JKW-KABUM-24-YA-015: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse'i dbang po]]. ''''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 24: | |fulltitletib=འཇམ་དབྱངས་རྡེའུ་མོའི་ལག་ལེན་རྣམ་གསལ་ནོར་བུའི་མེ་ལོང་། | ||
|fulltitle='jam dbyangs rde'u mo'i lag len rnam gsal nor bu'i me long | |||
|citation=[['jam dbyangs mkhyen brtse'i dbang po]]. '''jam dbyangs rde'u mo'i lag len rnam gsal nor bu'i me long''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 24: 133-157. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
Line 9: | Line 11: | ||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | |editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | ||
|terma=No | |terma=No | ||
|sabcadcategory=Eleven | |sabcadcategory=Eleven | ||
Line 16: | Line 17: | ||
|volnumtib=༢༤ | |volnumtib=༢༤ | ||
|volyigtib=ཡ་ | |volyigtib=ཡ་ | ||
|totalvolumes=25 | |||
|textnuminvol=015 | |textnuminvol=015 | ||
|pagenumbers=133-157 | |||
|totalpages=25 | |||
|beginfolioline=1a | |||
|endfolioline=13a2 | |||
|totalfolios=13 | |||
|multivolumework=No | |||
|versonotes=mkhyen brtse'i bka' 'bum | |||
|archivistnotes=Page numbers in the pecha are inaccurate and need to be revised. | |||
|colophontib=།།འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོས་མཛད་པའི་རྡེའུ་མོའི་ལུང་མཛད་པ་པོ་ལས་རང་ཉིད་ལ་ཐོབ། ཞུས་སོ། །ཞེས་འདི་བཞིན་མཁྱེན་བརྩེའི་དབང་པོའི་གསུང་ངེས་པའི་མ་དཔེ་མགོ་ཚེམ་བྲིས་མ་དཔེ་རྙིང་ཞིག་གསར་ཐོབ་ལས་བཤུས་པ་སྟེ། དེའང་མ་དཔེར་རྡེའུ་འགའ་རེའུ་མིག་དུ་བཀོད་འདུག་པ་གློག་ཀླད་དུ་བཅུག་སྐབས་སྟབས་བདེའི་ཕྱིར་འདི་ལྟར་གཡས་ནས་གཡོན་ཐུར་གསེག། །མཆན། ལྟ་བུ་མཆན་བུས་གསལ་བར་བྱས་པ་གཞུང་དཀྱུས་དང་མ་ནོར་བ་དགོས་སོ། | |||
|colophonwylie='jam dbyangs bla ma mkhyen brtse'i dbang pos mdzad pa'i rde'u mo'i lung mdzad pa po las rang nyid la thob/__zhus so/__/zhes 'di bzhin mkhyen brtse'i dbang po'i gsung nges pa'i ma dpe mgo tshem bris ma dpe rnying zhig gsar thob las bshus pa ste/__de'ang ma dper rde'u 'ga' re'u mig du bkod 'dug pa glog klad du bcug skabs stabs bde'i phyir 'di ltar g.yas nas g.yon thur gseg/__/mchan/__lta bu mchan bus gsal bar byas pa gzhung dkyus dang ma nor ba dgos so | |||
|pdflink=File:JKW-KABUM-24-YA-015.pdf | |pdflink=File:JKW-KABUM-24-YA-015.pdf | ||
}} | }} | ||
Line 24: | Line 36: | ||
{{TibP|འཇམ་དབྱངས་རྡེའུ་མོའི་ལག་ལེན་རྣམ་གསལ་ནོར་བུའི་མེ་ལོང་། | {{TibP|འཇམ་དབྱངས་རྡེའུ་མོའི་ལག་ལེན་རྣམ་གསལ་ནོར་བུའི་མེ་ལོང་། | ||
༄༅། །འཇམ་དབྱངས་རྡེའུ་མོའི་ལག་ལེན་རྣམ་གསལ་ནོར་བུའི་མེ་ལོང་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། སྲས་བཅས་སྟོབས་བཅུ་མངའ་བ་ཐམས་ཅད་ཀྱི། །ཡེ་ཤེས་སྣང་བ་ལས་འཁྲུངས་འཇམ་པའི་དབྱངས། །གཙུག་ཏུ་མཆོད་ནས་ལྐོག་གྱུར་མངོན་སུམ་པའི། །རྡེའུ་མོའི་ལག་ལེན་རྣམ་གསལ་མེ་ལོང་ངོམས། །དེ་ལ་བདག་གི་རྣལ་འབྱོར་ནི། སངས་རྒྱས་ཆོས་ཚོགས་ལན་གསུམ་གྱིས། །སྐྱབས་སུ་འགྲོ་དང་སེམས་བསྐྱེད་རྗེས། རང་ཉིད་སྐད་ཅིག་དྲན་རྫོགས་སུ། །རྣམ་འབྱོར་དབང་ཕྱུག་དམ་པ་རྗེ། །སྐུ་མདོག་དམར་སྨུག་རབ་ཏུ་བརྗིད། །ཞལ་གཅིག་ཕྱག་གཉིས་འཛུམ་ཁྲོའི་ཉམས། །སྤྱན་ཟུང་རྡོ་རྗེའི་ལྟ་སྟངས་གཟིགས། །ཕྱག་གཉིས་རྟེན་འབྲེལ་ཕྱག་རྒྱ་ཅན། །སྐུ་སྨད་བལ་ཐུལ་དཀར་པོ་གསོལ། །དབུ་གཙུག་འོད་ལྔའི་ཐིག་ལེའི་ཀློང་། །ཐུགས་དམ་ལྷ་མཆོག་འཇམ་པའི་དབྱངས། །དམར་སེར་རལ་གྲི་གླེགས་བམ་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །བླ་མ་ཡི་དམ་མཁའ་འགྲོ་དང་། །སྣང་སྲིད་རྣོ་མཐོང་སྲུང་མའི་ཚོགས། །སྤྲིན་ཕུང་ལྟ་བུར་འཕྲོ་བའི་སྐུ། །ཨཱ་ལི་ཀཱ་ལིའི་རང་བཞིན་གསུང་། །རྟེན་འབྲེལ་མངོན་སུམ་འཆར་བའི་ཐུགས། །རྡོ་རྗེ་གསུམ་གྱི་ངོ་བོར་རྫོགས། །ཞེས་པས་གསལ་བཏབ་སྔགས་འདི་བཟླ། ཨོཾ་ཨ་ར་པ་ཙ་ན་དྷཱི། ཨོཾ་ཨཱཿགུ་རུ་ཀ་མ་ལ་ཤྲཱི་ལ་སིདྡྷི་ཧཱུཾ། མཐར་ནི་རྣོ་མཐོང་སྔགས་འདི་བཏགས། ཙནྡྲ་གོ་མི་སལ་སལ་ཕྱེ་ཕྱེ་སྭཱ་ཧཱ། ཞེས་དང་དབྱངས་གསལ་རྟེན་སྙིང་བརྗོད། དེ་ནས་རྨུ་གབ་ཕྱི་བ་ནི། སངས་རྒྱས་ཆོས་ཚོགས་རྩ་གསུམ་ལྷ། །ཆོས་སྐྱོང་སྲུང་མའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་མེད་བདེན་པ་ཡིས། །མི་མཐོང་སྒྲིབ་པའི་རྨུ་གབ་ཕྱིས། །ཐབ་གཞོབ་མཁོན་དང་མི་གཙང་རྣོལ། །བྱིངས་རྨུགས་འཐིབ་ཀྱིས་ནོན་པ་ཕྱེས། །ཤིང་ཆེན་ཐང་པོ་འདི་ཡིས་ཕྱིས། །རྩ་ཆེན་འཇག་མ་འདི་ཡིས་ཕྱིས། །གོར་ཆེན་ཕ་ཝཾ་འདི་ཡིས་ཕྱིས། །ས་དུག་བང་བ་འདི་ཡིས་ཕྱིས། །རྣོ་བ་མོ་ཡི་མི་མཐོང་བ། །སྡིག་པའི་མོ་རྐུན་ཕྱིར་ཕྱུང་ཤིག །ཅེས་དང་མོ་བརྡར་གསོལ་འདེབས་ནི། །སངས་རྒྱས་ཆོས་ཚོགས་རྩ་གསུམ་ལྷ། །ཁྱད་པར་འཇམ་དཔལ་གཞོན་ནུ་དང་། །རྣལ་འབྱོར་དབང་ཕྱུག་དམ་པ་རྗེ། །རྣོ་མཐོང་མངོན་ཤེས་གསལ་སྟོན་པའི། །ཆོས་སྲུང་ནོར་ལྟ་གཏེར་གྱི་བདག །གཙང་རིགས་དཔལ་མགོན་བདུན་ཅུ་དང་། །མགུལ་ལྷ་དགེ་བསྙེན་བརྟན་མའི་ཚོགས། །ཕྱོགས་སྐྱོང་ལྷ་ཀླུ་གཟའ་སྐར་དང་། །སྤར་སྨེ་ལོ་ཟླ་ཞག་དུས་ལྷ། །ཡུལ་རིས་གཞི་བདག་དང་བཅས་པ། །དེ་རིང་སྲིད་པའི་མོ་ལ་བྱོན། །སྣང་སྲིད་གསལ་བའི་ཕྱྭ་བརྡར་ན། །ཁྱོད་རྣམས་མཐུ་དང་རྫུ་འཕྲུལ་བདག །ཡེ་ཤེས་ལས་ཀྱི་མངོན་ཤེས་ཅན། །མི་མཁྱེན་མི་མཐོང་མི་སྲིད་པས། །དེ་རིང་བདག་གི་རྩེ་གཅིག་ཏུ། །གདུང་བས་ཕྱག་འཚལ་གསོལ་བ་འདེབས། །མཆོད་པ་འབུལ་ཞིང་དོན་གཉེར་བའི། །བསམ་དང་སྨོས་པ་འདི་དག་ཀུན། །ལེགས་ཉེས་གཉིས་ཀྱི་ཤན་ཕྱེས་ལ། །སྒྲིབ་མེད་གསལ་བར་བསྟན་དུ་གསོལ། །དཀོན་མཆོག་རྩ་གསུམ་བྱིན་རླབས་དང་། །ཆོས་སྲུང་ནོར་ལྷའི་མཐུ་རྩལ་སྟོབས། །འཇིག་རྟེན་སྐྱོང་བའི་རྫུ་འཕྲུལ་ཤུགས།། ཆོས་ཅན་ཆོས་ཉིད་རྟེན་འབྱུང་མཐུ། །བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །ཇི་ལྟར་བརྟགས་པའི་རྟེན་འབྲེལ་འདི། །སྒྲིབ་མེད་མངོན་སུམ་འཆར་གྱུར་ཅིག། །ཅེས་བརྗོད་རེ་དོགས་བློ་སྤངས་ལ། །རྡེའུ་བཞི་བཅུ་རྩ་གཉིས་པོ། །ཚོ་གསུམ་བཅད་ལ་བཞི་བཞི་བགྲང་། །ལིང་ཚེ་དགུ་རུ་བབས་པ་ཡི། ། ༈ དང་པོ་རྐྱང་པར་དཔྱད་པ་ནི། །ལྷ་ས་དང་པོ་འདི་དག་ནི། །ཕ་མྱེས་མཚུན་དང་དགྲ་ལྷའི་ས།་་་་དགྲ་བླ་བྱ་ཁྱུང་གི་ས། །བན་བོན་ལེའུ་རྒན་པོའི་ས། །གཙུག་ལག་ལྷ་ཁང་སྐུ་མཁར་ས། །གསེས ་དང་ལྷ་གཡག་གྭ་པའི་ས། །འབྲུག་ལོ་པ་ཡི་ལོ་མལ་ཏེ། །མོ་ཡི་མིག་དང་རྩེ་མོ་ཡིན།་་་ལོ་ཡི་མིག ། ༈ འདི་རུ་རྡེའུ་གཅིག་བབས་ན། །དགྲ་ལྷ་ཝེར་མས་མགོན་སྐྱབས་བྱེད། །ལྷ་སྲུང་དགྲ་ལྷ་མཆོད་ན་རྒྱལ། ། ༈ གཉིས་བབས་གྱུར་ན་ལྷ་མི་དགའ། །མི་ཆེན་མདུན་ཞུ་ཕོག་ངོ་ཡིན། །ཐབ་གཞོབ་གྲིབ་དང་བཙོན་གྱི་ངོ་། །ལྷག་པར་འབྲུག་ལོ་པ་ལ་ངན། །བསང་བརྔན་རྣམ་འཇོམས་བསྐང་བཤགས་དང་། །ཚེ་སྒྲུབ་འཆི་བསླུ་གྲི་བོ་བཀར། ། ༈ གསུམ་བབས་ལྷ་ཡི་སྡོང་གྲོགས་བྱེད། །ལྷ་གྲོགས ་ཕུགས་སུ་ཚུད་པས་བཟང་། །ཡ་རབ་ལག་ནས་གྲོགས་ངོ་བཟང་། །ཅི་བཏབ་ཅི་ཡི་མོ་ལ་བཟང་། ། ༈ བཞི་བབས་ལྷ་བཞི་ཚུགས་པ་ཡིན། །ཕ་ཚན་བཟང་པོ་ཡོད་པའི་ངོ་། །གཡང་མ་ཉམས་ཤིང་ཕྱྭ་བརྟན་པ། །ལོ་གསུམ་དག་ལ་གཏོ་མི་དགོས། །ནད་པ་ཡིན་ན་ནད་ཡུན་རིང་། །ཚང་ཕྱྭ་མགྲོན་ཕྱྭ་ཕྱི་དལ་ཆེ། ། ༈ ལྷ་ས་བར་པ་འདི་དག་ནི། །གཙོ་བོ་བློ་འཛིན་གཟའ་དཔོན་དང་། །སྐྱེས་པ་དར་མའི་ས་ཡིན་པས། །བློ་འཛིན་ཡག་ཉེས་བལྟ་བ་ཡིན། །ཕོ་ཆེན་རྟ་དང་མཛོ་གཡག་དང་། །སྟག་ཡོས་ལོ་པའི་ལོ་མལ་ཡིན།་་་་ལོ་སྲོག ༈ །འདི་ན་གཅིག་བབས་ལྷ་ངོ་མཐོ། །སྲོག་ལ་བར་ཆད་མེད་པ་སྟེ། །ཅི་བཏབ་ཅི་ཡི་མོ་ལ་བཟང་། ། ༈ གཉིས་བབས་གྱུར་ན་ཤིན་ཏུ་ངན། །སྐྱེས་པ་དར་མ་ནད་ཀྱིས་ཟིན། །གྲིབ་དང་དམེ་ངོ་ཁྲག་ངོ་ཡོད། །རྟ་ཤི་གྱོད་འཁྲུགས་སྒ་ཆག་ངོ་། །ནད་ཡུན་རིང་ལ་དོན་མི་འགྲུབ། །སྙིང་སྟོང་ངོ་ཡོད་ནད་པ་ལ། །ཉེ་བའི་ཕྱོགས་ནས་རྒྱལ་པོའི་གདོན། །ཤར་ནས་རྫས་དམར་འབྱུང་བའི་ངོ་། །དགྲ་བྲུབ་འཆི་བསླུ་ཚེ་གཟུངས་འདོན། །རྒྱལ་མདོས་རིམ་གྲོ་དྲག་པོ་བྱ། ། ༈ གསུམ་བབས་སྐྱེས་པ་ངོ་སོ་མཐོ། །བློ་ཕྱྭ་བློ་འདི་ལྷ་ཡིས་བྱས། །ནོར་རྫས་ཁྲ་བོ་དམར་པོ་རྙེད། །གང་ལ་བཏབ་ཀྱང་བཟང་བར་བཤད། ། ༈ བཞི་བབས་ཡུལ་དང་ཁང་སྦྲ་ལ། །འཕོ་འཁྱུག་མེད་ཅིང་སྲོག་ཕྱྭ་བཟང་། མགྲོན་ཕྱྭ་ཕྱི་དལ་ཆེ་བའི་ངོ་། །ནད་ཕྱྭ་ཡུན་རིང་སྲོག་སྐྱོན་མེད། །དགྲ་དང་གདོན་གྱི་འཚེ་བ་མེད། ༈ ལྷ་ས་ཐ་མ་འདི་དག་ནི། །རྟ་ནོར་བུ་ཚ་ཆུང་རིགས་ས། །གླང་ལོ་པ་ཡི་ལོ་མལ་ཡིན། ། ༈ འདི་རུ་རྡེའུ་གཅིག་བབས་ན།་་་་མ་སྲུའི་མཚོ་ལ། །བུ་ཚ་ངོ་མཚར་སྐྱེ་བའི་ངོ་། །རྟ་དང་ནོར་ལ་འཕེལ་ཁ་འབྱུང་། །གྲོགས་ངོ་ཆེ་ཞིང་ཚོང་ལས་རྒྱལ། །བོར་བ་རྙེད་ཅིང་ཁ་གསར་ལོན། །ཨེ་འོང་འོང་ཞིང་ཅི་ལའང་བཟང་། ། ༈ གཉིས་བབས་རྟ་ཕྱྭ་དགྲ་ཕྱྭ་ངན། །བུ་ཚ་དག་ལ་ཆུང་སྲི་ལྡང་། །རྟ་ནོར་གད་ཕུར་བུད་པའི་ངོ་། །དགྲ་རྐུན་ངོ་ཆེ་དགྲ་བྲུབས་བྱ། །ནད་པ་རང་ཕྱོགས་འདྲེ་ཡིས་གནོད། །ཡང་ན་བྱང་ཤར་མཚམས་ངོས་ནས། །མོ་རིགས་ཤ་དམར་སྐྱས་ནག་གདོན། །ལམ་འཕྲང་བཅོས་ཤིང་ཚེ་གཟུངས་འདོན། །གསེར་འོད་གཡང་སྐྱབས་སྤྲང་འགྱེད་བྱ། །ཁྱད་པར་གླང་ལོ་པ་ལ་ངན། ། ༈ གསུམ་བབས་སྲུང་མདའ་ལྷ་ཡིས་བཙན། །བུ་ཚ་ཆུང་རིགས་མོ་ལ་བཟང་། །སྟོར་བ་རྙེད་ལ་བདས་པ་ཟིན། །སྲོག་ཕྱྭ་ནོར་ཕྱྭ་བློ་ཕྱྭ་སོགས། །ཅི་ལ་བབས་ཀྱང་བཟང་བར་བཤད། ། ༈ བཞི་བབས་ཡུལ་དང་ཁང་སྦྲ་ལ། །འཕོ་འཕྱུག་མེད་ཅིང་སྲོག་ཕྱྭ་བརྟན། །ཕ་སྤུན་ནང་འཁྲུགས་འོང་དོགས་ཡོད། །ཕྱི་པའི་དགྲ་མེད་སྲོག་ཕྱྭར་བཟང་། །ཚུར་འོང་མགྲོན་པོ་ཕྱི་དལ་ཆེ། ། ༈ ཁྱིམ་ས་དང་པོ་འདི་དག་ནི། །གཡུ་ཡི་རྒྱ་མཚོ་གནམ་སྨན་ས། །མ་ལྷ་མོ་སྨན་གནམ་སྒོའི་ས། །མ་ཕྱི་རྒན་རབས་མོ་རིགས་ས། །རྟ་སྦྲུལ་ལོ་པའི་ལོ་མལ་ཡིན། ། ༈ གཅིག་བབས་མ་ལྷས་སྡང་གྲོགས་བྱེད། །སྨན་ཕོར་བདུད་རྩིིས་གང་བའི་མོ། །མ་རྒྱུད་མཁའ་འགྲོ་འཁོར་ཞིང་སྐྱོང་། །བུ་རྟ་ནོར་འཕེལ་ཅི་བསམ་འགྲུབ། ། ༈ གཉིས་བབས་ལྷ་མོའི་ཕྲག་དོག་བྱེད། །མ་ཕྱི་རྒན་རབས་དག་ལ་ངན། །བུ་སྲིང་ཕྱོགས་ནས་གྱོད་ཡོང་ངོ་། །ཁྱད་པར་རྟ་སྦྲུལ་ལོ་པ་རྩུབ། །ཁྱིམ་མཚེས་འདྲེའམ་ལྷོ་ཕྱོགས་ནས། །སྐྱས་དང་བག་སྣ་ཟས་ཀྱིས་གདོན། །བསང་བྱ་ཁྲུས་དང་མོ་འདྲེ་བཀར། །གནམ་སྒོ་བཅད་ཅིང་ཞི་བ་བླུགས། ། ༈ གསུམ་བབས་ལྷ་མོས་སྡོང་གྲོགས་བྱེད། །ཡུལ་ལྷས་གྲོགས་བྱེད་ཅི་བསམ་འགྲུབ། །བུ་སྲིང་ཕྱོགས་ནས་གྲོགས་ཀྱང་འབྱུང་། ། ༈ བཞི་བབས་མོ་རིགས་རྒན་ལ་བཟང་། །ནོར་ལ་སྙིང་སྟོང་འོང་བའི་ངོ་། །འགོང་པོ་བཀར་ཞིང་གཡང་རྟེན་བཙུགས། །ནོར་གཟུངས་བྲི་འདོན་ཅི་མང་བྱ། ། ༈ ཁྱིམ་ས་བར་པ་འདི་དག་ནི། །གཡུ་འབྲུག་ནིའི་སིང་གཡུའི་གདུང་མ། །སྙིང་པོ ་མ་འབྲི་རྒོད་གསུམ་ས། །བུད་མེད་དར་མ་སྨན་ཕོར་དང་། །བཞོན་གྱི་ཟོ ་བ་གང་སྟོང་ས། །འདི་ན་གཅིག་བབས་གྲོགས་ངོ་ཡིན། །གཏམ་སྙན་ཐོས་ཞིང་མགྲོན་པོ་འོང་། ཁྱིམ་བདག་མོ་ལ་ནད་མེད་བདེ། ། ༈ གཉིས་བབས་མོ་སྨན་བདུད་ཀྱིས་ཁྱེར། །ནད་དང་ཁ་མཆུ་རྐུན་མའི་ངོ་། །ནད་པའི་མལ་ས་སྟོང་པའི་ངོ་། །ཁྱིམ་མཚེས་འདྲེས་གནོད་མདོ་འབུམ་འདོན། །རྣམ་རྒྱལ་ནོར་སྒྲུབ་གཡང་སྐྱབས་བྱ། ། ༈ གསུམ་བབས་གཡང་གི་རུ་མ་བསྐྱིལ། །བུད་མེད་ནོར་ཕྱུག་ཀུན་ལ་བཟང་། །ཞོ་ཐོན་ཆང་ཡག་གྲོགས་ཡོང་ངོ་། ། ༈ བཞི་བབས་ཁྱིམ་གཞི་ཚུགས་པ་སྟེ། །ཨི་ཀོང་ཨི་འཕྲད་ཨི་འགྲུབ་ན། །གང་ཡང་ཕྱི་དལ་ཆེ་བའི་ངོ་། ། ༈ ཁྱིམ་ས་ཐ་མ་འདི་དག་ནི། །གཡང་གི་ར་བ་མ་ཆད་དགོས། །ཁྱི་དང་ཕག་དང་བྲན་གཡོག་ས། །བུ་དང་བུ་མོ་གནའ་མའི་ས། །བྱི་ཕག་ལོ་པའི་ལོ་མལ་ཡིན། ། ༈ གཅིག་བབས་ནོར་གྱི་མུ་དག་རྙེད། །རྟ་ནོར་ཕྱུག་གིས་རྭ ་བ་གང་། ། ༈ གཉིས་བབས་སྒོ་ཐེམ་བྱེ་བའི་ངོ་། །ནོར་གཡང་ཉམས་པས་ཤོར་གོད་འབྱུང་། གྱོད་དང་ཁ་མཆུ་འོང་བའི་ངོ་། །གདོན་ཕྱྭ་རབ་ཆད་མོ་འདྲེ་དང་། །མ་རབས་ལག་ནས་ཟས་ཀྱིས་བསྒྲན། །ས་སྒོ་བཅད་ཅིང་ལམ་འཕྲང་བཅོས། །གཡང་སྒྲུབ་ཆུ་སྦྱིན་གོད་མནན་བྱ། ། ། ༈ གསུམ་བབས་གྱུར་ན་ཟས་ནོར་འཕེལ། །ཕྱི་གྲོགས་ནང་དུ་ཚུད་པས་བཟང་། ། ༈ བཞི་བབས་གྲིབ་དང་ཁ་མཆུའི་ངོ་། །ཚུར་འོང་མགྲོན་པོ་ཕྱི་དལ་ཆེ། །ནོར་དང་བུ་མོ་གནའ་མར་བཟང་། ། ༈ ཕྱི་ས་དང་པོ་འདི་དག་ནི། །སྲིན་པོ་སྐྱ་རེངས་ཁྲག་མིག་ས། །དགྲ་རྐུན་རྒྱལ་པོ་མོ་འདྲེའི་ས། །ལུག་ལོ་པ་ཡི་ལོ་མལ་ཡིན། ། ༈ གཅིག་བབས་དགྲ་འདྲེ་ཡོད་ངེས་ལ། །མི་ཆེན་མདུན་ཞུ་ཕོག་ངོ་ཡིན། །བཙན་དང་རྒྱལ་པོའི་བྱད་ཀྱིས་གདོན། །ཞང་པོའི་ཕྱོགས་ནས་ཟས་ཀྱིས་བསྒྲན། །ལུག་ལོ་པ་ཡི་མོ་ལ་བཟང་། །རིམ་གྲོ་བཙན་དང་རྒྱལ་པོ་མཆོད། །གཡག་རུ་དགྲ་ཆོས་གནད་ཐོན་བྱ། །མགྲོན་ཕྱྭ་བན་བོན་མི་ཆེན་དང་། །སྨན་པ་ཡིན་ན་སླེབས་པའི་ངོ་། ། ༈ གཉིས་བབས་དགྲ་འདྲེ་རྡོག་པས་ནོན། །ཤ་ཆང་གཏམ་སྙན་འོང་བའི་ངོ་། །ལུག་ལོ་པ་ལ་ངན་པར་བཤད། །ནད་པ་ཡིན་ན་ལྷོ་ནུབ་ནས། །རྫས་དང་དཔྱད ་ནག་འོང་བས་གདོན། ། ༈ གསུམ་བབས་གྲོགས་ངོ་ཕྱིར་ལ་ཤོར། །ལུག་ལོ་པ་ལ་བཟང་བར་བཤད། ། ༈ བཞི་བབས་དགྲ་འདྲེ་གང་ཡང་མེད། །མགྲོན་པོ་བློ་དོན་ཕྱི་དལ་ཆེ། ། ༈ ཕྱི་ས་བར་པ་འདི་དག་ནི། །ཕ་སྤུན་ཤག་པོ་དགྲ་འབྲིང་ས། །བྱ་སྤྲེལ་ལོ་པའི་ལོ་མལ་ཡིན། ། ༈ གཅིག་བབས་དགྲ་བོ་མྱུར་དུ་ལྡ ངས།་་་་་སྲིན་པོ་ཕག་ཞོན་ས། རང་དང་མཉམ་པའི་དགྲ་ཞིག་འདུག །ཞང་ཉེ་ཚུལ་མཐུན་ཕྱོགས་ཀྱི་གདོན། །ཨི་འོང་འོང་ལ་ཨི་འཕྲད་འཕྲད། ། ༈ གཉིས་བབས་དགྲ་བོ་གྱོད་ཀྱིས་ཟིན། །དགྲ་མེད་བློ་བདེ་གྱིས་དང་ཆོག །བློ་ཕྱྭ་དོན་ཕྱྭའི་མོ་ལ་བཟང་། །ནད་པ་ཉི་མ་ནུབ་ཕྱོགས་ནས། །སྣོད་སྟོང་དཔྱད་ནག་འོང་བས་གདོན། །བྱ་སྤྲེལ་ལོ་པ་ཡིན་ན་གནོད། ། ༈ གསུམ་བབས་དགྲ་སྡང་ནོར་ལ་ངན། །རང་ས་མཐོ་ན་གྲོགས་ངོ་ཡིན། །གདོན་ཕྱྭ་ཉེ་བའམ་ཤག་པོ་ནས། །ཤ་དམར་ཟས་འཁྱགས་དག་གིས་གདོན། །ནད་པ་ཡིན་ན་ངན་པ་སྟེ། །ཉལ་ས་སྤོ་ཞིང་ནོར་ཕྱེད་བཏང་། ། ༈ བཞི་བབས་བློ་དོན་ཚོང་ཕྱི་དལ། །དགྲ་གདོན ་མེད་པས་སྲོག་ཕྱར་བཟང་། ། ༈ ཕྱི་ས་ཐ་མ་འདི་དག་ནི།་་་་ཁྱི་ལོ་སྦ་གསང་ས། །བུ་སྲིང་མག་པ་བྲན་གཡོག་དང་། །དགྲ་བོ་རབ་ཆད་རྐུན་མའི་ས། །ཁྱི་ལོ་པ་ཡི་ལོ་མལ་ཡིན། ། ༈ གཅིག་བབས་ལྷ་འདྲེའི་ཉོ་ཚོང་སྟེ། །དགྲ་དང་རྐུན་མ་འབྱུང་བའི་ངོ་། །མགྲོན་པོ་ཁྱི་ཁྲིད་བརྒྱུད་ནས་གདོན། །གཏོར་ཟློག་དགྲ་མནན་མོ་འདྲེ་བཀར། །ཁྱི་ལོ་པ་ཡི་མོ་ལ་བཟང་། ། ༈ གཉིས་བབས་དགྲ་གྱོད་རྐང་པས་ནོན། །བློ་ཕྱྭ་དོན་ཕྱྭ་གང་ལའང་བཟང་། ། ༈ གསུམ་བབས་དགྲ་རྙིང་ལངས་པ་སྟེ། །མི་ནད་ཕྱུག་ནད་འབྱུང་བའི་ངོ་། ། ༈ བཞི་བབས་དགྲ་གདོན་མེད་པས་བཟང་། །ཨི་འཕྲད་ཟེར་ན་མི་འཕྲད་དེ། །ཨི་འོང་ཟེར་ན་མི་འོང་ངོ་། ། ༈ དེ་ནས་སྦྲགས་ཏེ་དཔྱད་པ་ནི། །སྟོད་ཀྱི་རྡེའུ་འདི་ལྟ་སྟེ། ། ༡༣༢ འདི་འདྲ་རྡེལ་དྲུག་རབ་ཡིན་པས། །དྲུག་བབས་རྡེལ་དྲུག་ཕུག་ཚུད་ཡིན། །གྱོད་དྲུག་རྡོག་པས་ནོན་པ་ཡིན། །ཅི་བཏབ་ཅི་ཡི་མོ་ལ་བཟང་། །རྒན་གྱི་ཉི་མ་འདེ་བ་ཡིན། ། ༣༡༢ འདི་འདྲ་རྡེལ་དྲུག་རབ་ཀྱི་འོག །གསེར་སྦྲུལ་སྒང་སྟེ ང་ཞོན་པ་ཡིན། །ལྷ་གྲོགས་ཕུགས་སུ་ཚུད་པས་བཟང་། ། ༡༢༣ འདི་འདྲ་རྡེལ་དྲུག་གྲོགས་ཤོར་ངོ་། །ཕྱིར་ལ་བོར་སྟོར་ཁྱོད་ཀྱི་བརྒྱབ། །སྦར་དྲུག་བྲོས་དད་ཞེས་པ་ཡིན། །མགྲོན་པོ་ཡིན་ན་བོར་སྟོར་ཤོར། །ལྷ་མ་དགའ་བས་བསང་བརྔན་བྱ། །ཁྱིམ་ཕྱྭ་ཡིན་ན་གཡང་འགུག་བྱ། །ཅི་ལ་བཏབ་ཀྱང་འབྲིང་སྟོད་ཡིན། ༣༢༡ འདི་འདྲ་རྡེལ་དྲུག་འབྲིང་སྟོད་ཡིན། །ས་བདག་གླང་ཞོན་ཐབ་འབུར་ཞེས། །ན་ཚ་ཁ་མཆུ་འོང་དོགས་ཡོད། །ཁྱིམ་པ་ཁ་འགྱོད་དགྲ་བྲུབ་དགོས། ། ༢༡༣ འདི་འདྲ་རྡེ ལ་དྲུག་འབྲིང་ཙམ་ཡིན། །ཤར་རྒྱལ་ར་མགོ་ཞེས་བྱ་སྟེ། །མི་ལ་ཁ་འཁྱར་ཁ་གྱོད་ཀྱི། །ལྷ་མ་དགའ་བས་བསྐང་གསོལ་དང་། །མི་གཙང་ངོ་ཡོད་ཁྲུས་བསང་བྱ། །གྲོགས་ཕྱིར་སོང་བས་གཡང་འགུགས་དགོས། ། ༢༣༡ འདི་འདྲ་རྡེལ་དྲུག་གོ་ལོག་ཡིན། །དྲུག་བབས་སྣ་ཐག་ཕྱིར་ཤོར་ངན། །ཕུག་ལྷ་འཁྲུགས་པས་བསང་མཆོད་བྱ། །དགྲ་ངོ་ཡོད་པས་དགྲ་སྲི་མནན། །ནད་པ་ཡིན་ན་རྒྱལ་པོའི་གདོན། །གུར་དྲག་བསྒྲུབ་ཅིང་རྒྱལ་པོ་ཕུད། །སྐེད་སྨད་བཟང་ན་ཅུང་ཟད་དྲག །ངན་ན་མོ་ངན་མཐར་ཐུག་ཡིན། ། ༡༡༤ འདི་འདྲ་རྡེལ་དྲུག་སྙིང་དགའ་ཡིན། །དྲུག་བབས་གསེར་གྱི་ཆུ་བྲན་འདི། །མིང་ནི་ལྷ་ཁང་ཞེས་བྱ་བ། །ལྷ་ངོ་གངས་བས་དཀར་བ་སྟེ། །མི་ངོ་བཙན་བས་དམར་བ་ཡིན། །ཞང་ཞུང་མི་རྟ་ལྷ་དང་གསུམ། །གཡས་གྲལ་གཅིག་ཏུ་འཛོམ་པ་ཡིན། །ཅི་བཏབ་ཅི་ཡི་མོ་ལ་བཟང་། ། ༤༡༡ འདི་འདྲ་རྡེལ་དྲུག་སྙིང་འགྱོད་ཡིན། །དུར་ཕག་རོ་ཟན་དགྲ་གྱོད་ངོ་། །རང་བས་ཆེ་དང་རྩོད་པ་འབྱུང་། །ཡུལ་ལ་མི་བདེ་སྣ་ཚོགས་དར། །བཟློག་པ་དགྲ་བྲུབ་སྟོབས་ཆེན་དགོས། ཅི་ལ་བཏབ་ཀྱང་ངན་པ་ཡིན། ། ༡༤༡ འདི་འདྲའི་རྡེལ་དྲུག་མྱ་ངན་ཡིན། །རྡེལ་དྲུག་ལ་རྩེ་གོད་མོ་ལེན། །གསེར་བྱིལ་ཀུན་ཅི་འུར་ཟིང་ངོ་། །ཁྱི་དང་སྤྱང་ཀི་གང་རྒོད་དང་། །མདའ་དང་མདུང་གཉིས་གང་སྔ་ཡིན། །ཁ་སྨྲས་འུར་ཟིང་འབྱུང་ངོ་ཡིན། །དགྲ་བྲུབ་དགྲ་མནན་གང་དྲག་བྱ། །གདོན་དུ་རྒྱལ་པོ་གྲི་བོའི་གདོན། །རྒྱལ་མདོས་འབུལ་ཞིང་གྲི་བོ་བཀར། །ནད་པ་མི་སོས་འཆི་ངོ་ཡིན། །ཅི་ལ་བཏབ་ཀྱང་འབྲིང་དུ་བཤད། ། ༢༢༢ འདི་འདྲ་རྡེལ་དྲུག་ངུ་འབོད་ཡིན། །རྒྱུ་གྲོགས ་འདྲེ་ངན་སྔོན་རྒྱུག་ཡིན། །དམར་ངོ་གྱོད་ངོ་མགྱོགས་ངོ་ཡིན། །བཙན་དང་རྒྱལ་པོའི་གདོན་ངོ་ཡིན། །ཁ་སྨྲ་ཁ་འགྱོད་ཁ་ཆར་ངོ་། །སྟོད་ཀྱི་རྡེལ་དྲུག་བཤད་པའོ། ། ༈ ༣༣༤ འདི་འདྲའི་རྡེལ་བཅུ་བབས་པ་ན། །བཅུ་བབས་འདོད་འཇོ་བ་མོ་ཡིན། །མཁའ་འགྲོ་ཕུར་ཐོག་ཞེས་བྱ་བ། །སེང་གེ་གངས་ལ་འགྱིང་བ་ཡིན། །ལྷ་ངོ་དགུང་བས་མཐོ་སྟེ་བཟང་། །རྒན་རྒོན་ནད་པའི་མོ་ལ་འབྲིང་། །ཅི་ལ་བཏབ་ཀྱང་བཟང་བར་བཤད། ། ༤༣༣ འདི་འདྲ་རྡེལ་བཅུ་དུག་སྦྲུལ་ཡིན། །བཅུ་བབས་སྦྲུལ་མགོ་ཕྱིར་བསྟན་ཡིན། །གྲོགས་ཅུང་ཕྱིར་ནོར་ནམ་ཕུག་རང་། །ཀླུ་རྒྱལ་གཙུག་གི་ནོར་བུ་དེ། །བྱ་རྒྱལ་ཁྱུང་གིས་འཕྲོག་པ་ཡིན། །དེ་སྔ་ཕྱུག་ཀྱང་ད་དབུལ་ངོ་། །ཅི་ལ་བཏབ་ཀྱང་འབྲིང་དུ་བཤད། ། ༣༤༣ འདི་འདྲ་རྡེལ་བཅུ་ཁྱུང་ལྡིང་ཡིན། །བཅུ་བབས་ཐང་དཀར་གཤོག་བརྒྱངས་ཡིན། །འཕགས་པ་འཇམ་དཔལ་བླ་མོ་ཡིན། །ཨེ་འོང་ཟེར་ན་བྱ་བས་མགྱོགས། །ཨི་ཐུབ་ཟེར་ན་གང་ཡང་ཐུབ། །གསེར་གྱི་མཆོད་རྟེན་སེར་པོ་ལ། །དུང་གི་བྱ་རུ་བཙུགས་པ་ཡིན། །ཁྱད་པར་སྲིད་ཕྱྭ་དག་ལ་བཟང་། ། ༤༤༢ འདི་འདྲ་རྡེལ་བཅུ་དབལ་ཕུར་ཡིན། །བཅུ་བབས་ཟོར་ཁ་ཕྱིར་བསྟན་དེས། །དགེ་བསྙེན་རྡོར་ལེགས་བླ་མོ་ཡིན། །བན་བོན་མཐུ་བྱེད་མོ་ལ་བཟང་། །སྐྱེས་པ་དམག་ལ་ཆས་ན་བཟང་། །ནད་པ་ཡིན་ན་དབང་ཆེན་འདོན། ། ༢༤༤ འདི་འདྲ་རྡེལ་བཅུ་ཁ་ནག་ཡིན། །བཅུ་བབས་ཟོར་ཁ་ནང་བསྟན་དེས། །སློབ་དཔོན་དམ་ལོག་སློབ་དཔོན་ངན། །སྐྱོབས་པའི་མགོན་དང་བྲལ་བ་ཡིན། །ཚོགས་དང་བསྐང་བ་གང་མང་བྱ། །ལྷ་བསང་མནོལ་བསང་གྲིབ་ཁྲུས་བྱ། །མགྲོན་པོ་དུས་ལ་མི་སླེབས་ཏེ། །ཅི་ལ་བཏབ་ཀྱང་ངན་པ་ཡིན། ། ༤༢༤ འདི་འདྲའི་རྡེལ་བཅུ་སྐེད་ཉག་ཡིན། །བཅུ ་བབས་གྲོག་མ་རྐེད་ཉག་ཡིན། །དམ་སྲི་ཕག་ཞོན་བྱ་བ་ཡིན། །དམག་ཇག་འགྲོ་ན་རྨས་ངོ་ཡོད། །གྲི་ཁ་མཚོན་བསྒྱུར་དགྲ་ལྷ་བསྟོད། །གྲིབ་དང་མནོལ་བརྩོག་མྱ་ངན་ངོ་། །རྣམ་འཇོམས་གཟུངས་ཁྲུས་མནོལ་བསང་བྱ། །དོན་ཕྱྭ་མི་འགྲུབ་བསྒྲུབ་དགོས་ན། །ཁྱིམ་ལྷ་མཆོད་ཅིང་འཕྲག་ལྷ་བསྟོད། །འདི་ཡན་སྟོད་ཀྱི་རྡེ ལ་བཅུའོ། ། ༈ ད་ནི་བར་ཐའི་རྡེལ་བརྒྱད་བཤད། ། ༣༣༢ འདི་འདྲའི་རྡེལ་བརྒྱད་བབས་གྱུར་ན། །བརྒྱད་བབས་གསེར་གྱི་ས་གཞི་བཟང་། །གྲོགས་ཁ་ནང་དུ་ཚུད་པས་བཟང་། །བར་དང་ཐ་མ་གར་བབས་ཀྱང་། གྲོགས་ཕྱྭ་དོན་ཕྱྭ་ཅི་ལའང་བཟང་། ། ༢༣༣ འདི་འདྲ་རྡེལ་བརྒྱད་གྲོགས་ཕྱིར་བསྟན། །བརྒྱད་བབས་གཡང་སྒྲོ་ཁ་འབྱེད་བྱ། །དགྲ་མནན་གཡང་སྐྱབས་འཕགས་པ་འདོན། །བར་དུ་བབས་ན་འགོང་པོའི་ངོ་། །སྐྱེས་པ་དར་མ་ནད་ཀྱིས་ཟིན། །འགོང་བཀར་ཚེ་སྒྲུབ་འཆི་བསླུ་བྱ། །སྤར་ཁའི་གཏོ་དང་ལམ་འཕྲང་བཅོས། །བློ་ཕྱྭ་དོན་ཕྱྭ་ཀུན་ལ་ངན། །སྙིང་ནོར་དགྲ་ལ་ཤོར་དོགས་ཡོད། །སྨད་ལ་བབས་ཚེ་གྲོགས་ཤོར་ངོ་། །ཀླུ་དང་འགྲས་པས་ཀླུ་བཅོས་བྱ། ། ༣༢༣ འདི་འདྲའི་རྡེལ་བརྒྱད་གྲོགས་ཕྱིར་བགོས། །བརྒྱད་བབས་གྲོགས་ཁ་ཕྱེད་བགོས་ངོ་། །བར་བབས་ཁྱིམ་བདག་ན་བའི་ངོ་། །ཚེ་སྒྲུབ་ཚེ་དབང་གང་མང་ཞུ། །སྙིང་དང་འདྲ ་བའི་མགོ་གཡོག་འབྱུང་། །སྨད་ལ་བབས་ན་ཆུང་གསུམ་དང་། །རྨིག་པ་ཁ་དབྲག་ཅན་ལ་ངན། །ཚེ་གཟུངས་རྣམ་འཇོམས་འདོན་ན་བཟང་། ། ༤༣༡ འདི་འདྲ་རྡེལ་བརྒྱད་གྲོགས་ཐུར་གྱུ། །བརྒྱད་བབས་བག་མ་མདའ་འཛིན་འདི། །མ་བུ་མི་འབྲལ་བུ་ནོར་འཛོམས། །སྨད་བབས་གྲོགས་ཁ་ཕྱིར་ལེན་ཡིན། །བརྒྱད་བབས་གཞི་འཛིན་ནད་ངན་ངོ་། །ཕྱུག་པོ་གོད་སྟོང་རིམ་གྲོའི་ངོ་། །བར་དང་ཐ་མ་གར་བབས་ཀྱང་། །དགྲ་ཕྱྭ་གྲོགས་ཕྱྭ་ཀུན་ལ་ངན། །སྙིང་དང་འདྲ་བའི་མི་ཡིས་བསླུ། །དགྲ་བྲུབས་གཡང་སྐྱབས་འཕགས་པ་འདོན། ། ༡༣༤ འདི་འདྲའི་རྡེལ་བརྒྱད་གཡང་ཁུག་ ཡིན། །བརྒྱད་བབས་རིན་ཆེན་བུམ་བཟང་ཡིན། །མི་ནོར་ཆོས་གསུམ་འཕེལ་ངོ་ཡིན། །དོན་ཕྱ་གཞི་ཆེ་ཁྱིམ་ལྷ་དར། །བར་དུ་བབས་ན་སྐྱེས་པ་དང་། །བྱིས་པ་ཁྱིམ་བདག་མོ་ལ་བཟང་། །སྨད་དུ་བབས་ན་ནོར་ཕྱུག་འཕེལ། ། ༣༤༡ འདི་འདྲའི་རྡེལ་བརྒྱད་གྲོགས་ནང་བསྟན། །བརྒྱད་བབས་སྐྱ ་མི་མདུང་བཟུང་ཡིན། །དགྲ་རྐུན་གོད་ཁ་གཡོ་སྒྱུ་འབྱུང་། །དགྲ་བྲུབས་ནོར་ལྷ་གསོལ་ཀ་འདོན། །བར་དུ་བབས་ན་སྐྱེས་པ་དང་། །ཁྱིམ་འཛིན་མོ་ཡི་ངོ་སོ་མཐོ། །ཐ་མར་བབས་ན་མདོ་བ་རྟ། །བུ་རྟ་ཆུང་རིགས་མོ་ལ་བཟང་། །༡༤༣ འདི་འདྲའི་རྡེལ་བརྒྱད་གྲོགས་ལེན་ཡིན། །བརྒྱད་བབས་གཡང་སྒྲོ་ཁ་ལུད་འདི། །ཅི་བཏབ་ཅི་ཡི་མོ་ལ་བཟང་། །ཕྱི་གྲོགས་ནང་དུ་ཚུད་པས་བཟང་། །ཨི་འོང་ཟེར་ན་འོང་བའི་ངོ་། །བློ་ཕྱྭ་དོན་ཕྱྭ་ཀུན་ལ་བཟང་། །བར་དུ་བབས་ན་འདྲ་སྟེ་དགེ། །༤༢༢ འདི་འདྲ་རྡེལ་བརྒྱད་གྲོགས་ནང་གྱུ། །བརྒྱད་བབས་གྲོགས་ཁ་ཕྱིར་བསྟན་ཡིན། །དགྲ་གྱོད་རྡོག་པའི་འོག་ཏུ་ནོན། །ཐ་མར་བབས་ན་ནོར་ཕྱུག་དང་། །སྤུ་རྟགས་ཡོད་པ་ཕྱི་ལ་ཤོར། །དོན་ཕྱྭ་སྐྱོན་མེད་འགྲུབ་པའོ། ། ༣༡༤ འདི་འདྲ་སྐེད་ཀྱི་རྡེལ་བརྒྱད་ནི། །བརྒྱད་བབས་དཔལ་གྱི་བེའུ་འདི། སྐྱོན་མེད་གཞི་ཆེ་ཟ་མོ་བཟང་། །གྲོགས་རི་གཡས་སུ་སྤུངས་པས་བཟང་། །༡༣༤ །འདི་འདྲ་སྨད་དུ་བབས་ན་ནི། །གྲོགས་ཁ་ནང་དུ་ཚུད་དེ་བཟང་། །༤༡༣ འདི་འདྲའི་རྡེལ་བརྒྱད་གྲོགས་ངོ་བཟང་། །བརྒྱད་བབས་གྲོགས་རི་གཡས་སྤུངས་བཟང་། །སྐྱེས་པ་བྱེས་སུ་ཚུད་དམ་ཚུད། །ཨི་འོང་ཟེར་ན་འོང་བའི་ངོ་། །ནད་པའི་ངོ་ལ་ཐབ་གཞོབ་གདོན། །དེ་ལ་ཐབ་སེལ་གདོན་གཏོ་བཅའ། །སྐེད་སྨད་གཉིས་ཀ་གར་བབས་ཀྱང་། །སྟོད་སྨད་བཟང་ན་ཅུང་ཟད་དྲག། །ངན་ན་མོ་ངན་ཀུན་གྱི་མཐའ། །གསུང་རབ་མང་ཀློག་བསྐང་ཟློག་བྱ། །ཐ་མར་བབས་ན་ཀླུ་ཁྲོས་པས། །མཁལ་སྐེད་མན་ཆད་ན་ངོ་ཡིན། །རྣམ་དག་སྟོང་འབུམ་ཀླུ་འབུམ་འདོན། ། ༢༤༢ འདི་འདྲ་རྡེལ་བརྒྱད་གྱོད་ཀྱི་ངོ་། །བརྒྱད་བབས་ཤ་ཕོ་ད་ཁལ་འདི། །ར་བག་བཅག་ནལ་ཐ་མ་བརྒྱད། །སྐེད་སྨད་གང་དུ་བབས་ཀྱང་ངན། །ཁ་མཆུ་གཏམ་ཚག་འབྱུང་ངོ་སྟེ། །མདོ་དང་ཁ་མཆུ་ནག་པོ་འདོན། །དགྲ་མནན་གྱོད་མནན་གནད་འགྲོ་གྱིས། ། ༢༢༤ འདི་འདྲའི་རྡེལ་བརྒྱད་གྲོགས་ཕྱིར་ཤོར། །བརྒྱད་བབས་གྱོད་ཁ་ནང་བསྟན་ཡིན། །རང་དོན་ཕྱིར་ཤོར་སྐྲག་དངངས་ངོ་། །སྨད་བབས་ཀླུ་བཅོས་མི་ཁ་བྲུབ། །ཆུ་གཏོར་ཀླུ་འབུམ་སྤང་སྐོང་འདོན། །སྐེད་བཟང་དེ་ཡིས་ཕན་པ་ཡིན། །བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ། །སྐེད་སྨད་གཉིས་ཀྱི་བརྒྱད་བབས་རྫོགས། ། ༈ ༢༡༡ འདི་འདྲའི་རྡེལ་བཞི་གོ་ལོག་ཡིན། བཞི་དེ་མི་ངོ་ཕྱིར་བསྟན་ཡིན། །སྐེད་བབས་ལ་བརྒལ་ལུང་བརྒལ་ངོ་། །སྨད་བབས་སྣ་ཐག་ཕྱིར་གྱུ་ངན། །བུད་མེད་འཕང་གྲལ་བུ་མོ་བཞི། །སྐྱེས་པ་དར་མའི་མོ་ལ་ངན་། །བྱེས་སུ་སོང་ན་ཕྱིར་མི་སླེབས། །སྨད་དུ་བབས་ན་ནོར་ལ་ངན། །མོ་འདྲེའི་གནོད་པས་རྫ་མདོས་བྱ། །ཤེར་སྙིང་བཟློག་པ་གཟུངས་འདུས་འདོན། ། ༡༡༢ འདི་འདྲའི་རྡེལ་བཞི་གྲོགས་ལམ་ཡིན། །བྱེས་སུ་འགྲོ་དང་སྲིད་ཕྱྭ་སོགས། །ཅི་བཏབ་ཅི་ཡི་མོ་ལ་བཟང་། །རྩི་རི་ལམ་ངོ་ནང་བསྟན་ཡིན། །རལ་གྲིས་དགྲ་མགོ་བཤག་པས་བཟང་། །དོན་གྲུབ་མྱུར་དུ་སླེབས་པའི་ངོ་། །ཕྱུག་སྒོ་ནང་དུ་ཚུད་པས་བཟང་། །བར་མཐའ་གང་དུ་བབས་ཀྱང་བཟང་། །ཁྱད་པར་རྐུན་མའི་དོགས་པ་མེད། །༡༢༡ འདི་འདྲའི་རྡེལ་བཞི་ཁ་འཐམ་ཡིན། །རྩི་རི་ནག་པོ་ཁ་འཐམ་ཡིན། །ལྷ་འདྲེ་མི་གསུམ་ཤག་ཁ་རྩོད། །སེར་ཆག་མོ་རིགས་ཕྱོགས་ནས་ཀྱི། །ཁ་སྨྲ་གཏམ་གླེང་འོང་བའི ་ངོ་། །གྲོགས་ཕྱྭ་འགས་ནས་གྲོགས་མི་རྙེད། །མདོས་བཟློག་དགྲ་ལྷ་གསོལ་བར་བྱ། །དེ་དག་སྨད་དུ་བབས་གྱུར་ན། །ཐབ་དང་གཞོབ་ཀྱིས་ལུང་པ་གང་། །གཏམ་ངན་གོད་ཁ་གཉིས་ཀ་འབྱུང་། །སྨེ་བརྩེགས་དབང་དང་བསང་དཀར་ནག །གོད་མནན་དགྲ་མནན་གང་དྲག་བྱ། ། ༈ ༤༤༤ འདི་འདྲ་བཞི་གསུམ་བཅུ་གཉིས་ནི། །བར་དུ་བབས་ན་གསེར་སྐེད་ཡིན། །ཡར་གྱི་གནམ་སྒོ་མ་བྱེ་ཞིང་། །མར་གྱི་ས་སྒོ་མ་བྱེ་བས། །དགྲ་མགོ་རེ་བས་གཏུམ་པ་ཡིན། །ནད་པ་ཡིན་ན་ཤི་བའི་ངོ་། །༤༤༤ སྨད་དུ་འདི་འདྲ་བབས་གྱུར་ན། །གཡུའི་དོ་ཤལ་ཡིན་ཏེ་བཟང་། །སྒོ་གསུམ་ལྕགས་ཀྱི་འདེན་བུ་ཅན། །གོད་ཁ་མེད་ཅིང་ནོར་ཕྱུག་འཕེལ། །ཕར་འགྲོ་མི་འཛོམ་ཤུལ་སྡོད་ཡིན། །ཚུར་འོང་མགྲོན་པོ་ད་ལྟ་སླེབས། །ད་ལྟ་སླེབས་པ་མ་བྱུང་ན། །ཞག་བཞི་ཚུན་ལ་སླེབས་ངོ་མེད། །ནད་པ་ཡིན་ན་ངན་འདུག་པས། །སྨན་དང་རིམ་གྲོ་སྟོབས་ཆེན་བྱ། །ནད་པ་གཤིན་ཆུའི་འགྲམ་ནས་ལོག །མོ་འདྲེའི་གནོད་པས་མོ་འདྲེ་བཀར། །རྟ་སྔོན་ཅན་དང་ཁ་ཆར་ངོ་། །གཞན་དག་གང་ལ་བཏབ་ཀྱང་བཟང་། །དེ་རྣམས་སྟོད་སྨད་བར་གསུམ་གྱི། །བབས་ལུགས་འབྲས་བཤད་བསྟན་པའོ། ། ༈ དེ་ནས་ཟུར་འགྲིག་བཟང་ངན་བཤད། ། ༡༡༡ འདི་ལྟར་གཡས་ནས་གཡོན་ཐུར་གསེག། །མཆན། འདི་འདྲ་གཅིག་བབས་འགྲིག་གྱུར་ན། །ཕྱི་གྲོགས་ནང་དུ་ཚུད་པས་བཟང་། །ཁྱད་པར་བུད་མེད་དར་མར་བཟང་། ༈ ༢༢༢ འདི་ལྟར་གཡས་ནས་གཡོན་ཐུར་གསེག། །མཆན། འདི་འདྲ་གཉིས་འགྲིག་བབས་གྱུར་ན། །མི་བླ་གཤིན་རྗེའི་ལག་ཏུ་ཚུད། །ཕར་རྒོ ལ་མོ་ལ་བཟང་བ་སྟེ། །བྱ་ཁྱུང་དཀར་པོའི་ཚང་ནང་དུ། །དུག་སྦྲུལ་མགོ་དགུ་ཚུད་པ་ཡིན། །འོན་ཀྱང་བསང་བརྔན་བརྣོལ་བསངས་དང་། །བྱིས་པ་ཉེར་ལྔར་སྟོན་མོ་བྱ། ། ༈ ༣༣༣ འདི་ལྟར་གཡས་ནས་གཡོན་ཐུར་གསེག། །མཆན། འདི་འདྲ་གསུམ་འགྲིག་རབ་ཏུ་བཟང་། །བདུད་ཀྱི་གཡུལ་ངོ་བཟློག་པ་ཡིན། །བུ་ཚ་བུ་མོའི་མོ་ལ་བཟང་། །ནད་པ་ཡིན་ན་རྩུབ་འདུག་པས། །འབུམ་དང་བརྒྱད་སྟོང་ཚར་གྲངས་ཀློག ། ༤༤༤ འདི་ལྟར་གཡས་ནས་གཡོན་ཐུར་གསེག། །མཆན། བཞི་བཞི་དག་ཏུ་འགྲིག་གྱུར་ན། །མི་ཡི་བླ་སྲོག་བོར་བ་དེ། །བདུད་ཀྱི་ལག་ནས་ལོན་ཏེ་བཟང་། །ནད་པ་ཡོད་ན་ངན་པའི་ངོ་། །ཚོགས་དང་བསྐང་བཤགས་གཟུངས་འདུས་འདོན། །འབྱུང་བཞིའི་གཏོར་མ་ལོ་གྲངས་བྱ། ། ༡༡༡ འདི་ལྟར་གཡོན་ནས་གཡས་ཐུར་གསེག། །མཆན། འདི་འདྲ་ཚུར་ལ་གཅིག་འགྲིག་ན། །ཅི་བཏབ་ཅི་ཡི་མོ་ལ་ངན། །ཁམས་ཆེན་ཚེ་མདོ་ལོ་གྲངས་འདོན། ། ༢༢༢ འདི་ལྟར་གཡོན་ནས་གཡས་ཐུར་གསེག། །མཆན། གཉིས་གཉིས་འགྲིག་ན་གཏོ་མི་དགོས། །བརྒྱ་བྱིན་འབར་བའི་ཕྱག་མཚན་གྱིས། །ལྷ་མིན་གཡུལ་ངོ་བཟློག་པ་ཡིན། །དགྲ་འདྲེའི་འདུ་ཚོགས་ཞིག་སྟེ་བཟང་། །བུ་རྟ་བྱེས་འགྲོའི་མོ་ལ་ངན། །རྟ་ཤི་སྒ་ཆག་འོང་ངོ་ཡིན། །བུ་མོའི་མོ་ལ་ངན་པ་སྟེ། །བུ་མོ་རང་གི་འཕང་གིས་བསད། །ཆུ་གསུམ་མོ་ལ་རབ་ངན་ཏེ། །ཁམས་ཡུམ་ཁ་སྤྲོད་ལོ་གྲངས་དང་། །ཚེ་སྒྲུབ་ཆུ་གཏོར་གསང་འབུམ་བྱ། ། ༣༣༣ འདི་ལྟར་གཡོན་ནས་གཡས་ཐུར་གསེག། །མཆན། གསུམ་གསུམ་འགྲིག་ནི་བབས་གྱུར་ན། །རབ་ཏུ་བྱུང་དང་དགེ་སྒོར་ཞུགས། །འཁོར་བ་སྤང་བའི་མོ་ལ་བཟང་། །དེ་མིན་ཁྱིམ་བཟུང་དགྲ་འདུལ་སོགས། །འཇིག་རྟེན་བྱ་བ་བསྒྲུབ་ན་ངན། །༤༤༤ འདི་ལྟར་གཡོན་ནས་གཡས་ཐུར་གསེག། །མཆན། བཞི་བཞི་དག་ཏུ་འགྲིགས་གྱུར་ན། །མགོ་ཆག་མོ་ལ་ཤིན་ཏུ་ངན། །འབུམ་དང་ཚེ་ཆོག་འཆི་བསླུ་དང་། །ཚྭ་ཚྭ་ཆུ་གཏོར་འབུམ་ཐེར་བྱ། ། ༡༡༡ འདི་ལྟར་གཡས་གསུམ་བརྩེགས་པ་ན། །མཆན། ལྷ་ས་གསུམ་དུ་གཅིག་འགྲིགས་ན། །ལྷ་ཡི་རྫི་འུ་ཡིན་པས་བཟང་། །མགྲོན་པོ་འོང་ལ་ནད་པ་སོས། །༢༢༢་་་་་་བྱ་རལ་ཡིན། འདི་ལྟར་གཡས་གསུམ་བརྩེགས་པ་ན། །མཆན། ལྷ་ས་གསུམ་དུ་གཉིས་བརྩེགས་ན། །གསེར་གྱི་ཀ་བ་ཆག་པ་ཡིན། །སློབ་དཔོན་ཕ་ཁུ་རྒན་ལ་ངན། ། ཕ་ཚོའི་མི་ཡིས་དགྲ་ཤོམས་བྱེད། །འཁྲུགས་པ་དམེ་ངོ་ལང་ངོ་ཡིན། །རོ་ཁུར་དཔུང་པ་བརྗེས་ངོ་ཡིན། །ཕྱི་ས་དམའ་ན་སྐྱོན་ཆེན་མེད། །སྐྱབས་གསོལ་ཚེ་ཐར་དར་ལྕོགས་བྱ།། ༣༣༣ འདི་ལྟར་གཡས་གསུམ་བརྩེགས་པ་ན། །མཆན། ལྷ་ས་གསུམ་དུ་གསུམ་བརྩེགས་ན། །ལྷ་གྲོགས་ཕུགས་སུ་ཚུད་པས་བཟང་། །དབུལ་པོ་ཕྱུག་པོ ར་འགྲོ་བའི་ངོ་། །ཡུལ་མཁར་འཛིན་པའི་མོ་ལ་བཟང་། ། ༤༤༤ འདི་ལྟར་གཡས་གསུམ་བརྩེགས་པ་ན། །མཆན། ལྷ་ས་གསུམ་དུ་བཞི་བརྩེགས་ན། །སྔར་ཡོད་མི་ནོར་ཀུན་ལ་བཟང་། །བཙན་པའི་མཁར་ལ་ཁྲ་ཚང་བཅའ། །ཕ་ཚན་མང་པོ་འཕེལ་ངོ་ཡིན། །སྒྲུབ་བྱ་གང་ཡིན་ཕྱི་དལ་ཆེ།། ༡༡༡ འདི་ལྟར་དབུས་གསུམ་བརྩེགས་པ་ན། །མཆན། ཁྱིམ་ས་གསུམ་དུ་གཅིག་བརྩེགས་ན། །སྐྲག་དངངས་འུར་ཟིང་དགྲ་ངོ་ཆེ། །ར་མདའ་རིང་རྒྱུག་བྱེད་ངོ་ཡིན། །དགྲ་བྲུབ་དགྲ་མནན་མི་ཁ་བཀར། །ལྷ་ས་བཟང་ན་ཅུང་ཟད་གྲགས། །ཕྱི་ས་དར་ན་ཤིན་ཏུ་ངན། ། ༢༢༢ འདི་ལྟར་དབུས་གསུམ་བརྩེགས་པ་ན། །མཆན། ཁྱིམ་ས་གསུམ་དུ་གཉིས་བརྩེགས་ན། །གཡུའི་གདུང་མ་ཆག་པ་ཡིན། །བུད་མེད་དར་མའི་མོ་ལ་ངན། ། ༣༣༣ འདི་ལྟར་དབུས་གསུམ་བརྩེགས་པ་ན། །མཆན། ཁྱིམ་ས་གསུམ་དུ་གསུམ་བརྩེགས་ན། །བུ་ཚ་འཕེལ་ཞིང་ཟས་ནོར་རྙེད། །མི་སྲོག་ལྷ་ཡིས་བཟུང་བ་ཡིན། །ནད་པ་ཞིག་གི་མོ་ལ་ངན། །མ་ཤོང་སྲུབ་ནས་རལ་ངོ་ཡིན། ། ༤༤༤ འདི་ལྟར་དབུས་གསུམ་བརྩེགས་པ་ན། །མཆན། ཁྱིམ་ས་གསུམ་དུ་བཞི་བརྩེགས་ན། །ཡུལ་མཁར་བཟུང་བའི་མོ་ལ་བཟང་། །མགྲོན་པོ་མི་འོང་ཕྱི་དལ་ཆེ། ། ༈ ༡༡༡ འདི་ལྟར་གཡོན་གསུམ་བརྩེགས་པ་ན། །མཆན། ཕྱི་ས་གསུམ་དུ་གཅིག་བརྩེགས་ན། །དགྲ་ངོ་དུར་ངོ་གདོན་གྱི་ངོ་། །ཡུལ་དང་ཁྱིམ་མཚེས་རྐུན་ངོ་འབྱུང་། །སྲུང་བ་དྲག་པོ་ཅི་ཐུབ་བྱ། ། ༢༢༢ འདི་ལྟར་གཡོན་གསུམ་བརྩེགས་པ་ན། །མཆན། ཕྱི་ས་གསུམ་དུ་གཉིས་བརྩེགས་ན། །དགྲ་གྱོད་མེད་པས་ཤིན་ཏུ་བཟང་། །ཁྱད་པར་ཕར་རྒོལ་མོ་ལ་བཟང་། ། ༣༣༣ འདི་ལྟར་གཡོན་གསུམ་བརྩེགས་པ་ན། །མཆན། ཕྱི་ས་གསུམ་དུ་གསུམ་བརྩེགས་ན། །ཅི་ལ་བཏབ་ཀྱང་ངན་པ་སྟེ། །ནད་དང་ཡམས་ཀྱིས་ཕོག་ངོ་ཡིན། །གཡང་རྣམས་བུ་སྲིང་ཕྱོགས་སུ་སོང་། །ཀླུ་དང་ས་བདག་རྗེས་ན་གདོན། །བསང་དང་གཡང་སྐྱབས་ཚེ་འགུགས་བྱ། །ཀླུ་འབུམ་འདོན་ཅིང་མང་ཇ་འགྱེད། ། ༤༤༤ འདི་ལྟར་གཡོན་གསུམ་བརྩེགས་པ་ན། །མཆན། ཕྱི་ས་གསུམ་དུ་བཞི་བརྩེགས་ན། །ཚང་ཕྱྭ་མགྲོན་ཕྱྭ་ཕྱི་དལ་ཆེ། །ལ་ཆེན་གཅིག་གི་ཕར་རྒྱབ་ན། །དགྲ་ཇག་གདིང་ཆེན་འབྱུང་ངོ་ཡིན། །བྱ་ར་སོ་བ་གཟབ་པར་གྱིས། ཤི་ངོ་ན་ངོ་ནད་གཞི་ཆེ། །རིམ་གྲོ་ཆེ་ན་འགྱུར་ཡང་སྲིད། ། ༈ ༢༢༢ ༢༤༢ ༢༤༢ ཐོག་བར་མཐའ་གསུམ་འདི་ལྟར་བབས། མཆན། འདི་ལ་གླིང་བཞི་ཁྱོ་ཤུག་ཟེར། །ཡུལ་མཁར་དགྲ་ལ་ཤོར་དོགས་ཡོད། །ཡང་ན་ཆུ་ཡིས་ཁྱེར་བའི་ངོ་། །སྐྱེས་པ་དར་མའི་ངོ་ལ་ངན། །འབུམ་དང་སྐལ་བཟང་བྲི་འདོན་བྱ། ། ༤༤༢ ༤༤༤ ༤༤༤ ཐོག་བར་མཐའ་གསུམ་འདི་ལྟར་བབས། མཆན། འདི་ནི་བརྒྱ་བྱིན་དཀར་པོ་སྟེ། །ཕ་མའི་རིང་ལ་མནའ་ཟོས་ཀྱི། །ཡང་ན་དུར་ཞིག་ཉེས་སོང་བས། །གཏོར་མ་སྣང་བརྒྱད་འཁྲུག་བཅོས་བྱ། །བརྒྱ་བྱིན་དཀར་ནག་ཁྲ་གསུམ་འདི། །དགྲ་གདོན་བྱིང་ཆེན་ངོ་ཡིན་པས། །གསོན་པོ་གཤིན་རྗེའི་ལག་ཏུ་ཚུད། །དགྲ་ཕུང་ཟིན་བརླག་འོང་བའི་ངོ་། །ན་ཚ་དྲག་པོ་མེད་ཀྱང་འོང་། །རིམ་གྲོ་དྲག་པོ་མྱུར་དུ་འབད། །ཚྭ་ཚྭ་ཆུ་གཏོར་ཉ་དྲུག་སྦྱིན། །བ སྐལ ་པ་ཆག་འཇིག་འོང་དུས་བབས། ། ༡༤༡ ༡༢༡ ༡༢༡ ཐོག་བར་མཐའ་གསུམ་འདི་ལྟར་བབས། མཆན། འདི་ལ་དཔའ་བོ་གྲི་ཐོག་ཟེར། །ཁྱི་རྒོད་སྤྱང་རྒོད་གཡག་རྒོད་གསུམ། །ལ་ཁ་གཅིག་ལ་འཛིངས་ངོ་ཡིན། །དགྲ་ཕྱྭ་དག་ལ་དགྲ་ཡོད་དོ། །རྒྱལ་ཁ་རང་གི་ཐོབ་ངོ་ཡིན། །ནད་པའི་མོ་ལ་སོས་དཀའ་བས། །ཟས་ནོར་ཅི་ཡང་སྤང་དག་བྱ། ། ༤༤༢ ༤༣༡ ༣༣༢ ཐོག་བར་མཐའ་གསུམ་འདི་ལྟར་བབས། མཆན། འདི་ནི་དགེ་བསྙེན་རྭ་ཞོན་ཟེར། །ནད་པའི་མོ་ལ་ནད་གཞི་ཆེ། །མགྲོན་ཕྱྭ་མཁོན་འཛིང་རྐུན་མའི་ངོ། །བོན་པོ་བན་དེ་སྐྱེས་པ་དང་། །བུད་མེད་དར་མའི་མོ་ལ་བཟང་། །དགྲ་ཕྱྭ་དགེ་བསྙེན་མཆོད་ན་རྒྱལ། །ལིང་ཚེ་དགུ་རུ་ཡོད་པ་ལ། །རེ་རེ་བབས་ན་བཟང་ཡུན་རིང་། །གཉིས་གཉིས་བབས་ན་ཤུལ་སྡོད་ངོ་། །གསུམ་གསུམ་བབས་ན་བཟང་ཆེ་བས། །ཟས་ནོར་ཕྱེད་ཀྱིས་དཀར་ཆོས་བྱ། །མ་བྱས་དགྲ་ལ་ཤོར་དོགས་ཡོད། །བཞི་བཞི་བབས་ན་ཡུལ་མཁར་ཟིན། ༈ ད་ནི་གྲོགས་ཕྱྭའི་མོ་དོན་ལ། །ཕྱི་ས་ལྷ་ས་བར་མ་དཔྱད། །ཕྱི་ས་གསུམ་དང་གཅིག་བྱུང་ན། །དོན་ཕྱྭ་དག་ལ་བཟང་བ་ཤེས། །གཉིས་བབས་ཁ་འགྱོད་དོན་མི་འགྲུབ། །གསུམ་བཞི་གྲོགས་ཆེ་ཕྱི་དལ་ཡོད། ༈ ཨི་འོང་མི་འོང་དག་ལ་ནི། །སྒོ་ཐེམ་སེར༢་བ་བབས་པ་དང་། །ལྷ་ལ་ཕྱི་ས་ཐ་མ་གཉིས། །བློན་༡པོའི་ནོན་ན་འོང་ངོ་ཡིན། །དེ་ཡི་གནས་སུ་གསུམ་བཞི་བབས། །མགྱོགས་པར་མི་འོང་ཁ་སྨྲས་སོ། །སྒོ་ཐེམ་གསུམ་དང་གཅིག་བབས་ན། །དོན་ཕྱྭ་ཚོང་ཕྱྭ་དག་ལ་བཟང་། །སེར་བ༢་བབས་ན་ཚོང་ཕྱྭ་དང་། །དོན་ཕྱྭ་དག་ལ་ངན་པའོ། །བོར་བ་རྙེད་དང་མི་རྙེད་ནི། །ལྷ་ས་ཕྱི་ས་ཐ་མ་དང་། །ཕྱི་ས་བར་མ་གསུམ་ལ་དཔྱད། །དེ་གསུམ་གནས་སུ་གཅིག་གསུམ་བབས། །སྟོར་བ་རྙེད་ལ་བདས་པ་ཟིན། །ཐ་མ་གསུམ་དང་གཅིག་བབས་ན། །བོར་བའི་ནོར་རྫས་རྙེད་ངོ་ཡིན། །གཉིས་བཞི་བབས་ན་རྙེད་མི་འགྱུར། ༈ ཕྱི་ས་གསུམ་དུ་གཅིག་རེ་བབས། །གདོན་དང་མགྲོན་པོ་དགྲ་སྤྱང་ངོ་། །སྟོར་བ་རྙེད་པའི་མོ་ལ་བཟང་། །དེ་ལ་རྒྱལ༣་པོ་བབས་པའི་རྩིས། །རང་ས་ཁྱིམ་ས་བཟང་གྱུར་ན། །ཟས་ནོར་གྲོགས་གཡང་ནང་དུ་ཚུད། །སེར་༢བ་བབས་ན་ཉེ་བར་ངན། །དགྲ་ཕྱྭ་གྲོགས་ཕྱྭ་གཉིས་ལ་བཟང་། །ཁྱད་པར་རྐུན་མའི་དོགས ་པ་མེད། །དེའི་གནས་སུ་ས་གཞི་བབས། །མི་འཕྲད་མི་འོང་མི་རྙེད་དོ། །ཕར་འགྲོ་མི་འཛོམ་ཤུལ་སྡོད་ཡིན། །གཅིག་བབས་ཐམས་ཅད་བློན་པོ་ཡིན། །གཉིས་བབས་ཐམས་ཅད་སེར་བ་ཡིན། །གསུམ་བབས་ཐམས་ཅད་རྒྱལ་པོ་ཡིན། །ནད་པ་ལ་ནི་རྒྱལ་པོས་ཤིས། །བཞི་བབས་ཐམས་ཅད་ས་གཞི་ཡིན། །གཞི་ཕྱྭ་དག་ལ་ས་གཞི་གཙོ། །བློ་ཕྱྭ་དོན་ཕྱྭ་བློན་པོ་ཏེ། །དགྲ་ཕྱྭ་དག་ལ་སེར་བ་ཤིས། ། ༈ དོན་ཕྱྭ་དོན་དེ་འགྲུབ་མི་འགྲུབ། །བོར་བ་ཨི་རྙེད་ཕྱི་འབྲིང་བལྟ། །མགྲོན་ཕྱྭ་མགྲོན་པོ་འོང་མི་འོང་། །ཕྱི་ས་བར་མ་སྒོ་ཐེམ་བལྟ། །ནད་པ་ཨེ་སོས་སྨན་ཕོར་བལྟ། །བློ་འཛིན་ལྷ་ས་དང་པོ་དང་། །ཕྱི་ས་ཐ་མ་གཉིས་ལ་བལྟ། ། ༈ དགྲ་ཕྱྭ་དགྲ་ལས་རྒྱལ་མི་རྒྱལ། །ལྷ་ས་ཕྱི་ས་ཐ་མར་བལྟ། །གཞི་ཕྱྭར་ཁྱིམ་ས་འབྲིང་བ་གཙོ། །དགྲ་ཆེན་ཇག་ཆེན་ཡོད་མ་ཡོད། །ཕྱི་ས་དང་པོ་དག་གིས་ཤེས། །རྐུན་མ་ཕྱི་ས་ཐ་མ་ལྟ། །ནད་གཞི་ཆེ་ཆུང་སྒོ་ཐེམ་བལྟ། །བློ་ཕྱྭ་བློ་འཛིན་དག་གིས་ཤེས། ། ༈ རིམ་གྲོ་ལྷ་ངོ་མཐོ་མི་མཐོ། །ལྷ་ས་ཕྱི་ས་ཐ་མ་གཉིས། །གོད་ཁ་ཨེ་འོང་སྒོ་ཐེམ་ཡིན། །གཞི་ཕྱྭ་དག་ལ་དམ་པ་དང་། །རང་ས་བཟང་ཞིང་སྒོ་དམ་དགོས། །བློ་ཕྱྭ་དོན་ཕྱྭ་མགྲོན་ཕྱྭ་ལ། །རང་ས་བཟང་ཞིང་ཕྱེ་ཡང་དགོས། །དགྲ་ཕྱྭ་ངན་ལ་རང་ས་བཟང་། །ཕྱི་འགྱོད་གྱུར་ན་བཟང་བ་ཡིན། །དེ་ལ་མོ་ཡི་ཉིན་སྲིབ་ཟེར། །ཉིན་སྲིབ་མོ་ལན་དཔྱད་པས་ཤེས། །གཞན་ཡང་གདོན་ཕྱྭ་མདོར་བསྡུས་ནི། །ལྷ་ས་དང་པོ་གཉིས་རྐྱང་བབས། །ལྷ་ངོ་བཙོག་དང་འཁོན་གྱིས་གནོལ། །ལྷ་སར་ནག་པོ་ཞག་ཞིག་ཡོད། །ཡང་ན་མིག་རྣ་གཡས་པ་ན། །ལྷ་ས་བར་པ་གཉིས་བབས་ན། །ཤིང་ལྕགས་སྤྲད་པ་སྔོན་མོའི་རིགས། །ཉི་མ་ཤར་གྱི་ཕྱོགས་ནས་འོང་། །ཡང་ན་གློ་མཆིན་ན་ངོ་ཡིན། །ལྷ་ས་ཐ་མར་གཉིས་བབས་ན། །ནག་པོ་གཉིས་འགྲུམས་རྔ་བྲན་གདོན། །བྱང་ཤར་ནས་སམ་མཁལ་གཡས་ན། །མོ་ས་དང་པོ་གཉིས་བབས་ན། །རི་བཙན་འདྲེ་མོའི་གནོད་པ་དང་། །ཚེས་བཅུ་བཅོ་ལྔ་དག་ལ་ནི། །མནའ་དང་དམེ་ཕོ་ཡུག་སའི་ཟས། །བཤན་པ་ལ་སོགས་བཙོག་གྲིབ་རིགས། །དམར་པོའི་རིགས་ཅན་ལྷོ་ནས་འོང་། །ཡང་ན་མགོ་དང་རོ་སྟོད་ན། །མོ་ས་བར་མ་གཉིས་བབས་ན། །སྣོད་ནག་དཔྱད་ནག་ཀ་ཆའི་རིགས། །རོ་ནག་དོས་ནག་ལ་སོགས་པ། །རྒྱལ་པོས་བདག་བཟུང་རྫས་ངན་གདོན། །ཡང་ན་ཕོ་སྐད་ལྟེ་བ་ན། །མོ་ས་ཐ་མར་གཉིས་བབས་ན། །ཁྱིམ་མཚེས་རྭ་བ་སྒོ་སྤྲོད་ནས། །ཤ་དམར་རྫས་དམར་ལྤགས་དམར་རམ། །མོ་གདོན་འཁྲི་བའི་རྫས་སྔོན་རིགས། །སྒོ་ཐེམ་འཚམས་ན་བཞག་པ་ཡོད། །བྱང་གི་ཕྱོགས་འོང་ཡང་ན་ནི། །རྒྱུ་མ་ལྒང་པ་ན་དོགས་ཡོད། །ཕྱི་ས་དང་པོ་གཉིས་བབས་ན། །སྣོད་དཔྱད་ནག་པོའི་ཕྱིར་འབྲང་པའི། །གདོན་འདྲེ་འགབ་འདྲེ་ལྷོ་ནུབ་འོང་། །ཕར་འཐེན་ཚུར་འཐེན་ལྟ་བུའི་གདོན། །ཡང་ན་མིག་རྣ་གཡོན་པ་ན། །ཕྱི་ས་བར་མ་གཉིས་བབས་ན། །མོ་མགྲོན་ལ་སོགས་འགྲིམ་པ་དང་། །ཤང་ལང་ལ་སོགས་ལྕགས་ཀྱི་རིགས། །ནུབ་ཕྱོགས་ནས་འོང་གདོན་ངོ་དང་། །ཡང་ན་སྙིང་མཚེར་ན་ངོ་དང་། །ཕྱི་ས་ཐ་མར་གཉིས་བབས་ན། །ཁྱི་ལོ་ཡིན་ན་ནག་ཞིག་དང་། །ཡང་ན་ཕྱོགས་ནས་འོང་བ་ཡིན། །ནུབ་བྱང་མཚམས་ནས་འོང་བ་གདོན། །གཞན་ལ་གདོན་གྱི་ངེས་པ་མེད། །ཡང་ན་མཁལ་སྐེད་གཡོན་པ་ན། །དེ་རྣམས་ཀུན་ལ་ལོ་མལ་དང་། །མཐུན་པ་དེ་ལ་ངན་པར་བཤད། །མི་མཐུན་གྱུར་ན་གནོད་པ་མེད། །དེ་ལྟར་རྡེའུ་མོ་འདི་རྣམས་ནི། །བཏབ་གྲང་མང་ན་ཇེ་རྣོར་འགྱུར། །ཐ་མ་གོམས་འདྲིས་ཁོང་ཆུད་ན། །རྣོ་མཐོང་མངོན་ཤེས་ལྟ་བུར་འཆར། །རང་གཞན་དགེ་ལེགས་ལུང་སྟོན་པའི། །རྟེན་འབྲེལ་ཕུན་སུམ་ཚོགས་པར་འགྱུར། །གྲུབ་པའི་ངག་གི་ནོར་བུའི་མེ་ལོང་ནི། །གང་གིས་འཆང་བ་ཙམ་གྱིས་ལྐོག་གྱུར་གྱི། །རི་མོའི་གཟུགས་བརྒྱ་མ་འདྲེས་འཆར་བ་ལས། །ཀུན་མཁྱེན་ཡེ་ཤེས་སྣང་བ་རྒྱས་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཱཾ་བྷ་བ་ཏུ།། །།འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོས་མཛད་པའི་རྡེའུ་མོའི་ལུང་མཛད་པ་པོ་ལས་རང་ཉིད་ལ་ཐོབ། ཞུས་སོ། །ཞེས་འདི་བཞིན་མཁྱེན་བརྩེའི་དབང་པོའི་གསུང་ངེས་པའི་མ་དཔེ་མགོ་ཚེམ་བྲིས་མ་དཔེ་རྙིང་ཞིག་གསར་ཐོབ་ལས་བཤུས་པ་སྟེ། དེའང་མ་དཔེར་རྡེའུ་འགའ་རེའུ་མིག་དུ་བཀོད་འདུག་པ་གློག་ཀླད་དུ་བཅུག་སྐབས་སྟབས་བདེའི་ཕྱིར་འདི་ལྟར་གཡས་ནས་གཡོན་ཐུར་གསེག། །མཆན། ལྟ་བུ་མཆན་བུས་གསལ་བར་བྱས་པ་གཞུང་དཀྱུས་དང་མ་ནོར་བ་དགོས་སོ།། །། | ༄༅། །འཇམ་དབྱངས་རྡེའུ་མོའི་ལག་ལེན་རྣམ་གསལ་ནོར་བུའི་མེ་ལོང་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། སྲས་བཅས་སྟོབས་བཅུ་མངའ་བ་ཐམས་ཅད་ཀྱི། །ཡེ་ཤེས་སྣང་བ་ལས་འཁྲུངས་འཇམ་པའི་དབྱངས། །གཙུག་ཏུ་མཆོད་ནས་ལྐོག་གྱུར་མངོན་སུམ་པའི། །རྡེའུ་མོའི་ལག་ལེན་རྣམ་གསལ་མེ་ལོང་ངོམས། །དེ་ལ་བདག་གི་རྣལ་འབྱོར་ནི། སངས་རྒྱས་ཆོས་ཚོགས་ལན་གསུམ་གྱིས། །སྐྱབས་སུ་འགྲོ་དང་སེམས་བསྐྱེད་རྗེས། རང་ཉིད་སྐད་ཅིག་དྲན་རྫོགས་སུ། །རྣམ་འབྱོར་དབང་ཕྱུག་དམ་པ་རྗེ། །སྐུ་མདོག་དམར་སྨུག་རབ་ཏུ་བརྗིད། །ཞལ་གཅིག་ཕྱག་གཉིས་འཛུམ་ཁྲོའི་ཉམས། །སྤྱན་ཟུང་རྡོ་རྗེའི་ལྟ་སྟངས་གཟིགས། །ཕྱག་གཉིས་རྟེན་འབྲེལ་ཕྱག་རྒྱ་ཅན། །སྐུ་སྨད་བལ་ཐུལ་དཀར་པོ་གསོལ། །དབུ་གཙུག་འོད་ལྔའི་ཐིག་ལེའི་ཀློང་། །ཐུགས་དམ་ལྷ་མཆོག་འཇམ་པའི་དབྱངས། །དམར་སེར་རལ་གྲི་གླེགས་བམ་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །བླ་མ་ཡི་དམ་མཁའ་འགྲོ་དང་། །སྣང་སྲིད་རྣོ་མཐོང་སྲུང་མའི་ཚོགས། །སྤྲིན་ཕུང་ལྟ་བུར་འཕྲོ་བའི་སྐུ། །ཨཱ་ལི་ཀཱ་ལིའི་རང་བཞིན་གསུང་། །རྟེན་འབྲེལ་མངོན་སུམ་འཆར་བའི་ཐུགས། །རྡོ་རྗེ་གསུམ་གྱི་ངོ་བོར་རྫོགས། །ཞེས་པས་གསལ་བཏབ་སྔགས་འདི་བཟླ། ཨོཾ་ཨ་ར་པ་ཙ་ན་དྷཱི། ཨོཾ་ཨཱཿགུ་རུ་ཀ་མ་ལ་ཤྲཱི་ལ་སིདྡྷི་ཧཱུཾ། མཐར་ནི་རྣོ་མཐོང་སྔགས་འདི་བཏགས། ཙནྡྲ་གོ་མི་སལ་སལ་ཕྱེ་ཕྱེ་སྭཱ་ཧཱ། ཞེས་དང་དབྱངས་གསལ་རྟེན་སྙིང་བརྗོད། དེ་ནས་རྨུ་གབ་ཕྱི་བ་ནི། སངས་རྒྱས་ཆོས་ཚོགས་རྩ་གསུམ་ལྷ། །ཆོས་སྐྱོང་སྲུང་མའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་མེད་བདེན་པ་ཡིས། །མི་མཐོང་སྒྲིབ་པའི་རྨུ་གབ་ཕྱིས། །ཐབ་གཞོབ་མཁོན་དང་མི་གཙང་རྣོལ། །བྱིངས་རྨུགས་འཐིབ་ཀྱིས་ནོན་པ་ཕྱེས། །ཤིང་ཆེན་ཐང་པོ་འདི་ཡིས་ཕྱིས། །རྩ་ཆེན་འཇག་མ་འདི་ཡིས་ཕྱིས། །གོར་ཆེན་ཕ་ཝཾ་འདི་ཡིས་ཕྱིས། །ས་དུག་བང་བ་འདི་ཡིས་ཕྱིས། །རྣོ་བ་མོ་ཡི་མི་མཐོང་བ། །སྡིག་པའི་མོ་རྐུན་ཕྱིར་ཕྱུང་ཤིག །ཅེས་དང་མོ་བརྡར་གསོལ་འདེབས་ནི། །སངས་རྒྱས་ཆོས་ཚོགས་རྩ་གསུམ་ལྷ། །ཁྱད་པར་འཇམ་དཔལ་གཞོན་ནུ་དང་། །རྣལ་འབྱོར་དབང་ཕྱུག་དམ་པ་རྗེ། །རྣོ་མཐོང་མངོན་ཤེས་གསལ་སྟོན་པའི། །ཆོས་སྲུང་ནོར་ལྟ་གཏེར་གྱི་བདག །གཙང་རིགས་དཔལ་མགོན་བདུན་ཅུ་དང་། །མགུལ་ལྷ་དགེ་བསྙེན་བརྟན་མའི་ཚོགས། །ཕྱོགས་སྐྱོང་ལྷ་ཀླུ་གཟའ་སྐར་དང་། །སྤར་སྨེ་ལོ་ཟླ་ཞག་དུས་ལྷ། །ཡུལ་རིས་གཞི་བདག་དང་བཅས་པ། །དེ་རིང་སྲིད་པའི་མོ་ལ་བྱོན། །སྣང་སྲིད་གསལ་བའི་ཕྱྭ་བརྡར་ན། །ཁྱོད་རྣམས་མཐུ་དང་རྫུ་འཕྲུལ་བདག །ཡེ་ཤེས་ལས་ཀྱི་མངོན་ཤེས་ཅན། །མི་མཁྱེན་མི་མཐོང་མི་སྲིད་པས། །དེ་རིང་བདག་གི་རྩེ་གཅིག་ཏུ། །གདུང་བས་ཕྱག་འཚལ་གསོལ་བ་འདེབས། །མཆོད་པ་འབུལ་ཞིང་དོན་གཉེར་བའི། །བསམ་དང་སྨོས་པ་འདི་དག་ཀུན། །ལེགས་ཉེས་གཉིས་ཀྱི་ཤན་ཕྱེས་ལ། །སྒྲིབ་མེད་གསལ་བར་བསྟན་དུ་གསོལ། །དཀོན་མཆོག་རྩ་གསུམ་བྱིན་རླབས་དང་། །ཆོས་སྲུང་ནོར་ལྷའི་མཐུ་རྩལ་སྟོབས། །འཇིག་རྟེན་སྐྱོང་བའི་རྫུ་འཕྲུལ་ཤུགས།། ཆོས་ཅན་ཆོས་ཉིད་རྟེན་འབྱུང་མཐུ། །བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །ཇི་ལྟར་བརྟགས་པའི་རྟེན་འབྲེལ་འདི། །སྒྲིབ་མེད་མངོན་སུམ་འཆར་གྱུར་ཅིག། །ཅེས་བརྗོད་རེ་དོགས་བློ་སྤངས་ལ། །རྡེའུ་བཞི་བཅུ་རྩ་གཉིས་པོ། །ཚོ་གསུམ་བཅད་ལ་བཞི་བཞི་བགྲང་། །ལིང་ཚེ་དགུ་རུ་བབས་པ་ཡི། ། ༈ དང་པོ་རྐྱང་པར་དཔྱད་པ་ནི། །ལྷ་ས་དང་པོ་འདི་དག་ནི། །ཕ་མྱེས་མཚུན་དང་དགྲ་ལྷའི་ས།་་་་དགྲ་བླ་བྱ་ཁྱུང་གི་ས། །བན་བོན་ལེའུ་རྒན་པོའི་ས། །གཙུག་ལག་ལྷ་ཁང་སྐུ་མཁར་ས། །གསེས ་དང་ལྷ་གཡག་གྭ་པའི་ས། །འབྲུག་ལོ་པ་ཡི་ལོ་མལ་ཏེ། །མོ་ཡི་མིག་དང་རྩེ་མོ་ཡིན།་་་ལོ་ཡི་མིག ། ༈ འདི་རུ་རྡེའུ་གཅིག་བབས་ན། །དགྲ་ལྷ་ཝེར་མས་མགོན་སྐྱབས་བྱེད། །ལྷ་སྲུང་དགྲ་ལྷ་མཆོད་ན་རྒྱལ། ། ༈ གཉིས་བབས་གྱུར་ན་ལྷ་མི་དགའ། །མི་ཆེན་མདུན་ཞུ་ཕོག་ངོ་ཡིན། །ཐབ་གཞོབ་གྲིབ་དང་བཙོན་གྱི་ངོ་། །ལྷག་པར་འབྲུག་ལོ་པ་ལ་ངན། །བསང་བརྔན་རྣམ་འཇོམས་བསྐང་བཤགས་དང་། །ཚེ་སྒྲུབ་འཆི་བསླུ་གྲི་བོ་བཀར། ། ༈ གསུམ་བབས་ལྷ་ཡི་སྡོང་གྲོགས་བྱེད། །ལྷ་གྲོགས ་ཕུགས་སུ་ཚུད་པས་བཟང་། །ཡ་རབ་ལག་ནས་གྲོགས་ངོ་བཟང་། །ཅི་བཏབ་ཅི་ཡི་མོ་ལ་བཟང་། ། ༈ བཞི་བབས་ལྷ་བཞི་ཚུགས་པ་ཡིན། །ཕ་ཚན་བཟང་པོ་ཡོད་པའི་ངོ་། །གཡང་མ་ཉམས་ཤིང་ཕྱྭ་བརྟན་པ། །ལོ་གསུམ་དག་ལ་གཏོ་མི་དགོས། །ནད་པ་ཡིན་ན་ནད་ཡུན་རིང་། །ཚང་ཕྱྭ་མགྲོན་ཕྱྭ་ཕྱི་དལ་ཆེ། ། ༈ ལྷ་ས་བར་པ་འདི་དག་ནི། །གཙོ་བོ་བློ་འཛིན་གཟའ་དཔོན་དང་། །སྐྱེས་པ་དར་མའི་ས་ཡིན་པས། །བློ་འཛིན་ཡག་ཉེས་བལྟ་བ་ཡིན། །ཕོ་ཆེན་རྟ་དང་མཛོ་གཡག་དང་། །སྟག་ཡོས་ལོ་པའི་ལོ་མལ་ཡིན།་་་་ལོ་སྲོག ༈ །འདི་ན་གཅིག་བབས་ལྷ་ངོ་མཐོ། །སྲོག་ལ་བར་ཆད་མེད་པ་སྟེ། །ཅི་བཏབ་ཅི་ཡི་མོ་ལ་བཟང་། ། ༈ གཉིས་བབས་གྱུར་ན་ཤིན་ཏུ་ངན། །སྐྱེས་པ་དར་མ་ནད་ཀྱིས་ཟིན། །གྲིབ་དང་དམེ་ངོ་ཁྲག་ངོ་ཡོད། །རྟ་ཤི་གྱོད་འཁྲུགས་སྒ་ཆག་ངོ་། །ནད་ཡུན་རིང་ལ་དོན་མི་འགྲུབ། །སྙིང་སྟོང་ངོ་ཡོད་ནད་པ་ལ། །ཉེ་བའི་ཕྱོགས་ནས་རྒྱལ་པོའི་གདོན། །ཤར་ནས་རྫས་དམར་འབྱུང་བའི་ངོ་། །དགྲ་བྲུབ་འཆི་བསླུ་ཚེ་གཟུངས་འདོན། །རྒྱལ་མདོས་རིམ་གྲོ་དྲག་པོ་བྱ། ། ༈ གསུམ་བབས་སྐྱེས་པ་ངོ་སོ་མཐོ། །བློ་ཕྱྭ་བློ་འདི་ལྷ་ཡིས་བྱས། །ནོར་རྫས་ཁྲ་བོ་དམར་པོ་རྙེད། །གང་ལ་བཏབ་ཀྱང་བཟང་བར་བཤད། ། ༈ བཞི་བབས་ཡུལ་དང་ཁང་སྦྲ་ལ། །འཕོ་འཁྱུག་མེད་ཅིང་སྲོག་ཕྱྭ་བཟང་། མགྲོན་ཕྱྭ་ཕྱི་དལ་ཆེ་བའི་ངོ་། །ནད་ཕྱྭ་ཡུན་རིང་སྲོག་སྐྱོན་མེད། །དགྲ་དང་གདོན་གྱི་འཚེ་བ་མེད། ༈ ལྷ་ས་ཐ་མ་འདི་དག་ནི། །རྟ་ནོར་བུ་ཚ་ཆུང་རིགས་ས། །གླང་ལོ་པ་ཡི་ལོ་མལ་ཡིན། ། ༈ འདི་རུ་རྡེའུ་གཅིག་བབས་ན།་་་་མ་སྲུའི་མཚོ་ལ། །བུ་ཚ་ངོ་མཚར་སྐྱེ་བའི་ངོ་། །རྟ་དང་ནོར་ལ་འཕེལ་ཁ་འབྱུང་། །གྲོགས་ངོ་ཆེ་ཞིང་ཚོང་ལས་རྒྱལ། །བོར་བ་རྙེད་ཅིང་ཁ་གསར་ལོན། །ཨེ་འོང་འོང་ཞིང་ཅི་ལའང་བཟང་། ། ༈ གཉིས་བབས་རྟ་ཕྱྭ་དགྲ་ཕྱྭ་ངན། །བུ་ཚ་དག་ལ་ཆུང་སྲི་ལྡང་། །རྟ་ནོར་གད་ཕུར་བུད་པའི་ངོ་། །དགྲ་རྐུན་ངོ་ཆེ་དགྲ་བྲུབས་བྱ། །ནད་པ་རང་ཕྱོགས་འདྲེ་ཡིས་གནོད། །ཡང་ན་བྱང་ཤར་མཚམས་ངོས་ནས། །མོ་རིགས་ཤ་དམར་སྐྱས་ནག་གདོན། །ལམ་འཕྲང་བཅོས་ཤིང་ཚེ་གཟུངས་འདོན། །གསེར་འོད་གཡང་སྐྱབས་སྤྲང་འགྱེད་བྱ། །ཁྱད་པར་གླང་ལོ་པ་ལ་ངན། ། ༈ གསུམ་བབས་སྲུང་མདའ་ལྷ་ཡིས་བཙན། །བུ་ཚ་ཆུང་རིགས་མོ་ལ་བཟང་། །སྟོར་བ་རྙེད་ལ་བདས་པ་ཟིན། །སྲོག་ཕྱྭ་ནོར་ཕྱྭ་བློ་ཕྱྭ་སོགས། །ཅི་ལ་བབས་ཀྱང་བཟང་བར་བཤད། ། ༈ བཞི་བབས་ཡུལ་དང་ཁང་སྦྲ་ལ། །འཕོ་འཕྱུག་མེད་ཅིང་སྲོག་ཕྱྭ་བརྟན། །ཕ་སྤུན་ནང་འཁྲུགས་འོང་དོགས་ཡོད། །ཕྱི་པའི་དགྲ་མེད་སྲོག་ཕྱྭར་བཟང་། །ཚུར་འོང་མགྲོན་པོ་ཕྱི་དལ་ཆེ། ། ༈ ཁྱིམ་ས་དང་པོ་འདི་དག་ནི། །གཡུ་ཡི་རྒྱ་མཚོ་གནམ་སྨན་ས། །མ་ལྷ་མོ་སྨན་གནམ་སྒོའི་ས། །མ་ཕྱི་རྒན་རབས་མོ་རིགས་ས། །རྟ་སྦྲུལ་ལོ་པའི་ལོ་མལ་ཡིན། ། ༈ གཅིག་བབས་མ་ལྷས་སྡང་གྲོགས་བྱེད། །སྨན་ཕོར་བདུད་རྩིིས་གང་བའི་མོ། །མ་རྒྱུད་མཁའ་འགྲོ་འཁོར་ཞིང་སྐྱོང་། །བུ་རྟ་ནོར་འཕེལ་ཅི་བསམ་འགྲུབ། ། ༈ གཉིས་བབས་ལྷ་མོའི་ཕྲག་དོག་བྱེད། །མ་ཕྱི་རྒན་རབས་དག་ལ་ངན། །བུ་སྲིང་ཕྱོགས་ནས་གྱོད་ཡོང་ངོ་། །ཁྱད་པར་རྟ་སྦྲུལ་ལོ་པ་རྩུབ། །ཁྱིམ་མཚེས་འདྲེའམ་ལྷོ་ཕྱོགས་ནས། །སྐྱས་དང་བག་སྣ་ཟས་ཀྱིས་གདོན། །བསང་བྱ་ཁྲུས་དང་མོ་འདྲེ་བཀར། །གནམ་སྒོ་བཅད་ཅིང་ཞི་བ་བླུགས། ། ༈ གསུམ་བབས་ལྷ་མོས་སྡོང་གྲོགས་བྱེད། །ཡུལ་ལྷས་གྲོགས་བྱེད་ཅི་བསམ་འགྲུབ། །བུ་སྲིང་ཕྱོགས་ནས་གྲོགས་ཀྱང་འབྱུང་། ། ༈ བཞི་བབས་མོ་རིགས་རྒན་ལ་བཟང་། །ནོར་ལ་སྙིང་སྟོང་འོང་བའི་ངོ་། །འགོང་པོ་བཀར་ཞིང་གཡང་རྟེན་བཙུགས། །ནོར་གཟུངས་བྲི་འདོན་ཅི་མང་བྱ། ། ༈ ཁྱིམ་ས་བར་པ་འདི་དག་ནི། །གཡུ་འབྲུག་ནིའི་སིང་གཡུའི་གདུང་མ། །སྙིང་པོ ་མ་འབྲི་རྒོད་གསུམ་ས། །བུད་མེད་དར་མ་སྨན་ཕོར་དང་། །བཞོན་གྱི་ཟོ ་བ་གང་སྟོང་ས། །འདི་ན་གཅིག་བབས་གྲོགས་ངོ་ཡིན། །གཏམ་སྙན་ཐོས་ཞིང་མགྲོན་པོ་འོང་། ཁྱིམ་བདག་མོ་ལ་ནད་མེད་བདེ། ། ༈ གཉིས་བབས་མོ་སྨན་བདུད་ཀྱིས་ཁྱེར། །ནད་དང་ཁ་མཆུ་རྐུན་མའི་ངོ་། །ནད་པའི་མལ་ས་སྟོང་པའི་ངོ་། །ཁྱིམ་མཚེས་འདྲེས་གནོད་མདོ་འབུམ་འདོན། །རྣམ་རྒྱལ་ནོར་སྒྲུབ་གཡང་སྐྱབས་བྱ། ། ༈ གསུམ་བབས་གཡང་གི་རུ་མ་བསྐྱིལ། །བུད་མེད་ནོར་ཕྱུག་ཀུན་ལ་བཟང་། །ཞོ་ཐོན་ཆང་ཡག་གྲོགས་ཡོང་ངོ་། ། ༈ བཞི་བབས་ཁྱིམ་གཞི་ཚུགས་པ་སྟེ། །ཨི་ཀོང་ཨི་འཕྲད་ཨི་འགྲུབ་ན། །གང་ཡང་ཕྱི་དལ་ཆེ་བའི་ངོ་། ། ༈ ཁྱིམ་ས་ཐ་མ་འདི་དག་ནི། །གཡང་གི་ར་བ་མ་ཆད་དགོས། །ཁྱི་དང་ཕག་དང་བྲན་གཡོག་ས། །བུ་དང་བུ་མོ་གནའ་མའི་ས། །བྱི་ཕག་ལོ་པའི་ལོ་མལ་ཡིན། ། ༈ གཅིག་བབས་ནོར་གྱི་མུ་དག་རྙེད། །རྟ་ནོར་ཕྱུག་གིས་རྭ ་བ་གང་། ། ༈ གཉིས་བབས་སྒོ་ཐེམ་བྱེ་བའི་ངོ་། །ནོར་གཡང་ཉམས་པས་ཤོར་གོད་འབྱུང་། གྱོད་དང་ཁ་མཆུ་འོང་བའི་ངོ་། །གདོན་ཕྱྭ་རབ་ཆད་མོ་འདྲེ་དང་། །མ་རབས་ལག་ནས་ཟས་ཀྱིས་བསྒྲན། །ས་སྒོ་བཅད་ཅིང་ལམ་འཕྲང་བཅོས། །གཡང་སྒྲུབ་ཆུ་སྦྱིན་གོད་མནན་བྱ། ། ། ༈ གསུམ་བབས་གྱུར་ན་ཟས་ནོར་འཕེལ། །ཕྱི་གྲོགས་ནང་དུ་ཚུད་པས་བཟང་། ། ༈ བཞི་བབས་གྲིབ་དང་ཁ་མཆུའི་ངོ་། །ཚུར་འོང་མགྲོན་པོ་ཕྱི་དལ་ཆེ། །ནོར་དང་བུ་མོ་གནའ་མར་བཟང་། ། ༈ ཕྱི་ས་དང་པོ་འདི་དག་ནི། །སྲིན་པོ་སྐྱ་རེངས་ཁྲག་མིག་ས། །དགྲ་རྐུན་རྒྱལ་པོ་མོ་འདྲེའི་ས། །ལུག་ལོ་པ་ཡི་ལོ་མལ་ཡིན། ། ༈ གཅིག་བབས་དགྲ་འདྲེ་ཡོད་ངེས་ལ། །མི་ཆེན་མདུན་ཞུ་ཕོག་ངོ་ཡིན། །བཙན་དང་རྒྱལ་པོའི་བྱད་ཀྱིས་གདོན། །ཞང་པོའི་ཕྱོགས་ནས་ཟས་ཀྱིས་བསྒྲན། །ལུག་ལོ་པ་ཡི་མོ་ལ་བཟང་། །རིམ་གྲོ་བཙན་དང་རྒྱལ་པོ་མཆོད། །གཡག་རུ་དགྲ་ཆོས་གནད་ཐོན་བྱ། །མགྲོན་ཕྱྭ་བན་བོན་མི་ཆེན་དང་། །སྨན་པ་ཡིན་ན་སླེབས་པའི་ངོ་། ། ༈ གཉིས་བབས་དགྲ་འདྲེ་རྡོག་པས་ནོན། །ཤ་ཆང་གཏམ་སྙན་འོང་བའི་ངོ་། །ལུག་ལོ་པ་ལ་ངན་པར་བཤད། །ནད་པ་ཡིན་ན་ལྷོ་ནུབ་ནས། །རྫས་དང་དཔྱད ་ནག་འོང་བས་གདོན། ། ༈ གསུམ་བབས་གྲོགས་ངོ་ཕྱིར་ལ་ཤོར། །ལུག་ལོ་པ་ལ་བཟང་བར་བཤད། ། ༈ བཞི་བབས་དགྲ་འདྲེ་གང་ཡང་མེད། །མགྲོན་པོ་བློ་དོན་ཕྱི་དལ་ཆེ། ། ༈ ཕྱི་ས་བར་པ་འདི་དག་ནི། །ཕ་སྤུན་ཤག་པོ་དགྲ་འབྲིང་ས། །བྱ་སྤྲེལ་ལོ་པའི་ལོ་མལ་ཡིན། ། ༈ གཅིག་བབས་དགྲ་བོ་མྱུར་དུ་ལྡ ངས།་་་་་སྲིན་པོ་ཕག་ཞོན་ས། རང་དང་མཉམ་པའི་དགྲ་ཞིག་འདུག །ཞང་ཉེ་ཚུལ་མཐུན་ཕྱོགས་ཀྱི་གདོན། །ཨི་འོང་འོང་ལ་ཨི་འཕྲད་འཕྲད། ། ༈ གཉིས་བབས་དགྲ་བོ་གྱོད་ཀྱིས་ཟིན། །དགྲ་མེད་བློ་བདེ་གྱིས་དང་ཆོག །བློ་ཕྱྭ་དོན་ཕྱྭའི་མོ་ལ་བཟང་། །ནད་པ་ཉི་མ་ནུབ་ཕྱོགས་ནས། །སྣོད་སྟོང་དཔྱད་ནག་འོང་བས་གདོན། །བྱ་སྤྲེལ་ལོ་པ་ཡིན་ན་གནོད། ། ༈ གསུམ་བབས་དགྲ་སྡང་ནོར་ལ་ངན། །རང་ས་མཐོ་ན་གྲོགས་ངོ་ཡིན། །གདོན་ཕྱྭ་ཉེ་བའམ་ཤག་པོ་ནས། །ཤ་དམར་ཟས་འཁྱགས་དག་གིས་གདོན། །ནད་པ་ཡིན་ན་ངན་པ་སྟེ། །ཉལ་ས་སྤོ་ཞིང་ནོར་ཕྱེད་བཏང་། ། ༈ བཞི་བབས་བློ་དོན་ཚོང་ཕྱི་དལ། །དགྲ་གདོན ་མེད་པས་སྲོག་ཕྱར་བཟང་། ། ༈ ཕྱི་ས་ཐ་མ་འདི་དག་ནི།་་་་ཁྱི་ལོ་སྦ་གསང་ས། །བུ་སྲིང་མག་པ་བྲན་གཡོག་དང་། །དགྲ་བོ་རབ་ཆད་རྐུན་མའི་ས། །ཁྱི་ལོ་པ་ཡི་ལོ་མལ་ཡིན། ། ༈ གཅིག་བབས་ལྷ་འདྲེའི་ཉོ་ཚོང་སྟེ། །དགྲ་དང་རྐུན་མ་འབྱུང་བའི་ངོ་། །མགྲོན་པོ་ཁྱི་ཁྲིད་བརྒྱུད་ནས་གདོན། །གཏོར་ཟློག་དགྲ་མནན་མོ་འདྲེ་བཀར། །ཁྱི་ལོ་པ་ཡི་མོ་ལ་བཟང་། ། ༈ གཉིས་བབས་དགྲ་གྱོད་རྐང་པས་ནོན། །བློ་ཕྱྭ་དོན་ཕྱྭ་གང་ལའང་བཟང་། ། ༈ གསུམ་བབས་དགྲ་རྙིང་ལངས་པ་སྟེ། །མི་ནད་ཕྱུག་ནད་འབྱུང་བའི་ངོ་། ། ༈ བཞི་བབས་དགྲ་གདོན་མེད་པས་བཟང་། །ཨི་འཕྲད་ཟེར་ན་མི་འཕྲད་དེ། །ཨི་འོང་ཟེར་ན་མི་འོང་ངོ་། ། ༈ དེ་ནས་སྦྲགས་ཏེ་དཔྱད་པ་ནི། །སྟོད་ཀྱི་རྡེའུ་འདི་ལྟ་སྟེ། ། ༡༣༢ འདི་འདྲ་རྡེལ་དྲུག་རབ་ཡིན་པས། །དྲུག་བབས་རྡེལ་དྲུག་ཕུག་ཚུད་ཡིན། །གྱོད་དྲུག་རྡོག་པས་ནོན་པ་ཡིན། །ཅི་བཏབ་ཅི་ཡི་མོ་ལ་བཟང་། །རྒན་གྱི་ཉི་མ་འདེ་བ་ཡིན། ། ༣༡༢ འདི་འདྲ་རྡེལ་དྲུག་རབ་ཀྱི་འོག །གསེར་སྦྲུལ་སྒང་སྟེ ང་ཞོན་པ་ཡིན། །ལྷ་གྲོགས་ཕུགས་སུ་ཚུད་པས་བཟང་། ། ༡༢༣ འདི་འདྲ་རྡེལ་དྲུག་གྲོགས་ཤོར་ངོ་། །ཕྱིར་ལ་བོར་སྟོར་ཁྱོད་ཀྱི་བརྒྱབ། །སྦར་དྲུག་བྲོས་དད་ཞེས་པ་ཡིན། །མགྲོན་པོ་ཡིན་ན་བོར་སྟོར་ཤོར། །ལྷ་མ་དགའ་བས་བསང་བརྔན་བྱ། །ཁྱིམ་ཕྱྭ་ཡིན་ན་གཡང་འགུག་བྱ། །ཅི་ལ་བཏབ་ཀྱང་འབྲིང་སྟོད་ཡིན། ༣༢༡ འདི་འདྲ་རྡེལ་དྲུག་འབྲིང་སྟོད་ཡིན། །ས་བདག་གླང་ཞོན་ཐབ་འབུར་ཞེས། །ན་ཚ་ཁ་མཆུ་འོང་དོགས་ཡོད། །ཁྱིམ་པ་ཁ་འགྱོད་དགྲ་བྲུབ་དགོས། ། ༢༡༣ འདི་འདྲ་རྡེ ལ་དྲུག་འབྲིང་ཙམ་ཡིན། །ཤར་རྒྱལ་ར་མགོ་ཞེས་བྱ་སྟེ། །མི་ལ་ཁ་འཁྱར་ཁ་གྱོད་ཀྱི། །ལྷ་མ་དགའ་བས་བསྐང་གསོལ་དང་། །མི་གཙང་ངོ་ཡོད་ཁྲུས་བསང་བྱ། །གྲོགས་ཕྱིར་སོང་བས་གཡང་འགུགས་དགོས། ། ༢༣༡ འདི་འདྲ་རྡེལ་དྲུག་གོ་ལོག་ཡིན། །དྲུག་བབས་སྣ་ཐག་ཕྱིར་ཤོར་ངན། །ཕུག་ལྷ་འཁྲུགས་པས་བསང་མཆོད་བྱ། །དགྲ་ངོ་ཡོད་པས་དགྲ་སྲི་མནན། །ནད་པ་ཡིན་ན་རྒྱལ་པོའི་གདོན། །གུར་དྲག་བསྒྲུབ་ཅིང་རྒྱལ་པོ་ཕུད། །སྐེད་སྨད་བཟང་ན་ཅུང་ཟད་དྲག །ངན་ན་མོ་ངན་མཐར་ཐུག་ཡིན། ། ༡༡༤ འདི་འདྲ་རྡེལ་དྲུག་སྙིང་དགའ་ཡིན། །དྲུག་བབས་གསེར་གྱི་ཆུ་བྲན་འདི། །མིང་ནི་ལྷ་ཁང་ཞེས་བྱ་བ། །ལྷ་ངོ་གངས་བས་དཀར་བ་སྟེ། །མི་ངོ་བཙན་བས་དམར་བ་ཡིན། །ཞང་ཞུང་མི་རྟ་ལྷ་དང་གསུམ། །གཡས་གྲལ་གཅིག་ཏུ་འཛོམ་པ་ཡིན། །ཅི་བཏབ་ཅི་ཡི་མོ་ལ་བཟང་། ། ༤༡༡ འདི་འདྲ་རྡེལ་དྲུག་སྙིང་འགྱོད་ཡིན། །དུར་ཕག་རོ་ཟན་དགྲ་གྱོད་ངོ་། །རང་བས་ཆེ་དང་རྩོད་པ་འབྱུང་། །ཡུལ་ལ་མི་བདེ་སྣ་ཚོགས་དར། །བཟློག་པ་དགྲ་བྲུབ་སྟོབས་ཆེན་དགོས། ཅི་ལ་བཏབ་ཀྱང་ངན་པ་ཡིན། ། ༡༤༡ འདི་འདྲའི་རྡེལ་དྲུག་མྱ་ངན་ཡིན། །རྡེལ་དྲུག་ལ་རྩེ་གོད་མོ་ལེན། །གསེར་བྱིལ་ཀུན་ཅི་འུར་ཟིང་ངོ་། །ཁྱི་དང་སྤྱང་ཀི་གང་རྒོད་དང་། །མདའ་དང་མདུང་གཉིས་གང་སྔ་ཡིན། །ཁ་སྨྲས་འུར་ཟིང་འབྱུང་ངོ་ཡིན། །དགྲ་བྲུབ་དགྲ་མནན་གང་དྲག་བྱ། །གདོན་དུ་རྒྱལ་པོ་གྲི་བོའི་གདོན། །རྒྱལ་མདོས་འབུལ་ཞིང་གྲི་བོ་བཀར། །ནད་པ་མི་སོས་འཆི་ངོ་ཡིན། །ཅི་ལ་བཏབ་ཀྱང་འབྲིང་དུ་བཤད། ། ༢༢༢ འདི་འདྲ་རྡེལ་དྲུག་ངུ་འབོད་ཡིན། །རྒྱུ་གྲོགས ་འདྲེ་ངན་སྔོན་རྒྱུག་ཡིན། །དམར་ངོ་གྱོད་ངོ་མགྱོགས་ངོ་ཡིན། །བཙན་དང་རྒྱལ་པོའི་གདོན་ངོ་ཡིན། །ཁ་སྨྲ་ཁ་འགྱོད་ཁ་ཆར་ངོ་། །སྟོད་ཀྱི་རྡེལ་དྲུག་བཤད་པའོ། ། ༈ ༣༣༤ འདི་འདྲའི་རྡེལ་བཅུ་བབས་པ་ན། །བཅུ་བབས་འདོད་འཇོ་བ་མོ་ཡིན། །མཁའ་འགྲོ་ཕུར་ཐོག་ཞེས་བྱ་བ། །སེང་གེ་གངས་ལ་འགྱིང་བ་ཡིན། །ལྷ་ངོ་དགུང་བས་མཐོ་སྟེ་བཟང་། །རྒན་རྒོན་ནད་པའི་མོ་ལ་འབྲིང་། །ཅི་ལ་བཏབ་ཀྱང་བཟང་བར་བཤད། ། ༤༣༣ འདི་འདྲ་རྡེལ་བཅུ་དུག་སྦྲུལ་ཡིན། །བཅུ་བབས་སྦྲུལ་མགོ་ཕྱིར་བསྟན་ཡིན། །གྲོགས་ཅུང་ཕྱིར་ནོར་ནམ་ཕུག་རང་། །ཀླུ་རྒྱལ་གཙུག་གི་ནོར་བུ་དེ། །བྱ་རྒྱལ་ཁྱུང་གིས་འཕྲོག་པ་ཡིན། །དེ་སྔ་ཕྱུག་ཀྱང་ད་དབུལ་ངོ་། །ཅི་ལ་བཏབ་ཀྱང་འབྲིང་དུ་བཤད། ། ༣༤༣ འདི་འདྲ་རྡེལ་བཅུ་ཁྱུང་ལྡིང་ཡིན། །བཅུ་བབས་ཐང་དཀར་གཤོག་བརྒྱངས་ཡིན། །འཕགས་པ་འཇམ་དཔལ་བླ་མོ་ཡིན། །ཨེ་འོང་ཟེར་ན་བྱ་བས་མགྱོགས། །ཨི་ཐུབ་ཟེར་ན་གང་ཡང་ཐུབ། །གསེར་གྱི་མཆོད་རྟེན་སེར་པོ་ལ། །དུང་གི་བྱ་རུ་བཙུགས་པ་ཡིན། །ཁྱད་པར་སྲིད་ཕྱྭ་དག་ལ་བཟང་། ། ༤༤༢ འདི་འདྲ་རྡེལ་བཅུ་དབལ་ཕུར་ཡིན། །བཅུ་བབས་ཟོར་ཁ་ཕྱིར་བསྟན་དེས། །དགེ་བསྙེན་རྡོར་ལེགས་བླ་མོ་ཡིན། །བན་བོན་མཐུ་བྱེད་མོ་ལ་བཟང་། །སྐྱེས་པ་དམག་ལ་ཆས་ན་བཟང་། །ནད་པ་ཡིན་ན་དབང་ཆེན་འདོན། ། ༢༤༤ འདི་འདྲ་རྡེལ་བཅུ་ཁ་ནག་ཡིན། །བཅུ་བབས་ཟོར་ཁ་ནང་བསྟན་དེས། །སློབ་དཔོན་དམ་ལོག་སློབ་དཔོན་ངན། །སྐྱོབས་པའི་མགོན་དང་བྲལ་བ་ཡིན། །ཚོགས་དང་བསྐང་བ་གང་མང་བྱ། །ལྷ་བསང་མནོལ་བསང་གྲིབ་ཁྲུས་བྱ། །མགྲོན་པོ་དུས་ལ་མི་སླེབས་ཏེ། །ཅི་ལ་བཏབ་ཀྱང་ངན་པ་ཡིན། ། ༤༢༤ འདི་འདྲའི་རྡེལ་བཅུ་སྐེད་ཉག་ཡིན། །བཅུ ་བབས་གྲོག་མ་རྐེད་ཉག་ཡིན། །དམ་སྲི་ཕག་ཞོན་བྱ་བ་ཡིན། །དམག་ཇག་འགྲོ་ན་རྨས་ངོ་ཡོད། །གྲི་ཁ་མཚོན་བསྒྱུར་དགྲ་ལྷ་བསྟོད། །གྲིབ་དང་མནོལ་བརྩོག་མྱ་ངན་ངོ་། །རྣམ་འཇོམས་གཟུངས་ཁྲུས་མནོལ་བསང་བྱ། །དོན་ཕྱྭ་མི་འགྲུབ་བསྒྲུབ་དགོས་ན། །ཁྱིམ་ལྷ་མཆོད་ཅིང་འཕྲག་ལྷ་བསྟོད། །འདི་ཡན་སྟོད་ཀྱི་རྡེ ལ་བཅུའོ། ། ༈ ད་ནི་བར་ཐའི་རྡེལ་བརྒྱད་བཤད། ། ༣༣༢ འདི་འདྲའི་རྡེལ་བརྒྱད་བབས་གྱུར་ན། །བརྒྱད་བབས་གསེར་གྱི་ས་གཞི་བཟང་། །གྲོགས་ཁ་ནང་དུ་ཚུད་པས་བཟང་། །བར་དང་ཐ་མ་གར་བབས་ཀྱང་། གྲོགས་ཕྱྭ་དོན་ཕྱྭ་ཅི་ལའང་བཟང་། ། ༢༣༣ འདི་འདྲ་རྡེལ་བརྒྱད་གྲོགས་ཕྱིར་བསྟན། །བརྒྱད་བབས་གཡང་སྒྲོ་ཁ་འབྱེད་བྱ། །དགྲ་མནན་གཡང་སྐྱབས་འཕགས་པ་འདོན། །བར་དུ་བབས་ན་འགོང་པོའི་ངོ་། །སྐྱེས་པ་དར་མ་ནད་ཀྱིས་ཟིན། །འགོང་བཀར་ཚེ་སྒྲུབ་འཆི་བསླུ་བྱ། །སྤར་ཁའི་གཏོ་དང་ལམ་འཕྲང་བཅོས། །བློ་ཕྱྭ་དོན་ཕྱྭ་ཀུན་ལ་ངན། །སྙིང་ནོར་དགྲ་ལ་ཤོར་དོགས་ཡོད། །སྨད་ལ་བབས་ཚེ་གྲོགས་ཤོར་ངོ་། །ཀླུ་དང་འགྲས་པས་ཀླུ་བཅོས་བྱ། ། ༣༢༣ འདི་འདྲའི་རྡེལ་བརྒྱད་གྲོགས་ཕྱིར་བགོས། །བརྒྱད་བབས་གྲོགས་ཁ་ཕྱེད་བགོས་ངོ་། །བར་བབས་ཁྱིམ་བདག་ན་བའི་ངོ་། །ཚེ་སྒྲུབ་ཚེ་དབང་གང་མང་ཞུ། །སྙིང་དང་འདྲ ་བའི་མགོ་གཡོག་འབྱུང་། །སྨད་ལ་བབས་ན་ཆུང་གསུམ་དང་། །རྨིག་པ་ཁ་དབྲག་ཅན་ལ་ངན། །ཚེ་གཟུངས་རྣམ་འཇོམས་འདོན་ན་བཟང་། ། ༤༣༡ འདི་འདྲ་རྡེལ་བརྒྱད་གྲོགས་ཐུར་གྱུ། །བརྒྱད་བབས་བག་མ་མདའ་འཛིན་འདི། །མ་བུ་མི་འབྲལ་བུ་ནོར་འཛོམས། །སྨད་བབས་གྲོགས་ཁ་ཕྱིར་ལེན་ཡིན། །བརྒྱད་བབས་གཞི་འཛིན་ནད་ངན་ངོ་། །ཕྱུག་པོ་གོད་སྟོང་རིམ་གྲོའི་ངོ་། །བར་དང་ཐ་མ་གར་བབས་ཀྱང་། །དགྲ་ཕྱྭ་གྲོགས་ཕྱྭ་ཀུན་ལ་ངན། །སྙིང་དང་འདྲ་བའི་མི་ཡིས་བསླུ། །དགྲ་བྲུབས་གཡང་སྐྱབས་འཕགས་པ་འདོན། ། ༡༣༤ འདི་འདྲའི་རྡེལ་བརྒྱད་གཡང་ཁུག་ ཡིན། །བརྒྱད་བབས་རིན་ཆེན་བུམ་བཟང་ཡིན། །མི་ནོར་ཆོས་གསུམ་འཕེལ་ངོ་ཡིན། །དོན་ཕྱ་གཞི་ཆེ་ཁྱིམ་ལྷ་དར། །བར་དུ་བབས་ན་སྐྱེས་པ་དང་། །བྱིས་པ་ཁྱིམ་བདག་མོ་ལ་བཟང་། །སྨད་དུ་བབས་ན་ནོར་ཕྱུག་འཕེལ། ། ༣༤༡ འདི་འདྲའི་རྡེལ་བརྒྱད་གྲོགས་ནང་བསྟན། །བརྒྱད་བབས་སྐྱ ་མི་མདུང་བཟུང་ཡིན། །དགྲ་རྐུན་གོད་ཁ་གཡོ་སྒྱུ་འབྱུང་། །དགྲ་བྲུབས་ནོར་ལྷ་གསོལ་ཀ་འདོན། །བར་དུ་བབས་ན་སྐྱེས་པ་དང་། །ཁྱིམ་འཛིན་མོ་ཡི་ངོ་སོ་མཐོ། །ཐ་མར་བབས་ན་མདོ་བ་རྟ། །བུ་རྟ་ཆུང་རིགས་མོ་ལ་བཟང་། །༡༤༣ འདི་འདྲའི་རྡེལ་བརྒྱད་གྲོགས་ལེན་ཡིན། །བརྒྱད་བབས་གཡང་སྒྲོ་ཁ་ལུད་འདི། །ཅི་བཏབ་ཅི་ཡི་མོ་ལ་བཟང་། །ཕྱི་གྲོགས་ནང་དུ་ཚུད་པས་བཟང་། །ཨི་འོང་ཟེར་ན་འོང་བའི་ངོ་། །བློ་ཕྱྭ་དོན་ཕྱྭ་ཀུན་ལ་བཟང་། །བར་དུ་བབས་ན་འདྲ་སྟེ་དགེ། །༤༢༢ འདི་འདྲ་རྡེལ་བརྒྱད་གྲོགས་ནང་གྱུ། །བརྒྱད་བབས་གྲོགས་ཁ་ཕྱིར་བསྟན་ཡིན། །དགྲ་གྱོད་རྡོག་པའི་འོག་ཏུ་ནོན། །ཐ་མར་བབས་ན་ནོར་ཕྱུག་དང་། །སྤུ་རྟགས་ཡོད་པ་ཕྱི་ལ་ཤོར། །དོན་ཕྱྭ་སྐྱོན་མེད་འགྲུབ་པའོ། ། ༣༡༤ འདི་འདྲ་སྐེད་ཀྱི་རྡེལ་བརྒྱད་ནི། །བརྒྱད་བབས་དཔལ་གྱི་བེའུ་འདི། སྐྱོན་མེད་གཞི་ཆེ་ཟ་མོ་བཟང་། །གྲོགས་རི་གཡས་སུ་སྤུངས་པས་བཟང་། །༡༣༤ །འདི་འདྲ་སྨད་དུ་བབས་ན་ནི། །གྲོགས་ཁ་ནང་དུ་ཚུད་དེ་བཟང་། །༤༡༣ འདི་འདྲའི་རྡེལ་བརྒྱད་གྲོགས་ངོ་བཟང་། །བརྒྱད་བབས་གྲོགས་རི་གཡས་སྤུངས་བཟང་། །སྐྱེས་པ་བྱེས་སུ་ཚུད་དམ་ཚུད། །ཨི་འོང་ཟེར་ན་འོང་བའི་ངོ་། །ནད་པའི་ངོ་ལ་ཐབ་གཞོབ་གདོན། །དེ་ལ་ཐབ་སེལ་གདོན་གཏོ་བཅའ། །སྐེད་སྨད་གཉིས་ཀ་གར་བབས་ཀྱང་། །སྟོད་སྨད་བཟང་ན་ཅུང་ཟད་དྲག། །ངན་ན་མོ་ངན་ཀུན་གྱི་མཐའ། །གསུང་རབ་མང་ཀློག་བསྐང་ཟློག་བྱ། །ཐ་མར་བབས་ན་ཀླུ་ཁྲོས་པས། །མཁལ་སྐེད་མན་ཆད་ན་ངོ་ཡིན། །རྣམ་དག་སྟོང་འབུམ་ཀླུ་འབུམ་འདོན། ། ༢༤༢ འདི་འདྲ་རྡེལ་བརྒྱད་གྱོད་ཀྱི་ངོ་། །བརྒྱད་བབས་ཤ་ཕོ་ད་ཁལ་འདི། །ར་བག་བཅག་ནལ་ཐ་མ་བརྒྱད། །སྐེད་སྨད་གང་དུ་བབས་ཀྱང་ངན། །ཁ་མཆུ་གཏམ་ཚག་འབྱུང་ངོ་སྟེ། །མདོ་དང་ཁ་མཆུ་ནག་པོ་འདོན། །དགྲ་མནན་གྱོད་མནན་གནད་འགྲོ་གྱིས། ། ༢༢༤ འདི་འདྲའི་རྡེལ་བརྒྱད་གྲོགས་ཕྱིར་ཤོར། །བརྒྱད་བབས་གྱོད་ཁ་ནང་བསྟན་ཡིན། །རང་དོན་ཕྱིར་ཤོར་སྐྲག་དངངས་ངོ་། །སྨད་བབས་ཀླུ་བཅོས་མི་ཁ་བྲུབ། །ཆུ་གཏོར་ཀླུ་འབུམ་སྤང་སྐོང་འདོན། །སྐེད་བཟང་དེ་ཡིས་ཕན་པ་ཡིན། །བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ། །སྐེད་སྨད་གཉིས་ཀྱི་བརྒྱད་བབས་རྫོགས། ། ༈ ༢༡༡ འདི་འདྲའི་རྡེལ་བཞི་གོ་ལོག་ཡིན། བཞི་དེ་མི་ངོ་ཕྱིར་བསྟན་ཡིན། །སྐེད་བབས་ལ་བརྒལ་ལུང་བརྒལ་ངོ་། །སྨད་བབས་སྣ་ཐག་ཕྱིར་གྱུ་ངན། །བུད་མེད་འཕང་གྲལ་བུ་མོ་བཞི། །སྐྱེས་པ་དར་མའི་མོ་ལ་ངན་། །བྱེས་སུ་སོང་ན་ཕྱིར་མི་སླེབས། །སྨད་དུ་བབས་ན་ནོར་ལ་ངན། །མོ་འདྲེའི་གནོད་པས་རྫ་མདོས་བྱ། །ཤེར་སྙིང་བཟློག་པ་གཟུངས་འདུས་འདོན། ། ༡༡༢ འདི་འདྲའི་རྡེལ་བཞི་གྲོགས་ལམ་ཡིན། །བྱེས་སུ་འགྲོ་དང་སྲིད་ཕྱྭ་སོགས། །ཅི་བཏབ་ཅི་ཡི་མོ་ལ་བཟང་། །རྩི་རི་ལམ་ངོ་ནང་བསྟན་ཡིན། །རལ་གྲིས་དགྲ་མགོ་བཤག་པས་བཟང་། །དོན་གྲུབ་མྱུར་དུ་སླེབས་པའི་ངོ་། །ཕྱུག་སྒོ་ནང་དུ་ཚུད་པས་བཟང་། །བར་མཐའ་གང་དུ་བབས་ཀྱང་བཟང་། །ཁྱད་པར་རྐུན་མའི་དོགས་པ་མེད། །༡༢༡ འདི་འདྲའི་རྡེལ་བཞི་ཁ་འཐམ་ཡིན། །རྩི་རི་ནག་པོ་ཁ་འཐམ་ཡིན། །ལྷ་འདྲེ་མི་གསུམ་ཤག་ཁ་རྩོད། །སེར་ཆག་མོ་རིགས་ཕྱོགས་ནས་ཀྱི། །ཁ་སྨྲ་གཏམ་གླེང་འོང་བའི ་ངོ་། །གྲོགས་ཕྱྭ་འགས་ནས་གྲོགས་མི་རྙེད། །མདོས་བཟློག་དགྲ་ལྷ་གསོལ་བར་བྱ། །དེ་དག་སྨད་དུ་བབས་གྱུར་ན། །ཐབ་དང་གཞོབ་ཀྱིས་ལུང་པ་གང་། །གཏམ་ངན་གོད་ཁ་གཉིས་ཀ་འབྱུང་། །སྨེ་བརྩེགས་དབང་དང་བསང་དཀར་ནག །གོད་མནན་དགྲ་མནན་གང་དྲག་བྱ། ། ༈ ༤༤༤ འདི་འདྲ་བཞི་གསུམ་བཅུ་གཉིས་ནི། །བར་དུ་བབས་ན་གསེར་སྐེད་ཡིན། །ཡར་གྱི་གནམ་སྒོ་མ་བྱེ་ཞིང་། །མར་གྱི་ས་སྒོ་མ་བྱེ་བས། །དགྲ་མགོ་རེ་བས་གཏུམ་པ་ཡིན། །ནད་པ་ཡིན་ན་ཤི་བའི་ངོ་། །༤༤༤ སྨད་དུ་འདི་འདྲ་བབས་གྱུར་ན། །གཡུའི་དོ་ཤལ་ཡིན་ཏེ་བཟང་། །སྒོ་གསུམ་ལྕགས་ཀྱི་འདེན་བུ་ཅན། །གོད་ཁ་མེད་ཅིང་ནོར་ཕྱུག་འཕེལ། །ཕར་འགྲོ་མི་འཛོམ་ཤུལ་སྡོད་ཡིན། །ཚུར་འོང་མགྲོན་པོ་ད་ལྟ་སླེབས། །ད་ལྟ་སླེབས་པ་མ་བྱུང་ན། །ཞག་བཞི་ཚུན་ལ་སླེབས་ངོ་མེད། །ནད་པ་ཡིན་ན་ངན་འདུག་པས། །སྨན་དང་རིམ་གྲོ་སྟོབས་ཆེན་བྱ། །ནད་པ་གཤིན་ཆུའི་འགྲམ་ནས་ལོག །མོ་འདྲེའི་གནོད་པས་མོ་འདྲེ་བཀར། །རྟ་སྔོན་ཅན་དང་ཁ་ཆར་ངོ་། །གཞན་དག་གང་ལ་བཏབ་ཀྱང་བཟང་། །དེ་རྣམས་སྟོད་སྨད་བར་གསུམ་གྱི། །བབས་ལུགས་འབྲས་བཤད་བསྟན་པའོ། ། ༈ དེ་ནས་ཟུར་འགྲིག་བཟང་ངན་བཤད། ། ༡༡༡ འདི་ལྟར་གཡས་ནས་གཡོན་ཐུར་གསེག། །མཆན། འདི་འདྲ་གཅིག་བབས་འགྲིག་གྱུར་ན། །ཕྱི་གྲོགས་ནང་དུ་ཚུད་པས་བཟང་། །ཁྱད་པར་བུད་མེད་དར་མར་བཟང་། ༈ ༢༢༢ འདི་ལྟར་གཡས་ནས་གཡོན་ཐུར་གསེག། །མཆན། འདི་འདྲ་གཉིས་འགྲིག་བབས་གྱུར་ན། །མི་བླ་གཤིན་རྗེའི་ལག་ཏུ་ཚུད། །ཕར་རྒོ ལ་མོ་ལ་བཟང་བ་སྟེ། །བྱ་ཁྱུང་དཀར་པོའི་ཚང་ནང་དུ། །དུག་སྦྲུལ་མགོ་དགུ་ཚུད་པ་ཡིན། །འོན་ཀྱང་བསང་བརྔན་བརྣོལ་བསངས་དང་། །བྱིས་པ་ཉེར་ལྔར་སྟོན་མོ་བྱ། ། ༈ ༣༣༣ འདི་ལྟར་གཡས་ནས་གཡོན་ཐུར་གསེག། །མཆན། འདི་འདྲ་གསུམ་འགྲིག་རབ་ཏུ་བཟང་། །བདུད་ཀྱི་གཡུལ་ངོ་བཟློག་པ་ཡིན། །བུ་ཚ་བུ་མོའི་མོ་ལ་བཟང་། །ནད་པ་ཡིན་ན་རྩུབ་འདུག་པས། །འབུམ་དང་བརྒྱད་སྟོང་ཚར་གྲངས་ཀློག ། ༤༤༤ འདི་ལྟར་གཡས་ནས་གཡོན་ཐུར་གསེག། །མཆན། བཞི་བཞི་དག་ཏུ་འགྲིག་གྱུར་ན། །མི་ཡི་བླ་སྲོག་བོར་བ་དེ། །བདུད་ཀྱི་ལག་ནས་ལོན་ཏེ་བཟང་། །ནད་པ་ཡོད་ན་ངན་པའི་ངོ་། །ཚོགས་དང་བསྐང་བཤགས་གཟུངས་འདུས་འདོན། །འབྱུང་བཞིའི་གཏོར་མ་ལོ་གྲངས་བྱ། ། ༡༡༡ འདི་ལྟར་གཡོན་ནས་གཡས་ཐུར་གསེག། །མཆན། འདི་འདྲ་ཚུར་ལ་གཅིག་འགྲིག་ན། །ཅི་བཏབ་ཅི་ཡི་མོ་ལ་ངན། །ཁམས་ཆེན་ཚེ་མདོ་ལོ་གྲངས་འདོན། ། ༢༢༢ འདི་ལྟར་གཡོན་ནས་གཡས་ཐུར་གསེག། །མཆན། གཉིས་གཉིས་འགྲིག་ན་གཏོ་མི་དགོས། །བརྒྱ་བྱིན་འབར་བའི་ཕྱག་མཚན་གྱིས། །ལྷ་མིན་གཡུལ་ངོ་བཟློག་པ་ཡིན། །དགྲ་འདྲེའི་འདུ་ཚོགས་ཞིག་སྟེ་བཟང་། །བུ་རྟ་བྱེས་འགྲོའི་མོ་ལ་ངན། །རྟ་ཤི་སྒ་ཆག་འོང་ངོ་ཡིན། །བུ་མོའི་མོ་ལ་ངན་པ་སྟེ། །བུ་མོ་རང་གི་འཕང་གིས་བསད། །ཆུ་གསུམ་མོ་ལ་རབ་ངན་ཏེ། །ཁམས་ཡུམ་ཁ་སྤྲོད་ལོ་གྲངས་དང་། །ཚེ་སྒྲུབ་ཆུ་གཏོར་གསང་འབུམ་བྱ། ། ༣༣༣ འདི་ལྟར་གཡོན་ནས་གཡས་ཐུར་གསེག། །མཆན། གསུམ་གསུམ་འགྲིག་ནི་བབས་གྱུར་ན། །རབ་ཏུ་བྱུང་དང་དགེ་སྒོར་ཞུགས། །འཁོར་བ་སྤང་བའི་མོ་ལ་བཟང་། །དེ་མིན་ཁྱིམ་བཟུང་དགྲ་འདུལ་སོགས། །འཇིག་རྟེན་བྱ་བ་བསྒྲུབ་ན་ངན། །༤༤༤ འདི་ལྟར་གཡོན་ནས་གཡས་ཐུར་གསེག། །མཆན། བཞི་བཞི་དག་ཏུ་འགྲིགས་གྱུར་ན། །མགོ་ཆག་མོ་ལ་ཤིན་ཏུ་ངན། །འབུམ་དང་ཚེ་ཆོག་འཆི་བསླུ་དང་། །ཚྭ་ཚྭ་ཆུ་གཏོར་འབུམ་ཐེར་བྱ། ། ༡༡༡ འདི་ལྟར་གཡས་གསུམ་བརྩེགས་པ་ན། །མཆན། ལྷ་ས་གསུམ་དུ་གཅིག་འགྲིགས་ན། །ལྷ་ཡི་རྫི་འུ་ཡིན་པས་བཟང་། །མགྲོན་པོ་འོང་ལ་ནད་པ་སོས། །༢༢༢་་་་་་བྱ་རལ་ཡིན། འདི་ལྟར་གཡས་གསུམ་བརྩེགས་པ་ན། །མཆན། ལྷ་ས་གསུམ་དུ་གཉིས་བརྩེགས་ན། །གསེར་གྱི་ཀ་བ་ཆག་པ་ཡིན། །སློབ་དཔོན་ཕ་ཁུ་རྒན་ལ་ངན། ། ཕ་ཚོའི་མི་ཡིས་དགྲ་ཤོམས་བྱེད། །འཁྲུགས་པ་དམེ་ངོ་ལང་ངོ་ཡིན། །རོ་ཁུར་དཔུང་པ་བརྗེས་ངོ་ཡིན། །ཕྱི་ས་དམའ་ན་སྐྱོན་ཆེན་མེད། །སྐྱབས་གསོལ་ཚེ་ཐར་དར་ལྕོགས་བྱ།། ༣༣༣ འདི་ལྟར་གཡས་གསུམ་བརྩེགས་པ་ན། །མཆན། ལྷ་ས་གསུམ་དུ་གསུམ་བརྩེགས་ན། །ལྷ་གྲོགས་ཕུགས་སུ་ཚུད་པས་བཟང་། །དབུལ་པོ་ཕྱུག་པོ ར་འགྲོ་བའི་ངོ་། །ཡུལ་མཁར་འཛིན་པའི་མོ་ལ་བཟང་། ། ༤༤༤ འདི་ལྟར་གཡས་གསུམ་བརྩེགས་པ་ན། །མཆན། ལྷ་ས་གསུམ་དུ་བཞི་བརྩེགས་ན། །སྔར་ཡོད་མི་ནོར་ཀུན་ལ་བཟང་། །བཙན་པའི་མཁར་ལ་ཁྲ་ཚང་བཅའ། །ཕ་ཚན་མང་པོ་འཕེལ་ངོ་ཡིན། །སྒྲུབ་བྱ་གང་ཡིན་ཕྱི་དལ་ཆེ།། ༡༡༡ འདི་ལྟར་དབུས་གསུམ་བརྩེགས་པ་ན། །མཆན། ཁྱིམ་ས་གསུམ་དུ་གཅིག་བརྩེགས་ན། །སྐྲག་དངངས་འུར་ཟིང་དགྲ་ངོ་ཆེ། །ར་མདའ་རིང་རྒྱུག་བྱེད་ངོ་ཡིན། །དགྲ་བྲུབ་དགྲ་མནན་མི་ཁ་བཀར། །ལྷ་ས་བཟང་ན་ཅུང་ཟད་གྲགས། །ཕྱི་ས་དར་ན་ཤིན་ཏུ་ངན། ། ༢༢༢ འདི་ལྟར་དབུས་གསུམ་བརྩེགས་པ་ན། །མཆན། ཁྱིམ་ས་གསུམ་དུ་གཉིས་བརྩེགས་ན། །གཡུའི་གདུང་མ་ཆག་པ་ཡིན། །བུད་མེད་དར་མའི་མོ་ལ་ངན། ། ༣༣༣ འདི་ལྟར་དབུས་གསུམ་བརྩེགས་པ་ན། །མཆན། ཁྱིམ་ས་གསུམ་དུ་གསུམ་བརྩེགས་ན། །བུ་ཚ་འཕེལ་ཞིང་ཟས་ནོར་རྙེད། །མི་སྲོག་ལྷ་ཡིས་བཟུང་བ་ཡིན། །ནད་པ་ཞིག་གི་མོ་ལ་ངན། །མ་ཤོང་སྲུབ་ནས་རལ་ངོ་ཡིན། ། ༤༤༤ འདི་ལྟར་དབུས་གསུམ་བརྩེགས་པ་ན། །མཆན། ཁྱིམ་ས་གསུམ་དུ་བཞི་བརྩེགས་ན། །ཡུལ་མཁར་བཟུང་བའི་མོ་ལ་བཟང་། །མགྲོན་པོ་མི་འོང་ཕྱི་དལ་ཆེ། ། ༈ ༡༡༡ འདི་ལྟར་གཡོན་གསུམ་བརྩེགས་པ་ན། །མཆན། ཕྱི་ས་གསུམ་དུ་གཅིག་བརྩེགས་ན། །དགྲ་ངོ་དུར་ངོ་གདོན་གྱི་ངོ་། །ཡུལ་དང་ཁྱིམ་མཚེས་རྐུན་ངོ་འབྱུང་། །སྲུང་བ་དྲག་པོ་ཅི་ཐུབ་བྱ། ། ༢༢༢ འདི་ལྟར་གཡོན་གསུམ་བརྩེགས་པ་ན། །མཆན། ཕྱི་ས་གསུམ་དུ་གཉིས་བརྩེགས་ན། །དགྲ་གྱོད་མེད་པས་ཤིན་ཏུ་བཟང་། །ཁྱད་པར་ཕར་རྒོལ་མོ་ལ་བཟང་། ། ༣༣༣ འདི་ལྟར་གཡོན་གསུམ་བརྩེགས་པ་ན། །མཆན། ཕྱི་ས་གསུམ་དུ་གསུམ་བརྩེགས་ན། །ཅི་ལ་བཏབ་ཀྱང་ངན་པ་སྟེ། །ནད་དང་ཡམས་ཀྱིས་ཕོག་ངོ་ཡིན། །གཡང་རྣམས་བུ་སྲིང་ཕྱོགས་སུ་སོང་། །ཀླུ་དང་ས་བདག་རྗེས་ན་གདོན། །བསང་དང་གཡང་སྐྱབས་ཚེ་འགུགས་བྱ། །ཀླུ་འབུམ་འདོན་ཅིང་མང་ཇ་འགྱེད། ། ༤༤༤ འདི་ལྟར་གཡོན་གསུམ་བརྩེགས་པ་ན། །མཆན། ཕྱི་ས་གསུམ་དུ་བཞི་བརྩེགས་ན། །ཚང་ཕྱྭ་མགྲོན་ཕྱྭ་ཕྱི་དལ་ཆེ། །ལ་ཆེན་གཅིག་གི་ཕར་རྒྱབ་ན། །དགྲ་ཇག་གདིང་ཆེན་འབྱུང་ངོ་ཡིན། །བྱ་ར་སོ་བ་གཟབ་པར་གྱིས། ཤི་ངོ་ན་ངོ་ནད་གཞི་ཆེ། །རིམ་གྲོ་ཆེ་ན་འགྱུར་ཡང་སྲིད། ། ༈ ༢༢༢ ༢༤༢ ༢༤༢ ཐོག་བར་མཐའ་གསུམ་འདི་ལྟར་བབས། མཆན། འདི་ལ་གླིང་བཞི་ཁྱོ་ཤུག་ཟེར། །ཡུལ་མཁར་དགྲ་ལ་ཤོར་དོགས་ཡོད། །ཡང་ན་ཆུ་ཡིས་ཁྱེར་བའི་ངོ་། །སྐྱེས་པ་དར་མའི་ངོ་ལ་ངན། །འབུམ་དང་སྐལ་བཟང་བྲི་འདོན་བྱ། ། ༤༤༢ ༤༤༤ ༤༤༤ ཐོག་བར་མཐའ་གསུམ་འདི་ལྟར་བབས། མཆན། འདི་ནི་བརྒྱ་བྱིན་དཀར་པོ་སྟེ། །ཕ་མའི་རིང་ལ་མནའ་ཟོས་ཀྱི། །ཡང་ན་དུར་ཞིག་ཉེས་སོང་བས། །གཏོར་མ་སྣང་བརྒྱད་འཁྲུག་བཅོས་བྱ། །བརྒྱ་བྱིན་དཀར་ནག་ཁྲ་གསུམ་འདི། །དགྲ་གདོན་བྱིང་ཆེན་ངོ་ཡིན་པས། །གསོན་པོ་གཤིན་རྗེའི་ལག་ཏུ་ཚུད། །དགྲ་ཕུང་ཟིན་བརླག་འོང་བའི་ངོ་། །ན་ཚ་དྲག་པོ་མེད་ཀྱང་འོང་། །རིམ་གྲོ་དྲག་པོ་མྱུར་དུ་འབད། །ཚྭ་ཚྭ་ཆུ་གཏོར་ཉ་དྲུག་སྦྱིན། །བ སྐལ ་པ་ཆག་འཇིག་འོང་དུས་བབས། ། ༡༤༡ ༡༢༡ ༡༢༡ ཐོག་བར་མཐའ་གསུམ་འདི་ལྟར་བབས། མཆན། འདི་ལ་དཔའ་བོ་གྲི་ཐོག་ཟེར། །ཁྱི་རྒོད་སྤྱང་རྒོད་གཡག་རྒོད་གསུམ། །ལ་ཁ་གཅིག་ལ་འཛིངས་ངོ་ཡིན། །དགྲ་ཕྱྭ་དག་ལ་དགྲ་ཡོད་དོ། །རྒྱལ་ཁ་རང་གི་ཐོབ་ངོ་ཡིན། །ནད་པའི་མོ་ལ་སོས་དཀའ་བས། །ཟས་ནོར་ཅི་ཡང་སྤང་དག་བྱ། ། ༤༤༢ ༤༣༡ ༣༣༢ ཐོག་བར་མཐའ་གསུམ་འདི་ལྟར་བབས། མཆན། འདི་ནི་དགེ་བསྙེན་རྭ་ཞོན་ཟེར། །ནད་པའི་མོ་ལ་ནད་གཞི་ཆེ། །མགྲོན་ཕྱྭ་མཁོན་འཛིང་རྐུན་མའི་ངོ། །བོན་པོ་བན་དེ་སྐྱེས་པ་དང་། །བུད་མེད་དར་མའི་མོ་ལ་བཟང་། །དགྲ་ཕྱྭ་དགེ་བསྙེན་མཆོད་ན་རྒྱལ། །ལིང་ཚེ་དགུ་རུ་ཡོད་པ་ལ། །རེ་རེ་བབས་ན་བཟང་ཡུན་རིང་། །གཉིས་གཉིས་བབས་ན་ཤུལ་སྡོད་ངོ་། །གསུམ་གསུམ་བབས་ན་བཟང་ཆེ་བས། །ཟས་ནོར་ཕྱེད་ཀྱིས་དཀར་ཆོས་བྱ། །མ་བྱས་དགྲ་ལ་ཤོར་དོགས་ཡོད། །བཞི་བཞི་བབས་ན་ཡུལ་མཁར་ཟིན། ༈ ད་ནི་གྲོགས་ཕྱྭའི་མོ་དོན་ལ། །ཕྱི་ས་ལྷ་ས་བར་མ་དཔྱད། །ཕྱི་ས་གསུམ་དང་གཅིག་བྱུང་ན། །དོན་ཕྱྭ་དག་ལ་བཟང་བ་ཤེས། །གཉིས་བབས་ཁ་འགྱོད་དོན་མི་འགྲུབ། །གསུམ་བཞི་གྲོགས་ཆེ་ཕྱི་དལ་ཡོད། ༈ ཨི་འོང་མི་འོང་དག་ལ་ནི། །སྒོ་ཐེམ་སེར༢་བ་བབས་པ་དང་། །ལྷ་ལ་ཕྱི་ས་ཐ་མ་གཉིས། །བློན་༡པོའི་ནོན་ན་འོང་ངོ་ཡིན། །དེ་ཡི་གནས་སུ་གསུམ་བཞི་བབས། །མགྱོགས་པར་མི་འོང་ཁ་སྨྲས་སོ། །སྒོ་ཐེམ་གསུམ་དང་གཅིག་བབས་ན། །དོན་ཕྱྭ་ཚོང་ཕྱྭ་དག་ལ་བཟང་། །སེར་བ༢་བབས་ན་ཚོང་ཕྱྭ་དང་། །དོན་ཕྱྭ་དག་ལ་ངན་པའོ། །བོར་བ་རྙེད་དང་མི་རྙེད་ནི། །ལྷ་ས་ཕྱི་ས་ཐ་མ་དང་། །ཕྱི་ས་བར་མ་གསུམ་ལ་དཔྱད། །དེ་གསུམ་གནས་སུ་གཅིག་གསུམ་བབས། །སྟོར་བ་རྙེད་ལ་བདས་པ་ཟིན། །ཐ་མ་གསུམ་དང་གཅིག་བབས་ན། །བོར་བའི་ནོར་རྫས་རྙེད་ངོ་ཡིན། །གཉིས་བཞི་བབས་ན་རྙེད་མི་འགྱུར། ༈ ཕྱི་ས་གསུམ་དུ་གཅིག་རེ་བབས། །གདོན་དང་མགྲོན་པོ་དགྲ་སྤྱང་ངོ་། །སྟོར་བ་རྙེད་པའི་མོ་ལ་བཟང་། །དེ་ལ་རྒྱལ༣་པོ་བབས་པའི་རྩིས། །རང་ས་ཁྱིམ་ས་བཟང་གྱུར་ན། །ཟས་ནོར་གྲོགས་གཡང་ནང་དུ་ཚུད། །སེར་༢བ་བབས་ན་ཉེ་བར་ངན། །དགྲ་ཕྱྭ་གྲོགས་ཕྱྭ་གཉིས་ལ་བཟང་། །ཁྱད་པར་རྐུན་མའི་དོགས ་པ་མེད། །དེའི་གནས་སུ་ས་གཞི་བབས། །མི་འཕྲད་མི་འོང་མི་རྙེད་དོ། །ཕར་འགྲོ་མི་འཛོམ་ཤུལ་སྡོད་ཡིན། །གཅིག་བབས་ཐམས་ཅད་བློན་པོ་ཡིན། །གཉིས་བབས་ཐམས་ཅད་སེར་བ་ཡིན། །གསུམ་བབས་ཐམས་ཅད་རྒྱལ་པོ་ཡིན། །ནད་པ་ལ་ནི་རྒྱལ་པོས་ཤིས། །བཞི་བབས་ཐམས་ཅད་ས་གཞི་ཡིན། །གཞི་ཕྱྭ་དག་ལ་ས་གཞི་གཙོ། །བློ་ཕྱྭ་དོན་ཕྱྭ་བློན་པོ་ཏེ། །དགྲ་ཕྱྭ་དག་ལ་སེར་བ་ཤིས། ། ༈ དོན་ཕྱྭ་དོན་དེ་འགྲུབ་མི་འགྲུབ། །བོར་བ་ཨི་རྙེད་ཕྱི་འབྲིང་བལྟ། །མགྲོན་ཕྱྭ་མགྲོན་པོ་འོང་མི་འོང་། །ཕྱི་ས་བར་མ་སྒོ་ཐེམ་བལྟ། །ནད་པ་ཨེ་སོས་སྨན་ཕོར་བལྟ། །བློ་འཛིན་ལྷ་ས་དང་པོ་དང་། །ཕྱི་ས་ཐ་མ་གཉིས་ལ་བལྟ། ། ༈ དགྲ་ཕྱྭ་དགྲ་ལས་རྒྱལ་མི་རྒྱལ། །ལྷ་ས་ཕྱི་ས་ཐ་མར་བལྟ། །གཞི་ཕྱྭར་ཁྱིམ་ས་འབྲིང་བ་གཙོ། །དགྲ་ཆེན་ཇག་ཆེན་ཡོད་མ་ཡོད། །ཕྱི་ས་དང་པོ་དག་གིས་ཤེས། །རྐུན་མ་ཕྱི་ས་ཐ་མ་ལྟ། །ནད་གཞི་ཆེ་ཆུང་སྒོ་ཐེམ་བལྟ། །བློ་ཕྱྭ་བློ་འཛིན་དག་གིས་ཤེས། ། ༈ རིམ་གྲོ་ལྷ་ངོ་མཐོ་མི་མཐོ། །ལྷ་ས་ཕྱི་ས་ཐ་མ་གཉིས། །གོད་ཁ་ཨེ་འོང་སྒོ་ཐེམ་ཡིན། །གཞི་ཕྱྭ་དག་ལ་དམ་པ་དང་། །རང་ས་བཟང་ཞིང་སྒོ་དམ་དགོས། །བློ་ཕྱྭ་དོན་ཕྱྭ་མགྲོན་ཕྱྭ་ལ། །རང་ས་བཟང་ཞིང་ཕྱེ་ཡང་དགོས། །དགྲ་ཕྱྭ་ངན་ལ་རང་ས་བཟང་། །ཕྱི་འགྱོད་གྱུར་ན་བཟང་བ་ཡིན། །དེ་ལ་མོ་ཡི་ཉིན་སྲིབ་ཟེར། །ཉིན་སྲིབ་མོ་ལན་དཔྱད་པས་ཤེས། །གཞན་ཡང་གདོན་ཕྱྭ་མདོར་བསྡུས་ནི། །ལྷ་ས་དང་པོ་གཉིས་རྐྱང་བབས། །ལྷ་ངོ་བཙོག་དང་འཁོན་གྱིས་གནོལ། །ལྷ་སར་ནག་པོ་ཞག་ཞིག་ཡོད། །ཡང་ན་མིག་རྣ་གཡས་པ་ན། །ལྷ་ས་བར་པ་གཉིས་བབས་ན། །ཤིང་ལྕགས་སྤྲད་པ་སྔོན་མོའི་རིགས། །ཉི་མ་ཤར་གྱི་ཕྱོགས་ནས་འོང་། །ཡང་ན་གློ་མཆིན་ན་ངོ་ཡིན། །ལྷ་ས་ཐ་མར་གཉིས་བབས་ན། །ནག་པོ་གཉིས་འགྲུམས་རྔ་བྲན་གདོན། །བྱང་ཤར་ནས་སམ་མཁལ་གཡས་ན། །མོ་ས་དང་པོ་གཉིས་བབས་ན། །རི་བཙན་འདྲེ་མོའི་གནོད་པ་དང་། །ཚེས་བཅུ་བཅོ་ལྔ་དག་ལ་ནི། །མནའ་དང་དམེ་ཕོ་ཡུག་སའི་ཟས། །བཤན་པ་ལ་སོགས་བཙོག་གྲིབ་རིགས། །དམར་པོའི་རིགས་ཅན་ལྷོ་ནས་འོང་། །ཡང་ན་མགོ་དང་རོ་སྟོད་ན། །མོ་ས་བར་མ་གཉིས་བབས་ན། །སྣོད་ནག་དཔྱད་ནག་ཀ་ཆའི་རིགས། །རོ་ནག་དོས་ནག་ལ་སོགས་པ། །རྒྱལ་པོས་བདག་བཟུང་རྫས་ངན་གདོན། །ཡང་ན་ཕོ་སྐད་ལྟེ་བ་ན། །མོ་ས་ཐ་མར་གཉིས་བབས་ན། །ཁྱིམ་མཚེས་རྭ་བ་སྒོ་སྤྲོད་ནས། །ཤ་དམར་རྫས་དམར་ལྤགས་དམར་རམ། །མོ་གདོན་འཁྲི་བའི་རྫས་སྔོན་རིགས། །སྒོ་ཐེམ་འཚམས་ན་བཞག་པ་ཡོད། །བྱང་གི་ཕྱོགས་འོང་ཡང་ན་ནི། །རྒྱུ་མ་ལྒང་པ་ན་དོགས་ཡོད། །ཕྱི་ས་དང་པོ་གཉིས་བབས་ན། །སྣོད་དཔྱད་ནག་པོའི་ཕྱིར་འབྲང་པའི། །གདོན་འདྲེ་འགབ་འདྲེ་ལྷོ་ནུབ་འོང་། །ཕར་འཐེན་ཚུར་འཐེན་ལྟ་བུའི་གདོན། །ཡང་ན་མིག་རྣ་གཡོན་པ་ན། །ཕྱི་ས་བར་མ་གཉིས་བབས་ན། །མོ་མགྲོན་ལ་སོགས་འགྲིམ་པ་དང་། །ཤང་ལང་ལ་སོགས་ལྕགས་ཀྱི་རིགས། །ནུབ་ཕྱོགས་ནས་འོང་གདོན་ངོ་དང་། །ཡང་ན་སྙིང་མཚེར་ན་ངོ་དང་། །ཕྱི་ས་ཐ་མར་གཉིས་བབས་ན། །ཁྱི་ལོ་ཡིན་ན་ནག་ཞིག་དང་། །ཡང་ན་ཕྱོགས་ནས་འོང་བ་ཡིན། །ནུབ་བྱང་མཚམས་ནས་འོང་བ་གདོན། །གཞན་ལ་གདོན་གྱི་ངེས་པ་མེད། །ཡང་ན་མཁལ་སྐེད་གཡོན་པ་ན། །དེ་རྣམས་ཀུན་ལ་ལོ་མལ་དང་། །མཐུན་པ་དེ་ལ་ངན་པར་བཤད། །མི་མཐུན་གྱུར་ན་གནོད་པ་མེད། །དེ་ལྟར་རྡེའུ་མོ་འདི་རྣམས་ནི། །བཏབ་གྲང་མང་ན་ཇེ་རྣོར་འགྱུར། །ཐ་མ་གོམས་འདྲིས་ཁོང་ཆུད་ན། །རྣོ་མཐོང་མངོན་ཤེས་ལྟ་བུར་འཆར། །རང་གཞན་དགེ་ལེགས་ལུང་སྟོན་པའི། །རྟེན་འབྲེལ་ཕུན་སུམ་ཚོགས་པར་འགྱུར། །གྲུབ་པའི་ངག་གི་ནོར་བུའི་མེ་ལོང་ནི། །གང་གིས་འཆང་བ་ཙམ་གྱིས་ལྐོག་གྱུར་གྱི། །རི་མོའི་གཟུགས་བརྒྱ་མ་འདྲེས་འཆར་བ་ལས། །ཀུན་མཁྱེན་ཡེ་ཤེས་སྣང་བ་རྒྱས་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཱཾ་བྷ་བ་ཏུ།། །།འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོས་མཛད་པའི་རྡེའུ་མོའི་ལུང་མཛད་པ་པོ་ལས་རང་ཉིད་ལ་ཐོབ། ཞུས་སོ། །ཞེས་འདི་བཞིན་མཁྱེན་བརྩེའི་དབང་པོའི་གསུང་ངེས་པའི་མ་དཔེ་མགོ་ཚེམ་བྲིས་མ་དཔེ་རྙིང་ཞིག་གསར་ཐོབ་ལས་བཤུས་པ་སྟེ། དེའང་མ་དཔེར་རྡེའུ་འགའ་རེའུ་མིག་དུ་བཀོད་འདུག་པ་གློག་ཀླད་དུ་བཅུག་སྐབས་སྟབས་བདེའི་ཕྱིར་འདི་ལྟར་གཡས་ནས་གཡོན་ཐུར་གསེག། །མཆན། ལྟ་བུ་མཆན་བུས་གསལ་བར་བྱས་པ་གཞུང་དཀྱུས་དང་མ་ནོར་བ་དགོས་སོ།། །། | ||
}} | }} | ||
</onlyinclude> | </onlyinclude> |
Revision as of 13:43, 17 May 2021
Wylie title | 'jam dbyangs rde'u mo'i lag len rnam gsal nor bu'i me long | |
---|---|---|
Location | mkhyen brtse'i bka' 'bum Volume 24, sde tshan 15, Pages 133-157 (Folios 1a to 13a2) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Citation | 'jam dbyangs mkhyen brtse'i dbang po. jam dbyangs rde'u mo'i lag len rnam gsal nor bu'i me long. In jam dbyangs mkhyen brtse'i dbang po'i bka' 'bum, Vol. 24: 133-157. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | ||
Colophon |
།།འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོས་མཛད་པའི་རྡེའུ་མོའི་ལུང་མཛད་པ་པོ་ལས་རང་ཉིད་ལ་ཐོབ། ཞུས་སོ། །ཞེས་འདི་བཞིན་མཁྱེན་བརྩེའི་དབང་པོའི་གསུང་ངེས་པའི་མ་དཔེ་མགོ་ཚེམ་བྲིས་མ་དཔེ་རྙིང་ཞིག་གསར་ཐོབ་ལས་བཤུས་པ་སྟེ། དེའང་མ་དཔེར་རྡེའུ་འགའ་རེའུ་མིག་དུ་བཀོད་འདུག་པ་གློག་ཀླད་དུ་བཅུག་སྐབས་སྟབས་བདེའི་ཕྱིར་འདི་ལྟར་གཡས་ནས་གཡོན་ཐུར་གསེག། །མཆན། ལྟ་བུ་མཆན་བུས་གསལ་བར་བྱས་པ་གཞུང་དཀྱུས་དང་མ་ནོར་བ་དགོས་སོ། | |
'jam dbyangs bla ma mkhyen brtse'i dbang pos mdzad pa'i rde'u mo'i lung mdzad pa po las rang nyid la thob/__zhus so/__/zhes 'di bzhin mkhyen brtse'i dbang po'i gsung nges pa'i ma dpe mgo tshem bris ma dpe rnying zhig gsar thob las bshus pa ste/__de'ang ma dper rde'u 'ga' re'u mig du bkod 'dug pa glog klad du bcug skabs stabs bde'i phyir 'di ltar g.yas nas g.yon thur gseg/__/mchan/__lta bu mchan bus gsal bar byas pa gzhung dkyus dang ma nor ba dgos so | ||
Notes | Page numbers in the pecha are inaccurate and need to be revised. |
1 Texts in this Section (sde tshan or chos tshan)
133-157
|
འཇམ་དབྱངས་རྡེའུ་མོའི་ལག་ལེན་རྣམ་གསལ་ནོར་བུའི་མེ་ལོང་། 'jam dbyangs rde'u mo'i lag len rnam gsal nor bu'i me long
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ()]] |