔལ་དཔའ་བོའི་རྗེས་སློབ་ཤོག །མ་སྐྱེས་དགྲ་བཏུལ་ མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལས་གསུངས། བྱང་ཆུབ་གནས་ལ་བཀོད། །ནོར་བཟང་བྱང་ཆུབ་སྤྱོད་པ་རྒྱ་མཚོ་སྟོན། །སྨད་འཚོང་གསེར་མཆོག་འཇིགས་བྱིན་སྒྲོལ་ འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་གསུངས། མཛད་ལྟར། །ཐབས་མཁས་སྤྱོད་པ་རླབས་ཆེན་སྤྱོད་ནུས་ཤོག །འཇམ་དཔལ་ཞེས་པའི་མཚན་གྱི་སྒྲ་བསྒྲགས་པས། །བདུད་གནས་གཡོ་ཞིང་ཚེ་འཕོས་སྙམ་བྱེད་ལྟར། །རྣམ་དབྱེར་མེད་པའི་སེམས་ཅན་དོན་བྱས་ནས། །འགྲོ་ཀུན་འཇིགས་དང་སྡུག་བསྔལ་ལས་སྐྱོབ་ཤོག །ལྷའི་བུ་བློ་གྲོས་རབ་གནས་ཀྱི་ཞུས་པའི་མདོ་ལས་གསུངས། མདོར་ན་སངས་རྒྱས་བྱེ་བ་ཕྲག་ཁྲིག་འབུམ། །མཚན་ནས་བརྗོད་ལས་འཇམ་དཔལ་གཞོན་ནུའི་མཚན། །ལན་གཅིག་བརྗོད་པ་བསོད་ནམས་ཆེ་གསུངས་པས། །དད་བློས་མཚན་བརྗོད་ཕྱག་མཆོད་ཕུལ་བའི་དགེས། །སྲིད་ཞིའི་དགེ་ལེགས་དཔལ་གྱུར་རྒྱལ་བའི་བསྟན། །འཇམ་དཔལ་ཞིང་གི་ཡོན་ཏན་བསྟན་པའི་མདོ་ལས་གསུངས། བཤད་སྒྲུབ་ལས་ཀྱི་འཁོར་ལོས་གོང་དུ་འཕེལ། །དེ་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་དང༌། །ཐུགས་ཀྱི་བཞེད་དོན་འབད་རྩོལ་མེད་པར་འགྲུབ། །མཁའ་ཁྱབ་ཡིད་ཅན་འཁྲུལ་སྣང་ཁྲི་མུན་བརྡོལ། །ཕན་བདེ་དཔལ་འབྱོར་རྫོགས་ལྡན་བཞིན་འབྱོར་ནས། །དཀོན་མཆོག་མཚན་ཐོས་བྱང་ཆུབ་སྤྱོད་རྫོགས་པ། །རྗེ་བཙུན་ཡེ་ཤེས་གཏེར་ཆེན་བཞིན་གྱུར་ཅིག །བདག་ཀྱང་ཚེ་རབས་ཕྲེང་བ་ཐམས་ཅད་དུ། །རྒྱལ་ཀུན་ཡབ་དེས་རྗེས་བཟུང་མཁྱེན་བརྩེ་ནུས། །མཚུངས་མེད་རྒྱལ་བ་དགྱེས་པའི་ལམ་ཞུགས་ནས། །སྲིད་ཞི་ལས་འདས་གོ་འཕང་བརྙེས་གྱུར་ཅིག །ལྔ་པ་ཤིས་པ་བརྗོད་པ་ནི། བཀྲ་ཤིས་ལྷ་ཡི་མཆོག་གྱུར་འདས་པའི་དུས་ཀྱི་ཚེ། །མཉམ་པ་ཆེན་པོའི་ཞིང་བཞུགས་བདེ་གཤེགས་ཀླུ་ཡི་རིགས། །ཐེག་གསུམ་བདུད་རྩིར་སྤྱོད་འབྲས་མངོན་གྱུར་འཁོར་བཅས་ཀྱིས། །འགྲོ་ཀུན་མི་གནས་མྱང་འདས་དཔལ་ཐོབ་བཀྲ་ཤིས་ཤོག །ད་ལྟ་བྱང་ཕྱོགས་མོས་པ་རབ་དགའ་སྡུག་པའི་ཞིང༌། །རྣམ་འདྲེན་ཉི་མ་མོས་པ་རབ་ཏུ་དགའ་བའི་མཚན། །ཐེག་ཆེན་བྱང་ཆུབ་སྤྱོད་གཙང་འབའ་ཞིག་སྟོན་མཛད་དེས། །མཁའ་མཉམ་ཡིད་ཅན་ཐེག་མཆོག་ཆོས་སྤྱོད་བཀྲ་ཤིས་ཤོག །མ་འོངས་རྡུལ་བྲལ་ཡང་དག་བསགས་པ་དག་པའི་ཞིང༌། །རྫོགས་པའི་སངས་རྒྱས་མགོན་པོ་ཀུན་ཏུ་གཟིགས་ཆེན་པོ། །སངས་རྒྱས་ཀུན་གྱི་ཞིང་དང་མཚན་བརྗོད་ལས་ལྷག་པའི། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་མཆོག་གི་བཀྲ་ཤིས་ཤོག །ཕྱོགས་དུས་ཞིང་ན་སངས་རྒྱས་ཡེ་ཤེས་སྤྱན་རས་ཀྱི། །གཟིགས་པས་འཇམ་དཔལ་དབྱངས་ཀྱིས་བྱང་ཆུབ་མ་བཀོད་པ། །གཅིག་ཀྱང་མེད་པར་རྒྱལ་སྲས་ཐུ་བོའི་ཚུལ་འཛིན་པ། །རྒྱལ་ཀུན་ཡབ་དེའི་རྗེས་སུ་འཛིན་པའི་བཀྲ་ཤིས་ཤོག །རྣམ་ཀུན་མཆོག་ལྡན་ཟབ་ཞི་ཆོས་ཀྱི་དབྱིངས་ཆེན་པོར། །མཆོག་ཏུ་མི་འགྱུར་ཟག་མེད་བདེ་བའི་དགའ་སྟོན་ལ། །རྟག་ཏུ་ངལ་འཚོ་འཕོ་འགྱུར་མཚན་མའི་སྤྲོས་བྲལ་བའི། །འཕགས་བཞིའི་ཡུམ་གྱིས་སྲིད་ཞིའི་གདུང་སེལ་བཀྲ་ཤིས་ཤོག །ཅེས་བརྗོད་པས་དགེ་ལེགས་ཀྱི་སྣང་བ་ཕྱོགས་དུས་ཀུན་ཏུ་ཁྱབ་པར་བྱའོ། །མཚན་ཙམ་བཟུང་བས་འཁོར་བ་ཕྱིར་བསྙིལ་ཞིང༌། །བདུད་རིགས་དཔའ་བཀོང་མཛད་སོགས་ངོ་མཚར་གྱི། །ཕན་ཡོན་མཐའ་ཡས་རྒྱལ་གསུང་ཚད་མའི་ཕྱིར། །ཚུལ་འདི་བགྱི་བ་དོན་དང་ལྡན་པར་རློམས། །སྙིགས་མའི་སེམས་ཅན་བསོད་ནམས་འབྱོར་པས་ཕོངས། །ནད་མུག་མཚོན་གྱི་ཟུག་རྔུ་ཆེས་ལྡང་ཚེ། །འབད་རྩོལ་ཆུང་ངུས་དོན་ཆེན་འགྲུབ་མཐོང་ནས། །འཇམ་མགོན་ཡབ་སྲས་གསུང་ལ་བརྟེན་ནས་བཀོད། །རབ་དགེ་དྲི་མེད་ནོར་བུ་ཆུ་ཤེལ་སྤྲིན། །ཆོས་དབྱིངས་མཁའ་ལ་མཛེས་པར་བྲེས་འདིས་ཀྱང༌། །བསྟན་འགྲོའི་རྒུད་སེལ་དགེ་ལེགས་ཞིང་ས་རུ། །སྐུ་བཞིའི་སྙེ་མ་གཡུར་དུ་ཟ་བར་ཤོག །འཇམ་དཔལ་ཡེ་ཤེས་སྣང་བའི་གཏེར་གཅིག་གིས། །ཚེ་རབས་ཀུན་ཏུ་དགྱེས་པའི་འབབ་སྟེགས་གྱུར། །བསྟན་འགྲོའི་རྒུད་སེལ་གཟུངས་སྤོབས་སྨོན་ལམ་གྱིས། །རྒྱལ་ཀུན་ཡབ་དང་གཉིས་མེད་གཅིག་གྱུར་ཅིག །ཅེས་པ་འདི་ཡང་འཇམ་དཔལ་དངོས་སུ་གྲུབ་པའི་སློབ་དཔོན་དུ་མས་རྗེས་སུ་བཟུང་ཞིང༌། འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོས་བྱིན་གྱིས་བརླབས་པའི་མཚན་འཆང་ཞིང༌། འཇམ་དཔལ་དབྱངས་ཀྱི་རྒྱུད་ལུང་མན་ངག་དུ་མའི་ཐོས་བསམ་གྱི་སྐལ་པ་དགེ་བ། འཇམ་དཔལ་དགའ་བའི་བཤེས་གཉེན་ཚངས་སྲས་དགྱེས་པའི་རྡོ་རྗེའམ་བཀྲིས་དཔལ་འབྱོར་དུ་འབོད་པའི་ཕྱོགས་བྲལ་ཀུན་ཏུ་རྒྱུ་བ་གང༌། འཇམ་དཔལ་དབྱངས་ཀྱི་ཕྱག་མཚན་དུ་བཞེས་པའི་རྒྱ་ནག་རི་བོ་རྩེ་ལྔས་མཛེས་པའི་ཞིང་དུ་ཁ་འཁྱལ་བའི་ཚེ། དད་བློ་གསལ་བ་ཁ་བ་སྤྲུལ་སྐུ་ཆོས་ཀྱི་ཉི་མ་དང༌། སིབ་བཀྲ་ཤིས་ཆོས་གླིང་གི་སྤྲུལ་སྐུ་ཟུང་གིས་རབ་འབྱམས་མཆོག་སྤྲུལ་སྦྲན་ནས་ལྷ་རྫས་ཀྱི་རྟེན་དང་བཅས་ཏེ་དྭངས་བསིལ་རི་བོ་རྩེ་ལྔ་ནས་དག་པའི་གཟིགས་སྣང་དང་མཐུན་པའི་ཆོ་ག་ཞིག་བརྩམས་པར་བསྐུལ་ཀྱང༌། ཁོ་བོ་ནི་ལོ་ན་སྨིན་བཞིན་རྩ་རླུང་རྒུད་ཅིང༌། དཀོར་ནག་གི་རི་བོས་གཉའ་བར་མནན་ཏེ་ཕག་པ་བཞིན་ཉལ་བ་ལས་དག་པའི་གཟིགས་སྣང་ནམ་ཡང་མེད་ཀྱང་རིགས་ཀུན་ཁྱབ་བདག་འཇམ་མགོན་བླ་མའི་མཆོག་སྤྲུལ་འཇམ་དཔལ་ཆོས་ཀྱི་རྒྱ་མཚོས་ཞིང་ཁྱད་པར་ཅན་མི་ཕམ་རིན་པོ་ཆེའི་ཐུགས་དམ་རྟེན་འཇམ་དབྱངས་གསུང་བྱོན་མའི་མདུན་མཆོད་མེ་འབུམ་ཕྲག་ཕུལ་བའི་སྐབས་ཉེམ་ཁོར་གྱུར་པའི་རྐྱེན་གྱིས་འཇམ་དཔལ་མཆོད་པའི་ཆོ་ག་ཞིག་གྲུབ་པར་གྱིས་ཞེས་བཀའ་ལུང་གསེར་གྱི་ཅོད་པན་སྤྱི་བོར་བཅིངས་པས་མདོ་རྒྱུད་ཀྱི་ལུང་དང་མཐུན་པའི་ཞིང་སྦྱང་གི་ཆོ་ག་འདི་ལྟར་བྲིས་ན་དོན་དང་ལྡན་པར་མཐོང་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་བཞུགས་གནས་རྒྱ་ནག་ཁྲི་འདུ་གྲོང་ཁྱེར་སྤོས་ངད་ལྡན་ནས་དབུ་འཛིན་བྱས་ཏེ་མཐའ་ཡོངས་སུ་རྫོགས་པ་ལྷོ་ལྗོངས་ཆོས་ཀྱི་དགའ་ཚལ་གྱི་བྱེ་བྲག་མཐའ་འདུལ་གྱི་གཙུག་ལག་ཁང་སྤ་གྲོ་སྐྱེར་ཆུའི་འདབས་འབྱོར་བའི་བསམ་གཏན་གྱི་སྤྱིལ་བུ་བཀྲིས་དགའ་བ་འཁྱིལ་བར་རྫོགས་པར་བྱས་པ་འདིས་ཀྱང་འབྲེལ་ཚད་རྗེ་བཙུན་འཇམ་པའི་རྡོ་རྗེའི་རྣམ་ཐར་གྱི་རྗེས་སུ་སློབ་པར་གྱུར་ཅིག ། །།
[edit]

@#/_/'jam dpal sgyu 'phrul drwa ba'i zhing dang mtshan gyi bkod pa la bsten pa'i mchod cing gsol ba 'debs pa'i rim pa ngo mtshar ye shes rgya mtsho'i rlabs phreng zhes bya ba bzhugs// @#/_/na mo gu ru many+dzu shrI ye/_skal bzang gang zhig thar pa dang thams cad mkhyen pa'i lam gyi rtsa ba ye shes 'dod dgu'i snang ba la bde blag tu longs su spyod par 'dod pas rgyal kun ye shes sgyu 'phrul drwa ba'i khyab bdag rje btsun 'jam dpal dbyangs kyi thugs dam rjes su bskul ba'i rnal 'byor zab mo nyams su len par bya ba la/_sngon dngos rjes gsum las/_dang po la'ang thog mar yo byad bsham bkod ni/_gtsang ma'i gnas khang rgyan dang byi dor legs par byas pa'i dbus su 'phags pa 'jam dpal gtso bor gyur pa'i sku gsung thugs rten byin rlabs khyad par dang ldan pa'i mdun stegs lha rdzas kyis bkab par rin po che'i maN+Dal dri bzang gis gsher ba'i tshom bu lnga bkod pa'i mdun/_'bul gtor dkar zlum zas sna bzang dgus bskor ba dang*/_dkar gtor gnyis bcas snod so sor bshams/_me tog sogs nyer spyod mchod pa'i phreng ba brgya stong sogs ji tsam 'byor ba dang*/_khrus gsol gyi yo byad dri bzang gi chu gtsang*/_me long sku phyi gos zung bcas dang*/_rang gi mdun du 'thor nas dang rol mo sogs bkod la/_gnyis pa nges 'byung gi blo bskul ba ni/_rab 'byams rgyal ba'i ye shes sku gcig pu/_/bka' drin mnyam med khyab bdag bla ma dang*/_/rnam dbyer med pa dgyes 'dzum shig ge bar/_/bzhugs nas bdag rgyud byin gyis brlab tu gsol/_/rnyed dka' don ldan dal 'byor rten thob kyang*/_/do nub tsam yang mi 'chi'i gdeng med cing*/_/shi ba'i 'og tu las kyi rjes 'brang nas/_/'khor bar gar skyes sdug bsngal rang bzhin phyir/_/bdag gzhan srid las nges par 'byung ba'i blos/_/zhes dad dang*/_nges 'byung thar 'dod kyis kun nas bslangs te/_gsum pa skyabs 'gro ni/_sku dang ye shes rgya mtsho'i khyab bdag che/_/skyabs gnas gcig chog rje btsun 'jam dpal gyi_/gsang ba mi zad rjes su dran pa'i mthus/_/byang chub snying po'i bar du skyabs su mchi/_/lan gsum/_bzhi pa sems bskyed ni/_shes pas srid pa'i pha mtha' las brgal kyang*/_/snying rjes zhi ba'i g.yang sar gol min pas/_/bla ma 'jam dpal gzhon nu'i ye shes sku/_/thob phyir zab mo'i rnal 'byor bsgom par bgyi/_/lan gsum/_lnga pa mchod pa byin rlabs ni/_dkon mchog gsum gyi bden pa dang*/_sangs rgyas dang byang chub sems dpa' thams cad kyi byin gyis brlabs pa dang*/_tshogs gnyis yongs su rdzogs pa'i mnga' thang chen po dang*/_rje btsun 'jam dpal dbyangs kyis byang chub kyi spyod pa spyad pa'i tshe sangs rgyas kyi zhing yongs su sbyangs ba'i bden pa dang*/_chos kyi dbyings rnam par dag cing bsam gyis mi khyab pa'i stobs kyis deng 'dir rab 'byams sras bcas rgyal ba'i yab gcig rje btsun 'jam dpal dbyangs kyi sgyu 'phrul rdo rje bkod pa'i rol mo mtha' dag mchod pa'i tshogs sbyar ba'i pho brang gi dkyil 'khor 'di dag bcom ldan 'das mgon po kun tu gzigs kyi zhing gi bkod pa'i yon tan dang ldan pa'i dbus su byang chub shing rin po che rnam par bkra ba dang*/_rdo rje'i gdan khri ches mtho zhing yangs pa dang*/_rin po che'i sa gzhi ljon shing chu mtsho legs pa'i rgyan thams cad kyis rnam par brgyan pa'i zhing khams tshad du mnyam pa dang*/_phyi nang kun tu mchod pa'i sprin rgya mtsho thams cad kyis rgyas par bkang zhing rgyan bklubs pa dang ldan par gyur cig_/oM na mo b+ha ga wa te/_badz+ra sa ra pra ma d+ha ni/_ta thA ga ta ya/_ar ha te samyak+saM bud+d+ha ya/_tad+ya thA/_oM badz+re badz+re ma hA badz+re/_ma hA te dzo badz+re/_ma hA bid+ya badz+re/_ma hA bo d+hi tsit+ta badz+re/_ma hA bo d+hi maN+Do pa saM kra ma Na badz+re/_sarba karma a ba ra Na bi sho d+ha na badz+re swA hA/_/zhes mchod pa'i sprin gzungs lan gsum bzla/_/gnyis pa dngos gzhi'i dang po tshogs rten gsal gdab pa ni/_oM swa b+hA wa sogs/_gzod nas spros bral ka dag gzhi yi dbyings/_/longs sku rdul bral yang dag bsags pa'i zhing*/_/sprul sku dwangs bsil ri bo rtse mo lnga/_/rin chen sa gzhi bkod pa lta na sdug_/sangs rgyas gang gA'i klung gi bye snyed kyi/_/zhing gi tha gru ltar yangs bdud rtsi'i klung*/_/me tog tshal bstar rin chen brgya phrag stong*/_/du mas sa gzhi lhun po'i phreng ba la/_/nags tshal ne'u gseng che rgu'i rgyan du mas/_/mdzes pas rab spras srid rtse'i tshad tsam dbus/_/stong gsum 'jig rten bcu mnyam byang chub shing*/_/rin chen sna bdun rnam par bkra ba zhes/_/gling bzhi'i khri tshad yal 'dab khor yug khyon/_/lo 'bras me tog nor bu'i 'phyang 'phrul g.yo/_/stong gsum bcu tshad dri dang 'od zer gyis/_/sangs rgyas zhing kun khyab pas zag med kyi/_/gzungs dang ting 'dzin mchog bskyed de yi drung*/_/rin thang brjod bral rmad byung rdo rje'i gdan/_/rab zhi bkod pa'i ye shes shin tu 'gyed/_/dri la yang dag gzhol ba 'jig rten lnga'i/_/khyon mnyam 'phrog byed rkang pa brgyad pa yis/_/gus btud steng du 'dab stong ke sa rar/_/cha shas yongs rdzogs chu shel dbang po'i steng*/_/de bzhin gshegs pa mgon po kun tu gzigs/_/gser gyi gtan pa phyis pa'i mtshan dpe can/_/ye shes 'od zer snang bas chos dbyings khyab/_/thun mtshams sprin mdangs 'gran pa'i chos gos gsol/_/zhabs zung mi g.yo rdo rje'i skyil krung gis/_/mngon sangs rgyas nas mya ngan 'das kyi bar/_/rtag bzhugs phyag gnyis chos 'chad phyag rgya mdzad/_/sangs rgyas byang sems bgrang las 'das sprul nas/_/bla med byang chub lam la 'god par mdzad/_/dpa' bar 'gro ba'i ting nge 'dzin zhes bya ba'i mdo las gsungs/_mchan/_/g.yas su mnyam pa chen po'i zhing bzhugs pa'i/_/bde gshegs klu yi rigs mchog bcom ldan 'das/_/gser mdog mtshan dpe phyag zung mnyam par bzhag_/ngur smrig thar pa'i rgyal mtshan chen pos bklubs/_/rdo rje'i skyil krung seng khri pad zlar bzhugs/_/g.yon du lho phyogs rtag par rab dga'i zhing*/_/mos pa rab dga'i snying po mtshan dpe'i dpal/_/'char kha'i nyin byed ltar mdzes sprul sku'i chas/_/phyag g.yas chos 'chad g.yon pa mnyam bzhag can/_/seng khris btegs pa'i rin chen khri la bzhugs/_/mdun gyi seng khri 'jam dpal smra ba'i seng*/_/gur gum gzhon nu'i mdog can zhi 'dzum sgeg_/phyag g.yas shes rab ral gri mkha' la phyar/_/g.yon pas ut+pal lar gnas glegs bam bsnams/_/zur phud lnga ldan dar dang rat+nas brgyan/_/zhabs zung rdo rje'i skyil mo krung gis bzhugs/_/rgyab tu shes rab pha rol phyin ma ni/_/gser mdog zhal gcig phyag bzhi longs sku'i chas/_/dang pos mnyam bzhag 'og gnyis rdo rje dang*/_/glegs bam g.yon bsnams seng ge'i khri steng bzhugs/_/gtso bo'i spyi gtsug 'brug sgra'i dbyangs kyi rgyal/_/mchog gi sprul sku phyag gnyis mchog sbyin dang*/_/chos 'chad rgya can rdo rje'i skyil krung can/_/ye shes 'od kyis srid zhi'i nyes kun sel/_/'khor du 'phags bod paN grub rgya mtsho dang*/_/sangs rgyas byang sems nyan rang 'phags pa'i tshogs/_/yi dam mkha' 'gro rdo rje'i chos skyong bcas/_/tshad dang mu med rdul gcig khyon du mas/_/phyogs dus zhing gi rdul snyed zhing dang sku'i/_/bkod pa chen pos srid zhi'i dbyings thams cad/_/snyoms zhugs chos dbyings kun tu khyab par brdal/_/gnyis pa bsags sbyang gis rgyud dag par byed pa ni/_a ho srid zhi'i nyams 'gyur ji snyed pa/_/kun kyang 'jam dpal ye shes rol mo ste/_/dag pa chen por chos dbyings bsam mi khyab/_/mnyam nyid so sor rig pas phyag 'tshal lo/_/'jam dpal 'di ni dpal gyur rdzogs pa'i sku/_/thun mong ma yin gnyis med khyab pa'i chos/_/dus gsum mnyam rdzogs rgyal ba kun gyi yab/_/chos dbyings yum nyid sems dpa' sras mchog ston/_/stong nyid ci la'ang ma reg lhun gyis grub/_/don kun 'byor bas blang dor med pa yi/_/bdag nyid rang bzhin bzhag dang 'jam dpal nyid/_/bsam gyis mi khyab mi gnas mi sems na/_/'jam dpal nyid dang yon tan rdzogs par mnyam/_/dus gsum sangs rgyas rnam thar las byed pa/_/sangs rgyas gsang ba thog ma tha ma med/_/dang po'i sangs rgyas phyogs dus ris med pa/_/mkhyen gnyis ye shes mig gcig dri ma med/_/mchog gi dang po sku gsum gcig tu 'chang*/_/sangs rgyas sku lnga'i spro bsdu'i bdag nyid can/_/rigs kun khyab bdag ye shes lnga yi bdag_/'jam dpal ye shes sems dpar phyag 'tshal lo/_/stong chen chos dbyings rgyas 'gengs zag med kyis/_/snying rjes yongs gang sku gsung thugs rdo rje/_/dran pas srid zhi'i mchog sbyin rdo rje bzhi'i/_/bdag nyid mchog khyod zhabs la phyag 'tshal lo/_/so so yang dag rigs bzhi'i 'phrul 'khor gyi/_/shes rab mthar gyur gser sbyang rtsibs stong gis/_/zab rgyas gsang ba'i chos phung rgya mtsho'i khyon/_/lung rtogs gling bzhir dbang bsgyur phyag 'tshal lo/_/srid zhi kun tu khyab kyang srid dang zhi/_/gang du mi gnas rnam kun mchog ldan gyi/_/stong nyid rdo rje btsun mo'i 'jo sgeg masa~M/_/byung ba'i sgyu 'phrul rol par phyag 'tshal lo/_/phyogs bcu dus bzhi'i sangs rgyas thams cad kyi/_/mngon par byanga~M chuba~M rnam thar rgya mtsho'i 'jings/_/gsang gsum gser gyi sa gzhir gcig tu bskyil/_/rgyal ba kun gyi yab gcig phyag 'tshal lo/_/sgrib bral mkha' bzhin rnam dag sangs rgyas kyang*/_/rang byung thugs rjes 'gro la rjes chags thugs/_/nam mkha' ji srid rgyal sras gzhon nu'i tshul/_/smon lam rgya mtshos rjes bzung phyag 'tshal lo/_/dbang dang stobs bcu'i yon tan mthar son pas/_/ye shes sgyu ma'i cho 'phrul bsam yas kyis/_/'gro kun zag med sangs rgyas mi slob sar/_/'dod dgu'i bu bzhin bskyangs la phyag 'tshal lo/_/mtha' klas zhing bzhugs sangs rgyas sras bcas kyis/_/ji snyed chos tshul mi zad mtha' dag kyang*/_/khyed kyi rnam thar sgrogs la dgyes pa yi/_/bsngags brjod me tog 'thor la phyag 'tshal lo/_/rgyal dang rgyal sras thams cad kun gyis kyang*/_/dpa' chen rnam thar slob pa bzhin gyur pas/_/sangs rgyas kun kyang khyod zhal nyin mor byed/_/dgyes 'dzum 'dab rgya grol la phyag 'tshal lo/_/khyod kyi mkhyen brtse nus pa'i ye shes kyi/_/cha shas re yang nor bu'i rdul bzhin du/_/srid zhi'i rgud sel phan bde'i mchog ster zhes/_/sangs rgyas dgyes zhal 'dzum la phyag 'tshal lo/_/brtan dang g.yo ba'i sgra dbyangs rgya mtsho'i bcud/_/tshangs dbyangs yan lag drug cu'i tam+bu ra/_/sangs rgyas kun gyi gsung dang gnyis med pas/_/srid zhi nyer 'tsho'i dpal gyur phyag 'tshal lo/_/zab zhi spros bral sangs rgyas thams cad kyi/_/thugs dbyings gzungs spobs 'jigs med seng ge'i sgras/_/blo ldan spobs pa'i gter mdzod yongs grol te/_/theg mchog dga' ston spel mdzad phyag 'tshal lo/_/skye 'gag gnas pa med pa'i dbyings nyid las/_/zag med zhi ba chen po'i spangs rtogs kyi/_/lam kun 'dzad med 'byung zhing ston pa yi/_/'phags bzhi'i yum du bsngags la phyag 'tshal lo/_/mdor na chos sku zhi ba'i thig le ru/_/mngon par byang chub mtha' dag sangs rgyas kun/_/khyod las 'byung zhing mnyam pa chen po'i klong*/_/gcig tu rdzogs pa'i tshul can phyag 'tshal lo/_/nam mkha' gcig las snod bcud srid dang zhi/_/byung ltar snang yang dbyings la 'phel 'grib bral/_/'khor 'das thams cad mnyam nyid bde chen gyi/_/dgongs pa 'phel 'grib bral la phyag 'tshal lo/_/khyod thugs ye shes chen po'i de nyid las/_/dngos kun 'byung ltar snang zhing ston na yang*/_/gang du'ang mi gnas bsam brjod spros mtshan gyi_/zug rngu mtha' dag spangs la phyag 'tshal lo/_/sangs rgyas byang sems nyan rang rgyal blon dang*/_/skyes pa bud med sna tshogs rol pa ru/_/ston pas gdul dka'i 'gro khams rgya mtsho kun/_/phrin las phyag gis 'khyud la phyag 'tshal lo/_/'khrul pa'i 'gro ba thams cad phan bdes bskyangs/_/zhi ba'i yon tan thams cad rgyan du bzhes/_/dngos kun bdag nyid sgyu 'phrul drwa ba'i dbyings/_/bde chen dgyes pa'i dpa' bor phyag 'tshal lo/_/shin tu rnam dag zab zhi spros bral gyi/_/ye shes sku gsung thugs kyi gsang ba'i mdzod/_/rgyal kun thugs kyi dpa' bor dgyes brtse ba'i/_/chos dbyings kun 'gro'i mgon por phyag 'tshal lo/_/sku lnga ye shes phung po khyod nyid dang*/_/'gro kun kun khyab chos dbyings ro gcig pas/_/bde chen thig le gcig tu nges pa yis/_/mi phyed mnyam pa chen por phyag 'tshal lo/_/stong nyid dbyings las 'gag med cho 'phrul du/_/snang srid kun khyab bde chen ye shes sprin/_/cir yang 'byung zhing 'char ba'i rten 'byung gi_/bkod pa bsam mi khyab pas rtag tu mchod/_/bde ba'i dpal bskyed yid 'ong mchod sprin yang*/_/mkha' la 'ja' bzhin med snang stong pa'i gzugs/_/mi 'dod sdug bsngal kun 'byung spang bya yang*/_/nges pa'i don la ye shes chos sku'i rtsal/_/mnyam nyid ngang nas 'khor 'das spang blang bral/_/'khor gsum ka dag 'od gsal klong yangs su/_/'jam dpal kun bzang sgyu 'phrul drwa bas mchod/_/thabs kyi snang cha gdan gsum maN+Da la/_/shes rab rdo rje btsun mo yum lnga'i mkha'/_/gdod nas gnyis med bsod nams ye shes tshogs/_/rang byung lhun grub chen po'i dbyings su mchod/_/phyogs ris bral ba'i gzhan phan sems kyi mkhar/_/kun khyab snying rje bdud rtsi'i sprin char gyis/_/tshogs gnyis snye ma mi zad g.yur za bas/_/kun dga'i zag med dpal 'byor rgyas pas mchod/_/rnam dag gtong sems lha rdzas gcal du bkram/_/nyes bral tshul khrims dri bsung zhing kun brdal/_/bzod pa'i bsnyen bkur chog mi shes pa'i las/_/brtson 'grus go cha lhod pa med pas mchod/_/bsam gtan ri gling bkod pa blta na sdug_/shes rab nyi zla'i snang ba ches gsal bas/_/thabs mkhas 'dab stong 'dzum pa'i lang tsho bkra/_/stobs bcu'i lag ldan dregs bzhin rgyu bas mchod/_/smon lam dal 'bab kha 'bab klung bzhi rgyu/_/ye shes gru yis srid zhi'i pha mthar brgal/_/tshad med gling bzhi'i dpal 'byor zad mi shes/_/mngon shes rnam lnga'i lha dbang grong gis mchod/_/bsdu ba'i dngos bzhi'i yongs 'du'i ljon bzang tshal/_/so so yang dag rigs bzhi'i me 'bras bkra/_/rton pa rnam bzhi'i 'dod dgu'i dpal 'byor rdzogs/_/tshogs gnyis mnga' thang zad mi shes pas mchod/_/dran pa nyer gzhag bzhi yi rming brtan cing*/_/yang dag spong bzhi'i rin chen pha gu brtsegs/_/rdzu 'phrul rkang bzhi'i ba gam brjid chags shing*/_/dbang dang stobs lnga'i rgya phibs ches mthos mchod/_/byang chub yan lag bdun rdzogs lha'i khye'u/_/'phags lam brgyad kyi nor bu'i rgyan gyis bklubs/_/zhi lhag rtse brgya rtag tu mi dor bzhin/_/gzungs spobs glu bro rgyun mi 'chad pas mchod/_/chos kyi sdom bzhi'i lha yi rnga bo ches/_/bskul te bgrod pa gcig pu'i lam zhugs te/_/mkha' khyab 'gro ba'i nyer 'tsho'i gzhir gyur nas/_/rdzogs smin sbyang ba'i pha mthar son pas mchod/_/kun bzang rnam thar mi zad brgyad cu'i dpal/_/kun bzang sgyu 'phrul drwa ba'i mchod pa'i sprin/_/kun tu bzang por 'gran pas legs 'bul na/_/kun bzang mchod pa'i tshul dang dbyer med shog_/kun rtog 'khrul pa'i sdig ltung nag po'i sprin/_/stobs bzhi'i 'thor rlung shugs kyis bsal nas kyang*/_/'phags lam snang byed rgyu skar 'bum bkra bas/_/mi slob yon tan mkha' dang mnyam par shog_/pha mtha' yas pa'i tshogs gnyis rgya mtsho'i 'jings/_/rjes su yi rang zla zer gyis bran pas/_/rnam dkar rlabs phreng g.yo bas sgeg pa'i dpal/_/'bad med bdag gir bgyi ba'i thabs mkhas rmad/_/'gro rgyud gshis dang mdza' ba'i las nyon mun/_/sel byed chos kyi 'khor lo'i rtsibs stong gis/_/lam lnga sa gsum srid pa dbang byas pas/_/sku bzhi'i rgyal thabs skyong bar snying nas bskul/_/'gro ba'i legs smon skya reng gis bsus pa'i/_/gang 'dul sprul pa'i 'od stong drwa ba can/_/'phel 'grib mdzad pas nam yang mi brel ba/_/rtag brtan yongs grub nges par gsol ba 'debs/_/ji snyed 'das dang ma 'das legs byas bcud/_/yongs bsngo gser gyi dbyig 'dzin bskyil ba las/_/thams cad mkhyen pa'i nor bu'i mdzod gyur nas/_/sku bzhi'i ri gling bkod pas ches mdzes te/_/rgyal ba kun gyis bsngags 'os yon tan dang*/_/srid zhi nyer 'tsho'i srog gi zungs smin pas/_/rje btsun mkhyen pa'i gter dang gnyis med pa'i/_/ngo mtshar dga' bas mkha' khyab 'gro skyong shog_/gsum pa phur tshugs su gsol ba gdab pa ni/_phyogs dus rgyal ba kun gyi ye shes sku/_/dpal ldan rdzogs pa'i sangs rgyas pad+ma skyes/_/kun mkhyen ye shes gsang ba'i mdzod 'dzin pa/_/'jam dpal yid bzhin nor bur gsol ba 'debs/_/rgyal kun thugs dbus ye shes sems dpa' ste/_/phyogs dus khyon bzhugs rgyal dang rgyal ba'i sras/_/nyan rang so skye bzo dang skye sogs kyi/_/sprul pa bsam las 'das par gsol ba 'debs/_/ngag dang yid kyis mi mtshon mkha' khyab sku/_/rdul bral snang stong sgyu ma chen po'i gzugs/_/dar bab lang tsho'i brtan rdzogs gzhon nu'i sku/_/ye shes lus can khyed la gsol ba 'debs/_/khyod gsung legs bshad sbrang rtsi'i zil mngar ni/_/mtha' yas theg pa rgya mtsho'i ro nus can/_/kun phan kun mthun kun las khyad 'phags pa'i/_/ngag gi dbang phyug chen por gsol ba 'debs/_/zla bas 'phel ba'i dag byed gter gyi 'jings/_/sprin bral lam gyis mi mtshon mnyam nyid thugs/_/srid zhi kun khyab gang gi phyogs ma lhung*/_/gnyis med tshul 'chang thugs la gsol ba 'debs/_/legs bris 'dod 'byung nor bu'i 'khri shing dang*/_/sa bdag 'khor bsgyur dbyig gi rin thang yang*/_/phra mor bgyid pa'i khyod kyi yon tan gter/_/dpog pa min yang dad pas gsol ba 'debs/_/sprin lam rgyu ba'i glog phreng rlung sogs las/_/ches myur phrin las gdul dka'i don mdzad pa'i/_/dpa' bo'i sgyu rtsal rgyal kun las lhag pa'i/_/ngo mtshar me tog bzhad pas gsol ba 'debs/_/'di man chad kun gzigs mkhyen brtses gsungs/_/mkha' khyab rgyal ba kun gyi sku ye shes/_/gcig bsdus bla ma brtan pa'i 'khor lo la/_/mi phyed snying nas gus pas gsol ba 'debs/_/thugs rje'i spyan gyis gzigs shig 'jam pa'i dbyangs/_/rnyed dka'i dal 'byor mi lus thob dus 'dir/_/long med 'chi ba dran pa'i brtson 'grus kyis/_/srid pa'i phun tshogs kun la ma chags pa'i/_/thar 'dod blo gros skyed cig 'jam pa'i dbyangs/_/deng nas bzung ste tshe rabs thams cad du/_/mtshan ldan bla ma dge ba'i bshes gnyen gyi/_/zhabs pad mnyes pa gsum gyis bsten nus pa'i/_/skal pa bzang po skyed cig 'jam pa'i dbyangs/_/de las khas blangs tshul khrims rnam par dag_/mang du thos dang bsam pa'i pha rol son/_/rtse gcig bsgom pas zhi lhag zung 'jug gi_/ting 'dzin sgo brgya skyed mdzod 'jam pa'i dbyangs/_/log smra tshar gcod gzhan dag rjes bzung ba'i/_/thun mong rig pa'i gnas la ma rmongs shing*/_/khyad par sde snod rgyud sde'i nges gsang la/_/'khrul med blo gros stsol cig 'jam pa'i dbyangs/_/'chad mkhas blo ldan bye ba'i yid dbang 'phrog_/rtsod pas phas rgol 'khrul pa'i dregs pa 'joms/_/rtsom pas thub bstan yun ring gsal nus pa'i/_/smra ba'i dbang phyug stsol cig 'jam pa'i dbyangs/_/tha snyad kho na'i gnas la ma zhen par/_/dben pa'i gnas su mdo sngags lam gyi rim/_/tshul bzhin sgrub pas nyams rtogs yon tan kun/_/rtsol med rgyud la skyed cig 'jam pa'i dbyangs/_/gal te tshe 'dir brtan pa ma thob na/_/'chi ba 'od gsal don gyi 'jam pa'i dpal/_/mngon sum mthong nas chos sku'i grong khyer du/_/'bral med rjes su zungs shig 'jam pa'i dbyangs/_der yang 'khrul nas bar dor 'khyams srid na/_/bla ma mchog dang brtan pa'i 'khor lo yi/_/rnam 'phrul du mas dag pa'i zhing khams su/_/lung bstan dbugs dbyung stsol cig 'jam pa'i dbyangs/_/las nyon dbang gis srid par skyes gyur kyang*/_/dal 'byor rten thob theg chen rigs sad nas/_/dka' ba med par lam gyi lhag ma kun/_/rdzogs pa'i rten 'brel sgrigs shig 'jam pa'i dbyangs/_/mdor na 'di phyi bar do'i gnas skabs kun/_/mgon po khyod las skyabs gzhan mi 'tshol bas/_/rang gzhan don gnyis lhun gyis grub pa yi/_/dge mtshan mngon sum stsol cig 'jam pa'i dbyangs/_/skabs 'dir spro na kun mkhyen bla ma mi pham rin po ches mdzad pa 'jam dpal dbyangs kyi gsol 'debs kyang sbyar/_bzhi pa rigs sngags bzlas pas thugs rgyud bskul ba la gnyis las/_dang po shes rab blo 'phel gyi gzungs bzla ba ni/_stong pa'i ngang las skad cig gis/_/pad+ma nyi zla'i gdan gyi steng*/_/rang nyid 'jam dpal gur gum mdangs/_/phyag g.yas shel rab ral gri 'phyar/_/g.yon pas thugs kar glegs bam 'dzin/_/dar dang rin chen rgyan ldan pa/_/rdo rje'i skyil mo krung gis bzhugs/_/snying gi pad+ma 'dab zlum dbus/_/a las zla ba'i dkyil 'khor steng*/_/hU~M mthar sngags kyi phreng bas bskor/_/bzlas pas 'od 'phros pad+ma bye/_/ma rig mun pa yongs su bsal/_/mdun bskyed lha rnams thugs dam bskul/_/dpag med 'od zer zhing kun khyab/_/'gro kun ma rig mun bsal nas/_/de las 'od zer rab 'phros pas/_/ye shes snang ba rgyas par gyur/_/ces bsgom la/_na mo many+dzu shrI ye/_ku mA ra b+hU ta ya b+ho d+hi satwa ya/_ma hA satwa ya/_ma hA ka ru Ni ka ya/_tad+ya thA/_oM a ra dze/_bi ra dze/_shud+d+he bi shud+d+he/_sho d+ha ni/_bi sho d+ha ni/_a ma le/_bi ma le/_nirma ye/_dza ya ba tA ru ru tsa le hU~M hU~M hU~M/_phaT phaT phaT swA hA/_zhes brgya'am nyer gcig bzla/_slob dpon dze tA ri'i man ngag snying gi pad+ma kha 'byed pa'i gdams pa'o/_/gnyis pa 'jam dpal rigs thams cad kun 'dus a ra pa tsa'i sngags bzlas ni/_mdun bskyed kun tu gzigs sogs thugs dbus su/_/dri med zla ba'i dkyil 'khor re re'i steng*/_/kun tu gzigs kyi thugs kar pa dkar po/_/mdun du 'jam dpal thugs kar d+hIHdmar ser/_/klu yi rigs mchog thugs kar na ser po/_/mos pa rab dga'i thugs dbus ra dmar po/_/yum chen thugs kar a mthing yi ges mtshan/_/mtha' bskor rang mdog sngags kyi phreng bas bskor/_/mos gus shugs kyis bskul bas lha lnga'i mdun/_/rang gi snying gar zla ba la gnas pa'i/_/tsa yig ljang gu las 'phros rlung mdog lngas/_/bskul bas so so'i sngags las 'od zer 'phros/_/rab 'byams zhing gi 'phags mchog thugs dam bskul/_/byin rlabs bcud kun dbyangs gsal rten 'brel snying*/_/dkar dmar mthing ga'i yi ge'i rnam par bsdus/_/mdun bskyed thugs la thim pas ye shes kyi/_/'od zer snang bas mi shes sgrib tshogs sbyangs/_/mdun gyi rigs lnga'i thugs las dbyangs gsal dang*/_/rten snying phreng ba bdag thim sgo gsum sbyangs/_/ye shes rnam pa thams cad bdag nyid du/_'od zer chen po'i dbang bskur bstsal bar gyur/_/zhes dmigs la/_oM a ra pa tsa na d+hIH_zhes rtse gcig tu brgya stong sogs ji ltar nus pa bzla/_gsum pa bsags sbyang gis gsol ba gdab pa ni/_grub na lus phyag dang bcas te/_chos dbyings yangs pa chen po'i zhing khams na/_bcom ldan 'das de bzhin gshegs pa dgra bcom pa yang dag pa yang dag par rdzogs pa'i sangs rgyas thams cad kyi yum chen mo shes rab kyi pha rol tu phyin ma la phyag 'tshal lo/_/mchod do skyabs su mchi'o/_/lan bdun brjod cing me tog 'thor/_smra bsam brjod med shes rab pha rol phyin/_/ma skyes mi 'gag nam mkha'i ngo bo nyid/_/so so rang rig ye shes spyod yul ba/_/dus gsum rgyal ba'i yum la phyag 'tshal lo/_/tshig bral ngag gi lam gyis mi mtshon pa'i/_/de bzhin nyid chos rang bzhin nam mkha' 'dra/_/sems dang yid kyi rgyu ba rnam spangs pa/_/mchog rab ngo mtshar che ba dam pa shes/_/zhes dang*/_kun 'byung mun pa'i sa bon drung 'byin zhing*/_/sdug bsngal zug rngu'i rtsa ba rtsad nas gcod/_/theg gsum chos kyi bdud rtsi 'byung ba'i gnas/_/rgyal yum shes rab phar phyin phyag 'tshal lo/_/dngos su bshams dang gzungs dang rig pa dang*/_/mos pa'i stobs kyis bskyed pa'i mchod pa'i sprin/_/kun tu bzang po'i smon lam las byung ba/_/nam mkha'i pha mthar khyab pas rtag tu mchod/_/thog med nas bsags sdig ltung thams cad bshags/_/dus gsum dge ba kun la rjes yi rang*/_/chos 'khor bskor zhing yun du bzhugs par gsol/_/bsod nams bla med byang chub chen por bsngo/_/rgyal yum shes rab phar phyin thugs bskyed dang*/_/mdzad pa smon lam mkhyen brtse nus pa'i tshul/_/bla med ye shes sgyu 'phrul ji 'dra ba/_/de 'dra kho nar bdag sogs 'gyur bar shog_/'di nas shi 'phos gyur tshe yum chen mo'i/_/chos dbyings mnyam pa nyid gyur yon tan ldan/_/'phags bzhi'i yum chen shes rab phar phyin gyi/_/dgongs pas rgyal kun mnyes par byed gyur cig_/rdul bral yang dag bsags pa'i zhing na bzhugs pa'i ston pa bcom ldan 'das de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas _snying rje pad+ma dkar po dang dkon brtsegs le'u bco lnga pa 'jam dpal zhing gi yon tan bkod mdo las gsungs/_mchan/_mgon po kun tu gzigs la phyag 'tshal lo/_/mchod do skyabs su mchi'o/_/zhes lan bdun du brjod cing me tog 'thor te/_dag la rdul med bsags pa'i zhing mchog tu/_sangs rgyas bye ba phrag khrig 'bum phrag gi_/mtshan thos las lhag yang dag rdzogs sangs rgyas/_/mgon po kun tu gzigs la phyag 'tshal lo/_/sngon tshe de bzhin gshegs de'i mtshan brjod tshe/_/srog chags bye ba phrag khrig 'bum brgyad cu/_/rtsa bzhi'i rgyud la byang chub sems skyes pa'i/_/zla med 'dren pa de la phyag 'tshal lo/_/rgya mtsho che las skra rtse brgyar gshag pa'i/_/chu yi thig blangs bde chen zhing khams dang*/_/lhag ma lus pa kun tu gzigs chen po'i/_/yon tan mtshungs par bsngags la phyag 'tshal lo/_/dngos su bshams dang gzungs dang rig pa dang*/_/mos pa'i stobs kyis bskyed pa'i mchod pa'i sprin/_/kun tu bzang po'i smon lam las byung ba/_/nam mkha'i pha mthar khyab pas rtag tu mchod/_/thog med nas bsags sdig ltung thams cad bshags/_/dus gsum dge ba kun la rjes yi rang*/_/chos 'khor bskor zhing yun du bzhugs par gsol/_/bsod nams bla med byang chub chen por bsngo/_/mgon po kun tu gzigs kyi thugs bskyed dang*/_/mdzad pa smon lam mkhyen brtse nus pa'i tshul/_/bla med ye shes sgyu 'phrul ji 'dra ba/_/de 'dra kho nar bdag sogs 'gyur bar shog_/'di nas shi 'phos gyur tshe sangs rgyas kyi/_/zhing der brdzus skyes gzungs sogs yon tan ldan/_/kun tu gzigs la sogs pa'i rgyal kun las/_/bka' lung nod cing mnyes par byed gyur cig_/de bzhin du/_lho phyogs mnyam pa chen po'i zhing na bzhugs pa'i bcom ldan 'das de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas klu yi _dpa' bar 'gro ba'i ting nge 'dzin zhes bya ba'i mdo las gsungs/_mchan/_rigs la phyag 'tshal lo/_/mchod do skyabs su mchi'o/_/zhes lan bdun brjod bzhin phyag 'tshal zhing me tog 'thor/_lho phyogs mnyam pa chen po'i zhing bzhugs pa'i/_/byang sems bye ba bdun cu nyan thos 'khor/_/bye ba brgyad cu rang rgyal bcu drug sogs/_/smin mdzad klu yi rigs la phyag 'tshal lo/_/mtshan dpe'i mdzes skus nyi 'bum mog por byed/_/theg mchog chos kyi dbyangs snyan sgrogs pa'i gsung*/_/chos dbyings kun khyab mkhyen brtse'i dkyil 'khor rgyas/_/sangs rgyas kun dang gnyis med khyod phyag 'tshal/_/dus gsum kun tu ye shes gcig nyid las/_/mi g.yo gang 'dul mdzad pa rgya mtsho yis/_/rgyal dang rgyal ba'i sras gyur kun las 'phags/_/srid zhi nyer 'tsho'i mgon la phyag 'tshal lo/_/dngos su bshams dang gzungs dang rig pa dang*/_/mos pa'i stobs kyis bskyed pa'i mchod pa'i sprin/_/kun tu bzang po'i smon lam las byung ba'i/_/nam mkha'i pha mthar khyab pas rtag tu mchod/_/thog med nas bsags sdig ltung thams cad bshags/_/dus gsum dge ba kun la rjes yi rang*/_/chos 'khor bskor zhing yun du bzhugs par gsol/_/bsod nams bla med byang chub chen por bsngo/_/mgon po klu yi rigs mchog thugs bskyed dang*/_/mdzad pa smon lam mkhyen brtse nus pa'i tshul/_/bla med ye shes sgyu 'phrul ji 'dra ba/_/de 'dra kho nar bdag sogs 'gyur bar shog_/'di nas shi 'phos gyur tshe sangs rgyas kyi/_/zhing der brdzus skyes gzungs sogs yon tan ldan/_/klu yi rigs mchog la sogs rgyal kun las/_/bka' lung nod cing mnyes par byed gyur cig_/byang phyogs rtag pa rab tu dga' ba'i zhing na bzhugs pa'i bcom ldan 'das de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas mos pa rab dga'i snying po nor bu rin chen brtsegs pa'i _sor mo'i phreng ba la phan gdags pa'i mdo las gsungs/_mchan/_rgyal po la phyag 'tshal lo/_/mchod do skyabs su mchi'o/_/zhes lan bdun brjod la phyag 'tshal zhing me tog 'thor/_byang phyogs rtag par rab dga' sdug pa'i zhing*/_/rga na 'chi dang nyan rang ming med par/_/theg chen ston pa yang dag rdzogs sangs rgyas/_/mos pa rab dga'i snying por phyag 'tshal lo/_/zhing dang de bzhin gshegs de'i mtshan thos te/_/dad pas phyag 'tshal mos kun tshe 'phos nas/_/ngan 'gro'i sgo bcad dga' ba can gyi zhing*/_/'dren mdzad mgon po mchog la phyag 'tshal lo/_/khyod kyis mtshan thos gsol ba 'debs pa dag_/ngan 'gro'i sgo bzhi bcad cing 'jigs kun zhi/_/gdon gyis mi tshugs rtag tu srung mdzad pa'i/_/mkhyen brtse'i ye shes brnyes la phyag 'tshal lo/_/dngos su bshams dang gzungs dang rig pa dang*/_/mos pa'i stobs kyis bskyed pa'i mchod pa'i sprin/_/kun tu bzang po'i smon lam las byung ba'i/_/nam mkha'i pha mthar khyab pas rtag tu mchod/_/thog med nas bsags sdig ltung thams cad bshags/_/dus gsum dge ba kun la rjes yi rang*/_/chos 'khor bskor zhing yun du bzhugs par gsol/_/bsod nams bla med byang chub chen por bsngo/_/mos pa rab dga' snying po'i thugs bskyed dang*/_/mdzad pa smon lam mkhyen brtse nus pa'i tshul/_/bla med ye shes sgyu 'phrul ji 'dra ba/_/de 'dra kho nar bdag sogs 'gyur bar shog_/'di nas shi 'phos gyur tshe sangs rgyas kyi/_/zhing der brdzus skyes gzungs sogs yon tan ldan/_/mos pa rab dga' la sogs rgyal kun las/_/bka' lung nod cing mnyes par byed gyur cig_/byang chub sems dpa' sems dpa' chen po 'jam dpal gzhon nur _dkon mchog brtsegs pa'i le'u bco lnga pa 'jam dpal zhing gi yon tan bkod pa las gsungs/_mchan/_gyur pa la phyag 'tshal lo/_/mchod do skyabs su mchi'o/_/zhes lan bdun brjod de phyag 'tshal me tog 'thor nas/_/shar phyogs 'byung ba bzang po'i zhing bzhugs pa'i/_/de bzhin gshegs pa 'brug sgra'i dbyangs kyi mdun/_/'khor los bsgyur rgyal nam mkhar gyur nas kyang*/_/bla med byang chub thugs bskyed phyag 'tshal lo/_/shes bya'i mkha' dbyings zab cing yangs pa la/_/blo gros dkyil 'khor rgyas pa'i 'od zer gyis/_/skye dgu'i ma rig mun pa'i tshogs bsal ba/_/rje btsun 'jam dpal dbyangs la phyag 'tshal lo/_/zab cing rgya che'i ngo mtshar rnam thar mtha'/_/mtha' dag gsung la tshangs pa'i dbyangs kyis kyang*/_/pha mtha' gtugs min mtshungs med rgyal ba'i sras/_/'jam dpal dpa' bo'i zhabs la phyag 'tshal lo/_/dngos su bshams dang gzungs dang rig pa dang*/_/mos pa'i stobs kyis bskyed pa'i mchod pa'i sprin/_/kun tu bzang po'i smon lam las byung ba/_/nam mkha'i pha mthar khyab pas rtag tu mchod/_/thog med nas bsags sdig ltung thams cad bshags/_/dus gsum dge ba kun la rjes yi rang*/_/chos 'khor bskor zhing yun du bzhugs par gsol/_/bsod nams bla med byang chub chen por bsngo/_/rje btsun 'jam dpal dbyangs kyi thugs bskyed dang*/_/mdzad pa smon lam mkhyen brtse nus pa'i tshul/_/bla med ye shes sgyu 'phrul ji 'dra ba/_/de 'dra kho nar bdag sogs 'gyur bar shog_/'di nas shi 'phos gyur tshe sangs rgyas kyi/_/zhing der brdzus skyes gzungs sogs yon tan ldan/_/rje btsun 'jam dpal dbyangs sogs rgyal sras las/_/bka' lung nod cing mnyes par byed gyur cig_/gsum pa rjes rim dang po tshogs gnyis spel ba'i phyir kun rdzob dang don dam gyi sems bskyed ni/_phyogs bcu na bzhugs pa'i sangs rgyas dang*/_byang chub sems dpa' thams cad bdag la dgongs su gsol/_bdag ming 'di zhes bgyi bas/_dus 'di nas bzung ste/_byang chub snying por mchis kyi bar/_/sangs rgyas rnams la skyabs su mchi/_/chos dang byang chub sems dpa' yi/_/tshogs la'ang de bzhin skyabs su mchi/_/lan gsum gyis sems bskyed rten skyabs 'gro dang*/_tshogs bsags yan lag bdun pa 'jam mgon mi pham rin po che'i gsung*/_oM/_snang srid rnam dag mnyam nyid chos sku'i ngang*/_/gdod nas rnam grol chen por phyag 'tshal lo/_/gang snang bde chen rdo rje'i rang bzhin gyis/_/kun bzang sgyu 'phrul drwa ba'i mchod pa 'bul/_/rang sems rnam rtog 'khrul pa'i nyes pa yis/_/ma dag nongs par gyur pa mthol lo bshags/_/'di ltar bde chen chos skur ro gcig pa'i/_/yang dag don la mi phyed yi rang ngo*/_/mnyam nyid ngang nas thugs rje'i rol pa yis/_/chos kyi 'khor lo rgyun mi 'chad par bskor/_/sku gsum rol pa nam yang mi zad pa'i/_/rtag pa chen por bzhugs la gsol ba 'debs/_/thams cad ma lus dge zhing legs pa'i lam/_/rang grol don gyi sangs rgyas 'grub par shog_/sems bskyed dngos gzhi'i dang po kun rdzob sems bskyed pa ni/_phyogs bcu na sogs gong ltar dgongs gsol sngon du 'gro bas/_ji ltar sngon gyi bde gshegs kyis/_/byang chub thugs ni bskyed pa dang*/_/byang chub sems dpa'i bslab pa la/_/de dag rim bzhin gnas pa ltar/_/bdag kyang 'gro la phan don du/_/byang chub sems ni bskyed bgyi zhing*/_/de bzhin du ni bslab pa la'ang*/_/rim pa bzhin du bslab par bgyi_/lan gsum gyis smon 'jug stabs gcig tu len/_rjes la dga' ba bsgom pa ni/_deng dus bdag tshe 'bras bu yod/_/mi yi srid pa legs par thob/_/de ring sangs rgyas rigs su skyes/_/sangs rgyas sras su da gyur to/_/rgyal po blon po las dang po'i/_/ltung ba lnga lnga brgyad la sogs/_/rtsa ba dang ni yan lag gi_/nyes ltung rnams kyis ma gos par/_/da ni bdag gis ci nas kyang*/_/rigs dang mthun pa'i las brtsams te/_/skyon med btsun pa'i rigs 'di la/_/rnyogs par mi 'gyur de ltar bya/_/bdag gis de ring skyob pa thams cad kyi/_/spyan sngar 'gro ba bde gshegs nyid dang ni/_/bar du bde la mgron du bos zin gyi/_/lha dang lha min la sogs dga' bar gyis/_/zhes don dam sems bskyed ni/_sangs rgyas dang byang chub sems dpa' thams cad bdag la dgongs su gsol/_bdag ming 'di zhes bgyi ba/_dus 'di nas bzung ste/_nam byang chub snying po la mchis kyi bar du/_dngos po thams cad dang bral ba/_phung po dang khams dang skye mched dang gzung dang 'dzin pa rnam par spang ba chos bdag med pa mnyam pa nyid kyi phyir rang gi sems gdod ma nas ma skyes pa stong pa nyid kyi ngo bo nyid du ji ltar sangs rgyas bcom ldan 'das rnams dang byang chub sems dpa' rnams kyi byang chub tu sems bskyed pa de bzhin du bdag gis kyang bskyed do/_/zhes lan gsum du brjod cing don dam spros bral mnyam pa nyid kyi ngang du ci gnas su mnyam par bzhag_/de las ldang ba ni/_byang chub sems mchog rin po che/_/ma skyes pa rnams skyes gyur cig_/skyes pa nyams pa med par yang*/_/gong nas gong du 'phel bar shog_/byang chub sems dang mi 'bral zhing*/_/byang chub spyod la gzhol ba dang*/_/sangs rgyas rnams kyis yongs bzung zhing*/_/bdud kyi las rnams spong bar shog_/byang chub sems dpa' rnams kyis ni/_/'gro don thugs la dgongs 'grub shog_/mgon po yis ni gang dgongs pa/_/sems can rnams la'ang de 'byor shog_/sems can thams cad bde dang ldan gyur cig_/ngan 'gro thams cad rtag tu stong par shog_/byang chub sems dpa' gang dag sar bzhugs pa/_/de dag kun gyi smon lam 'grub par shog_/gnyis pa gtor ma 'bul ba ni/_rin po che la sogs pa'i gtor snod nang du gzugs sgra dri ro reg bya skye mched kyi ngo bor gyur pa'i gtor ma 'dod pa'i yon tan bsam gyi mi khyab pas gang bar gyur/_/oM a kA ro sogs lan gsum gyis brlabs nas/_gtor ma dang por/_oM many+dzu shrI g+ho Sha sarba ta thA ga ta dza ya pU tra sa pa ri wA ra a kA ro sogs btags pa gsum gyis 'jam dpal dbyangs dang dkon mchog gsum la phul nas/_bla ma rje btsun 'phags pa 'jam dpal dbyangs sgyu 'phrul drwa ba rgyal ba sras dang bcas pa dkon mchog rin chen rnams kyis mchod sbyin gyi gtor ma rgya chen po 'di bzhes la/_bdag cag 'khor dang bcas pas rje btsun 'jam dpal dbyangs kyi rjes su slob cing sgrub pa'i g.yar dam 'chang ba la bar du gcod pa zhi ba dang ji ltar bsam pa bzhin 'grub par byin gyis brlab par mdzad du gsol/_zhes gsol ba gdab/_gtor ma gnyis pa/_oM d+harma pA la oM a kA ro sogs btags pa lan gsum gyis chos skyong spyi la phul nas/_dpal rdo rje nag po chen po la sogs pa chos skyong ba'i srung ma rnams dang*/_dkar phyogs la mngon par dga' ba'i lha klu gnod sbyin 'byung po'i tshogs rnams mchod sbyin gyi gtor ma rgya chen po 'di bzhes la/_sangs rgyas kyi bstan pa dar ba dang 'jig rten du dge legs rgya chen 'byung ba dang*/_bdag cag dpon slob rnams rje btsun 'jam dpal dbyangs kyi byang chub kyi spyod pa rgya mtsho'i rjes su slob pa bzhin 'grub pa'i sdong grogs dam pa mdzad du gsol/_/zhes 'dod don gsol/_gtor ma gsum pa/_gnyug mar gnas pa'i gzhi yi bdag po rnams mdun du mngon sum bzhin 'khod par bsam la/_b+hU mi pa ti sa pa ri wA ra oM a kA ro sogs btags pa lan gsum gyis bsngos la/_mchod sbyin gyi gtor ma rgya chen po 'di gzhi bdag_/gnas bdag_/grong bdag_/dkor bdag_/gnyug mar gnas pa rnams la 'bul lo/_mchod do/_stob bo/_bzhes shig_/sangs rgyas kyi bstan pa dar ba dang*/_/'jig rten gyi khams su bde legs 'byung ba dang*/_bdag cag dpon slob rnams kyis rje btsun 'jam dpal dbyangs mchod cing rjes su slob pa la dga' zhing rjes su yi rang nas bar du gcod pa thams cad srung ba'i stong grogs dam pa mdzod cig_/ces phrin las bcol/_bzhi pa tshogs zhing bsdu ba ni/_'khor rnams 'od du rim gyis gtso la thim/_/gtso bo'i sku las 'od zer bdud rtsi'i rgyun/_/spyi bo nas zhugs lus gang sgrib kun zhi/_/byin rlabs dbang bskur rdo rje'i ye shes bskyed/_/mthar ni 'od du rang thim gnyis med ngang*/_/'jam dpal ye shes sems dpa'i skur gyur nas/_/snang srid bde chen mnyam nyid byang chub sems/_/ma bcos blo 'das rdzogs pa chen po'o/_/zhes mos la mnyam par bzhag_/spro na gong gi gsol 'debs kyi skabs dang*/_gzungs bzla ba'i skabs dang*/_skabs 'di gsum du 'jam dpal sgyu 'phrul drwa ba'i rgyud rgyas bsdus gang rung bklag_/snga ma gnyis la ma grub kyang skabs 'dir lan gcig nges par bklag_oM many+dzu shrI pa ra dA badz+ra ma~M swA hA/_zhes cung zad bzla/_gsum pa gtang rag gi slad du yan lag bdun pa phul ba ni/_'jam dpal sgyu 'phrul drwa ba'i rnam rol sogs/_/phyogs bcu dus bzhi'i rgyal ba sras dang bcas/_/rdul gcig steng na rdul snyed bzhugs pa yi/_/bla med 'phags pa'i tshogs la phyag 'tshal lo/_/dngos bshams gzungs rig mos stobs kyis sprul pa'i/_/mchod tshogs kun 'bul sdig ltung thams cad bshags/_/dge la yi rang bskul zhing gsol ba 'debs/_/'dis mtshon dge ba byang chub chen por bsngo/_/bzhi pa bsngo smon ni/_tshig don la sems gzhol bas/_dang po thugs bskyed go cha bzhes pa dang*/_/bar du rdzogs smin sbyangs ba'i rnam thar mthu/_/mthar 'bras sku bzhi'i khyab bdag ye shes dpal/_/phyogs dus rnam 'dren kun las khyad 'phags pa/_/rje btsun 'jam dbyangs mchod cing gsol ba 'debs/_/legs byas ston zla 'dzum pa'i mtshar sdug la/_/yongs bsngo bdud rtsi'i zil mngar 'bum 'dzag pas/_/chos dbyings 'chi med lam kun mdzes byas nas/_/ngo mtshar chu gter zad mi shes gyur cig_/sngon tshe grangs med bskal pa'i pha rol du/_/'khor los bsgyur rgyal nam mkha'i tshul bstan nas/_/bde gshegs 'brug sgra'i dbyangs kyi rgyal po'i mdun/_/nyon mongs mi zad mi dge'i las spangs nas/_/tshangs par spyod pas sangs rgyas rjes slob ste/_/phyi ma'i mu mthar sems can gcig phyir yang*/_/byang chub spyod spyad mngon sangs mi rgya bar/_/sangs rgyas zhing sbyangs phyogs bcu'i 'jig rten du/_/bdag gi ming thos kun tu grags gyur cig_/bskal pa gang+ga'i bye snyed bzhi 'das tshe/_/lho phyogs rdul bral yang dag bsags pa ru/_/'jam dpal bde gshegs kun tu gzigs gyur tshe/_/bdag kyang 'khor gyi thog mar skye bar shog_/mngon sangs rgyas nas mya ngan 'das kyi bar/_/rdo rje'i stan las mi g.yo sprul pa'i tshogs/_/dpag med 'byed pas 'gro la chos ston cing*/_/rnam grol lam ston mdzad der skye bar shog_/sangs rgyas zhing khams gang+ga du ma yi/_/bye ma'i grangs snyed tha gru ltar yangs par/_rin chen brgya stong du mas spras pa yi/_/srid rtse'i tshad dang mnyam der skye bar shog_/dag pa'i zhing der bud med mngal skyes dang*/_/nyan rang ming med zhe sdang tha ba spang*/_/'chab pa'i skyon bral kun kyang tshangs par spyod/_/dge sbyong tshul can zhing der skye bar shog_/kun kyang skra bregs ngur smrig rgyal mtshan can/_/ro brgya'i zas spyod zhing gzhan nyan rang dang*/_/yi dwags tshims byas mi khom gnas brgyad dang*/_/sdug bsngal ming mi grags der skye bar shog_/zhing gzhan mi srid nor bus yongs su gang*/_/tsha grang na dang rga 'chi sgra mi grags/_/rang lus gser sogs gang 'dod der snang zhing*/_/sil snyan sgra las gang 'dod sde snod thos/_/rin chen las grub shing dang lha'i me tog_/man dA ra bas khor yug kun gang ngad/_/dri zhim spos sprin kun khyab bdud rtsi'i chu/_/chos snyan sgra sgrogs zhing der skye bar shog_/byang chub shing 'od sangs rgyas zhing bye ba/_/khrag khrig 'bum khyab nyi zla glog 'od med/_/nyin mtshan pad mo 'byed 'dzum der skye shog_/zhing der blta 'dod byang chub shing sangs rgyas/_/mjal ba'i mod nas sems nyid the tshom zhi/_/gzungs dang spobs pa'i sgo rnyed sngon ma thos/_/chos sgo mtha' yas ston der skye bar shog_/phyogs bcu'i 'jig rten bye ba phrag khrig ni/_/'bum phrag tshad med bzhugs pa'i zhing khams kyi/_/yon tan bkod pa zhing gcig la rdzogs pa'i/_/ngo mtshar rmad du byung der skye bar shog_/sangs rgyas bye ba phrag khrig 'bum gyi mtshan/_/brjod las 'jam dpal gcig gi mtshan brjod pa'i/_/bsod nams che bsngags mngon sangs rgyas pa'i mtshan/_/kun tu gzigs kyi zhing du skye bar shog_/rgyal po nam mkhas byang chub thugs bskyed tshe/_/srog chags bye ba nyi shus sems bskyed cing*/_/kun tu gzigs mtshan thos pas bye ba phrag_/'bum phrag brgyad cu rtsa bzhir grol bzhin shog_/sngon tshe rnam par snang ba zhing gi rgyal/_/mya ngan 'das nas 'phags pa 'jam dpal dbyangs/_/rang sangs rgyas ston srog chags bye ba phrag_/sum cu rtsa drug sgrol bzhin bdag nus shog_/lho phyogs mnyam zhing 'das pa'i sangs rgyas zhing*/_/bde gshegs klu yi dbang po'i tshul bstan nas/_/bye ba bdun cu byang sems bye ba phrag_/brgyad cu nyan thos bye ba stong phrag ni/_/rang sangs rgyas su sgrol sogs lha dang mi'i/_/gdul bya'i don du mchod rten bye ba phrag_/sum cu rtsa drug chos ni lo 'bum du/_/gnas pas don mdzad ji bzhin bdag gyur shog_/mi mjed byang phyogs rtag par rab dga' zhing*/_/da lta'i sangs rgyas mos pa rab dga'i snying*/_/sdug bsngal theg dman med pa'i byang sems 'khor/_/tshe dang gzi brjid ldan der skye bar shog_/sangs rgyas spyan gyis gzigs pa'i zhing ji snyed/_/rin chen gyis bkang rgyal la mchod pa dang*/_/sgom pa'i sems can tshul khrims la gnas te/_/phyi mthar thug bar sbyin pas tshims byas pas/_/'jam dpal gzhon nu'i rjes su slob sems pa/_/bsod nams che bar bsngags bzhin rjes slob shog_/'od kyi tog dang ye shes bla ma mchog_/zhi ba'i dbang po smon lam blo gros sogs/_/mgon po khyod kyi rjes su slob pa ltar/_/bdag kyang 'jam dpal dpa' bo'i rjes slob shog_/ma skyes dgra btul _ma skyes dgra'i 'gyod pa bsal ba'i mdo las gsungs/_byang chub gnas la bkod/_/nor bzang byang chub spyod pa rgya mtsho ston/_/smad 'tshong gser mchog 'jigs byin sgrol _'jam dpal rnam par rol pa'i mdo las gsungs/_mdzad ltar/_/thabs mkhas spyod pa rlabs chen spyod nus shog_/'jam dpal zhes pa'i mtshan gyi sgra bsgrags pas/_/bdud gnas g.yo zhing tshe 'phos snyam byed ltar/_/rnam dbyer med pa'i sems can don byas nas/_/'gro kun 'jigs dang sdug bsngal las skyob shog_/lha'i bu blo gros rab gnas kyi zhus pa'i mdo las gsungs/_mdor na sangs rgyas bye ba phrag khrig 'bum/_/mtshan nas brjod las 'jam dpal gzhon nu'i mtshan/_/lan gcig brjod pa bsod nams che gsungs pas/_/dad blos mtshan brjod phyag mchod phul ba'i dges/_/srid zhi'i dge legs dpal gyur rgyal ba'i bstan/_/'jam dpal zhing gi yon tan bstan pa'i mdo las gsungs/_bshad sgrub las kyi 'khor los gong du 'phel/_/de 'dzin skyes bu'i sku tshe mdzad phrin dang*/_/thugs kyi bzhed don 'bad rtsol med par 'grub/_/mkha' khyab yid can 'khrul snang khri mun brdol/_/phan bde dpal 'byor rdzogs ldan bzhin 'byor nas/_/dkon mchog mtshan thos byang chub spyod rdzogs pa/_/rje btsun ye shes gter chen bzhin gyur cig_/bdag kyang tshe rabs phreng ba thams cad du/_/rgyal kun yab des rjes bzung mkhyen brtse nus/_/mtshungs med rgyal ba dgyes pa'i lam zhugs nas/_/srid zhi las 'das go 'phang brnyes gyur cig_/lnga pa shis pa brjod pa ni/_bkra shis lha yi mchog gyur 'das pa'i dus kyi tshe/_/mnyam pa chen po'i zhing bzhugs bde gshegs klu yi rigs/_/theg gsum bdud rtsir spyod 'bras mngon gyur 'khor bcas kyis/_/'gro kun mi gnas myang 'das dpal thob bkra shis shog_/da lta byang phyogs mos pa rab dga' sdug pa'i zhing*/_/rnam 'dren nyi ma mos pa rab tu dga' ba'i mtshan/_/theg chen byang chub spyod gtsang 'ba' zhig ston mdzad des/_/mkha' mnyam yid can theg mchog chos spyod bkra shis shog_/ma 'ongs rdul bral yang dag bsags pa dag pa'i zhing*/_/rdzogs pa'i sangs rgyas mgon po kun tu gzigs chen po/_/sangs rgyas kun gyi zhing dang mtshan brjod las lhag pa'i/_/bkra shis kun gyi bkra shis mchog gi bkra shis shog_/phyogs dus zhing na sangs rgyas ye shes spyan ras kyi/_/gzigs pas 'jam dpal dbyangs kyis byang chub ma bkod pa/_/gcig kyang med par rgyal sras thu bo'i tshul 'dzin pa/_/rgyal kun yab de'i rjes su 'dzin pa'i bkra shis shog_/rnam kun mchog ldan zab zhi chos kyi dbyings chen por/_/mchog tu mi 'gyur zag med bde ba'i dga' ston la/_/rtag tu ngal 'tsho 'pho 'gyur mtshan ma'i spros bral ba'i/_/'phags bzhi'i yum gyis srid zhi'i gdung sel bkra shis shog_/ces brjod pas dge legs kyi snang ba phyogs dus kun tu khyab par bya'o/_/mtshan tsam bzung bas 'khor ba phyir bsnyil zhing*/_/bdud rigs dpa' bkong mdzad sogs ngo mtshar gyi/_/phan yon mtha' yas rgyal gsung tshad ma'i phyir/_/tshul 'di bgyi ba don dang ldan par rloms/_/snyigs ma'i sems can bsod nams 'byor pas phongs/_/nad mug mtshon gyi zug rngu ches ldang tshe/_/'bad rtsol chung ngus don chen 'grub mthong nas/_/'jam mgon yab sras gsung la brten nas bkod/_/rab dge dri med nor bu chu shel sprin/_/chos dbyings mkha' la mdzes par bres 'dis kyang*/_/bstan 'gro'i rgud sel dge legs zhing sa ru/_/sku bzhi'i snye ma g.yur du za bar shog_/'jam dpal ye shes snang ba'i gter gcig gis/_/tshe rabs kun tu dgyes pa'i 'bab stegs gyur/_/bstan 'gro'i rgud sel gzungs spobs smon lam gyis/_/rgyal kun yab dang gnyis med gcig gyur cig_/ces pa 'di yang 'jam dpal dngos su grub pa'i slob dpon du mas rjes su bzung zhing*/_'jam dpal dbyangs dngos mkhyen brtse'i dbang pos byin gyis brlabs pa'i mtshan 'chang zhing*/_'jam dpal dbyangs kyi rgyud lung man ngag du ma'i thos bsam gyi skal pa dge ba/_'jam dpal dga' ba'i bshes gnyen tshangs sras dgyes pa'i rdo rje'am bkris dpal 'byor du 'bod pa'i phyogs bral kun tu rgyu ba gang*/_'jam dpal dbyangs kyi phyag mtshan du bzhes pa'i rgya nag ri bo rtse lngas mdzes pa'i zhing du kha 'khyal ba'i tshe/_dad blo gsal ba kha ba sprul sku chos kyi nyi ma dang*/_sib bkra shis chos gling gi sprul sku zung gis rab 'byams mchog sprul sbran nas lha rdzas kyi rten dang bcas te dwangs bsil ri bo rtse lnga nas dag pa'i gzigs snang dang mthun pa'i cho ga zhig brtsams par bskul kyang*/_kho bo ni lo na smin bzhin rtsa rlung rgud cing*/_dkor nag gi ri bos gnya' bar mnan te phag pa bzhin nyal ba las dag pa'i gzigs snang nam yang med kyang rigs kun khyab bdag 'jam mgon bla ma'i mchog sprul 'jam dpal chos kyi rgya mtshos zhing khyad par can mi pham rin po che'i thugs dam rten 'jam dbyangs gsung byon ma'i mdun mchod me 'bum phrag phul ba'i skabs nyem khor gyur pa'i rkyen gyis 'jam dpal mchod pa'i cho ga zhig grub par gyis zhes bka' lung gser gyi cod pan spyi bor bcings pas mdo rgyud kyi lung dang mthun pa'i zhing sbyang gi cho ga 'di ltar bris na don dang ldan par mthong nas byang chub sems dpa' chen po chos 'phags kyi bzhugs gnas rgya nag khri 'du grong khyer spos ngad ldan nas dbu 'dzin byas te mtha' yongs su rdzogs pa lho ljongs chos kyi dga' tshal gyi bye brag mtha' 'dul gyi gtsug lag khang spa gro skyer chu'i 'dabs 'byor ba'i bsam gtan gyi spyil bu bkris dga' ba 'khyil bar rdzogs par byas pa 'dis kyang 'brel tshad rje btsun 'jam pa'i rdo rje'i rnam thar gyi rjes su slob par gyur cig_/_//

Footnotes

Other Information