JKCL-KABUM-06-CHA-044: Difference between revisions

From Khyentse Lineage - A Tsadra Foundation Project
JKCL-KABUM-06-CHA-044
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 6: . Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|totalvolumes=12
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|terma=No
|jkcloutline=Six
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=006
|volumenumber=CHA
|volnumtib=
|volyigtib=ཆ་
|totalvolumes=12
|beginfolioline=1a1
|textnuminvol=044
|textnuminvol=044
|pdflink=File:JKCL-KABUM-06-CHA-044.pdf
|pdflink=File:JKCL-KABUM-06-CHA-044.pdf

Revision as of 15:23, 13 December 2021

Wylie title JKCL-KABUM-06-CHA-044.pdf
Location chos kyi blo gros bka' 'bum
Volume 6, Text 44, Pages (Folios 1a1 to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: . Bir, H.P.: Khyentse Labrang, 2012.
Genre

1 Texts in this Section (sde tshan or chos tshan)

[edit]
༄༅། །མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྲིད་བཞུགས་སོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྡུད་པ་ལས། ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་ཚེ་རྣལ་འབྱོར་པ། །གཟུགས་ནི་འཕེལ་བ་དང་ནི་ཡོངས་སུ་འགྲིབ་མི་མཐོང་། །གང་ཞིག་ཆོས་དང་ཆོས་མིན་ཆོས་དབྱིངས་མི་མཐོང་ཞིང་། །མྱ་ངན་འདས་ལ་མི་རེག་དེ་ནི་ཤེས་རབ་གནས། །གང་ཞིག་འདི་སྤྱོད་སངས་རྒྱས་ཆོས་རྣམས་མི་རྟོག་སྟེ། །སྟོབས་དང་རྫུ་འཕྲུལ་རྐང་པ་བྱང་ཆུབ་ཞི་མི་རྟོག །རྣམ་པར་མི་རྟོག་རྟོག་བྲལ་བྱིན་གྱི་བརླབས་ཀྱིས་སྤྱོད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་པ་ལྟར། སྲིད་ཞིའི་མཐའ་གང་ལའང་མི་གནས་པ་ནི་ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་ཟབ་མོ་སྟོང་པ་ཉིད་ཟུང་དུ་འཇུག་པའི་སྒྲུབ་པ་ལས་བྱང་ཆུབ་ཆེན་མོ་ཡུམ་ཤེར་ཕྱིན་གྱི་གོ་འཕང་མངོན་དུ་བྱེད་པ་ཡིན་ཞིང་། དེ་ལས་ཀྱང་ཤེས་རབ་ནི་མིག་དང་སྲོག་ལྟར་ཡིན་པས་དེ་ཉིད་ཉམས་སུ་ལེན་པ་ལ། སྔོན་འགྲོ་བླ་མའི་རྣལ་འབྱོར་སོགས་སྔོན་དུ་བཏང་ནས། ཐོག་མ་མེད་པ་ཉིད་ནས་འཁོར་བར་འཁྱམས་བྱེད་ཀྱི་རྒྱུ་ཡི་གཙོ་བོ་ནི་བདག་ཏུ་འཛིན་པའི་མ་རིག་པ་འདི་ཡིན་ཏེ། དེའང་ཆོས་ཉིད་ཤེས་རབ་ཟབ་མོའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་མཐོང་བའི་རྨོངས་པ་གཏི་མུག་དང་མཚུངས་པར་ལྡན་པ་དེ་ཡིན་ལ། སོ་སོའི་སྐྱེ་བོ་རྣམས་ཀྱི་ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་ལྔ་བོ་འཚོགས་པ་འདི་ལ་བརྟེན་ནས་ང་དང་ང་ཡིར་འཛིན་པ་རང་རྐྱ་ཐུབ་པ་ལྟར་ཚུགས་ཐུབ་ཏུ་འཛིན་པ་ནི་གང་ཟག་གི་བདག་འཛིན་དང་། ཕུང་པོ་ལྔ་བསྡུས་ཀྱི་གཟུང་བ་དང་འཛིན་པའི་ཆོས་ཐམས་ཅད་ལ་ཆགས་སྡང་བར་མའི་རྟོག་པས་སྤྱི་མཚན་དང་རང་མཚན་ལ་ཞེན་ཅིང་བདག་ཏུ་འཛིན་པ་ནི་ཆོས་ཀྱི་བདག་སྟེ་དེ་གཉིས་པོ་སོ་སོར་གཏན་ལ་འབེབས་པ་ལ། དང་པོ་གང་ཟག་གི་བདག་མེད་ནི། ང་དང་ང་ཡིར་འཛིན་པའི་འཇིག་ལྟ་ལྷན་སྐྱེས་འདི་ཕུང་པོ་ལྔ་དང་ངོ་བོ་གཅིག་ཐ་དད་གང་ཡིན། ལུས་ཀྱི་ཕྱི་ནང་དོན་ལྔ་སྣོད་དྲུག་སོགས་གང་ལ་གནས་གང་ནས་སྐྱེས། གང་དུ་འགགས། རྟག་གཅིག་རང་དབང་ཅན་དང་། དངོས་པོ་དང་མཚན་མར་གྲུབ་པ་ཡོད་མེད་དང་། བདག་ལས་བདག་འབྱུང་ངམ། གཞན་ལས་གཞན་སྐྱེ་བ་སོགས་སོ་སོར་བརྟག་པའི་རིག་པས་ལེགས་པར་དཔྱད་པ་ན། གཟུགས་སོགས་ལས་གུད་ན་མེད་དོ། །དེ་ལས་གཞན་མི་སྣང་བའི་ཕྱིར་དང་གཟུགས་སོགས་ལ་བརྟེན་ནས་ངའོ་སྙམ་པའི་ཤེས་པ་བྱུང་ཞིང་། ཕུང་པོའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། གཟུགས་སོགས་མི་རྟག་པ་དུ་མའི་ངོ་བོ་ཉིད་ཡིན་པའི་ཕྱིར། གང་ཟག་གི་འཁྲུལ་ཤེས་ངོར་རྟག་གཅིག་རང་དབང་ཅན་དུ་བརྗོད་ཅིང་ཞེན་པའི་ཕྱིར་དང་། དེ་ཉིད་དམ་གཞན་དུ་བརྗོད་མི་རུང་བའི་གང་ཟག་གི་དངོས་པོ་ཡོད་པར་མི་རུང་སྟེ་དངོས་པོ་ཡོད་པའི་རྣམ་བཞག་གཞན་མེད་པའི་ཕྱིར་རོ་སྙམ་དུ་བརྟག་པར་བྱའོ། །དེས་ན་འཇིག་རྟེན་གྱིས་ང་དང་ང་ཡིར་འཛིན་པ་འདི་ནི་བརྫུན་པ་འཁྲུལ་པ་ཁོ་ན་དང་། ཕུང་པོ་ལ་བརྟེན་ནས་འབྱུང་བ་ཙམ་ལས་ང་བདག་དོན་ལ་མ་གྲུབ་ཅིང་གཞི་མེད་རྩ་བྲལ་དུ་ཐག་ཆོད་པ་ན། ཐག་ཆོད་པའི་དོན་དེ་ལ་ཕཊཿཅེས་བརྗོད་ལ་འཛིན་སྟངས་ཀྱི་མ་བསླད་མཉམ་པར་བཞག །ཡང་རྣམ་རྟོག་ཐོལ་གྱི་སྐྱེས་པ་ན་སོ་སོར་བརྟག་པའི་དཔྱད་བསྒོམ་གྱི་འཁོར་ལོས་ཡང་ཡང་དཔྱད་མཐར་འཇོག་སྟེ་སྒོམ། དེ་གཉིས་སྤེལ་མར་བྱས་པས་ནམ་ཞིག་ན་གང་ཟག་གི་བདག་འཛིན་གྱི་གཞི་རྩ་སྟོང་ནས་རང་བཞིན་མེད་པར་ངེས་ཤེས་རྙེད་པར་འགྱུར་རོ། །གཉིས་པ་ཆོས་ཀྱི་བདག་འཛིན་གཏན་ལ་དབབ་པ་ནི། ནང་འཛིན་པའི་སེམས་ཞེས་བྱ་བ་འདིའང་གྱ་གྱུ་སྐད་ཅིག་གི་ཕྲེང་བ། མི་རྟག་ཅིང་མི་བརྟན་པ་གཡོ་བའི་རང་བཞིན་ཅན་འདུས་བྱས་འདི་ནི་རྒྱུ་རྐྱེན་ལ་ལྟོས་མི་ལྟོས་དང་། དུས་གསུམ་གྱི་ཆ་ཡོད་མེད། རྟོག་པ་ཐོལ་གྱི་སྐྱེས་པ་དེ་ལུས་ཀྱི་ཕྱི་ནང་གར་གནས་སྐྱེ་འགགས་གནས་གསུམ་ཅི་འདུག་སོགས་དཔྱད་པས་སེམས་སྐྱེ་བའི་ཚེ་གང་ནས་ཀྱང་མ་འོངས། འགགས་པའི་ཚེ་གང་དུ་ཡང་མི་འགགས་ཤིང་འགྲོ་འོང་བྲལ་བ་དང་། ཕྱི་གཟུང་བའི་ཡུལ་ཆོས་གཟུགས་ཅན་རྣམས་དང་། ཕུང་པོ་ནི་དུ་མར་སྤུངས་པའི་བདག་ཉིད་ཅན་དེ་ལ་གཟུགས་ཚོར་བ་འདུ་ཤེས་འདུ་བྱེད། རྣམ་ཤེས་ཚོགས་དྲུག་གི་མིང་གི་གདགས་དང་། དོན་ལ་ཞེན་པའི་གཞི་དངོས་མཚན་དུ་གྲུབ་པ་ཡོད་མེད་དང་། ཕྱི་རོལ་གྱི་གཟུང་ཡུལ་འདོད་ཡོན་དྲུག་པོ་ཡང་རྡུལ་ཕྲ་རབ་འདུས་པ་ལས་དེ་ལྟར་སྣང་བ་ཙམ་ཡིན་ལ། རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་ཀྱི་སོ་སོར་བརྟགས་ན་མི་དམིགས་པ། དོན་ལ་རང་བཞིན་གྱིས་གྲུབ་པ་སྐྲ་རྩེའི་ཁྱོན་ཙམ་ཡང་མེད་ཅིང་། གཟུང་འཛིན་ལྟར་སྣང་བ་ཙམ་འདི་ནི་ཆོས་ཐམས་ཅད་སྟོང་ཉིད་ཡིན་པའི་རྒྱུ་མཚན་དང་། ཐམས་ཅད་སེམས་སྣང་གི་རོལ་རྩལ་མ་འགགས་པ་རྟེན་འབྲེལ་ཟབ་མོའི་སྣང་བ་ལས་གཞན་དུ་མེད་པ་སྒྱུ་མའི་དཔེ་བརྒྱད་ཀྱི་རང་བཞིན་དུ་ངེས་ཤེས་མ་སྐྱེས་བར་དུ་བསྒོམ་དགོས་ཏེ། ཀ་མ་ལ་ཤཱི་ལའི་སྒོམ་རིམ་ལས། དེ་བས་ན་གཟུགས་ལ་སོགས་པ་བརྫུན་པ། དེ་བཞིན་དུ་སེམས་ཀྱང་དེ་ལས་གུད་ན་མེད་པས་བརྫུན་པ་ཉིད་དོ། །ཇི་ལྟར་ན་གཟུགས་ལ་སོགས་པ་སྣ་ཚོགས་ཀྱི་སྣང་བ་ཡིན་པས་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་པ་དེ་བཞིན་དུ་སེམས་ཀྱང་དེ་ལས་གུད་ན་མེད་པའི་ཕྱིར་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་ལ། དེ་ལྟ་བས་སེམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་དོ། །སེམས་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུ་ཁོ་ནའོ་ཞེས་དཔྱད་པར་བྱའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟག་ན་དོན་དམ་པར་ཆོས་ཐམས་ཅད་ལས་འདས་པའི་ཆོས་ཀྱང་དམིགས་སུ་མེད། མ་འོངས་པའི་ཆོས་ཀྱང་དམིགས་སུ་མེད། ད་ལྟར་བྱུང་བ་ཡང་དམིགས་སུ་མེད་དོ། །ཞེས་གསུངས་སོ། །དེ་ལྟར་གཏན་ལ་འབེབས་མཁན་གྱི་སེམས་དེ་ཡང་བཙལ་གཞི་དང་གཅིག་ཐ་དད་སོགས་དཔྱད་པས་བྱུང་གནས་འགྲོ་གསུམ་མམ་སྐྱེ་འགགས་གནས་གསུམ་གྱི་གཞི་རྩ་ཆོད་དེ་ཆོས་ཐམས་ཅད་མེད་སྟོང་ཕྱད་ཆད་ཁོ་ནའང་མ་ཡིན། རང་བཞིན་གྱི་ཡོད་པའང་མིན། ཡོད་མེད་གཉིས་ཀ་དང་། གཉིས་མིན་སོགས་མཐའ་ཐམས་ཅད་ལས་འདས་པའི་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལ་ཕཊཿབརྗོད་དེ་བློ་ལྷོད་ཀྱིས་འཇོགས་པ་དང་། ཡང་རྟོག་པ་འཕྲོ་ན་སོ་སོར་བརྟག་པས་ཀྱང་དཔྱད་པ་དང་། འཇོག་སྒོམ་སྤེལ་མ་བགྱིད་དགོས་ཏེ། དཀོན་མཆོག་སྤྲིན་ལས། དེ་ལྟར་སྐྱོན་ལ་མཁས་པ་དེས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་སྟོང་པ་ཉིད་བསྒོམ་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེ་ལྟར་སྟོང་པ་ཉིད་བསྒོམ་པ་མང་བས་གནས་གང་དང་གང་དུ་སེམས་འཕྲོ་ཞིང་སེམས་མངོན་པར་དགའ་བའི་གནས་དེ་དག་གི་ངོ་བོ་ཉིད་ཡོངས་སུ་བཙལ་ན་སྟོང་པར་རྟོགས་སོ་སེམས་གང་ཡིན་པ་དེ་ལྟར་བརྟག་ན་སྟོང་པར་རྟོགས་སོ། །སེམས་གང་གིས་རྟོག་པ་དེའི་ངོ་བོ་ཉིད་ཀུན་ཏུ་བཙལ་ན་སྟོང་པ་ཉིད་རྟོགས་ཏེ་དེ་ལྟར་རྟོགས་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ །ཞེས་པ་ལྟར་བསྒོམས་པས་རེ་ཞིག་ན་ཡུམ་ཤེར་ཕྱིན་གྱི་དགོངས་པ་མངོན་དུ་འགྱུར་ཏེ། སྡུད་པ་ལས། གཟུགས་ནི་ཤེས་རབ་མ་ཡིན་གཟུགས་ལ་ཤེས་རབ་མེད། །རྣམ་ཤེས་འདུ་ཤེས་ཚོར་དང་སེམས་པ་འདི་དག་ནི། །ཤེས་རབ་མ་ཡིན་འདི་དག་ལའང་ཤེས་རབ་མེད། །འདི་ནི་ནམ་མཁའི་ཁམས་དང་མཚུངས་ཏེ་ཐ་དད་མེད། །དམིགས་པ་རྣམས་ཀྱི་རང་བཞིན་དེ་ནི་ཕ་མཐའ་མེད། །སེམས་ཅན་རང་བཞིན་གང་ཡིན་དེ་ཡང་ཕ་མཐའ་མེད། །ནམ་མཁའི་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། །འཇིག་རྟེན་མཁྱེན་པའི་ཤེས་རབ་དེ་ཡང་ཕ་མཐའ་མེད། །འདུ་ཤེས་ཚུར་རོལ་ཡིན་ཞེས་འདྲེན་པས་ཡོངས་སུ་བསྒྲགས། །འདུ་ཤེས་རྣམ་པར་བཤིག་ནས་སྤང་བ་ཕ་རོལ་འགྲོ། །ཞེས་དང་། དཀོན་མཆོག་ཏ་ལའི་མདོ་ལས། རྐྱེན་ལས་སྐྱེས་པའི་རང་གི་དངོས་མ་སྐྱེས། །ཆོས་ཀྱི་ལུས་ནི་རྒྱལ་བ་རྣམས་ཀྱི་སྐུ། །མཆོག་ཉིད་རྟག་ཏུ་གནས་པ་ནམ་མཁའ་བཞིན། །བསྟན་ན་ཆོས་རྣམས་སྦྱོར་བ་ཐོབ་པར་འགྱུར། །ཅེས་པ་ལྟར་བདག་ཉིད་ཀྱི་སྟོང་པའི་སྟོང་ཉིད་རང་བཞིན་འོད་གསལ་ཆེན་པོ་མངོན་སུམ་དུ་སོ་སོར་རང་གི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་ལ་དབང་འབྱོར་བ་ཡིན་ནོ། །དེ་ལ་བརྟེན་ནས་ཆོས་ཐམས་ཅད་སྒྱུ་མར་མངོན་སུམ་རྟོགས་པའི་ཏིང་ངེ་འཛིན་དང་། བདུད་བཞིས་བསྐྱོད་པར་མི་ནུས་ཤིང་སེམས་ཅན་གྱི་དོན་སྒྲུབ་པ་ལ་རབ་ཏུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། མཚན་མར་འཛིན་པའི་ཤེས་སྒྲིབ་གཅོད་དཀའ་བ་རྣམས་ཀྱི་གཉེན་པོར་ཐོགས་པ་མེད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྣམས་ཀྱང་རྙེད་ནས་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་ཉིད་ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད་པ་ཡིན་ཏེ། ཤེར་ཕྱིན་སྡུད་པ་ལས། གཟུགས་མེད་ཚོར་བ་མེད་ཅིང་འདུ་ཤེས་སེམས་པ་མེད། །དེ་ལ་རྣམ་ཤེས་གནས་ནི་རྡུལ་ཙམ་ཡོད་མ་ཡིན། །དེ་ཆོས་ཀུན་ལ་མི་གནས་གནས་པ་མེད་པར་སྤྱོད། །ཡོངས་སུ་གཟུང་མེད་བདེ་གཤེགས་རྣམས་ཀྱི་བྱང་ཆུབ་ཐོབ། །ཅེས་གསུངས་པ་ལྟར་སྒྲིབ་པ་ཐམས་ཅད་ལས་ཤིན་ཏུ་རྣམ་པར་གྲོལ་བའི་ཡུམ་ཆེན་མོའི་དགོངས་པ་མངོན་པར་བྱང་ཆུབ་བརྙེས་པ་ཡིན་ནོ། །འདི་དགེས་མཁའ་ཁྱབ་སེམས་ཅན་རྣམས། །རྫོགས་བྱང་གོ་འཕང་ཐོབ་པ་དང་། །དམ་ཆོས་གསང་སྤྱོད་སྙན་བརྒྱུད་ཀྱི། །བསྟན་པ་ཕྱོགས་མཐར་ཁྱབ་གྱུར་ཅིག །ཅེས་པའང་གཤོངས་ཆེན་རི་ཁྲོད་པས་མཛད་པའི་ཕྱིན་དྲུག་གི་རྣམ་བཤད་ཀྱི་ཤེས་རབ་ཕར་ཕྱིན་མཛད་འཕྲོ་ལུས་པ་དད་སློབ་ཚེ་རིང་ཕུན་ཚོགས་ནས་སྔ་རྗེས་ནན་ཏན་ཆེན་པོས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་ལུག་ཟླ་ཚེས་ལ་རྗེ་གྲུབ་ཐོབ་ཆེན་པོ་དངོས་དང་དབྱེར་མི་ཕྱེད་པ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་གཟིམ་སྐྱིལ་དུ་བྲིས་པ་ཉེས་འགལ་མཆིས་ན་བླ་མ་ཌཱ་ཀིར་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་བླ་མ་རྡོ་རྗེ་རྣལ་འབྱོར་མས་རྗེས་སུ་འཛིན་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།
[edit]

@#/__/ma gcig gsang spyod snyan brgyud las/__shes rab kyi pha rol tu phyin pa'i khrid bzhugs so/__/ shes rab kyi pha rol tu phyin pa ni/__sdud pa las/__shes rab pha rol phyin mchog spyod tshe rnal 'byor pa/__/gzugs ni 'phel ba dang ni yongs su 'grib mi mthong /__/gang zhig chos dang chos min chos dbyings mi mthong zhing /__/mya ngan 'das la mi reg de ni shes rab gnas/__/gang zhig 'di spyod sangs rgyas chos rnams mi rtog ste/__/stobs dang rdzu 'phrul rkang pa byang chub zhi mi rtog__/rnam par mi rtog rtog bral byin gyi brlabs kyis spyod/__/'di ni shes rab pha rol phyin mchog spyod pa yin/__/zhes gsungs pa ltar/__srid zhi'i mtha' gang la'ang mi gnas pa ni thabs snying rje chen po dang /__shes rab zab mo stong pa nyid zung du 'jug pa'i sgrub pa las byang chub chen mo yum sher phyin gyi go 'phang mngon du byed pa yin zhing /__de las kyang shes rab ni mig dang srog ltar yin pas de nyid nyams su len pa la/__sngon 'gro bla ma'i rnal 'byor sogs sngon du btang nas/__thog ma med pa nyid nas 'khor bar 'khyams byed kyi rgyu yi gtso bo ni bdag tu 'dzin pa'i ma rig pa 'di yin te/__de'ang chos nyid shes rab zab mo'i gnas lugs la phyin ci log tu mthong ba'i rmongs pa gti mug dang mtshungs par ldan pa de yin la/__so so'i skye bo rnams kyi zag bcas nye bar len pa'i phung po lnga bo 'tshogs pa 'di la brten nas nga dang nga yir 'dzin pa rang rkya thub pa ltar tshugs thub tu 'dzin pa ni gang zag gi bdag 'dzin dang /__phung po lnga bsdus kyi gzung ba dang 'dzin pa'i chos thams cad la chags sdang bar ma'i rtog pas spyi mtshan dang rang mtshan la zhen cing bdag tu 'dzin pa ni chos kyi bdag ste de gnyis po so sor gtan la 'bebs pa la/__dang po gang zag gi bdag med ni/__nga dang nga yir 'dzin pa'i 'jig lta lhan skyes 'di phung po lnga dang ngo bo gcig tha dad gang yin/__lus kyi phyi nang don lnga snod drug sogs gang la gnas gang nas skyes/__gang du 'gags/__rtag gcig rang dbang can dang /__dngos po dang mtshan mar grub pa yod med dang /__bdag las bdag 'byung ngam/__gzhan las gzhan skye ba sogs so sor brtag pa'i rig pas legs par dpyad pa na/__gzugs sogs las gud na med do/__/de las gzhan mi snang ba'i phyir dang gzugs sogs la brten nas nga'o snyam pa'i shes pa byung zhing /__phung po'i ngo bo nyid kyang ma yin te/__gzugs sogs mi rtag pa du ma'i ngo bo nyid yin pa'i phyir/__gang zag gi 'khrul shes ngor rtag gcig rang dbang can du brjod cing zhen pa'i phyir dang /__de nyid dam gzhan du brjod mi rung ba'i gang zag gi dngos po yod par mi rung ste dngos po yod pa'i rnam bzhag gzhan med pa'i phyir ro snyam du brtag par bya'o/__/des na 'jig rten gyis nga dang nga yir 'dzin pa 'di ni brdzun pa 'khrul pa kho na dang /__phung po la brten nas 'byung ba tsam las nga bdag don la ma grub cing gzhi med rtsa bral du thag chod pa na/__thag chod pa'i don de la phaTaHces brjod la 'dzin stangs kyi ma bslad mnyam par bzhag__/yang rnam rtog thol gyi skyes pa na so sor brtag pa'i dpyad bsgom gyi 'khor los yang yang dpyad mthar 'jog ste sgom/__de gnyis spel mar byas pas nam zhig na gang zag gi bdag 'dzin gyi gzhi rtsa stong nas rang bzhin med par nges shes rnyed par 'gyur ro/__/gnyis pa chos kyi bdag 'dzin gtan la dbab pa ni/__nang 'dzin pa'i sems zhes bya ba 'di'ang gya gyu skad cig gi phreng ba/__mi rtag cing mi brtan pa g.yo ba'i rang bzhin can 'dus byas 'di ni rgyu rkyen la ltos mi ltos dang /__dus gsum gyi cha yod med/__rtog pa thol gyi skyes pa de lus kyi phyi nang gar gnas skye 'gags gnas gsum ci 'dug sogs dpyad pas sems skye ba'i tshe gang nas kyang ma 'ongs/__'gags pa'i tshe gang du yang mi 'gags shing 'gro 'ong bral ba dang /__phyi gzung ba'i yul chos gzugs can rnams dang /__phung po ni du mar spungs pa'i bdag nyid can de la gzugs tshor ba 'du shes 'du byed/__rnam shes tshogs drug gi ming gi gdags dang /__don la zhen pa'i gzhi dngos mtshan du grub pa yod med dang /__phyi rol gyi gzung yul 'dod yon drug po yang rdul phra rab 'dus pa las de ltar snang ba tsam yin la/__rdul phra rab rnams kyang cha shas kyi so sor brtags na mi dmigs pa/__don la rang bzhin gyis grub pa skra rtse'i khyon tsam yang med cing /__gzung 'dzin ltar snang ba tsam 'di ni chos thams cad stong nyid yin pa'i rgyu mtshan dang /__thams cad sems snang gi rol rtsal ma 'gags pa rten 'brel zab mo'i snang ba las gzhan du med pa sgyu ma'i dpe brgyad kyi rang bzhin du nges shes ma skyes bar du bsgom dgos te/__ka ma la shI la'i sgom rim las/__de bas na gzugs la sogs pa brdzun pa/__de bzhin du sems kyang de las gud na med pas brdzun pa nyid do/__/ji ltar na gzugs la sogs pa sna tshogs kyi snang ba yin pas gcig dang du ma'i ngo bo nyid ma yin pa de bzhin du sems kyang de las gud na med pa'i phyir gcig dang du ma'i ngo bo nyid ma yin la/__de lta bas sems ni rten cing 'brel bar 'byung ba dang sgyu ma la sogs pa'i ngo bo nyid do/__/sems ji lta ba de bzhin du chos thams cad kyang rten cing 'brel bar 'byung ba dang /__sgyu ma la sogs pa'i ngo bo nyid lta bu kho na'o zhes dpyad par bya'o/__/de ltar shes rab kyi pha rol du phyin pas chos thams cad kyi ngo bo nyid la so sor brtag na don dam par chos thams cad las 'das pa'i chos kyang dmigs su med/__ma 'ongs pa'i chos kyang dmigs su med/__da ltar byung ba yang dmigs su med do/__/zhes gsungs so/__/de ltar gtan la 'bebs mkhan gyi sems de yang btsal gzhi dang gcig tha dad sogs dpyad pas byung gnas 'gro gsum mam skye 'gags gnas gsum gyi gzhi rtsa chod de chos thams cad med stong phyad chad kho na'ang ma yin/__rang bzhin gyi yod pa'ang min/__yod med gnyis ka dang /__gnyis min sogs mtha' thams cad las 'das pa'i spros bral nam mkha' lta bu'i ngang la phaTaHbrjod de blo lhod kyis 'jogs pa dang /__yang rtog pa 'phro na so sor brtag pas kyang dpyad pa dang /__'jog sgom spel ma bgyid dgos te/__dkon mchog sprin las/__de ltar skyon la mkhas pa des spros pa thams cad dang bral ba'i phyir stong pa nyid bsgom pa la rnal 'byor du byed do/__/de ltar stong pa nyid bsgom pa mang bas gnas gang dang gang du sems 'phro zhing sems mngon par dga' ba'i gnas de dag gi ngo bo nyid yongs su btsal na stong par rtogs so sems gang yin pa de ltar brtag na stong par rtogs so/__/sems gang gis rtog pa de'i ngo bo nyid kun tu btsal na stong pa nyid rtogs te de ltar rtogs pas mtshan ma med pa'i rnal 'byor la 'jug go__/zhes pa ltar bsgoms pas re zhig na yum sher phyin gyi dgongs pa mngon du 'gyur te/__sdud pa las/__gzugs ni shes rab ma yin gzugs la shes rab med/__/rnam shes 'du shes tshor dang sems pa 'di dag ni/__/shes rab ma yin 'di dag la'ang shes rab med/__/'di ni nam mkha'i khams dang mtshungs te tha dad med/__/dmigs pa rnams kyi rang bzhin de ni pha mtha' med/__/sems can rang bzhin gang yin de yang pha mtha' med/__/nam mkha'i khams kyi rang bzhin de yang pha mtha' med/__/'jig rten mkhyen pa'i shes rab de yang pha mtha' med/__/'du shes tshur rol yin zhes 'dren pas yongs su bsgrags/__/'du shes rnam par bshig nas spang ba pha rol 'gro/__/zhes dang /__dkon mchog ta la'i mdo las/__rkyen las skyes pa'i rang gi dngos ma skyes/__/chos kyi lus ni rgyal ba rnams kyi sku/__/mchog nyid rtag tu gnas pa nam mkha' bzhin/__/bstan na chos rnams sbyor ba thob par 'gyur/__/ces pa ltar bdag nyid kyi stong pa'i stong nyid rang bzhin 'od gsal chen po mngon sum du so sor rang gi ye shes kyis nyams su myong ba na shes rab kyi pha rol tu phyin pa'i nyams len la dbang 'byor ba yin no/__/de la brten nas chos thams cad sgyu mar mngon sum rtogs pa'i ting nge 'dzin dang /__bdud bzhis bskyod par mi nus shing sems can gyi don sgrub pa la rab tu dpa' bar 'gro ba'i ting nge 'dzin dang /__mtshan mar 'dzin pa'i shes sgrib gcod dka' ba rnams kyi gnyen por thogs pa med pa rdo rje lta bu'i ting nge 'dzin rnams kyang rnyed nas rnam pa thams cad pa'i mchog dang ldan pa'i stong nyid ye shes rdo rje mngon du byed pa yin te/__sher phyin sdud pa las/__gzugs med tshor ba med cing 'du shes sems pa med/__/de la rnam shes gnas ni rdul tsam yod ma yin/__/de chos kun la mi gnas gnas pa med par spyod/__/yongs su gzung med bde gshegs rnams kyi byang chub thob/__/ces gsungs pa ltar sgrib pa thams cad las shin tu rnam par grol ba'i yum chen mo'i dgongs pa mngon par byang chub brnyes pa yin no/__/'di dges mkha' khyab sems can rnams/__/rdzogs byang go 'phang thob pa dang /__/dam chos gsang spyod snyan brgyud kyi/__/bstan pa phyogs mthar khyab gyur cig__/ces pa'ang gshongs chen ri khrod pas mdzad pa'i phyin drug gi rnam bshad kyi shes rab phar phyin mdzad 'phro lus pa dad slob tshe ring phun tshogs nas snga rjes nan tan chen pos bskul ngor 'jam dbyangs chos kyi blo gros pas chu lug zla tshes la rje grub thob chen po dngos dang dbyer mi phyed pa kun mkhyen rdo rje gzi brjid kyi gzim skyil du bris pa nyes 'gal mchis na bla ma DA kir bshags shing dge bas sems can thams cad bla ma rdo rje rnal 'byor mas rjes su 'dzin ba'i rgyur gyur cig__/sarba mang+ga laM//___//

Footnotes

Other Information