JKCL-KABUM-03-GA-041: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 3: . Bir, H.P.: Khyentse Labrang, 2012. | |fulltitletib=རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་འཇུག། | ||
|fulltitle=rje btsun rdo rje 'chang kun dga' bzang po la gsol ba 'debs pa byin rlabs myur 'jug | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''rje btsun rdo rje 'chang kun dga' bzang po la gsol ba 'debs pa byin rlabs myur 'jug''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 3: 153-157. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | ||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
Line 16: | Line 18: | ||
|totalvolumes=12 | |totalvolumes=12 | ||
|textnuminvol=041 | |textnuminvol=041 | ||
|pagenumbers=153-157 | |||
|totalpages=5 | |||
|beginfolioline=1a1 | |||
|endfolioline=3a1 | |||
|totalfolios=3 | |||
|multivolumework=No | |||
|colophontib=།ཅེས་པའང་མི་ཕྱེད་པའི་དད་མོས་རྩེ་གཅིག་པས་ཆུ་མོ་ལུག་གི་ལོ་སྦྲུལ་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོ་དང་པོར་ཀུན་དགའ་ཕྲིན་ལས་རྒྱ་མཚོའམ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་བ་སིདྡྷི་བྷ་བ་ཏུ།། | |||
|colophonwylie=/ces pa'ang mi phyed pa'i dad mos rtse gcig pas chu mo lug gi lo sbrul zla ba'i dkar phyogs kyi bzang po dang por kun dga' phrin las rgya mtsho'am/__'jam dbyangs chos kyi blo gros pas gsol ba btab ba sid+d+hi b+ha ba tu// | |||
|pdflink=File:JKCL-KABUM-03-GA-041.pdf | |pdflink=File:JKCL-KABUM-03-GA-041.pdf | ||
}} | }} | ||
Line 21: | Line 31: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་འཇུག་བཞུགས་སོ། | {{TibP|{{TibChung|རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་འཇུག་བཞུགས་སོ། }} །དཔལ་ལྡན་བླ་མ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཁྱབ་བདག་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས་དབང་ཕྱུག །གསང་བའི་བདག་པོ་ལག་ན་རྡོ་རྗེ་འཆང་། །རིགས་གསུམ་གཅིག་བསྡུས་བླ་མར་གསོལ་བ་འདེབས། །བསྐལ་མང་གོང་ནས་བྱང་ཆུབ་མངོན་མཛད་ཀྱང་། །ཞིང་འདིར་མཁས་དང་གྲུབ་པའི་ཟློས་གར་གྱི། །སྐྱེ་བའི་ཕྲེང་བ་ངོ་མཚར་བགྲང་ཡས་པ། །བརྒྱུད་མར་བྱོན་པར་མཛད་ལ་གསོལ༴ །རྒྱལ་བའི་མདུན་ན་དྲི་མ་མེད་དཔལ་དང་། །དགའ་ལྡན་གནས་སུ་དུལ་བའི་དབང་པོ་སྟེ། །གངས་རིའི་ལྗོངས་འདིར་རྗེ་བཙུན་གྲགས་པའི་མཚན། །ཀུན་དགའ་བཟང་པོར་སྟོན་ལ༴ །རྒྱལ་བས་མདོ་སྡེ་མང་པོར་ལུང་བསྟན་ཅིང་། །སྙིགས་མའི་དུས་འདིར་ཐུབ་པའི་དབང་པོ་ཉིད། །དངོས་སུ་འབྱོན་དང་རྣམ་དབྱེར་མེད་པ་ཡི། །ཐམས་ཅད་མཁྱེན་གཟིགས་ཆེན་པོར༴ །བཅུ་ཕྲག་གཅིག་གིས་ལྷག་པའི་ཡོངས་འཛིན་གྱི། །ཞབས་པད་གཙུག་ཏུ་བསྟེན་ནས་ཕྱི་ནང་གི། ཤེས་བྱ་རྒྱ་མཚོའི་ཕ་མཐར་སོན་པ་དང་། །གསང་སྔགས་བདག་པོ་ཆེན་པོར༴ །སྡོམ་པ་གསུམ་ལ་ཉེས་འགལ་ཕྲ་མོས་ཀྱང་། །མ་གོས་གཞན་ལ་ཕན་པའི་ཐུགས་མངའ་ཞིང་། །འཕགས་པའི་ཚུལ་ཁྲིམས་དྲི་ཡིས་ཕྱོགས་ཀུན་ཁྱབ། །མཁས་བཙུན་བཟང་པོའི་ཞབས་ལ༴ །བསྐྱེད་དང་རྫོགས་པའི་ཏིང་འཛིན་བསྒོམས་པ་ལས། །སྒོ་གསུམ་རྡོ་རྗེ་གསུམ་དུ་རབ་སྒྲུབ་ཅིང་། །རྩ་རླུང་ཐིག་ལེའི་འགྲོས་རྣམས་དབུ་མར་ཐིམ། །བདེ་ཆེན་ཡེ་ཤེས་བརྙེས་ལ༴ །མདོ་དང་སྔགས་ཀྱི་ཟབ་གནད་ཇི་བཞིན་རྟོགས། །མ་འདྲེས་སོ་སོར་འཆད་ལ་ཞུམ་པ་བྲལ། །རྩོད་པས་ལོག་པར་རྟོག་པའི་མགོ་བོ་འགེམས། །འཛམ་གླིང་མཁས་པ་ཆེན་པོར༴ །ཟབ་དང་རྒྱ་ཆེའི་དོན་རྣམས་འདོམས་པ་ལ། །སྡེབས་ལེགས་ངོ་མཚར་རྩོམ་པའི་རྒྱན་ཕྲེང་གིས། །ཐུབ་བསྟན་སྲིད་མཐའི་བར་དུ་གསལ་མཛད་པའི། །གཞན་ཕན་ཕ་མཐའ་ཡས་ལ༴ །བླ་མ་ལྷག་པའི་ལྷ་ཡི་དགྱེས་ཞལ་གཟིགས། །རྡོ་རྗེའི་ཆོས་སྲུང་ཅི་བཅོལ་བཀའ་བཞིན་སྒྲུབ། །ས་སྟེང་མཁས་གྲུབ་རྒྱ་མཚོའི་གཙུག་ཏོར་རྩེར། །ཞབས་རྟེན་པདྨོ་བཀོད་ལ༴ །བསྡུ་བ་རྣམ་བཞིས་འགྲོ་བ་རབ་སྨིན་ཅིང་། །ཕ་རོལ་ཕྱིན་དྲུག་རླབས་ཆེན་སྤྱོད་པ་ལས། །ནམ་ཡང་མི་འདའ་ཚོགས་གཉིས་རྒྱ་ཆེར་སྒྲུབ། །རྒྱལ་སྲས་སེམས་དཔའ་ཆེན་པོར༴ །ཆོས་ཉིད་དོན་ལ་རྟག་ཏུ་སྙོམས་པར་འཇུག །གཟུངས་དང་ཏིང་འཛིན་སྒོ་འཕར་བརྒྱ་ཕྲག་འབྱེད། །ལྐོག་གྱུར་ཆོས་རྣམས་མ་འདྲེས་མངོན་དུ་གཟིགས། །ས་བཅུའི་དབང་ཕྱུག་ཆེན་པོར༴ །བསྟན་པའི་གཞི་མ་གཙུག་ལག་ཁང་ཆེན་བསྐྲུན། །དགེ་འདུན་སྡེ་བཙུག་བསླབ་པ་གསུམ་ལ་བཀོད། །བཤད་དང་སྒྲུབ་པ་ཆེས་ཆེར་རྒྱས་མཛད་པའི། །ཕྲིན་ལས་བསམ་མི་ཁྱབ་ལ༴ །རྡོ་རྗེ་འཆང་གི་གསང་སྔགས་ཟབ་མོའི་མཛོད། །སྨིན་གྲོལ་གདམས་པ་ལྔ་བརྒྱ་ཐ་མར་ཡང་། །མི་ནུབ་ཁ་འབབ་རྣམ་བཞིའི་རྒྱུན་བཟང་པོའི། །འབྱུང་གནས་མ་དྲོས་བདག་པོར༴ །ཁྱད་པར་བིཪྺའི་གསུང་ངག་ཞལ་གྱི་ལུང་། །སྙན་བརྒྱུད་ཚད་མ་རྣམ་བཞིའི་གདམས་པ་ཡིས། །ཐར་འདོད་གྲུབ་པའི་རྒྱལ་སར་རབ་འགོད་པའི། །རྣལ་འབྱོར་དབང་ཕྱུག་ཆེན་པོར༴ །བརྒྱུད་འཛིན་བུ་སློབ་གསེར་རིའི་ཕྲེང་བ་ལྟར། །ཉོན་མོངས་དྲི་བྲལ་ཤིན་ཏུ་གཙང་ཞིང་མཛེས། །མང་ཐོས་ཏིང་འཛིན་ཤེས་རབ་གཏེར་འཆང་བའི། །སློབ་ཚོགས་གྲངས་མེད་བསྐྲུན་ལ༴ །ཀུན་དགའི་རྟེན་དེར་མི་སློབ་ཟུང་འཇུག་གི། རྟོགས་པའི་རྩེར་སོན་བདེ་ཆེན་ཞིང་དུ་གཤེགས། །བྱེ་བ་ཕྲག་བརྒྱ་རྣམ་འཕྲུལ་བསམ་ཡས་པས། །བསྟན་འགྲོའི་དོན་ཆེན་བསྒྲུབ་ལ༴ །ཀུན་དགའ་བཟང་པོ་རྒྱལ་བའི་ཆོས་འཛིན་པ། །བདེ་གཤེགས་བྱེ་བ་དྲུག་ཅུ་མཆོད་བྱས་ནས། །རྒྱ་མཚོ་བློ་འཛིན་ཞེས་བྱར་མངོན་འཚང་རྒྱ། །དེ་བཞིན་གཤེགས་པའི་དབང་པོར༴ །མདོར་ན་རྗེ་བཙུན་བླ་མ་རྡོ་རྗེ་འཆང་། །ཁྱོད་འདྲ་དུས་གསུམ་ཀུན་ཏུ་འབྱོན་དཀའ་ཞིང་། །མཛད་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ། །འཕགས་པའི་སྤྱོད་ཡུལ་གྱུར་ལ༴ །རྡོ་རྗེ་འཆང་དངོས་དགེ་སློང་སྐུར་སྟོན་པ། །བླ་མ་མཆོག་ལ་གསོལ་བ་བཏབ་པའི་མཐུས། །བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །རྒྱལ་བ་གཉིས་པས་རྗེས་སུ་འཛིན་པར་ཤོག །དལ་འབྱོར་རྟེན་ཐོབ་ཚུལ་ཁྲིམས་རྣམ་པར་དག །ཐོས་པས་རྒྱུད་གྲོལ་བསམ་པས་སྒྲོ་འདོགས་ཆོད། །སྒོམ་པས་གནས་ལུགས་ཇི་བཞིན་མངོན་གྱུར་ཏེ། །མཁྱེན་བརྩེ་ནུས་པ་རྒྱ་མཚོར་དབང་འབྱོར་ཤོག །མགོན་པོ་ཁྱེད་ཀྱི་ཐུགས་བཞེད་བསྒྲུབ་པ་ལ། །བདག་ནི་མཐུ་སྟོབས་ནུས་པར་ལྡན་གྱུར་ནས། །ཀུན་དགའི་ཕྲིན་ལས་ཕྱོགས་བརྒྱར་སྤེལ་བ་ལ། །འགྲན་ཟླ་མེད་པའི་དབང་པོ་ཉིད་གྱུར་ཅིག །འཇམ་པའི་དབྱངས་དངོས་རྗེ་བཙུན་ས་སྐྱ་པའི། །བསྟན་པ་དྲི་མེད་ཡུན་དུ་གནས་པ་དང་། །བསྟན་འཛིན་ཚོགས་རྣམས་དར་རྒྱས་དབུ་འཕང་མཐོ། །ཕྱོགས་ལས་རྣམ་རྒྱལ་དགེ་ལེགས་བཀྲ་ཤིས་ཤོག །རྡོ་རྗེ་ཐེག་པའི་རྒྱུད་ཀུན་འབྱུང་བའི་ངོར། །ཨེ་ཝྃ་ཟུང་འཇུག་མཚན་གྱིས་སྤྲས་པ་ཡི། །ཡོན་ཏན་རིན་ཆེན་དམ་པའི་ཆོས་ལྡན་གྱི། །བསྟན་པ་མི་ནུབ་དར་ཞིང་རྒྱས་གྱུར་ཅིག །{{TibChung|ཅེས་པའང་མི་ཕྱེད་པའི་དད་མོས་རྩེ་གཅིག་པས་ཆུ་མོ་ལུག་གི་ལོ་སྦྲུལ་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོ་དང་པོར་ཀུན་དགའ་ཕྲིན་ལས་རྒྱ་མཚོའམ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་བ་སིདྡྷི་བྷ་བ་ཏུ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 12:44, 1 December 2021
Wylie title | rje btsun rdo rje 'chang kun dga' bzang po la gsol ba 'debs pa byin rlabs myur 'jug | |
---|---|---|
Location | chos kyi blo gros bka' 'bum Volume 3, Text 41, Pages 153-157 (Folios 1a1 to 3a1) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. rje btsun rdo rje 'chang kun dga' bzang po la gsol ba 'debs pa byin rlabs myur 'jug. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 153-157. Bir, H.P.: Khyentse Labrang, 2012. | |
Genre | Supplications - gsol 'debs | |
Colophon |
།ཅེས་པའང་མི་ཕྱེད་པའི་དད་མོས་རྩེ་གཅིག་པས་ཆུ་མོ་ལུག་གི་ལོ་སྦྲུལ་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོ་དང་པོར་ཀུན་དགའ་ཕྲིན་ལས་རྒྱ་མཚོའམ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་བ་སིདྡྷི་བྷ་བ་ཏུ།། | |
/ces pa'ang mi phyed pa'i dad mos rtse gcig pas chu mo lug gi lo sbrul zla ba'i dkar phyogs kyi bzang po dang por kun dga' phrin las rgya mtsho'am/__'jam dbyangs chos kyi blo gros pas gsol ba btab ba sid+d+hi b+ha ba tu// |
1 Texts in this Section (sde tshan or chos tshan)
153-157
|
རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་འཇུག། rje btsun rdo rje 'chang kun dga' bzang po la gsol ba 'debs pa byin rlabs myur 'jug
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]] |