JKCL-KABUM-07-JA-020: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 9: Line 9:
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|associatedpeople=Nāropa
|associatedpeopletib=ནཱ་རོ་པ་
|tibgenre=Liturgy - ngag 'don, Transference of Consciousness - 'pho ba
|tibgenre=Liturgy - ngag 'don, Transference of Consciousness - 'pho ba
|terma=No
|terma=No

Revision as of 14:09, 14 December 2021

ནཱ་རོ་མཁའ་སྤྱོད་ཀྱི་ཡུམ་རྐྱང་གི་འཕོ་བའི་ངག་འདོན་མཁའ་སྤྱོད་བགྲོད་པའི་ཐེམ་སྐས།
Wylie title nA ro mkha' spyod kyi yum rkyang gi 'pho ba'i ngag 'don mkha' spyod bgrod pa'i them skas JKCL-KABUM-07-JA-020.pdf
Location chos kyi blo gros bka' 'bum
Volume 7, Text 20, Pages 391-400 (Folios 1a1 to 5b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ནཱ་རོ་པ་ (Nāropa)
Citation 'jam dbyangs mkhyen brtse chos kyi blo gros. nA ro mkha' spyod kyi yum rkyang gi 'pho ba'i ngag 'don mkha' spyod bgrod pa'i them skas. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 391-400. Bir, H.P.: Khyentse Labrang, 2012.
Genre Liturgy - ngag 'don  ·  Transference of Consciousness - 'pho ba
Cycle ནཱ་རོ་མཁའ་སྤྱོད་མ་ (na ro mkha' spyod ma)
Deity rdo rje rnal 'byor ma
Colophon

།ཅེས་པའང་རྫོང་སར་དགོན་གྱི་རྡོར་འཛིན་ཀུན་དགའ་སེང་གེས་བསྐུལ་བའི་ངོར་༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བླ་མ་གོང་མའི་གསུངས་ལས་བཏུས་ཏེ་ངག་འདོན་འཇུག་བདེར་བཀོད་པའི་ཡི་གེའི་བྱེད་པོ་ཀུན་བཟང་གིས་བགྱིས་པ་འདིས་ཀྱང་འགྲོ་ཀུན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིགསརྦ་དཱ་མངྒ་ལཾ།།

/ces pa'ang rdzong sar dgon gyi rdor 'dzin kun dga' seng ges bskul ba'i ngor 7'jam dbyangs chos kyi blo gros pas bla ma gong ma'i gsungs las btus te ngag 'don 'jug bder bkod pa'i yi ge'i byed po kun bzang gis bgyis pa 'dis kyang 'gro kun rje btsun rdo rje rnal 'byor ma'i go 'phang myur du thob pa'i rgyur gyur cigasarba dA mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །ནཱ་རོ་མཁའ་སྤྱོད་ཀྱི་ཡུམ་རྐྱང་གི་འཕོ་བའི་ངག་འདོན་མཁའ་སྤྱོད་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། ། ན་མོ་བཛྲ་ཡོ་གི་ནཱི་ཡེ། དཔལ་མོ་མཁའ་སྤྱོད་དགའ་མའི་གྲོང་། །མྱུར་དུ་འཇུག་པའི་ཐེམ་སྐས་མཆོག །རྡོ་རྗེའི་ཟབ་ལམ་འཕོ་བ་ཡི། །གདམས་པའི་ངག་འདོན་གསལ་བར་བྱ། །དེ་ལ་འདིར་རྣལ་འབྱོར་མའི་དབང་ཁྲིད་ཀྱི་རིམ་པ་ཟབ་མོས་རྒྱུད་སྨིན་ཅིང་ཉམས་ལེན་ལ་རྒྱུན་དུ་བརྩོན་པའི་སྐལ་ལྡན་རྣམས། ཟབ་མོའི་ལམ་འདིར་འབད་པར་བྱ་སྟེ། དེ་ལ་སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་ལ། མདུན་མཁར་སྐྱབས་ཡུལ་གསལ་བཏབ་ནས། བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར། །བླ་མ་སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །མི་ཕྱེད་གུས་པ་ཆེན་པོས་སྐྱབས་སུ་མཆི། །ཅི་ནུས་རྗེས་སུ། བླ་མ་མཆོག་དང་དཀོན་མཆོག་རིན་པོ་ཆེ། །རྣམ་པ་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཁྱེད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་ཅིང་སྐྱབས་ཡུལ་རང་ལ་ཐིམ་པར་བསམ། །བདག་གིས་རྫོགས་པའི་སངས་རྒྱས་ཐོབ་བྱས་ནས། །འགྲོ་ཀུན་སྲིད་པའི་མཚོ་ལས་བསྒྲལ་བར་བྱ། །དེ་ཡི་ཆེད་དུ་རྡོ་རྗེ་རྣལ་འབྱོར་མའི། །འཕོ་བའི་གདམས་པ་ཉམས་སུ་བླང་བར་བགྱི། །ལན་གསུམ་གྱིས་སེམས་བསྐྱེད། གཉིས་པ་དངོས་གཞི་ལ་དང་པོ་ལུས་ཀྱི་སྟོང་ར་གསལ་བཏབ་པ་ནི། རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ། །དམར་གསལ་སྤྱན་གསུམ་ནམ་མཁའི་དབྱིངས་སུ་གཟིགས། །ཕྱག་གཡས་གྲི་གུག་ཐུར་དུ་བརྐྱངས་ནས་འཛིན། །གཡོན་པས་ཐོད་ཁྲག་སྟེང་ཕྱོགས་བཟུང་བས་གསོལ། །ཕྲག་པ་གཡོན་པར་རྡོ་རྗེའི་ཁ་ཊྭཱྃ་བསྟེན། །ཐོད་སྐམ་དབུ་རྒྱན་དོ་ཤལ་ཕྱག་རྒྱས་སྤྲས། །ཞབས་ཟུང་གཡོན་བསྐུམ་གཡས་བརྐྱང་དོར་སྟབས་ཀྱིས། །པད་ཉི་འཇིགས་བྱེད་དུས་མཚན་གདན་སྟེང་དུ། །བདེ་ཆེན་ཉམས་འབར་ཡེ་ཤེས་མེ་དབུས་རོལ། །གཉིས་པ་རྩའི་སྟོང་ར་གསལ་གདབ་པ་ནི། ལྟེ་འོག་སོར་བཞི་ནས་བཟུང་སྤྱི་བོའི་བར། །དབུ་མ་སྦོམ་ཕྲ་སྦ་ལྕགས་འབྲིང་པོ་ཙམ། །ཁ་དོག་དཀར་པོ་སྦུབ་སྟོང་གསལ་ཞིང་དྲང་། །ཡར་སྣ་སྤྱི་བོ་ཚངས་པའི་བུ་གར་ཟུག །མར་སྣ་སྒོ་ངའི་སྦུབས་ལྟར་ཟླུམ་པོའི་ནང་། །གསུམ་པ་འཕོ་བྱའི་རླུང་སེམས་གསལ་གདབ་པ་ནི། ཆོས་འབྱུང་གྲུ་གསུམ་རྩ་བ་ཐུར་དུ་ཟུག །གདེངས་ཀ་གྱེན་དུ་ཕྱོགས་པའི་ནང་དབུས་སུ། །རང་སེམས་རྣམ་ཤེས་ངོ་བོ་བྃ་ཡིག་དམར། །སྲན་རྡོག་ཙམ་པ་འཕར་ལ་ཁད་དུ་བསྒོམ། བཞི་པ་གང་དུ་འཕོ་བའི་ཡུལ་རྟེན་བསྐྱེད་པ་ནི། སྤྱི་གཙུག་མཐོང་སྐར་བྱེ་འདྲའི་སྟེང་ཕྱོགས་སུ། །པད་ཉི་འཇིགས་བྱེད་དུས་མཚན་གདན་སྟེང་དུ། །ངོ་བོ་བླ་མ་རྡོ་རྗེ་རྣལ་འབྱོར་མ། །སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟ་བུ། །སྤྱན་གསུམ་དག་པ་མཁའ་སྤྱོད་ཕྱོགས་སུ་གཟིགས། །ཕྱག་གཡས་རྡོ་རྗེ་གྲི་གུག་ཐུར་དུ་བརྐྱང་། །གཡོན་པས་ཐོད་པ་ཁྲག་བཀང་སྟེང་ཕྱོགས་བཟུང་། །ཕྲག་པ་གཡོན་པར་རྡོ་རྗེའི་ཁ་ཊྭཱྃ་བསྟེན། །བདེ་སྟོང་ཉམས་རྒྱས་ལང་ཚོའི་གཟི་འོད་འབར། །དབུ་སྐྲ་གནག་སྣུམ་སིལ་མས་སྐུ་སྟོད་ཁེབས། །ཐོད་སྐམ་དབུ་རྒྱན་དོ་ཤལ་རིང་དུ་འཕྱངས། །རུས་པའི་ཕྱག་རྒྱ་རྣམ་ལྔས་སྐུ་ལ་སྤྲས། །ཞབས་ཟུང་གཡོན་བསྐུམ་གཡས་བརྐྱང་དོར་སྟབས་ཀྱིས། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བཞུགས། །མཐའ་བསྐོར་ཀུན་ཏུ་བརྒྱུད་པའི་བླ་མ་དང་། །ཡི་དམ་དཔའ་བོ་ཌཱ་ཀིའི་ཚོགས་ཀྱིས་བསྐོར། །སྐྱབས་ཀུན་འདུས་པའི་ངོ་བོར་བཞུགས་པར་གྱུར། །ལྔ་པ་ལམ་སྦྱང་བ་ནི། བདག་གཞན་ཉོན་མོངས་རང་གཟུགས་ལུས་ལོངས་སྤྱོད། །དགྲ་གཉེན་བར་མའི་སྣང་བ་ཇི་སྙེད་ཀུན། །ཐམས་ཅད་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོར། །སྤྲུལ་ནས་བླ་མ་རྣལ་འབྱོར་མ་ལ་འབུལ། །ཨོཾ་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྟ་བྲ་ཏཱིཙྪ་སྭཱ་ཧཱ། དཔལ་ལྡན་རྡོ་རྗེ་སོགས། ཇི་སྙེད་རྡོ་རྗེ་སོགས། དེ་ནས་དད་མོས་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་ནི། རྒྱལ་བ་རྒྱ་མཚོའི་རིགས་བདག་རྡོ་རྗེ་ཆོས། །རྒྱལ་བའི་ཡུམ་གྱུར་རྡོ་རྗེ་རྣལ་འབྱོར་མ། །རྒྱལ་སྲས་ཐུ་བོ་ནཱ་རོ་ཏ་པ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུ་ཡིས། །གཟུང་འཛིན་རྡུལ་བྲལ་རྣམ་ཤེས་དྭངས་མའི་མགྲོན། །ད་ལྟ་ཉིད་དུ་བདེ་ཆེན་ཐར་པའི་སྒོར། །དྲངས་ནས་འོག་མིན་གསང་བ་མཆོག་གི་ཞིང་། །རྣལ་འབྱོར་མ་དཔལ་ཐུགས་དང་དབྱེར་མེད་ཤོག །གསང་ཆེན་སློབ་བཤད་འཛིན་པའི་ཕམ་མཐིང་པ། །སོགས་བརྒྱུད་འདེབས་ཤྭ་ལོ་ཀ་རེའི་མཚམས་གོང་ལྟར་ཁ་བསྒྱུར་བར་བྱའོ། །རྩེ་གཅིག་གསོལ་བཏབ་འོག་རླུང་འཐེན་ཙམ་བྱས། །ལྟེ་བའི་ཆོས་འབྱུང་བསྐུལ་ཞིང་སེམས་ཀྱི་རྟེན། །བྃ་ཡིག་དབུ་མའི་ལམ་ནས་ཡར་བརྒྱུད་དེ། །ཐོགས་པ་མེད་པར་ཚངས་པའི་བུ་གར་ཐོན། །རྗེ་བཙུན་བླ་མའི་གསང་བ་ནས་ཞུགས་ཏེ། །ཐུགས་ཀར་ཐིམ་ཞིང་བདེ་སྟོང་དབྱེར་མེད་ཀློང་། །འཕོ་བྱ་འཕོ་བྱེད་བྲལ་བའི་ངང་དུ་འཇོག །དོན་དམ་རྣལ་འབྱོར་མ་དཔལ་མངོན་གྱུར་བསམ། ཞེས་འོག་རླུང་གྱེན་དུ་འཐེན་ཞིང་། རོ་སྟོད་བསིག་ལ་མིག་གྱེན་དུ་ལྡོག་པ་དང་། དམིགས་པ་རྩེ་གཅིག་པས། ངག་ཏུ། ཧི་ཀ། ལན་གསུམ་དྲག་ཏུ་བརྗོད་པས། ལྟེ་བ། སྙིང་ག །མགྲིན་པ་རྣམས་སུ་འཕོ། ཕཊ་ཅེས་བརྗོད་པས་སྤྱི་བོ་ནས་ཐོན། བླ་མའི་ཐུགས་ཀར་འཕོས་ལ་མཉམ་པར་བཞག །འོག་རླུང་ཀློད་ཅིང་། ཀ་ཞེས་བརྗོད་པས་ཐུགས་ཀ་ནས་བྃ་ཡིག་བྱེ་སྟེ་མར་ལ་བྱུང་། །ཚངས་བུག་ནས་ཞུགས་དབུ་མའི་ལམ་བརྒྱུད་དེ་ཆོས་འབྱུང་ནང་དུ་སྔར་བཞིན་གནས་པར་བསམ། དེ་བཞིན་དུ་འཕོ་བའི་རྟགས་མ་ཐོན་བར་ཡང་ཡང་བསྐྱར། གྲངས་བསགས་སྐབས་གསོལ་འདེབས་བསྡུས་པ་འདོད་ན་འདི་ལྟར་བྱ་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་དངོས། །སྐྱབས་གནས་བླ་མ་མཆོག་དང་དབྱེར་མེད་པའི། །རྡོ་རྗེ་རྣལ་འབྱོར་མ་ལ་གསོལ་བ་འདེབས། །ཚེ་འདི་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །བདག་འཛིན་རྩད་ནས་ཐོན་པར་བྱིན་གྱིས་རློབས། །ལམ་མཆོག་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །འཁྱུགས་མེད་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་ནས་ཡར་སྤར་བ་དང་། མར་འབེབས་པའི་དམིགས་པ་གསོལ་འདེབས་དང་བསྒྲག་ཏེ་ལན་གྲངས་ཅི་ནུས་བྱའོ། །ཡང་སྐབས་རེར་ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་གསོལ་འདེབས་འདིའང་བྱ་སྟེ། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཆེན་ནཱ་རོ་ཏ་པ་ཕམ་མཐིང་པ། །ཤེས་རབ་བརྩེགས་དང་མལ་ལོ་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་རྣམས་ལ་གསོལ་བ་འདེབས། །ས་སྐྱ་པཎ་ཆེན་འཕགས་པ་རིན་པོ་ཆེ། །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་དང་། །ཡེ་ཤེས་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །ངོར་ཆེན་རྡོ་རྗེ་འཆང་དབང་སེམས་དཔའ་ཆེ། །བདག་ཆེན་ཆོས་རྗེ་ཀུན་སྤངས་རྡོ་རིང་པ། །ཚར་ཆེན་རྗེ་དང་འཇམ་དབྱངས་མཁྱེན་བརྩེའི་དབང་། །བསླབ་གསུམ་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། དབང་ཕྱུག་རབ་བརྟན་བསོད་ནམས་མཆོག་ལྡན་དང་། །བསོད་ནམས་མཆོག་གྲུབ་མཁྱེན་རབ་བྱམས་པའི་དཔལ། །རྨོར་ཆེན་རྗེ་དང་ཁྱབ་བདག་གནས་གསར་བ། །ཀུན་དགའ་བློ་གྲོས་རྣམས་ལ་གསོལ་བ་འདེབས། །ནམ་མཁའ་འཆི་མེད་བསྟན་པའི་ཉི་མ་དང་། །ངག་དབང་རིན་ཆེན་ཀུན་དགའ་བསྟན་འཛིན་ཞབས། །འཇམ་དཔལ་བཟང་པོ་མཁྱེན་བརྩེའི་དབང་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུ་ཡིས། །གཟུང་འཛིན་རྡུལ་བྲལ་རྣམ་ཤེས་དྭངས་མའི་མགྲོན། །ད་ལྟ་ཉིད་དུ་བདེ་ཆེན་ཐར་པའི་སྒོར། །དྲངས་ནས་འོག་མིན་གསང་བ་མཆོག་གི་ཞིང་། །རྣལ་འབྱོར་མ་དཔལ་ཐུགས་དང་དབྱེར་མེད་ཤོག །ཡར་ཀླུང་པ་ནས་བརྒྱུད་པ་ལྟར་ན། བྲག་ཕུག་པ་ཡན་ཆད་འདྲ། དེ་ནས། བསོད་ནམས་རྒྱལ་མཚན་གྲུབ་མཆོག་ཡར་ཀླུང་པ། །བསོད་ནམས་རྒྱལ་མཆོག་རྣམས་ལ་གསོལ་བ་འདེབས། འཇམ་དབྱངས་ཆེན་པོ་ནམ་མཁའ་རྒྱལ་མཚན་དང་། །བདག་ཆེན་ཆོས་རྗེ་སོགས་མན་ཆད་འདྲའོ། །དེ་ལྟར་གསོལ་བ་བཏབ་པའི་མཐར་དམིགས་པ་སྔར་བཞིན་བྱའོ། །འཕོ་བ་འབྱོངས་རྟགས་སྤྱི་བོ་སྐྲངས་པ་དང་རྣག་ཁྲག་ཆུ་སེར་ཐོན་པ། སྒྲུབ་ཁང་ལ་འཇའ་ཟུག་པ་སོགས་བྱུང་ན་འཕྲོ་བཅད་དེ། གདམས་པ་མི་བརྗེད་ཙམ་བྱས་པས་འཐུས་སོ། །གསུམ་པ་རྗེས་ཐུན་ལས་ལྡང་བ་ན། མཐའ་བསྐོར་སྐྱབས་ཡུལ་ཐམས་ཅད་འོད་དུ་ཞུ། །བླ་མ་རྡོ་རྗེ་རྣལ་འབྱོར་མ་ལ་ཐིམ། །དེ་ཉིད་སྤྱི་བོ་ཚངས་པའི་བུ་གར་བྱོན། །དབུ་མ་ནས་བརྒྱུད་སྙིང་གར་བཞུགས་པར་བསམ། །དབུ་མའི་ཡར་སྣེ་འོད་དམར་ལས་གྲུབ་པའི། །རྡོ་རྗེ་རྒྱ་གྲམ་སྲ་བརྟན་འབར་བས་བཀག །ཚེ་སྒྲུབ་བྱ་བར་འདོད་པས་འཇམ་རླུང་བུམ་ཅན་བཟུང་ལ། སྙིང་གའི་རྗེ་བཙུན་འཆི་མེད་དབང་མོ་ཡི། །སྐུ་ལས་བདུད་རྩིའི་རྒྱུན་བབས་ལུས་ཀུན་གང་། །ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་དག །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ། །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡི་སྭཱ་ཧཱ། ཡིད་བཟླས་དང་། འཕོ་བ་གཞན་ལ་འབོག་པའི་ཚེ་ངག་བཟླས་བྱའོ། དེ་ནས། དལ་འབྱོར་གྲུ་ཆེན་མི་རྟག་དྲན་པ་ཡི། སོགས་ལམ་རིམ་སྨོན་ལམ་དང་། །མཁའ་སྤྱོད་ཞལ་བཟང་ལྟ་བའི་སྨོན་ལམ་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། །ཞར་བྱུང་ལས་ལ་སྦྱར་བ་ནི། འཆི་ལྟས་བྱུང་ཚེ་ཐབས་ཀྱིས་བསླུ་ཞིང་། དུས་མིན་དུ་འཕོ་བ་མི་རུང་སྟེ། སྡོམ་འབྱུང་ལས། །དུས་ཐོབ་ནས་ནི་འཕོ་བྱ་ཞིང་། །དུས་མིན་ལྷ་རྣམས་གསོད་པར་འགྱུར། ལྷ་རྣམས་བསད་པ་ཙམ་གྱིས་ནི། །མི་དེ་དམྱལ་བར་འཚེད་པར་འགྱུར། ཞེས་གསུངས་པས་སོ། །སྐབས་དེ་དང་གཤིན་པོར་འཕོ་བ་འདེབས་པ་སོགས། ཡང་ཡང་བསྐྱར་ཏེ་ཡར་འཕོ་བ་ལས་མར་འབེབས་པའི་དམིགས་པ་མི་བྱ་བ་ཁྱད་པར་རོ། །གཞན་གསོན་གཤིན་གང་ལ་འཕོ་བ་བགྱིད་ཀྱང་། རང་གི་གཞི་ལུས་ཞེས་པ་ཁྱེད་རང་གཞི་ལུས་ཞེས་དང་། ཚེ་འདས་ཞེས་ཚིག་ཕྲད་བསྒྱུར་དགོས་ཤིང་། གསོན་པོ་ལ་ཚེ་སྒྲུབ་ཀྱི་དམིགས་བཟླས་ཀྱང་བྱ། གཤིན་པོར་སྔོན་དུ་ངོ་སྤྲོད་རྒྱས་བསྡུས་གང་འོས་དང་། སངས་རྒྱས་བྱང་སེམས་ཀྱི་མཚན་དང་། གཟུངས་སྔགས་སོགས་བརྗོད་ནས། འཕོ་བ་དངོས་ལ་འཇུག་ཅིང་། སྤར་ཆོག་གྲུབ་ནས་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་པར་བྱ་ཞིང་གནས་སྐབས་དེ་དག་ཏུ་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ཏེ་བླ་མ་ལ་མོས་གུས་ཐང་ལྷོད་མེད་པ་དང་། སེམས་ཅན་ལ་སྙིང་རྗེ་ཤུགས་དྲག་པོ་བསྐྱེད་པ་ནི་གནད་གྱི་དོན་གལ་པོ་ཆེ་ཡིན་ནོ། །དེ་ལྟར་འཕོ་བའི་གདམས་པ་ཡི། །ངག་འདོན་མདོར་བསྡུས་བསྡེབས་པ་ལས། །བྱུང་བའི་དགེ་འདིས་བདག་གཞན་ཀུན། །མཁའ་སྤྱོད་གོ་འཕང་ཐོབ་པར་ཤོག །ཅེས་པའང་རྫོང་སར་དགོན་གྱི་རྡོར་འཛིན་ཀུན་དགའ་སེང་གེས་བསྐུལ་བའི་ངོར་༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བླ་མ་གོང་མའི་གསུངས་ལས་བཏུས་ཏེ་ངག་འདོན་འཇུག་བདེར་བཀོད་པའི་ཡི་གེའི་བྱེད་པོ་ཀུན་བཟང་གིས་བགྱིས་པ་འདིས་ཀྱང་འགྲོ་ཀུན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིགསརྦ་དཱ་མངྒ་ལཾ།། །།
[edit]

@#/__/nA ro mkha' spyod kyi yum rkyang gi 'pho ba'i ngag 'don mkha' spyod bgrod pa'i them skas zhes bya ba bzhugs so/__/ na mo badz+ra yo gi nI ye/__dpal mo mkha' spyod dga' ma'i grong /__/myur du 'jug pa'i them skas mchog__/rdo rje'i zab lam 'pho ba yi/__/gdams pa'i ngag 'don gsal bar bya/__/de la 'dir rnal 'byor ma'i dbang khrid kyi rim pa zab mos rgyud smin cing nyams len la rgyun du brtson pa'i skal ldan rnams/__zab mo'i lam 'dir 'bad par bya ste/__de la sngon 'gro dngos gzhi rjes so/__/dang po la/__mdun mkhar skyabs yul gsal btab nas/__bdag dang mkha' mnyam 'gro ba ma lus kun/__/dus 'di nas bzung byang chub ma thob bar/__/bla ma sangs rgyas chos dang tshogs mchog la/__/mi phyed gus pa chen pos skyabs su mchi/__/ci nus rjes su/__bla ma mchog dang dkon mchog rin po che/__/rnam pa gsum la phyag 'tshal skyabs su mchi/__/khyed kyis bdag dang sems can thams cad kyi/__/lus ngag yid gsum byin gyis brlab tu gsol/__/zhes gsol ba btab cing skyabs yul rang la thim par bsam/__/bdag gis rdzogs pa'i sangs rgyas thob byas nas/__/'gro kun srid pa'i mtsho las bsgral bar bya/__/de yi ched du rdo rje rnal 'byor ma'i/__/'pho ba'i gdams pa nyams su blang bar bgyi/__/lan gsum gyis sems bskyed/__gnyis pa dngos gzhi la dang po lus kyi stong ra gsal btab pa ni/__rang nyid gzhi lus rdo rje rnal 'byor ma/__/dmar gsal spyan gsum nam mkha'i dbyings su gzigs/__/phyag g.yas gri gug thur du brkyangs nas 'dzin/__/g.yon pas thod khrag steng phyogs bzung bas gsol/__/phrag pa g.yon par rdo rje'i kha T+wA~M bsten/__/thod skam dbu rgyan do shal phyag rgyas spras/__/zhabs zung g.yon bskum g.yas brkyang dor stabs kyis/__/pad nyi 'jigs byed dus mtshan gdan steng du/__/bde chen nyams 'bar ye shes me dbus rol/__/gnyis pa rtsa'i stong ra gsal gdab pa ni/__lte 'og sor bzhi nas bzung spyi bo'i bar/__/dbu ma sbom phra sba lcags 'bring po tsam/__/kha dog dkar po sbub stong gsal zhing drang /__/yar sna spyi bo tshangs pa'i bu gar zug__/mar sna sgo nga'i sbubs ltar zlum po'i nang /__/gsum pa 'pho bya'i rlung sems gsal gdab pa ni/__chos 'byung gru gsum rtsa ba thur du zug__/gdengs ka gyen du phyogs pa'i nang dbus su/__/rang sems rnam shes ngo bo ba~M yig dmar/__/sran rdog tsam pa 'phar la khad du bsgom/__bzhi pa gang du 'pho ba'i yul rten bskyed pa ni/__spyi gtsug mthong skar bye 'dra'i steng phyogs su/__/pad nyi 'jigs byed dus mtshan gdan steng du/__/ngo bo bla ma rdo rje rnal 'byor ma/__/sku mdog dmar mo bskal pa'i me lta bu/__/spyan gsum dag pa mkha' spyod phyogs su gzigs/__/phyag g.yas rdo rje gri gug thur du brkyang /__/g.yon pas thod pa khrag bkang steng phyogs bzung /__/phrag pa g.yon par rdo rje'i kha T+wA~M bsten/__/bde stong nyams rgyas lang tsho'i gzi 'od 'bar/__/dbu skra gnag snum sil mas sku stod khebs/__/thod skam dbu rgyan do shal ring du 'phyangs/__/rus pa'i phyag rgya rnam lngas sku la spras/__/zhabs zung g.yon bskum g.yas brkyang dor stabs kyis/__/ye shes me dpung 'bar ba'i klong du bzhugs/__/mtha' bskor kun tu brgyud pa'i bla ma dang /__/yi dam dpa' bo DA ki'i tshogs kyis bskor/__/skyabs kun 'dus pa'i ngo bor bzhugs par gyur/__/lnga pa lam sbyang ba ni/__bdag gzhan nyon mongs rang gzugs lus longs spyod/__/dgra gnyen bar ma'i snang ba ji snyed kun/__/thams cad kun bzang mchod pa'i sprin chen por/__/sprul nas bla ma rnal 'byor ma la 'bul/__/oM badz+ra yo gi nI sa pa ri wA ra ar+g+haM nas/__shab+ta bra tIts+tsha swA hA/__dpal ldan rdo rje sogs/__ji snyed rdo rje sogs/__de nas dad mos gdung shugs drag pos gsol ba gdab pa ni/__rgyal ba rgya mtsho'i rigs bdag rdo rje chos/__/rgyal ba'i yum gyur rdo rje rnal 'byor ma/__/rgyal sras thu bo nA ro ta pa la/__/gsol ba 'debs so thugs rje'i lcags kyu yis/__/gzung 'dzin rdul bral rnam shes dwangs ma'i mgron/__/da lta nyid du bde chen thar pa'i sgor/__/drangs nas 'og min gsang ba mchog gi zhing /__/rnal 'byor ma dpal thugs dang dbyer med shog__/gsang chen slob bshad 'dzin pa'i pham mthing pa/__/sogs brgyud 'debs shwa lo ka re'i mtshams gong ltar kha bsgyur bar bya'o/__/rtse gcig gsol btab 'og rlung 'then tsam byas/__/lte ba'i chos 'byung bskul zhing sems kyi rten/__/ba~M yig dbu ma'i lam nas yar brgyud de/__/thogs pa med par tshangs pa'i bu gar thon/__/rje btsun bla ma'i gsang ba nas zhugs te/__/thugs kar thim zhing bde stong dbyer med klong /__/'pho bya 'pho byed bral ba'i ngang du 'jog__/don dam rnal 'byor ma dpal mngon gyur bsam/__zhes 'og rlung gyen du 'then zhing /__ro stod bsig la mig gyen du ldog pa dang /__dmigs pa rtse gcig pas/__ngag tu/__hi ka/__lan gsum drag tu brjod pas/__lte ba/__snying ga__/mgrin pa rnams su 'pho/__phaT ces brjod pas spyi bo nas thon/__bla ma'i thugs kar 'phos la mnyam par bzhag__/'og rlung klod cing /__ka zhes brjod pas thugs ka nas ba~M yig bye ste mar la byung /__/tshangs bug nas zhugs dbu ma'i lam brgyud de chos 'byung nang du sngar bzhin gnas par bsam/__de bzhin du 'pho ba'i rtags ma thon bar yang yang bskyar/__grangs bsags skabs gsol 'debs bsdus pa 'dod na 'di ltar bya ste/__dus gsum sangs rgyas thams cad 'dus pa'i dngos/__/skyabs gnas bla ma mchog dang dbyer med pa'i/__/rdo rje rnal 'byor ma la gsol ba 'debs/__/tshe 'di blo yis thongs par byin gyis rlobs/__/dgos med rgyud la skye bar byin gyis rlobs/__/bdag 'dzin rtsad nas thon par byin gyis rlobs/__/lam mchog 'pho ba 'byongs par byin gyis rlobs/__/'khyugs med mkha' spyod 'grub par byin gyis rlobs/__/zhes gsol ba btab nas yar spar ba dang /__mar 'bebs pa'i dmigs pa gsol 'debs dang bsgrag te lan grangs ci nus bya'o/__/yang skabs rer ngor chen rdo rje 'chang chen pos mdzad pa'i gsol 'debs 'di'ang bya ste/__rdo rje 'chang chen rdo rje rnal 'byor ma/__/grub chen nA ro ta pa pham mthing pa/__/shes rab brtsegs dang mal lo sa skya pa/__/rje btsun sku mched rnams la gsol ba 'debs/__/sa skya paN chen 'phags pa rin po che/__/dkon mchog dpal dang chos rje bsod nams dpal/__/bsod nams rgyal mtshan dpal ldan tshul khrims dang /__/ye shes rgyal mtshan rnams la gsol ba 'debs/__/ngor chen rdo rje 'chang dbang sems dpa' che/__/bdag chen chos rje kun spangs rdo ring pa/__/tshar chen rje dang 'jam dbyangs mkhyen brtse'i dbang /__/bslab gsum rgyal mtshan rnams la gsol ba 'debs/__dbang phyug rab brtan bsod nams mchog ldan dang /__/bsod nams mchog grub mkhyen rab byams pa'i dpal/__/rmor chen rje dang khyab bdag gnas gsar ba/__/kun dga' blo gros rnams la gsol ba 'debs/__/nam mkha' 'chi med bstan pa'i nyi ma dang /__/ngag dbang rin chen kun dga' bstan 'dzin zhabs/__/'jam dpal bzang po mkhyen brtse'i dbang po la/__/gsol ba 'debs so thugs rje'i lcags kyu yis/__/gzung 'dzin rdul bral rnam shes dwangs ma'i mgron/__/da lta nyid du bde chen thar pa'i sgor/__/drangs nas 'og min gsang ba mchog gi zhing /__/rnal 'byor ma dpal thugs dang dbyer med shog__/yar klung pa nas brgyud pa ltar na/__brag phug pa yan chad 'dra/__de nas/__bsod nams rgyal mtshan grub mchog yar klung pa/__/bsod nams rgyal mchog rnams la gsol ba 'debs/__'jam dbyangs chen po nam mkha' rgyal mtshan dang /__/bdag chen chos rje sogs man chad 'dra'o/__/de ltar gsol ba btab pa'i mthar dmigs pa sngar bzhin bya'o/__/'pho ba 'byongs rtags spyi bo skrangs pa dang rnag khrag chu ser thon pa/__sgrub khang la 'ja' zug pa sogs byung na 'phro bcad de/__gdams pa mi brjed tsam byas pas 'thus so/__/gsum pa rjes thun las ldang ba na/__mtha' bskor skyabs yul thams cad 'od du zhu/__/bla ma rdo rje rnal 'byor ma la thim/__/de nyid spyi bo tshangs pa'i bu gar byon/__/dbu ma nas brgyud snying gar bzhugs par bsam/__/dbu ma'i yar sne 'od dmar las grub pa'i/__/rdo rje rgya gram sra brtan 'bar bas bkag__/tshe sgrub bya bar 'dod pas 'jam rlung bum can bzung la/__snying ga'i rje btsun 'chi med dbang mo yi/__/sku las bdud rtsi'i rgyun babs lus kun gang /__/nad gdon sdig sgrib bag chags thams cad dag__/'chi med tshe yi dngos grub thob par bsam/__/oM a mA ra Ni dzI wan+ti yi swA hA/__yid bzlas dang /__'pho ba gzhan la 'bog pa'i tshe ngag bzlas bya'o/__de nas/__dal 'byor gru chen mi rtag dran pa yi/__sogs lam rim smon lam dang /__/mkha' spyod zhal bzang lta ba'i smon lam sogs kyis mtha' brgyan par bya'o/__/zhar byung las la sbyar ba ni/__'chi ltas byung tshe thabs kyis bslu zhing /__dus min du 'pho ba mi rung ste/__sdom 'byung las/__/dus thob nas ni 'pho bya zhing /__/dus min lha rnams gsod par 'gyur/__lha rnams bsad pa tsam gyis ni/__/mi de dmyal bar 'tshed par 'gyur/__zhes gsungs pas so/__/skabs de dang gshin por 'pho ba 'debs pa sogs/__yang yang bskyar te yar 'pho ba las mar 'bebs pa'i dmigs pa mi bya ba khyad par ro/__/gzhan gson gshin gang la 'pho ba bgyid kyang /__rang gi gzhi lus zhes pa khyed rang gzhi lus zhes dang /__tshe 'das zhes tshig phrad bsgyur dgos shing /__gson po la tshe sgrub kyi dmigs bzlas kyang bya/__gshin por sngon du ngo sprod rgyas bsdus gang 'os dang /__sangs rgyas byang sems kyi mtshan dang /__gzungs sngags sogs brjod nas/__'pho ba dngos la 'jug cing /__spar chog grub nas bsngo ba smon lam gyis rgyas gdab par bya zhing gnas skabs de dag tu sgo gsum 'jug pa gcig tu dril te bla ma la mos gus thang lhod med pa dang /__sems can la snying rje shugs drag po bskyed pa ni gnad gyi don gal po che yin no/__/de ltar 'pho ba'i gdams pa yi/__/ngag 'don mdor bsdus bsdebs pa las/__/byung ba'i dge 'dis bdag gzhan kun/__/mkha' spyod go 'phang thob par shog__/ces pa'ang rdzong sar dgon gyi rdor 'dzin kun dga' seng ges bskul ba'i ngor 7'jam dbyangs chos kyi blo gros pas bla ma gong ma'i gsungs las btus te ngag 'don 'jug bder bkod pa'i yi ge'i byed po kun bzang gis bgyis pa 'dis kyang 'gro kun rje btsun rdo rje rnal 'byor ma'i go 'phang myur du thob pa'i rgyur gyur cigasarba dA mang+ga laM//___//

Footnotes

Other Information