JKCL-KABUM-07-JA-033: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 9: Line 9:
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|associatedpeople=Kantalipa
|associatedpeople=tshem bu pa dar ma 'od zer
|associatedpeopletib=ཚེམ་བུ་པ་
|associatedpeopletib=ཚེམ་བུ་པ་དར་མ་འོད་ཟེར་
|tibgenre=Funerary Rituals - gnas lung - byang chog, Notes - zin bris
|tibgenre=Funerary Rituals - gnas lung - byang chog, Notes - zin bris
|terma=No
|terma=No

Revision as of 12:23, 13 October 2023

ཐུགས་ཆེན་ཚེམ་བུ་ལུགས་ཀྱིས་གཤིན་པོ་ལ་ཕན་གདགས་པ་རུས་སྦྱང་དང་སཱཙྪ་སྒྲུབ་པའི་ཆོ་གའི་ཟིན་བྲིས།
Wylie title thugs chen tshem bu lugs kyis gshin po la phan gdags pa rus sbyang dang sAts+tsha sgrub pa'i cho ga'i zin bris JKCL-KABUM-07-JA-033.pdf
Location chos kyi blo gros bka' 'bum
Volume 7, Text 33, Pages 571-573 (Folios 1a1 to 2a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཚེམ་བུ་པ་དར་མ་འོད་ཟེར་ (tshem bu pa dar ma 'od zer)
Citation 'jam dbyangs mkhyen brtse chos kyi blo gros. thugs chen tshem bu lugs kyis gshin po la phan gdags pa rus sbyang dang sAts+tsha sgrub pa'i cho ga'i zin bris. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 571-573. Bir, H.P.: Khyentse Labrang, 2012.
Genre Funerary Rituals - gnas lung - byang chog  ·  Notes - zin bris
Cycle ཐུགས་ཆེན་དམར་ཁྲིད་ཚེམ་བུ་ལུགས་ (thugs chen dmar khrid tshem bu lugs)
Deity thugs rje chen po
Colophon

།ཅེས་པའང་སྡེ་དགེའི་རྒྱལ་ཁབ་ཆེན་པོའི་ནུབ་བླ་མ་ཀུན་བཟང་ཆོས་འཕེལ་གྱི་གསུང་ངོར། ཆོས་ཀྱི་བློ་གྲོས་པས་ཟིན་བྲིས་སུ་བཏབ་པའོ། །མངྒ་ལཾ།།

/ces pa'ang sde dge'i rgyal khab chen po'i nub bla ma kun bzang chos 'phel gyi gsung ngor/__chos kyi blo gros pas zin bris su btab pa'o/__/mang+ga laM//

1 Texts in this Section (sde tshan or chos tshan)

[edit]
ཐུགས་ཆེན་ཚེམ་བུ་ལུགས་ཀྱིས་གཤིན་པོ་ལ་ཕན་གདགས་པ་རུས་སྦྱང་དང་སཱཙྪ་སྒྲུབ་པའི་ཆོ་གའི་ཟིན་བྲིས་བཞུགས་སོ། །ན་མོ་ལོ་ཀི་ཤྭ་རཱ་ཡ། འཕགས་མཆོག་ཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་རུས་སྦྱོང་དང་སཱཙྪ་སྒྲུབ་པར་སྤྲོ་ན་བསྙེན་པ་སྔོན་དུ་སོང་བས་ཆོ་གའི་ཁོག་ཞུ་ཆེན་པཎྜི་ཏའི་ཀུན་རིག་གི་རུས་སྦྱོང་ཚྭ་སྒྲུབ་ཨུཏྤལ་མགུལ་རྒྱན་གྱི་གཞུང་ལྟར་ལ་ལྷ་སྔགས་ཁ་བསྒྱུར་ཚུལ་ནི། མཆོད་བ་ཉེར་སྤྱོད་དང་། བུམ་པ་བཅུད་ལྡན་དུང་ཆོས་གཟུངས་རྡོར་རང་གི་མདུན་དུ་བཤམས། རྡོར་དྲིལ་སོགས་འདུ་བྱས་ཏེ། བདག་བསྐྱེད་རྗེ་མཁྱེན་བརྩེའི་གསུང་ཕན་བདེའི་མྱུར་ལམ་ལྟར་མཆོད་པ་བྱིན་རླབས་ནས་བརྩམས། གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ་པར་གྱུར། ཞེས་པའི་བར་གྱི་བསྒོམ་བཟླས་གྲུབ་ནས། བུམ་སྒྲུབ་ལྷ་བསྐྱེད་ཆོག །མཆོད་བསྟོད་བཟླས་པ་དང་། བུམ་པའི་རྗེས་ཆོག་བཟླས་པའི་མཐར། གཏོར་འབུལ་ཀྱང་སྤྲོ་ན་བྱ་ཞིང་། ཡིག་བརྒྱ་ནོངས་བཤགས། བུམ་ལྷ་འོད་ཞུ་བྱེད། དེ་ཡང་ཡིག་དྲུག་འབུམ་ཕྲག་གཅིག་འགྲོ་ངེས་དང་། ཐུན་གཤམ་དུ་ཞལ་བཅུ་གཅིག་པའི་གཟུངས་རིང་ཡང་ཅི་ནུས་དང་། ཨོཾ་བཛྲ་ཨུ་ད་ཀ་དང་། ཁྲུས་སྔགས་ཀྱང་ཅུང་ཟད་བཟླ། རུས་བུ་རྣམས་རིན་པོ་ཆེའི་སྣོད་དུ་བཞག །རུས་བུའི་སྟེང་དུ་སོགས་བྱུང་ཞིང་དག་པར་བསམ་ལ་བུམ་པའི་ཆུས་ཡིག་དྲུག་དང་། གཟུངས་རིང་། མི་འཁྲུགས་གཟུངས་དང་། ངན་སོང་སྦྱོང་སྔགས། ཡིག་བརྒྱ་རྣམས་དང་། ཨོཾ་བཛྲ་པྲ་མརྡྷ་ན་པྲ་མརྡྷ་ནཱ་ཡ་སྭཱ་ཧཱ་སོགས་བཟླ་བཞིན་བཀྲུ། རྒྱས་པར་ཕར་ཕྱིན་དྲུག་སོགས་ཚིགས་བཅད་རྣམས་སྤེལ་ན་ལེགས་ཤིང་། གང་སེར་མའི་ཤིས་བརྗོད་ཀྱང་བྱ། ཞག་གིས་ཆོད་ན། བདག་བསྐྱེད་མཇུག་གི་བྱ་བ་བསྔོ་སྨོན་ཤིས་བརྗོད་བཅས། དེ་ནས་རུས་པ་ཞིབ་མོར་འདུར་བ་སོགས་སཱཙྪའི་སྒྲུབ་གཞུང་བཞིན་ལ། རྩ་རིག་གི་མལ་དུ་ཡིག་དྲུག་དང་ཞལ་བཅུ་གཅིག་པའི་གཟུངས་རིང་བཀོད། །སྔགས་ཡིག་དྲུག་ཁོ་ན་དང་། གཟུངས་རིང་ཁ་ཤས་མཐར། ཚེ་ལས་འདས་པའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་བྱིན་གྱིས་བརླབས། ཚྭ་གཟུངས་མ་ཎི་དང་གཟུངས་རིང་མཐར། སྭཱ་ཧཱའི་གོང་ཚེ་འདས་ཀྱི་མིང་སྤེལ་ཤམ་ཅན་བྲིས་པ་ཅན་འབུལ། ཡིག་དྲུག་བཟླ་བཞིན་བཏབ། དངོས་གཞིའི་སྐབས་བུམ་པ་གཅིག་གིས་ཆོག །བདག་བསྐྱེད་གྲུབ་ནས། ཐུགས་རྗེ་ཆེན་པོའི་བུམ་སྒྲུབ་དཀྱུས་ལྟར། སྦྱོང་བ་ནས་བརྩམས་རབ་གནས་ཚྭ་སྒྲུབ་གཞུང་ལྟར། བདེན་བརྡར་གྱི། རྡོ་རྗེ་སེམས་དཔའི་བདེན་པ་དང་། ཞེས་པ། བཅོམ་ལྡན་འདས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་བདེན་པ་དང་ཞེས་བསྒྱུར། རྟེན་བསྐྱེད། ཨོཾ་བཛྲ་ཨ་མྲྀ་ཏ་སོགས་ཀྱིས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སོགས། བུམ་པའི་ནང་དུ་པཱྃ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་སོགས་ཐུགས་ཆེན་མདུན་བསྐྱེད་ལྟར། སྤྱི་བོའི་བླ་མ་ལ་ཐིམ་པས་བླ་མ་ཀུན་འདུས་སུ་གྱུར། བར་བརྗོད། དེ་ནས་ལྷ་ལ་དམིགས་ཏེ་ཡིག་དྲུག་བཟླ། དེའང་སཱཙྪའི་བུམ་པ་རེ་རེའི་ནང་ཐུགས་རྗེ་ཆེན་པོ་རིགས་བདག་བཅས་བཞུགས་པ་དང་། རང་ཐུགས་རྗེ་ཆེན་པོ་རིགས་བདག་བླ་མ་འོད་དཔག་མེད་བཅས་ཀྱི་ཞལ་ནས་སྔགས་བཟླས་པས་དམིགས་ཡུལ་གྱིས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱོང་དུ་གསོལ་སྙམ་པས་ཐུགས་རྒྱུད་བསྐུལ་བས་སཱཙྪར་བསྐྱེད་པའི་ལྷ་ཡི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། སོགས་ནས་གསང་སྔགས་ཀུན་འདུས་སུ་གྱུར། སླར་ཡང་། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་མདུན་གྱི་ལྷ་ཡི་ཐུགས་ཀར་ཕོག་པས། སོགས་ཐུགས་ཆེན་རིལ་སྒྲུབ་ཀྱི་བཟླས་དམིགས་མཐར། འབར་བར་གྱུར། སླར་ཡང་འོད་ཟེར་འཕྲོས་པས་དམིགས་ཡུལ་གྱི་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱོང་བའི་ཕྲིན་ལས་མཛད་པར་བསམ་ལ་ཡིག་དྲུག་ཁོ་ན་དང་། ཐུན་གཤམ་གཟུངས་རིང་ཅུང་ཟད་རེ་བཟླ། ཐུན་བསྡུ་བ་ན་འདོད་གསོལ་དང་ཐུགས་རྗེ་ཆེན་པོའི་གཞུང་ལྟར་ཕྱག་འཚལ་དང་། མཆོད་པ་བྱིན་རླབས། སོགས་ནས། བྱང་ཆུབ་ཕྱིར་བསྔོའོ་བར་འདོན། གཏོར་འབུལ་ཐུགས་ཆེན་སྒྲུབ་ཐབས་གཞུང་ལྟར། མཆོད་རྟེན་ལྷ་དང་བཅས་པ་ཞུ་བ་ལས་སཱཙྪའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར། སླར་ཡང་མཆོད་པ་ཁ་གསོ། བྱིན་རླབས་སོགས་ཚྭ་སྒྲུབ་གཞུང་ལྟར་བྱའོ། །དེ་ལྟ་བུའི་སྒོ་ནས་ཡིག་དྲུག་འབུམ་ཕྲག་གཉིས་བཟླ། བདག་བསྐྱེད་རྗེས་ཀྱི་བསྔོ་སྨོན་ཤིས་བརྗོད་བྱས་པས་གྲུབ་བོ། །ཚོགས་མང་ལྟ་བུས་རུས་སྦྱོང་ཚྭ་སྒྲུབ་ཉིན་གཅིག་ལ་གྲུབ་པར་བྱས་ན། བདག་བསྐྱེད། བུམ་བསྐྱེད་ཚར་རེས་ཆོག །རྒྱས་པར་བྱང་ཆོག་དང་སྦྲེལ་ནས་རུས་བུ་བཀྲུ་བ་སོགས་བྱས་ཀྱང་ལེགས་པར་འགྱུར་རོ། །ཅེས་པའང་སྡེ་དགེའི་རྒྱལ་ཁབ་ཆེན་པོའི་ནུབ་བླ་མ་ཀུན་བཟང་ཆོས་འཕེལ་གྱི་གསུང་ངོར། ཆོས་ཀྱི་བློ་གྲོས་པས་ཟིན་བྲིས་སུ་བཏབ་པའོ། །མངྒ་ལཾ།། །།
[edit]

thugs chen tshem bu lugs kyis gshin po la phan gdags pa rus sbyang dang sAts+tsha sgrub pa'i cho ga'i zin bris bzhugs so/__/na mo lo ki shwa rA ya/__'phags mchog thugs rje chen po tshem bu lugs kyi rus sbyong dang sAts+tsha sgrub par spro na bsnyen pa sngon du song bas cho ga'i khog zhu chen paN+Di ta'i kun rig gi rus sbyong tshwa sgrub ut+pal mgul rgyan gyi gzhung ltar la lha sngags kha bsgyur tshul ni/__mchod ba nyer spyod dang /__bum pa bcud ldan dung chos gzungs rdor rang gi mdun du bshams/__rdor dril sogs 'du byas te/__bdag bskyed rje mkhyen brtse'i gsung phan bde'i myur lam ltar mchod pa byin rlabs nas brtsams/__gdan 'od zer gyi rnam par gyur nas rang la thim par gyur/__zhes pa'i bar gyi bsgom bzlas grub nas/__bum sgrub lha bskyed chog__/mchod bstod bzlas pa dang /__bum pa'i rjes chog bzlas pa'i mthar/__gtor 'bul kyang spro na bya zhing /__yig brgya nongs bshags/__bum lha 'od zhu byed/__de yang yig drug 'bum phrag gcig 'gro nges dang /__thun gsham du zhal bcu gcig pa'i gzungs ring yang ci nus dang /__oM badz+ra u da ka dang /__khrus sngags kyang cung zad bzla/__rus bu rnams rin po che'i snod du bzhag__/rus bu'i steng du sogs byung zhing dag par bsam la bum pa'i chus yig drug dang /__gzungs ring /__mi 'khrugs gzungs dang /__ngan song sbyong sngags/__yig brgya rnams dang /__oM badz+ra pra mar+d+ha na pra mar+d+ha nA ya swA hA sogs bzla bzhin bkru/__rgyas par phar phyin drug sogs tshigs bcad rnams spel na legs shing /__gang ser ma'i shis brjod kyang bya/__zhag gis chod na/__bdag bskyed mjug gi bya ba bsngo smon shis brjod bcas/__de nas rus pa zhib mor 'dur ba sogs sAts+tsha'i sgrub gzhung bzhin la/__rtsa rig gi mal du yig drug dang zhal bcu gcig pa'i gzungs ring bkod/__/sngags yig drug kho na dang /__gzungs ring kha shas mthar/__tshe las 'das pa'i sdig pa thams cad shAn+tiM ku ru swA hA/__zhes brjod pas byin gyis brlabs/__tshwa gzungs ma Ni dang gzungs ring mthar/__swA hA'i gong tshe 'das kyi ming spel sham can bris pa can 'bul/__yig drug bzla bzhin btab/__dngos gzhi'i skabs bum pa gcig gis chog__/bdag bskyed grub nas/__thugs rje chen po'i bum sgrub dkyus ltar/__sbyong ba nas brtsams rab gnas tshwa sgrub gzhung ltar/__bden brdar gyi/__rdo rje sems dpa'i bden pa dang /__zhes pa/__bcom ldan 'das 'phags mchog thugs rje chen po'i bden pa dang zhes bsgyur/__rten bskyed/__oM badz+ra a mr-i ta sogs kyis bsangs/__swA b+hA was sbyangs/__stong pa'i ngang las sogs/__bum pa'i nang du pA~M las pad+ma dang /__a las zla ba'i dkyil 'khor gyi steng du yi ge hrIHdkar po sogs thugs chen mdun bskyed ltar/__spyi bo'i bla ma la thim pas bla ma kun 'dus su gyur/__bar brjod/__de nas lha la dmigs te yig drug bzla/__de'ang sAts+tsha'i bum pa re re'i nang thugs rje chen po rigs bdag bcas bzhugs pa dang /__rang thugs rje chen po rigs bdag bla ma 'od dpag med bcas kyi zhal nas sngags bzlas pas dmigs yul gyis thog drangs pa'i sems can thams cad kyi sdig sgrib sbyong du gsol snyam pas thugs rgyud bskul bas sAts+tshar bskyed pa'i lha yi thugs kar zla ba'i dkyil 'khor gyi steng du hrIHdkar po'i mthar sngags kyi phreng bas bskor ba las 'od zer 'phros/__sogs nas gsang sngags kun 'dus su gyur/__slar yang /__rang gi snying ga nas sngags kyi phreng ba mdun gyi lha yi thugs kar phog pas/__sogs thugs chen ril sgrub kyi bzlas dmigs mthar/__'bar bar gyur/__slar yang 'od zer 'phros pas dmigs yul gyi gtsor byas pa'i sems can thams cad kyi sdig sgrib sbyong ba'i phrin las mdzad par bsam la yig drug kho na dang /__thun gsham gzungs ring cung zad re bzla/__thun bsdu ba na 'dod gsol dang thugs rje chen po'i gzhung ltar phyag 'tshal dang /__mchod pa byin rlabs/__sogs nas/__byang chub phyir bsngo'o bar 'don/__gtor 'bul thugs chen sgrub thabs gzhung ltar/__mchod rten lha dang bcas pa zhu ba las sAts+tsha'i rnam pa ji lta ba bzhin du gyur/__slar yang mchod pa kha gso/__byin rlabs sogs tshwa sgrub gzhung ltar bya'o/__/de lta bu'i sgo nas yig drug 'bum phrag gnyis bzla/__bdag bskyed rjes kyi bsngo smon shis brjod byas pas grub bo/__/tshogs mang lta bus rus sbyong tshwa sgrub nyin gcig la grub par byas na/__bdag bskyed/__bum bskyed tshar res chog__/rgyas par byang chog dang sbrel nas rus bu bkru ba sogs byas kyang legs par 'gyur ro/__/ces pa'ang sde dge'i rgyal khab chen po'i nub bla ma kun bzang chos 'phel gyi gsung ngor/__chos kyi blo gros pas zin bris su btab pa'o/__/mang+ga laM//___//

Footnotes

Other Information