JKW-KABAB-19-DZA-028: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(4 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་རྫོགས་རིམ་གུད་སྦས་ཀྱི་དམིགས་ཁྲིད་ཟབ་གསང་ཌཱ་ཀའི་ཐུགས་ཏིག་མཆོག་གི་ཡེ་ཤེས་གྲུབ་པའི་གསེང་ལམ། | |||
|fulltitle=snyan brgyud yang phur sbrags ma'i zab tig gi rdzogs rim gud sbas kyi dmigs khrid zab gsang DA ka'i thugs tig mchog gi ye shes grub pa'i gseng lam | |||
|citation=[[Khyentse, Dilgo]]. ''snyan brgyud yang phur sbrags ma'i zab tig gi rdzogs rim gud sbas kyi dmigs khrid zab gsang DA ka'i thugs tig mchog gi ye shes grub pa'i gseng lam''. In ''Rdzong sar 'jam dbyangs mkhyen brtse'i dbang po'i bka' babs'', Vol. 19: 695-735. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013. | |||
|collectiontitle=mkhyen brtse'i bka' babs | |collectiontitle=mkhyen brtse'i bka' babs | ||
|collectiontitletib=མཁྱེན་བརྩེའི་བཀའ་བབས་ | |collectiontitletib=མཁྱེན་བརྩེའི་བཀའ་བབས་ | ||
|sourcerevealer='jam dbyangs mkhyen brtse'i dbang po | |author=Khyentse, Dilgo | ||
|editor= | |sourcerevealer='jam dbyangs mkhyen brtse'i dbang po; 'jam dbyangs mkhyen brtse chos kyi blo gros | ||
|sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |editor= | ||
|editortib= | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre= | |sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་; འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|editortib= | |||
|tibgenre=Completion Stage - rdzogs rim, Contemplative Guide Books and Instructional Manuals - khrid yig | |||
|terma=Yes | |terma=Yes | ||
|transmissiontype=snyan brgyud - Aural Transmission | |||
|deity=yang dag he ru ka; rdo rje phur pa | |||
|cycle=yang phur sbrags ma'i zab tig | |||
|cycletib=ཡང་ཕུར་སྦྲགས་མའི་ཟབ་ཏིག་ | |||
|language=Tibetan | |language=Tibetan | ||
|volumenumber= | |volumenumber=019 | ||
|volnumtib=༡༩ | |||
|volyigtib=ཛ་ | |||
|totalvolumes=22 | |totalvolumes=22 | ||
|textnuminvol=028 | |textnuminvol=028 | ||
|pagenumbers=695-735 | |||
|totalpages=41 | |||
|beginfolioline=1a | |||
|endfolioline=21a5 | |||
|totalfolios=21 | |||
|multivolumework=No | |multivolumework=No | ||
|versonotes=mkhyen brtse'i bka' babs | |||
|colophontib=།ཅེས་པའང་གཏེར་སྟོན་གྲུབ་ཐོབ་ཀུན་གྱི་རྒྱལ་པོ་རྒྱལ་སྲས་རྡོ་རྗེ་གླིང་པའི་གདུང་བརྒྱུད་དུ་བྱོན་ཅིང༌། དྭགས་རྙིང་གི་གདམས་པའི་བདུད་རྩིའི་ཐུགས་རྒྱུད་ཡོངས་སུ་ཕྱུག་པའི་འཕགས་མཆོག་ཟབ་ཆོས་འདི་ཉིད་རྩ་བའི་ཐུགས་དམ་ཉམས་བཞེས་མཛད་པ། ལྷོ་ལྗོངས་ཆོས་ཀྱི་རྒྱལ་ཁབ་གྱི་ཆོས་སྡེ་ཆེན་པོ་སྤུངས་ཐང་གི་མཁན་ཆེན་འཇམ་དབྱངས་ཡེ་ཤེས་སེང་གེའི་ཐུན་མིན་ཐུགས་བརྩེའི་གནང་སྐྱེས་དང་བཅས་ཏེ་ཡང་ཡང་བཀའ་སྩལ་བ་བཞིན་ཟབ་ལམ་འདི་ཉིད་ཆིག་བརྒྱུད་དུ་བསྩལ་བའི་སྐལ་བཟང་རྡོ་རྗེའི་རིག་པ་འཛིན་པའི་མིང་ཙམ་གྱིས་སྙན་པའི་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་གྱིས་རབ་བྱུང་བཅུ་དྲུག་པ་ཤིང་འབྲུག་ལོར་འཕགས་ཡུལ་དབུས་གྱུར་རྡོ་རྗེ་གདན་གྱི་ཀེའུ་ཚང་དུ་གནས་པའི་སྐབས་བྲིས་པ་འདིས་ཀྱང་ངེས་གསང་རྡོ་རྗེ་སྙིང་པོའི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག། | |||
|colophonwylie=ces pa'ang gter ston grub thob kun gyi rgyal po rgyal sras rdo rje gling pa'i gdung brgyud du byon cing/__dwags rnying gi gdams pa'i bdud rtsi'i thugs rgyud yongs su phyug pa'i 'phags mchog zab chos 'di nyid rtsa ba'i thugs dam nyams bzhes mdzad pa/__lho ljongs chos kyi rgyal khab gyi chos sde chen po spungs thang gi mkhan chen 'jam dbyangs ye shes seng ge'i thun min thugs brtse'i gnang skyes dang bcas te yang yang bka' stsal ba bzhin zab lam 'di nyid chig brgyud du bstsal ba'i skal bzang rdo rje'i rig pa 'dzin pa'i ming tsam gyis snyan pa'i 'jigs med mkhyen brtse'i 'od zer bkra shis dpal 'byor gyis rab byung bcu drug pa shing 'brug lor 'phags yul dbus gyur rdo rje gdan gyi ke'u tshang du gnas pa'i skabs bris pa 'dis kyang nges gsang rdo rje snying po'i bstan pa la bya ba mchog tu byed par gyur cig | |||
|pdflink=File:JKW-KABAB-19-DZA-028.pdf | |pdflink=File:JKW-KABAB-19-DZA-028.pdf | ||
}} | }} | ||
Line 20: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་རྫོགས་རིམ་གུད་སྦས་ཀྱི་དམིགས་ཁྲིད་ཟབ་གསང་ཌཱ་ཀའི་ཐུགས་ཏིག་མཆོག་གི་ཡེ་ཤེས་གྲུབ་པའི་གསེང་ལམ་བཞུགས་སོ།། །ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་མཎྜ་ལ་བྷྱཿ འཁོར་འདས་ཆོས་ཀུན་མི་འགྱུར་བདེ་ཆེན་དབྱིངས། །གསང་གསུམ་ཡེ་ཤེས་དྲྭ་བར་སྡོམ་མཛད་པའི། །ཧེ་རུ་ཀ་དཔལ་བླ་མའི་དཀྱིལ་འཁོར་དང༌། །མི་ཕྱེད་རྡོ་རྗེ་གཞོན་ནུས་བདག་སྐྱོངས་ཤིག །ཤིན་ཏུ་ཐུན་མིན་སྙན་བརྒྱུད་གསང་བའི་གནད། །འཇམ་མགོན་བླ་མའི་དགོངས་བཅུད་རྡོ་རྗེའི་ཚིག །བདག་གི་སྐལ་པར་བབ་པའི་ཟབ་མོའི་ལམ། །ཅུང་ཟད་བཀྲལ་ལ་ཌཱ་ཀིའི་གནང་བ་སྩོལ། །དེ་ལ་འདིར་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་ཁྱབ་བདག་རྗེ་བཙུན་འཇམ་པའི་དབྱངས་ཉིད་རིས་མེད་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་ཏུ་གདོད་ནས་གྲུབ་པའི་ཐུགས་བསྐྱེད་ཀྱིས་སྙིགས་དུས་སྐྱོབ་པའི་འདྲེན་པར་བསམ་བཞིན་བྱོན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཐུན་མོང་མ་ཡིན་པའི་རྣམ་ཐར་གྱི་ཁྱད་ཆོས་བཀའ་བབ་བདུན་དུ་བཞུགས་པའི་བདུན་པ་སྙན་བརྒྱུད་ཀྱི་སྐོར་ལ། རྗེ་ཉིད་དགུང་གྲངས་བརྒྱད་དུ་ཕེབས་པར་འབྱུང་གདོན་གྱི་བར་ཆད་ཀྱིས་ཐུགས་ཀྱི་གསང་བ་ལ་རྒོལ་མ་ནུས་ཀྱང་སྐུ་ལུས་ཞུགས་ཀྱིས་ཚིགས་པའི་སྙུན་ཟུག་གིས་ཉེན་སྐབས་མེ་ཕག་ཟླ་བ་དགུ་པའི་ཚེས་བཅུའི་ཐོ་རངས་སུ་སྣང་སེམས་འདྲེས་པའི་ཐུགས་ཉམས་ཤིན་ཏུ་གསལ་བར་སངས་རྒྱས་ཀུན་འདུས་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱིས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་བས་བར་ཆད་ཀྱི་གཡུལ་ལས་རྒྱལ། སླར་དགུང་གྲངས་ཞེ་བདུན་སྐོར་མཚོ་རྒྱལ་གྱིས་བརྡས་བསྐུལ་ཏེ་དབང་དང་ཕྲིན་ལས་གྱི་བྱང་བུ་ཙམ་གཏན་ལ་ཕབ་པའི་དགེ་མཚན་ཅན་གྱི་སྙན་བརྒྱུད་ཡང་ཕུར་སྦྲགས་མ་ཞེས་འཇམ་མགོན་བློ་གྲོས་མཐའ་ཡས་ལ་ཆིག་བརྒྱུད་དུ་ཐོག་མའི་ཆོས་སྒོ་ཕྱེ། དེས་རྩ་བའི་ཆས་བདག་གནུབས་ནམ་མཁའི་སྙིང་པོའི་རྣམ་འཕྲུལ། སྐུའི་སྐྱེ་བ་ཐམས་ཅད་དུ་རྡོ་རྗེ་ཕུར་པས་རྗེས་སུ་བཟུང་བའི་བདག་ཅག་གི་རིགས་ཀྱི་བདག་པོ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་སོགས་ལ་མནོག་ཆོས་སུ་བསྩལ། དེ་དག་གིས་ཐུགས་ཉམས་བཞེས་ཤིང་དངོས་གྲུབ་ཀྱི་མཚན་མ་བརྙེས་པ་ལས། སླར་ཡང་རྗེ་ཉིད་ཀྱི་རྣམ་འཕྲུལ་ལྔ་འབྱུང་བར་ལུང་བསྟན་པའི་ཡ་གྱལ། མཁས་གྲུབ་རྒྱ་མཚོའི་དཔལ་མགོན་ཀུན་མཁྱེན་བླ་མ་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་སམ་གསང་བའི་མཚན་རང་བྱུང་པདྨ་གླིང་པ་ལ་སླར་ཡང་དེའི་རྫོགས་རིམ་རྡོ་རྗེའི་ཚིག་རྐང་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་ལས་གཏན་ལ་ཕབ་པ་རྡོ་རྗེ་ཐེག་པའི་གསེང་ལམ་ལ་སྤྱོད་པའི་སྐལ་བཟང་རྡོ་རྗེའི་རིགས་སུ་དབུགས་འབྱིན་ཐོབ་པ་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེ་བདག་ལ་ཆིག་བརྒྱུད་དུ་བསྩལ་བའི་ཐུན་མིན་གདམས་པའི་སྲོག་བཅུད་ཉིད་ཇི་ལྟར་ནུས་པ་འཆད་པ་ལ། རྡོ་རྗེའི་སྔགས་ཀྱི་གསང་བས་མདོར་བསྟན་པ་དང༌། ཉམས་ལེན་གྱི་ལམ་དངོས་བཤད་པའོ། །དང་པོ་ནི། གཏེར་གཞུང་རྡོ་རྗེའི་ཚིག་རྐང་ལས། ཤྲཱི་ཧེ་རུ་ཀ་ཧྃ། ཞེས་པ་སྟེ། རྒྱུད་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་གསུངས་པ་གང་བསྒྲུབ་བྱའི་གཞི་ཆོས་ཉིད་གཉུག་མའི་ངོ་བོ་ཀ་དག་གི་ཀློང་ན་འཁོར་འདས་སྤང་བླང་གི་མཚན་མའི་འདུ་འགོད་ཡེ་ནས་མ་དམིགས་པ་ཆོས་དབྱིངས་རྣམ་ཐར་སྒོ་གསུམ་དུ་དག་ཀྱང༌། ཆོས་ཉིད་ཀྱི་རང་ངོ་ན་ཟག་མེད་སྐུ་དང་ཡེ་ཤེས་རྒྱ་མཚོ་ཉི་མ་དང་འོད་ཟེར་བཞིན་འདུ་འབྲལ་མེད་པ་ལྷུན་གྱིས་གྲུབ་པའི་བདག་ཉིད་ནི་སངས་རྒྱས་ཀུན་གྱི་གསང་བ་ཟབ་མོའི་གནས་ལུགས་མཐར་ཐུག་དེ་ཁོ་ན་ཉིད་དེ། འདི་ནི་གཟུང་འཛིན་འཁྲུལ་པས་ནམ་ཡང་མི་ཕྱེད་པའི་རྡོ་རྗེའི་ཆོས་ཉིད། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་བདག་ཉིད་དུ་ལྷུན་གྱིས་གྲུབ་པ་འཕགས་པའི་རྟོགས་བྱ་མཐར་ཐུག །ཆོས་ཕུང་བརྒྱད་ཁྲིའི་བསྟན་བྱའི་ངེས་དོན་ད་ཁོ་ན་ཉིད་རྨད་དུ་བྱུང་བ་གང༌། འཁོར་འདས་བརྟན་གཡོ་ཀུན་ལ་དངོས་མེད་དངོས་པོའི་སྲོག་གི་ཐིག་ལེའི་ཚུལ་དུ་ཐོག་མ་ཉིད་ནས་ཁྱབ་ཀྱང༌། དངོས་པོའི་ཆོས་ལས་འདས་པའི་བདག་ཉིད་ནི་གནས་ལུགས་དོན་གྱི་ཡང་དག་ཧེ་རུ་ཀ་དཔལ་ཆེན་པོ་སྟེ། དེ་ལྟར་བཞུགས་པའི་གནས་ལུགས་དེ་ནི་ད་ལྟ་ནས་སེམས་ཅན་ཀུན་ལ་ཡོད་ཀྱང་ས་འོག་གི་གཏེར་བཞིན་རང་ངོ་རང་གིས་མ་མཐོང་བར། འཁྲུལ་རྟོག་གཟུང་འཛིན་གྱིས་བསླད་པས་རང་གི་ཆོས་ཉིད་ཇི་བཞིན་མ་རྟོགས་པ་རབ་རིབ་ཀྱི་སྐྲ་ཤད་བཞིན་ལོག་རྟོག་གིས་བསྒྲིབས་ནས་ཡིན་ལུགས་ཀྱི་ཡོན་ཏན་མངོན་དུ་མ་གྱུར་པའི་སྒྲིབ་པ་སྦྱང་བྱར་གྱུར་པ་གློ་བུར་བ་ཉིད། ཆོས་ཉིད་ཀྱི་གནས་ལུགས་དང་མཐུན་པའི་བཞུགས་ཚུལ་དོན་དམ་བདེན་པ་འཁོར་འདས་མཉམ་ཉིད་ཀྱི་ལྟ་བ་དང༌། ཡེ་ཤེས་དེའི་སྣང་ཆ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་སྣང་སྲིད་སྣོད་བཅུད་གདན་གསུམ་གྱི་འཁོར་ལོར་ཤར་བར་དག་པའི་ཀུན་རྫོབ། གནས་སྣང་ཙམ་ལས་དོན་ལ་སྣང་སྟོང་གཉིས་མེད་མཉམ་ཉིད་ཆོས་སྐུའི་ཡིན་ལུགས་ལྷག་པའི་ཆོས་སྐུ་བདེན་པ་དབྱེར་མེད་དུ་ཤེས་པས། སྒྲུབ་བྱེད་ཀྱི་ལམ་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཟབ་མོ་གནད་དུ་བསྣུན་པས་གནས་སྣང་མཐར་ཐུག་དང་མཐུན་པའི་ཟབ་མོའི་ལམ་གྱིས་གློ་བུར་འཁྲུལ་པའི་སྒྲིབ་པ་སྦྱོང་བྱེད་དུ་གྱུར་པ་ཡང་བདེ་སྟོང་དབྱེར་མེད་ཡེ་ཤེས་ཆེན་པོའི་རང་བཞིན་ལས་མ་འདས་པས་དེ་ནི་བགྲོད་པ་ལམ་གྱི་ཧེ་རུ་ཀ་དཔལ། ལམ་དེའི་དོན་གྱི་གནས་ལུགས་ཀྱི་བཞུགས་ཚུལ་མངོན་དུ་གྱུར་ཏེ་འཁྱག་རོམ་ཆུར་ཞུ་བ་བཞིན་འཁྲུལ་པའི་རྒྱུ་འབྲས་དབྱིངས་སུ་དག་སྟེ། རྣམ་ཐར་སྒོ་གསུམ་ཆོས་དབྱིངས་ཤིན་ཏུ་རྣམ་པར་དག་པ་ཆོས་སྐུ། བདེ་ཆེན་ཁ་སྦྱོར་བདུན་གྱི་ངེས་པ་ལྔ་ལྡན་ལོངས་སྐུ། ཐུགས་རྗེའི་ཡེ་ཤེས་ཀྱིས་ནམ་མཁའ་ཇི་སྲིད་དུ་འགྲོ་བའི་དོན་མཐའ་ཀླས་པ་མཛད་པ་སྤྲུལ་སྐུ། སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུ་དང་མི་འགྱུར་རྡོ་རྗེའི་སྐུ་ལྔའི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་ཡེ་ཤེས་བདེ་བ་ཆེན་པོ་ལས་ཞི་ཁྲོའི་འཁོར་ལོ་མི་ཟད་རྒྱན་གྱི་སྤྲིན་སྤྲོ་བསྡུས་ཁྱབ་བདག་ཏུ་གྱུར་པ་གྲུབ་འབྲས་མཐར་ཐུག་གི་ཧེ་རུ་ཀ་དཔལ་ཏེ། དེ་ལྟར་གསུམ་དུ་དབྱེ་བ་ཡང་སྣང་ཚུལ་གྱི་དབྱེ་བས། མ་དག་པ། དག་དང་མ་དག་འདྲེས་པ། ཤིན་ཏུ་དག་པས་བརྡར་བཏགས་ཀྱང་དོན་ལ་གནས་ལུགས་ངོ་བོའི་ཆ་ནས་ཐ་དད་དུ་མི་གནས་པ་ཐིག་ལེ་ཉག་གཅིག་ཏུ་ཡིན་པ་ཡང་དག་གྲུབ་པ་གཅིག་པུ་ཞེས་གྲགས་པ་སྟེ། དེས་ན་ཤྲཱི་ཞེས་པས་གཉིས་མེད་ཀྱི་ཡེ་ཤེས། ཧེས་སྟོང་ཉིད་རྣམ་ཀུན་མཆོག་ལྡན། རུས་ཐབས་བདེ་བ་ཆེན་པོའི་དོན་མཚོན་བསྟན་པའོ། །རྒྱུད་གཞན་ལས་གཞི་ལམ་འབྲས་བུའི་རྡོ་རྗེ་གཞོན་ནུ་ཞེས་གསུངས་པ་སྒྲུབ་བཀའ་སོ་སོའི་སྐུ་དང་མཚན་གྱི་རྣམ་པས་ཁྱད་ཆོས་ཀྱི་དབྱེ་བ་ཙམ་ལས་མཐར་ཐུག་གི་དོན་གྱི་ངོ་བོ་གཏན་ལ་དབབ་བྱའི་གནད་གཅིག་ཏུ་འབབ་པའོ། །དེ་ཐམས་ཅད་ཀྱི་དོན་རྡོ་རྗེ་གསང་བའི་ཚིག་འདིས་བསྟན་པས་ཚུལ་བཞིན་ཉམས་སུ་བླངས་བས་དངོས་གྲུབ་བདེ་བ་ཆེན་པོའི་ས་ལ་སྦྱོར་བས་ངོམས་པའི་ཚུལ་གྱིས་ཧཾ༔ ཞེས་མཚོན་པ་སྟེ་འོག་ནས་བཤད་པའི་ལམ་ཐམས་ཅད་འདིས་མཚོན་པ་ཡིན་ནོ། །གཉིས་པ་ལ། གཞུང་ལས། སྨིན་ཅིང་གྲོལ་བར་བྱེད་པ་ཡི༔ ཟབ་མོའི་ཁྲིད་ཀྱི་རིམ་པ་ནི༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ ཞེས་གསུངས་པ་ལྟར་སྨིན་བྱེད་ཀྱི་དབང༌། གྲོལ་བྱེད་ཀྱི་ཁྲིད་རིམ་དངོས་སོ། །དང་པོ་ནི། ཡིད་ཅན་ཀུན་ལ་རྒྱུ་རྡོ་རྗེ་བཞི་ཡི་བདག་ཉིད་ཁམས་བདེ་བར་གཤེགས་པའི་ངོ་བོའི་གཤིས་སུ་བཞུགས་པ་ཉིད། བླ་མ་སྐུ་བཞིའི་ཁྱབ་བདག་ཧེ་རུ་ཀ་ཆེན་པོའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་དུ་བཅུག་ནས། བུམ་པ། བདུད་རྩི། རིག་མ། ཤེལ་རྡོ་བཞིས་དོན་སྣང་སྟོང་བུམ་དབང༌། གསལ་སྟོང་གསང་དབང༌། བདེ་སྟོང་ཤེར་དབང༌། རིག་སྟོང་བཞི་པའི་དབང་བཞི་བསྐུར་ནས། ལུས་རྩ། ངག་རླུང༌། ཡིད་ཐིག་ལེ། དོན་དམ་ཡེ་ཤེས་ཀྱི་སྒྲིབ་པ་བཞི་སྦྱངས་ནས། བསྐྱེད་རིམ། རྫོགས་རིམ་རང་ལུས། གཞན་ལུས། ཕྱག་རྒྱ་ཆེན་པོའི་ལམ་བཞི་སྒོམ་པའི་སྣོད་རུང་དུ་བྱས་ཏེ་ཉམས་སུ་བླངས་བས། ཆོས་ལོངས་སྤྲུལ་སྐུ་ངོ་བོ་ཉིད་ཀྱི་སྐུ་བཞིའི་ས་ལ་སྦྱོར་བ་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་ཡང་དག་ཧེ་རུ་ཀའི་དཀྱིལ་འཁོར་ལ་བསྟེན་ནས་བསྐུར་བ་དང༌། དཔལ་ཆེན་རྡོ་རྗེ་ཕུར་པའི་སྐུ་གསུང་ཐུགས་དང་གཉིས་མེད་དུ་བྱིན་གྱིས་བརླབས་ཏེ་གདུག་ཅན་རྣམས། རིག་པ་མཆོག་གི་རྒྱུད་ལས། ལྷ་དབྲལ་གཟུགས་ལ་དབབ་པ་དང༌། །བྱད་དུ་གཞུག་དང་སྨྱོ་རུ་གཞུག །རྡུལ་དུ་བརླག་དང་ཞལ་དུ་བསྟབ། །དེ་ཡང་ཕོ་ཉ་འཕྱང་སྔགས་རྫས། །ཏིང་འཛིན་དམོད་པས་ལས་རྫོགས་བྱ། །ཞེས་གསུངས་པ་ལྟར་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་སྲུང་བཟློག་གསད་གསུམ་གྱིས་གཞི་བཟུང༌། གནན་སྲེག་འཕང་གསུམ་གྱིས་མཐའ་སྡུད་པའི་ལས་ཀྱི་རྗེས་སུ་གནང་བ་སྦྱིན་པ་སྨད་ལས་དགྲ་བགེགས་སྒྲོལ་བའི་རིམ་པ་སྟེ། དབང་དེ་གཉིས་ཀྱིས་སྨིན་པས་ལམ་ལ་འཇུག་པའི་སྐལ་ལྡན་དུ་བྱ་བའི་ཚུལ་གཏེར་གཞུང་རྩ་བའི་དགོངས་པ་ལོ་ཆེན་འཇམ་པའི་དབྱངས་བློ་གྲོས་མཐའ་ཡས་ཀྱི་གསུངས་པ་ལྟར་གྲུབ་པ་ལགས། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ལ་རག་ལས་པས་དབང་བཞི་དང་རྗེས་སུ་མཐུན་པའི་དམ་ཚིག་ལ་ཡང་རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ། ཐུན་མོང༌། སྤྱི་དང་ཁྱད་པར། ལྷག་པའི་དམ་ཚིག་ཐམས་ཅད་ལས་མ་འདས་པས། མཐར་ཐུག་མེད་ཕྱལ་གཅིག་པུ་ལྷུན་གྲུབ་ཀྱི་དམ་ཚིག་ཆེན་པོ་བཞིས་ཀློང་དུ་ལ་ཟླ་བའི་ཚུལ་ལ་བསླབ་ཅིང་གོམས་པར་གཅེས་སོ། །གཉིས་པ་ཟབ་དོན་ཉམས་སུ་ལེན་པ་ཁྲིད་ཀྱི་རིམ་པ་དངོས་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ། ཐུན་མོང༌། ཐུན་མིན། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ནི། འཁོར་བར་ངེས་པར་འབྱུང་བ་ཡི༔ མི་རྟག་འཆི་བ་རྗེས་དྲན་ཅིང་༔ ལས་འབྲས་བླང་དོར་བརྩོན་པ་དང་༔ དལ་འབྱོར་རྙེད་དཀའི་རང་བཞིན་བསམ༔ ཞེས་པ་སྟེ་རང་རེ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྒྲུབ་པ་ལ་ཐོག་མ་ཉིད་དུ་མི་ཤེས་སུ་མི་རུང་བའི་གནད་འཁོར་བ་ལས་ངེས་པར་འབྱུང་བའི་བསམ་པ་ཁོ་ན་གལ་ཆེ་སྟེ། བདག་ཅག་གི་སྟོན་པས་ཆོས་འཁོར་ཀུན་གྱི་ཐོག་མར། དགེ་སློང་དག་འདི་ནི་སྡུག་བསྔལ་ལོ། །ཞེས་སྡུག་བསྔལ་ཤེས་པར་བྱ་བ་བརྩམས་ཏེ་གསུངས་པ་བཞིན་སྲིད་པའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་ངན་སོང་གསུམ་ནི་གཙོ་བོར་སྡུག་བསྔལ་གྱི་སྡུག་བསྔལ། ལྷ་མི་ཕལ་ཆེར་འགྱུར་བའི་སྡུག་བསྔལ། བསམ་གཟུགས་ཀྱི་ཁམས་རྣམས་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས། སྲིད་པའི་བྱ་བ་ཐམས་ཅད་སྡུག་བསྔལ་གྱི་རྟེན། འཁྲུལ་སྣང་ཐམས་ཅད་སྡུག་བསྔལ་གྱི་སྣོད། བྱ་བྱེད་ཐམས་ཅད་སྡུག་བསྔལ་གྱི་གྲོགས་ཁོ་ནར་གྱུར་པའི་གནས་སྣང་ལ་བསམ་པས་འཁོར་བའི་གནས་རིས་ལ་ཞེན་པ་གཏིང་ནས་ལོག་པ་ཞིག་མ་བྱུང་ན་མདོ་སྔགས་ཀྱི་ལམ་གང་ཉམས་སུ་བླང་ཀྱང་ལམ་ཡང་དག་ཞིག་ཏུ་འགྲོ་ཐབས་གཏན་ནས་མེད། གསང་སྔགས་ཀྱི་ལམ་གྱིས་སྡུག་བསྔལ་བདེ་ཆེན་དུ་ཤར་བའི་གནད་ཀྱང་སྲིད་པའི་བདེ་འབྱོར་ལ་ཞེན་པ་འདི་འཁྲུལ་སྣང་དུ་ཤེས་པའི་བློས་རྩལ་སྦྱང་མ་ནུས་ན་བདེ་བའི་ཡེ་ཤེས་སུ་འཆར་ཐབས་མེད་པས། འཁོར་བའི་བདེ་སྡུག་ངེས་པ་མེད་པའི་རྒྱུ་མཚན་ཀུན་ཀྱང་མི་རྟག་པའི་གཞན་དབང་དུ་གྱུར་པས་ཏེ། ད་ལྟ་ཁམས་གོང་མའི་བསམ་གཟུགས་ཀྱི་ཏིང་འཛིན་དང༌། ལྷ་མིའི་བདེ་འབྱོར་ལྟར་སྣང་བས་མཚོན། ཕྱི་སྣོད་ནང་བཅུད། སྐྱེ་འགྲོའི་ཚེ་སྲོག་ཐམས་ཅད་སྐད་ཅིག་གིས་མི་རྟག་འཕོ་འཇིག་གི་རང་བཞིན་ལས་རྟག་པ་གཅིག་ཀྱང་མེད། ཁྱད་པར་འཆི་བ་ཞེས་པའི་དུས་ཀྱི་ཆོས་ཉིད་འདི་ནམ་འོང་ཆ་མེད། འཆི་རྐྱེན་ངེས་མེད་ཡིན་པས་འདིར་སྣང་ལ་ཆགས་པའི་བློ་སྤང་མ་ནུས་པར་རྟག་འཛིན་གྱི་བློ་ངན་འདིས་དགྲ་འདུལ་གཉེན་སྐྱོང༌། ཡུན་དུ་སྡོད་པའི་སོ་ཚིས་ཀྱིས་ཅི་བྱེད། དངོས་པོའི་ཆོས་ཀུན་མི་རྟག་ཡིད་བརྟན་མི་འདུག་སྙམ་པའི་བློ་དུང་ངེ་བས་སྐད་ཅིག་རེ་རེ་ཡང་ཆོས་ལ་བསྐུལ་ཅི་ནུས་མ་བྱས་ན། འཆི་བའི་ནངས་པར་དཔལ་འབྱོར་ལོངས་སྤྱོད། སྙན་གྲགས་མངའ་ཐང༌། འཁོར་དང་ཐབས་སོགས་གང་གིས་ཀྱང་ཕན་པ་མེད། ཐམས་ཅད་ཤུལ་དུ་བསྐྱུར་ནས་ཐ་ན་གཅེས་པར་བསྐྱང་པའི་རང་ལུས་ཀྱང་བསྐྱུར་ནས་རྣམ་ཤེས་གཅིག་པུ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན་འགྲོ་དགོས། རྣམ་པར་ཤེས་པ་ནི་བར་དོ་ཆ་མེད་ཀྱི་ཡུལ་དུ་རྒྱུས་མེད་གཅིག་པུར་ལག་སྟོང་མཆན་དུ་བཅུག་སྟེ་འགྲོ་དུས་འཇིགས་པའི་མུན་པས་མདུན་བསུ། ལས་ཀྱི་རླུང་གིས་རྒྱབ་ནས་དེད། གཤིན་རྗེའི་འཕྲང་དང་ཕོ་ཉས་གཅུན་ནས་དེད་པའི་སྐབས་དགེ་བས་མཐོ་རིས་འགྲོ་བར་ཤེས་ཀྱང་རང་གིས་མ་བྱས་པ་ཐབས་གང་གི་རྙེད། སྡིག་པས་ངན་འགྲོར་འཕེན་ཏེ། འགྱོད་ཀྱང་བྱས་ཟིན་པས་བཞག་ཐབས་མེད། དགེ་སྡིག་གི་ལས་བསགས་པའི་འཕེན་པ་གང་ཡོད་ལས་རང་གིས་བསམ་པ་ལྟར་མི་ནུས། སྐྱབས་དང་སྐྱོབ་པ། མགོན་དང་དཔུང་གཉེན་གཅིག་ཀྱང་མེད་པ་གྱུར་པའི་སྐབས་ཤིག་འོང་བ་ལ་ད་ལྟ་ནས་འཇིགས་སྐྲག་གི་བློས་འཆི་བ་ལ་བག་ཡོད་པར་བྱ། ད་ལྟ་རང་དབང་ཡོད་པའི་སྐབས་འདིར་དགེ་སྡིག་བླང་དོར་དྲན་ཤེས་བག་ཡོད་ཀྱིས་ཅི་ནུས་བྱ་དགོས་པས། དགེ་བ་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་དུ་སྤེལ། སྡིག་པ་བྱས་པ་རྣམས་བཤགས། མི་བྱེད་པར་སྡོམ་སེམས་དང་མ་ལྡན་ན་ལས་ནི་རྣམ་གྲངས་ཤིན་ཏུ་མང་པོ། སོ་སྐྱེའི་རང་གཤིས་ཀྱིས་སྡིག་པ་ངང་གི་བསགས། དགེ་བ་བྱས་པ་ནི་སྟོབས་ཆུང༌། འགལ་རྐྱེན་མང༌། སེམས་ཀྱི་སྐད་ཅིག་རེ་རེས་ཀྱང་སྡིག་པ་སྟོབས་ཆེན་བྱེད་ནུས། ལས་གང་བསགས་རྣམ་སྨིན་མྱོང་བའམ། གཉེན་པོས་བཅོམ་པ་ལས་བར་མ་དོར་ཆུད་མི་ཟ། འཕགས་པའི་ས་ལ་བཞུགས་པས་ཀྱང་ལས་བདག་གིར་བཞེས་དགོས་ན། གཞན་གྱིས་ལྟ་ཅི་སྨོས། དེས་ན་ལས་དཀར་ནག་ཆ་ཕྲ་ཞིབ་ནས་དཔྱད་དེ་དགེ་བ་འབའ་ཞིག་བསགས་ནུས་པར་བྱ་སྙམ་ན་གོམས་པས་དགེ་བ་བྱེད་པ་ལ་ཚེགས་མེད་པར་འོང༌། མདོར་ན་ཀུན་འབྱུང་འཁྲུལ་པའི་རྒྱུ་འབྲས་ཆོས་ཀྱི་དབྱིངས་སུ་མ་ཟད་བར་ལས་ཀྱི་ནུས་པ་མི་རྫོགས་པས་ཆོས་ཉིད་མངོན་སུམ་གཟིགས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་རྒྱུ་འབྲས་ཕྲ་ཞིབ་ནས་བསྲུངས་ན་རང་ཅག་གིས་ལྟ་ཅི་སྨོས། དེ་ལྟར་འཁོར་བ་སྡུག་བསྔལ་གྱི་མཚོ་ལས་སྒྲོལ་བྱེད་དམ་པའི་ཆོས་ཡང་དག་སྒྲུབ་པའི་རྟེན་ཁྱད་པར་ཅན་དལ་འབྱོར་གྱི་ལུས་འདི་ནི་ཁམས་དྲུག་ལྡན། རྡོ་རྗེའི་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ལྷའི་འཁོར་ལོ། ཡེ་ཤེས་ཀྱི་སྣང་བ་ཚད་མེད་པ་འབྱུང་བའི་གནས། འཛམ་གླིང་ལས་ཀྱི་ས་བར་སྐྱེས་པ་ལྷ་བས་ལྷག་པ། མདོ་སྔགས་ཀྱི་སྡོམ་པ་དང་ཆོས་ཐམས་ཅད་ཀྱི་སྣོད་རུང་ཀུན་ལས་ངོ་མཚར་ཆེ་བ་ཞིག་ད་རེས་ཐོབ་པ་འདི་ཡང་མི་རྟག་པའི་ཆོས་ཉིད་འཆི་བདག་གི་ནམ་བཅོམ་ཆ་མེད་པས་རྟེན་འདི་སྟོང་ལོག་ཏུ་མ་སོང་བར་ཅིས་ཀྱང་དོན་དང་ལྡན་པར་བྱ་དགོས་ལ། ལམ་གཞན་ནས་དལ་འབྱོར་རྙེད་དཀའི་བློ་ལྡོག་སྔོན་དུ་གསུངས་ཀྱང་སྐབས་འདིར་གོ་ལྡོག་ཏུ་བསྟན་པ་ཤིན་ཏུ་ཟབ་སྟེ། འཁོར་བ་སྡུག་བསྔལ་དུ་ཤེས་པའི་བློས་སྣོད་བཅུད་མི་རྟག་པར་ངང་གིས་རྟོགས་པ་དང༌། དེའི་བདེ་སྡུག་དགེ་སྡིག་གིས་བྱས། དགེ་བའི་རྟེན་དལ་འབྱོར་ཐོབ་དཀའི་བློ་ངང་གིས་འབྱུང་བའི་གནད་ཀྱིས་བསྟན་པའང་ཤེས་པར་བྱའོ། །གཉིས་པ་ཐུན་མིན་གྱི་སྔོན་འགྲོ་ནི། སྐྱབས་འགྲོ་སེམས་བསྐྱེད་སྒྲིབ་སྦྱང་དང༔ ཚོགས་བསགས་བླ་མའི་རྣལ་འབྱོར་བསྒོམ༔ གསོལ་གདབ་དབང་བླང་ཐུགས་ཡིད་བསྲེ༔ ཞེས་པ་སྟེ་ནང་པ་སངས་རྒྱས་པའི་ལམ་གྱི་རྩ་བ་སྐྱབས་འགྲོ་སྟེ། དེ་ལའང་ཐེག་པ་ཆེ་ཆུང་གི་དབང་གིས་རྣམ་བཞག་མང་དུ་མཆིས་པ་ལས། འདིར་རྡོ་རྗེ་ཐེག་པ་བླ་མེད་ཀྱི་ལུགས་ལྟར་སྐྱབས་ཡུལ་བླ་མ་ཧེ་རུ་ཀ་དཔལ་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་གི་སྤྱན་སྔར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་དྲིལ་གྱིས་འདི་ནས་བྱང་ཆུབ་བར་ཡིད་ཁྱེད་ཤེས་ཀྱི་དད་པས་སྐྱབས་སུ་འགྲོ་བའི་མཐུས། མཐར་ཐུག་རང་སེམས་སྐྱབས་ཀྱི་འབྱུང་གནས་རང་ངོ་ཤེས་པའི་ངང་དུ་མཉམ་པར་བཞག་པས་སྐྱབས་འགྲོ་དང༌། མཁའ་ཁྱབ་ཀྱི་ཡིད་ཅན་སྤྱི་དང་ཁྱད་པར་གདུལ་དཀའ་བདུད་དང་རུ་ཏྲ་སོགས་བསྒྲལ་ཏེ་ཐར་པ་བླ་མེད་ཁྲག་འཐུང་སྤྱི་དཔལ་ཆེན་པོའི་གོ་འཕང་ལ་འགོད་པའི་ཕྱིར་རྡོ་རྗེ་ཐེག་པའི་ལྟ་སྒོམ་སྤྱོད་པ་རྒྱ་མཚོའི་ཕ་རོལ་དུ་སོན་པ་ལ་བསླབ་སྙམ་པའི་དམ་བཅའ་དང་བཅས་སྐྱབས་སེམས་ཅི་ནུས་སུ་འབད་མཐར་ཚོགས་ཞིང་རང་ལ་བསྡུ། འགལ་རྐྱེན་བསལ་ཕྱིར་ནག་ཕྱོགས་ཀྱི་བགེགས་བསྐྲད། སྲུང་འཁོར་གྱིས་རྒྱས་གདབ་བྱ། བྱིན་རླབས་ཀྱིས་དབུགས་དབྱུང་བའི་ཕྱིར་བླ་མའི་རྣལ་འབྱོར་བསྒོམ་པ་ནི། སྣོད་བཅུད་དག་པའི་ཞིང་ཁམས་ལྷུན་གྱིས་རྫོགས་པའི་དབུས་སུ་རང་ལུས་སྣང་ལ་དེར་འཛིན་མེད་པའི་མདུན་གྱི་ནམ་མཁར་རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་རྡོར་དྲིལ་འཛིན་པ་པད་ཟླའི་གདན་ལ་བཞུགས་པ་སྐྱབས་གནས་ཀུན་འདུས་སུ་གསལ་བས་དེའི་སྐུ་ལས་བདུད་རྩིའི་རྒྱུན་གྱིས་སྡིག་སྒྲིབ་སྦྱང་བར་དམིགས་ལ་ཡིག་བརྒྱ་བཟླས་པ་དང༌། རྒྱུན་བཤགས་ཡན་ལག་བརྒྱད་སྔོན་དུ་འགྲོ་བས་ཞིང་ཁམས་རྒྱ་མཚོའི་འབྱོར་པ་མཎྜལ་གྱི་ཚུལ་དུ་འབུལ་བས་ཚོགས་བསགས། མོས་གུས་ཀྱི་གདུང་ཤུགས་བསྐྱེད་པས་བླ་མ་ཧེ་རུ་ཀ་ལ་གསོལ་བ་རྩེ་གཅིག་ཏུ་གདབ། བློ་གཏད་ལིང་གིས་བཀལ་ཏེ་བརྒྱུད་པའི་གསོལ་འདེབས་དང༌། དཀྱུས་ཀྱི་གསོལ་འདེབས་ཉིད་གྲངས་བསགས། མཚན་སྔགས་བཟླས་པས་ཐུགས་རྒྱུད་བསྐུལ་ཏེ། བླ་མའི་གནས་གསུམ་ཡིག་འབྲུའི་དབང་བཞི་བསྐུར་བས། སྒྲིབ་བཞི་དག །ལམ་བཞི་སྒོམ་པའི་ནུས་པས། འབྲས་བུ་སྐུ་བཞི་མངོན་དུ་བྱས་པར་བསམ་ནས་རང་ལ་བསྟིམ། སྡོམ་པ་བཟུང༌། བྱིན་འབེབས་དང༌། མཆོད་པ་བྱིན་རླབས་བཅས་ཐུན་མིན་སྔོན་འགྲོའི་རིམ་པའོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་དངོས་དང༌། བོགས་འབྱིན་ནོ། །དང་པོ་དངོས་ནི། ཁྱད་པར་བསྐྱེད་པའི་རིམ་པ་ནི༔ ཟུང་འཇུག་ཆེན་པོར་ཡོངས་གྲུབ་པ༔ ཀུན་བརྟགས་ལྷ་ཡི་ཕྱག་རྒྱ་ནི༔ ཟབ་གསལ་ཆེན་པོ་མཐར་ཐུག་པ༔ ཉམས་ལྔ་མཐར་ཕྱིན་བར་དུ་བསྒོམ༔ གསལ་བ་ཚད་དུ་ཕྱིན་པའོ༔ དེ་ནི་བུམ་དབང་ལམ་ཁྱེར་རོ༔ ཞེས་པ་ལྟར་རྫོགས་རིམ་ལ་ལྟོས་ན་བསྐྱེད་རིམ་འདི་དེའི་སྔོན་འགྲོ་ཡིན་ཏེ། སྔ་འགྱུར་རྙིང་མའི་བསྐྱེད་རིམ་གྱི་ལམ་གནད་མཐར་ཐུག་དག་རྫོགས་སྨིན་གསུམ་ཡིན་ཞིང༌། དེ་ཡང་སྦྱང་བྱ་སྣོད་བཅུད་ཐ་མལ་གྱི་ཞེན་འཛིན་ཀུན་སྐུ་དང་ཞིང་ཁམས་སུ་དག༵ །སྦྱངས་འབྲས་སངས་རྒྱས་ཀྱི་གཟུགས་སྐུའི་ཡོན་ཏན་མཐའ་དག་གཞི་ལ་རྫོག༵ས་པ་མངོན་གྱུར་དུ་སད་པར་བྱེད། སྦྱོང་བྱེད་ཀྱི་ལམ་བསྐྱེད་རིམ་བསྒོམས་པས་རང་གི་ལུས་གནས་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེའི་ནུས་པ་སད་པའི་སྨིན༵་བྱེད་དུ་འགྲོ་བའི་ཕྱིར་ཏེ། གནད་དེ་གསུམ་ཚང་བའི་བསྐྱེད་རིམ་ལའང་རྣམ་པ་གསལ་བ། དག་པ་དྲན་པ། ང་རྒྱལ་བརྟན་པ་གསུམ་ཚང་དགོས་པའི་ཕྱིར་རྣམ་པ་གསལ་བ་དེ་ཡང་རྒྱུ་ཏིང་ངེ་འཛིན་གསུམ་དང༌། འབྲས་བུ་རྟེན་དང་བརྟེན་པའི་ལྷ་སྒོམ་པ་དེ་རང་གི་ཕུང་ཁམ་སྐྱེ་མཆེད་འདི་ལྷ་མ་ཡིན་པ་ཞིག་གཟོད་དག་པར་བཅོས་ནས་ལྷར་བསྒོམ་པ་མ་ཡིན། ད་ལྟ་མ་དག་པ་ཞིག་ལྷ་བསྒོམ་པས་མ་འོངས་པར་དག་པར་གནས་བསྒྱུར་རྒྱུའང་མ་ཡིན། ཇི་ལྟར་ཞེ་ན་ཆོས་ཉིད་གདོད་ནས་དག་པའི་རང་གདངས་ཕུང་པོ་ལྔ་སྲས་མཆོག་རིགས་ལྔ། ཁམས་ལྔ་དེའི་ཡུམ། དགེ་བཅུ་དབང་བཅུ་སྟོབས་བཅུའི་མི་དགེ་བཅུ་དག་པའི་ཁྲོ་བཅུ་ཡབ་ཡུམ། ཉེ་ཉོན་ཉི་ཤུ་སྲས་མཆོག །ཡན་ལག་བཞི་བྱ་བྱེད་དང་བཅས་པ་སྒོ་བ་བཞི། རྟེན་འབྲེལ་བཅུ་གཉིས་ཕུར་སྲུང་བཅུ་གཉིས་དེ་ཐམས་ཅད་ཀྱི་གཞི་ལུས་ངག་ཡིད་གསུམ་སྤྱི་དཔལ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་གསང་བ་དང༌། ལྷ་དེ་ཐམས་ཅད་ཀྱི་ཐུགས་བདེ་སྟོང་གཉིས་མེད་ཟུང་འཇུག་རྣམ་ཀུན་མཆོག་ལྡན་ཉིད་ཡང་དག་ཧེ་རུ་ཀ་ཡབ་ཡུམ་ཡེ་ཤེས་དེའི་ཚོགས་བརྒྱད་འཕགས་ལམ་བརྒྱད་དུ་དག་པའི་ཡིན་ལུགས་མངོན་དུ་གྱུར་པ་གཽ་རི་བརྒྱད་ཀྱི་དཀྱིལ་འཁོར་དུ་ད་ལྟ་ནས་གནས་པ་གང་ཡིན་ལ་ཡིན་པར་ངེས་པའི་ངེས་ཤེས་ཀྱིས་གསལ་བཏབ་པས། མ་དག་པ་ཞིག་ཕར་བསལ་དུ་མེད། དག་པ་སྔོན་མེད་ཅིག་ཚོལ་དུ་མེད་པ་དེ་ལ་ཟུང་འཇུག་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་རིམ་ཞེས་གསུངས་པའི་གནད་ཤེས་པ་ཤིན་ཏུ་གལ་ཆེ། རྫོགས་རིམ་རྡོ་རྗེ་ཕུང་པོའི་རྩ་རླུང་ཐིག་ལེའི་དཀྱིལ་འཁོར་ལ་ལྟོས་ན་བསྐྱེད་རིམ་འདི་ཀུན་བརྟགས་ཀྱི་བརྡར་འཇུག་ཀྱང༌། ཀུན་རྫོབ་དག་པ། དོན་དམ་མཉམ་པ། དོན་ལ་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཟབ་གསལ་ཆེན་པོའི་ལྟ་བས་རྒྱས་ཐེབས་པས་བསྐྱེད་རིམ་འདི་ལྟ་བུ་ནི་ཐེག་ཆེན་མཐར་ཐུག་བླ་མེད་སྔགས་ཀྱི་ཐེག་པའི་ཟབ་དོན། བསྐྱེད་རིམ་ཁོ་ནས་ཀྱང་མཆོག་དངོས་འབད་མེད་དུ་ངེས་པར་སྟེར་ནུས་པ་སྔ་འགྱུར་རྡོ་རྗེ་སྙིང་པོའི་ཁྱད་ཆོས་ཐུན་མིན་དུ་གྱུར་ཅིང༌། དེའི་གནད་ཀྱིས་དག་དྲན་དང༌། ང་རྒྱལ་བརྟན་པའང་ལྟ་བ་དེ་ལས་མི་འདའ་བས་ལམ་དུ་བྱས་པས། གཡོ་ཐོབ་བརྟན་གོམས་མཐར་ཕྱིན་གྱི་ཉམས་ལྔ་རིམ་ཅན་དུ་སྐྱེ་སྟེ་ཡུལ་གསུམ་གྱད་དུ་གྱུར་པས་བསྐྱེད་རིམ་མཐར་ཕྱིན་པས་སྣང་སྟོང་བུམ་དབང་གི་ལམ་རྫོགས་པ་ཡིན་ནོ། །གཉིས་པ་བོགས་འབྱིན་བཟླས་པའི་རྣལ་འབྱོར་ནི། ངག་དང་རྡོ་རྗེའི་བཟླས་པ་ཡི༔ རླུང་སྔགས་འགྲོ་འོང་སྟོབས་སུ་སྨིན༔ མི་ཤིགས་དྭངས་མར་སྨིན་པ་ལས༔ བརྗོད་པ་རྡོ་རྗེའི་ནཱ་དའི་སྒྲ༔ གསུང་གི་རྒྱན་དུ་རང་བྱུང་བའོ༔ ཞེས་པ་ལྟར་དྭངས་མ་མི་ཤིགས་གཉུག་མའི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་བདག་ཉིད་ཀྱིས་ད་ལྟ་ལུས་ངག་སེམས་གསུམ་བྱེད་པ་གཅིག་པས་གནད་དུ་བསྣུན་ན་བྱ་བ་དེ་ཉིད་སྟོབས་ཆེ་བའི་ཕྱིར་བསྐྱེད་རིམ་གསལ་འདེབས་པས་ཏིང་ངེ་འཛིན་སྐྱོ་སུན་དུ་བྱུང་བའི་གེགས་སེལ་བའམ། ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ་ཞེས་ལྷག་པའི་ལྷ་དངོས་གྲུབ་མཆོག་གི་གནས་ལ་བསྐུལ་བ་ལ་སྔགས་ཀྱི་བཟླས་པ་ཉིད་ཟབ་སྟེ། འཇིག་རྟེན་པའི་ཆོས་ལའང་མིང་ནས་བོས་ན་འབོད་བྱའི་མགྲོན་དེ་མྱུར་དུ་འོང་བ་དང༌། རླུང་ནི་སེམས་ཀྱི་རྟ་ཡིན་པས་སྔགས་ཀྱང་ཆོས་ཉིད་ཀྱི་རང་སྒྲ་ཡེ་ཤེས་རླུང་གི་གདངས་ཡིན་པས། དེ་བཟླས་པས་ལྷའི་ཐུགས་རྒྱུད་ལྷག་པར་བསྐུལ་བར་ནུས་པས་བོགས་འབྱིན་ལ་བཟླས་པ་ཉིད་ཟབ་ཅིང༌། དེ་ལའང་རགས་པ་ངག་དང༌། ཕྲ་བ་རྡོར་བཟླས་གཉིས་ལ་བསླབ་དགོས་ཤིང༌། དང་པོ་ལའང། བླ་མ་ཧེ་རུ་ཀ་ཡང་དག་ལ་བརྟེན་ཏེ་བྱིན་རླབས་དབང་དང་དངོས་གྲུབ་བླང་བའི་རིམ་པ་དང༌། ཡི་དམ་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་བཟླས་པ་གཉིས་ཏེ། དེ་ཡང་སངས་རྒྱས་ཀྱི་བྲལ་འབྲས་མཐར་ཐུག་ཆོས་སྐུ་ཡིན་ལ། དེ་ཉིད་ལྷག་པའི་ལྷའི་ཕྱག་རྒྱར་བཞེངས་པ་ཡང་དག་ཧེ་རུ་ཀ་ཐུགས་རྡོ་རྗེའི་རིགས་ཀྱི་ཁྱབ་བདག་ཆེན་པོ་སྟེ། དེ་ཉིད་བླ་མ་དང་དབྱེར་མེད་དུ་ཤེས་པས་ལམ་དབང་ལེན་པ་ཉིད་བྱིན་རླབས་ཆེས་མྱུར་བའི་ཕྱིར་དང༌། སློབ་དཔོན་ཆེན་པོའི་བལ་ཡུལ་ཡང་ལེ་ཤོད་དུ་དཔལ་ཆེན་ཡང་དག་གི་རྣལ་འབྱོར་ལ་བརྟེན་ཏེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་བསྒྲུབས་པའི་སྐབས་བདུད་རིགས་གློག་མ་སྲིན་གྱིས་བར་ཆད་བརྩམས་པ་རྡོ་རྗེ་ཕུར་པའི་རྒྱུད་ཀྱི་གླེགས་བམ་བལ་ཡུལ་དུ་ཕེབས་པ་ཙམ་གྱི་བར་ཆད་ལས་རྒྱལ་བའི་ཚུལ་བསྟན་པས་ཡི་དམ་རྡོ་རྗེ་གཞོན་ནུའི་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པ་གསུངས་ཏེ། དེ་ཡང་ཡང་དག་ཚོང་པ་དང་འདྲ་བ་དངོས་གྲུབ་ཆེ་ཡང་ཕུར་པ་སྐྱེལ་མ་འདྲ་བ་མེད་ན་བར་ཆད་སེལ་བ་ལ་མེད་དུ་མི་རུང་བའི་ཕྱིར་སློབ་དཔོན་རིན་པོ་ཆེའི་ཐུགས་དམ་རྩ་བ་གཉིས་གཅིག་ཏུ་དྲིལ་ཏེ་ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་མང་དུ་མཛད་པའི་ཡང་སྙིང་འདི་ནི་གུ་རུ་ཡབ་ཡུམ་གཉིས་ཀའི་ཐུགས་དམ། ལྷག་པའི་ལྷའི་སྒྲུབ་ཐབས་རྗེ་བླ་མ་ཐམས་ཅད་མཁྱེན་པར་བཀའ་བབ་མ་ཐག་བར་ཆད་ཀྱི་གཡུལ་ལས་རྒྱལ་བའི་རྟགས་མཚན་བརྙེས་ཤིང་བོད་ཁམས་སྤྱི་དང་བྱེ་བྲག་ལ་ཕན་པའི་ལུང་གིས་བསྔགས་པའི་བཀྲ་ཤིས་ཚན་ཁ་ཆེ་བའི་སྒྲུབ་ཐབས་ཡིན་པའི་ཕྱིར་རྗེས་འཇུག་རྣམས་ཀྱིས་དུས་འདི་ལྟ་བུ་ལ་ཉམས་ལེན་གྱི་མཐིལ་དུ་གསུངས་པ་སྟེ། བསྒྲུབ་བྱ་མཐར་ཐུག་སངས་རྒྱས་ཆོས་ཀྱི་སྐུ་དང༌། བསྒྲུབས་འབྲས་རྨད་དུ་བྱུང་བ་མཁའ་ཁྱབ་ཀྱི་ཕྲིན་ལས་ཏེ། དེ་གཉིས་ཀྱི་ཁྱབ་བདག་སྤྱི་དཔལ་ཧེ་རུ་ཀའི་གཟུགས་སྐུར་བཞེངས་པ་ཆིག་དྲིལ་དུ་སྒྲུབ་པས་དངོས་གྲུབ་ཚན་ཆེ་ཞིང་ཕྲིན་ལས་རྣོ་མྱུར་རྟགས་ཐོན་ནུས་པའི་ཐབས་ཀྱི་གསང་བ་རྨད་དུ་བྱུང་བ་ཡིན་པ་དང༌། རྣམ་པ་ཡང་འཕགས་བོད་དུ་མཆོག་གི་དངོས་གྲུབ་བརྙེས་པ་ཕལ་ཆེར་ལྷག་པའི་ལྷ་ཡང་དག་དང༌། བདེ་མཆོག་ཁོ་ན་ལ་བརྟེན་པ་ཤས་ཆེ་བས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་ཐུགས་དམ་ཡང་དག་མེ་གཅིག་ཏུ་བསྔགས་པ་དང༌། ཡང་དག་ལ་མཁའ་འགྲོ་སྒྱུ་མ་བདེ་མཆོག་ཅེས་གསུངས། དེ་བཞིན་དུ་ཕུར་པ་ཡང་འགྱུར་བཀའ་གཏེར་དུ་ཡི་དམ་ཕུར་པའི་དབང་དང་སྒྲུབ་ཐབས་ཆེས་མང་ཞིང༌། གསར་ཕྱོགས་སུ་ཡང་འཁོན་སྟོན་གྲུབ་བརྙེས་ཐམས་ཅད་ཀྱི་ཐུགས་དམ་ལྷག་པའི་ལྷ་གཅིག་པུར་མཛད་པས་མཚོན་མཁས་གྲུབ་ཕལ་མོ་ཆེའི་བར་ཆད་སེལ་བ་ལ་རྡོ་རྗེ་ཕུར་པ་ལས་ལྷག་པའི་ཡི་དམ་མ་བྱུང་ཞེས་བསྔགས་ཤིང༌། ཕུར་པ་མཁན་པོ་ཚེ་ནོར་རིགས་སོགས་དཔལ་གྱི་ཡོན་ཏན་བརྒྱད་དང་ལྡན་པར་ཡོངས་སུ་གྲགས་པས་ན་རྒྱུ་མཚན་དགོས་པ་དུ་མ་དང་བཅས་པ་ཤེས་པར་བྱ་དགོས་སོ། །གཉིས་པ་ཕྲ་བ་རྡོར་བཟླས་ནི། ངག་དག་བྱེད་གསང་སྔགས་ཐམས་ཅད་རྡོ་རྗེའི་ཡི་གེ་གསུམ་ལས་མ་འདས་ཤིང༌། སངས་རྒྱས་ཀྱི་གསུང་གི་གསང་བས་སྐུ་དང་ཐུགས་ལའང་དབྱེར་མེད་དུ་ཁྱབ་པ་བཞིན་གསུང་ཐམས་ཅད་མཐར་ཐུག་བརྗོད་བྲལ་སྐྱེ་མེད་ཀྱི་ཡི་གེ་ཨ་རུ་འདུས་ཤིང་ཨ་ཉིད་ཀྱི་རྣམ་འགྱུར་ཨོཾ་དང་ཧཱུྃ་དུ་སྣང་བས་སྔགས་ཀྱི་དེ་ཉིད་ཀྱང་རྡོ་རྗེའི་ཡིག་འབྲུ་གསུམ་ལ་འདུས་ཤིང་དག་བྱ་ངག་ཐམས་ཅད་རླུང་འབྱིན་འཇུག་གནས་གསུམ་འདུས་ལ། རླུང་སེམས་བྱེད་པ་གཅིག་པས་རླུང་རྡོ་རྗེའི་བཟླས་པར་སྦྱངས་ན་སེམས་ཀྱང་སྐུ་གསུམ་དུ་ངང་གིས་དག་པ་དང༌། རྫོགས་རིམ་གྱི་ཉམས་ལེན་རྩ་མདུད་གྲོལ་བ། ཐིག་ལེའི་འབར་འཛག་ཐམས་ཅད་བྱེད་པའི་གཙོ་བོ་རླུང་ཡིན་པས་དེའི་ནུས་པ་སྨིན་བྱེད་ཁྱད་པར་དུ་འགྲོ་བས་ཤིན་ཏུ་ཟབ་པ་སྟེ། སྐབས་འདིར་ཐུགས་དང་ལས་ཀྱི་རིགས་གཉིས་རླུང་དང་སེམས་གཉིས་ཀྱི་དག་པར་འབྱོངས་ཏེ། སངས་རྒྱས་ཀྱི་ཕྲིན་ལས་ཀྱི་གཙོ་བོ་གསུང་ཡིན་ལ། གསུང་ཉིད་ཀྱང་ཡེ་ཤེས་ཀྱི་རླུང་སྟེ། སེམས་ཉིད་དག་པ་ཐུགས་སུ་མཚོན་ཞིང་ཐུགས་རྒྱུད་བསྐུལ་བ་དང་ཕྲིན་ལས་ཀྱི་སྣང་བ་ཐམས་ཅད་ཀྱི་གཙོ་བོ་གསུང་གི་སྟོན་པས། རྡོ་རྗེའི་བཟླས་པ་ཡང་ཕུར་གཉིས་ཀྱི་སྔགས་གང་ལ་སྦྱར་ཀྱང་འགལ་བ་མེད་པ་ཕྲ་རགས་རྡོར་བཟླས་ཀྱིས་རླུང་གཅུན་པས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཀྱི་སྣང་བ་ངང་གིས་འཆར་བ་དང༌། རླུང་ནི་མྱུར་ཞིང་གཡོ་བ་ཀུན་ལ་ཁྱབ་པ་བཞིན་ཕྲིན་ལས་ཀྱང་རང་བཞིན་གྱིས་གདུལ་བྱ་ལ་འཇུག་པ་མྱུར་ཞིང་ཀུན་ལ་ཁྱབ་པའི་ངག་དང༌། རླུང་ཉིད་གནད་དུ་བསྣུན་ན་ཕྲིན་ལས་ཀྱི་སྲོག་ལ་དབང་བསྒྱུར་ནུས་པའི་རྒྱུ་མཚན་ཤེས་པས། ལུས་ཆོས་བདུན་དང་ལྡན་པས་རླུང་རོ་བསལ། ངག་རླུང་འབྱིན་འཇུག་གནས་གསུམ་ཡིག་འབྲུ་གསུམ་ཤེས་པ་ལ་རླུང་སེམས་གཏད་དེ་བགྲང་བ་དང༌། ཅུང་ཟད་གོམས་ན་བུམ་ཅན་དང་སྦྲགས་པའི་རྡོར་བཟླས་ལ་བསླབས་པས་ངག་རླུང་སྔགས་སུ་དག་སྔགས་ཀྱི་གསང་བ་དྭངས་མའི་རླུང་དུ་ཤར། ཞུགས་གནས་ཐིམ་གསུམ་གྱི་ཡོན་ཏན་རྫོགས་ཏེ་མཐར་ཐུག་སྨྲ་བསམ་བརྗོད་མེད་རྡོ་རྗེའི་གསུང་གི་གསང་བ་ནཱ་དའི་དཔྱིད་དུ་གྲུབ་པའི་མྱུར་ལམ་མོ། །སྤྱིར་བསྐྱེད་བཟླས་ཀྱི་རྣམ་བཞག །དག་དྲན། ཡང་དག་གྲུབ་པ་གཅིག་པུའི་གྲུབ་མཐའི་གནད། སྔགས་དོན་སོགས་ཞིབ་པར་བདག་གི་བླ་མ་མཁས་གྲུབ་ཀྱི་དབང་ཕྱུག་ཞེ་ཆེན་པ་ཆེན་པོའི་གསུང་ལེགས་པར་བཤད་པའི་བདུད་རྩི་ལས་རྒྱས་པར་གསུངས་པས་འདིར་བླུན་པོའི་ངག་ལ་ལྟོས་མ་དགོས་སོ། །གཉིས་པ་དངོས་གཞི་རླུང་སེམས་ཀྱི་རྫོགས་རིམ་གྱི་ཁྲིད་ལ། ཐབས་ཀྱིས་ངེས་པ་དང༌། ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་ལམ་མོ། །དང་པོ་ལ་མི་རྟོག །བདེ་བ། གསལ་བའི་རྣལ་འབྱོར་གསུམ་ལས། དང་པོ་མི་རྟོག་པའི་རྣལ་འབྱོར་ནི། དངོས་གཞི་རླུང་གི་དུག་བསལ་ནས༔ སྟོང་ར་སྒོམ་ཞིང་ལྟེ་བ་རུ༔ རྃ་ཡིག་སྒོམ་ལ་སེམས་གཏད་ཞིང་༔ འོག་རླུང་བསྐུམ་དང་མེ་སྦར་ཞིང་༔ ཀུམྦྷ་ཁ་སྦྱོར་ཆོ་ག་ཡིས༔ བདེ་དྲོད་ཡེ་ཤེས་རིམ་གྱིས་སྐྱེ༔ མི་རྟོག་ཏིང་འཛིན་ངང་དུ་བཞག༔ ཅེས་པ་ལྟར་སྤྱིར་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ཆགས་གནས་འཇིག་སྟོང་མ་ལུས་པ་རླུང་གིས་བྱེད། དེར་མ་ཟད་སྲིད་པའི་འཁྲུལ་སྣང་ཀྱང་རིག་རྩལ་ལས་རླུང་གི་གཡོས་པ་ལས་བྱུང་ཞིང༌། དེ་ཉིད་གནས་སུ་དག་པ་ལས་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་དག་པའི་སྣང་བ་ཡང་འཆར་བའི་ནུས་པ་ཅན་ཡིན་པའི་རྟེན་འབྲེལ་གྱིས། རྡོ་རྗེ་ཕུང་པོའི་གྲོང་དུ་རྩ་གནས་སུ་རྒྱུ་བའི་རླུང་གི་འགྲོ་འོང་གིས་ཐིག་ལེ་ཁྲིད་པས་རླུང་གནས་སུ་ཆུན་ན་རྩ་ཡི་མདུད་པ་གྲོལ། རླུང་ཡེ་ཤེས་སུ་དག །ཐིག་ལེ་དབུ་མར་འཆིང་བ་ཐམས་ཅད་ནུས་ཤིང་མ་དག་པའི་རྩ་གནས་སུ་རླུང་རྒྱུན་ལས་དང་ཉོན་མོང་གི་འཁྲུལ་སྣང་བསྐྱེད་པའི་གནད་ཤེས་པས་རླུང་འཆིང་བ་ལ་རྩ་འཆིང་དགོས། རྩ་འཆིང་བ་ལ་ལུས་གནད་ཀྱིས་གཅུན་དགོས་པས་བདེ་བའི་མལ་ན་ལུས་ཆོས་བདུན་གྱིས་བཅིངས་ནས། སྔོན་འགྲོ་ཁྱད་པར་བླ་མའི་རྣལ་འབྱོར་ལ་རྩལ་དུ་བཏོན། ནང་གི་རྩ་དག་པ་དབུ་མར་རླུང་སེམས་སྡུད་པས་རྩ་ཡི་རྟེན་ལུས་ཀྱང་ཐ་མལ་མ་ཡིན། རང་ཉིད་ཡང་དག་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག་བསྣམ་པས་ཡུམ་གནམ་ཞལ་དབྱིངས་ཕྱུག་མ་དང་སྦྱོར་བ་དྭངས་གསལ་འོད་ཀྱི་སྐུ་ཅན་དུ་གསལ་བའི་དབུས་དྲང་པོ་དབུ་མ་ཁྱད་ཆོས་བཞི་ལྡན་སྔོ་སངས་འོད་ཀྱི་སྦུ་གུ་ཡར་སྣེ་ཚངས་བུག་མར་སྣེ་ལྟེ་འོག་སོར་བཞི་ཙམ་སླེབ་པ་རང་གི་སྲིན་མཛུབ་ཀྱི་ཚད་ཙམ། གཡས་གཡོན་དུ་རོ་རྐྱང་དཀར་དམར་དེ་ལས་འདབ་འགྱུར་གྱིས་ཕྲ་བ་མར་སྣ་ཡི་གེ་ཆ་ཡི་འཕང་བཞིན་ལྟེ་འོག་ནས་དབུ་མའི་ནང་དུ་ཆུད་པ། ཡར་སྣ་ལྟག་པ་ནས་སྣ་བུག་ཏུ་གུག་སྟེ་ཟུག་པ་རྩ་ཐམས་ཅད་དྭངས་གསལ་འོད་སྦུག་གི་རང་བཞིན་ཤེལ་ལྟ་བུ་བསྒོམས་ལ་ལག་པ་རྡོ་རྗེ་རྩེ་གཅིག་ཕྱེད་པའི་ཕྱག་རྒྱས་རླུང་རོ་དགུ་ཕྲུགས་སམ་སུམ་ཕྲུགས་སུ་བསལ། ཉོན་མོངས་དུག་གསུམ་གྱི་རྒྱུ་འབྲས་ལས་བྱུང་བའི་ནད་གདོན་སྡིག་སྒྲིབ་ཀྱི་ཁ་དོག་དཀར་དམར་སྔོ་བའི་རང་བཞིན་གྱིས་རླུང་དུག་སངས་གྱིས་དག་པར་བསམ་ལ་གློད་དེ་ངལ་བསོ། ཕྱི་ནང་གི་སྟོང་ར་ཐམས་ཅད་སླར་ཡང་དམིགས་པར་གསལ་གཏབ་ནས་ལྟེ་འོག་སོར་བཞིའི་ཐད་རྩ་གསུམ་འདུས་མདོར་རྃ་ཡིག་ཁ་དོག་དམར་པོ། རེག་བྱ་ཚ་བ། བདེ་བའི་ངོ་བོ། རྩེ་མོ་ནཱ་ད་སུམ་འཁྱོག་གི་རྣམ་པ་ཅན་བསྒོམ། དེ་ཡང་ཁྲིད་གཞུང་གཞན་དག་ནས་ཨ་ཤད་བསྒོམ་པ་དང་དོན་གཅིག་སྟེ་ཤད་ཀྱི་རྣམ་ཐར་སྒོ་གསུམ་མཚོན་པ་གནས་ཚུལ་ལ་བསྒོམ་པ་དང༌། འདི་རྃ་ཡིག་སྒོམ་པ་རཱ་ག་ཆགས་པའི་དོན་སྟེ་ཨ་ཤད་ཉིད་རྡོ་རྗེ་ཆགས་པ་ཆེན་པོའི་རང་གཟུགས་ཡུམ་རྡོ་རྗེ་བཙུན་མོའི་རྣམ་པས་ཐབས་ཞུ་བདེ་འདྲེན་པའི་བྱེད་ལས་ཀྱིས་མིང་ཡིག་དང་པོར་གྱུར་པས་གནས་ལུགས་ཀྱི་མཚོན་དོན་དང༌། རྃ་ཡིག་ཉིད་འབྱུང་བ་མེ་ཡི་ས་བོན་དུ་ཡོངས་སུ་གྲགས་པས། དེ་ལ་དམིགས་པས་བདེ་དྲོད་སྐྱེ་སླ་བ་དང་དྲོད་སྟོབས་ཆེར་བསྐྱེད་ནུས་པས་སྣང་ཆས་ཀྱང་གནད་དུ་ཟབ་པས་འདིར་རྃ་དུ་གསུངས་པ་སྟེ། དང་པོ་རྃ་ཡིག་ཤིན་ཏུ་ཕྲ་བ་རྟ་རྔ་བརྒྱར་བཤག་པ་ཙམ་དུ་གསལ་ལ་རླུང་སེམས་ཀུན་དེར་རྩེ་གཅིག་ཏུ་གཏད་པས་བདེ་དྲོད་དང་པོ་སྐྱེ་དཀའ་ཡང་སྐྱེས་ནས་ཡུན་དུ་གནས་པའི་དགོས་པ་ཡོད་པས་དེ་ལྟར་བྱ། གཉུག་མའི་ཕུང་ཁམས་དྭངས་མ་མཐར་ཐུག་གི་ནུས་པ་རྒྱས་པ་དང༌། སྙིགས་མའི་ཁམས་ཐམས་ཅད་ཟ་ཞིང་དྭངས་མའི་སྟོབས་འཕེལ་བར་བྱེད་པའི་ནུས་པ་ཁྱད་པར་ཅན་ཉིད་འདི་ལ་ཡོད་པས་ཙཎྜ་ལཱི་ཞེས་མིང་དུ་ཆགས་པ་སྟེ་དེས་ན་ཐོག་མར་ཤིན་ཏུ་ཕྲ་བའི་རྃ་ཡིག་ལྟེ་འོག་ཏུ་གནས་པ་ལ་སེམས་གཏད་དེ་འོག་རླུང་བསྐུམ་པ་དང་སྟེང་རླུང་དལ་གྱིས་བརྔུབས་ཏེ་ལྟེ་འོག་ཏུ་མནན་པ་ཁ་སྦྱོར་བུམ་པ་ཅན་བཟུང་སྟེ་རླུང་སེམས་ཐམས་ཅད་དེར་བསྡུ། མི་ཐུབ་པ་དང་འཐེན་གནོན་དང་ཕོ་སྐོར་བྱ་བའི་ཁྱད་ཆོས་བཞི་ལྡན་བུམ་ཅན་ཁུག་པ་བརྒྱའམ་ལྔ་བཅུ་ཉེར་གཅིག་སོགས་བཟུང་བས་རྣམ་རྟོག་གི་རྒྱུ་བ་ཆད་པའི་ཀ་དག་སྟོང་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་མྱུར་དུ་རྒྱུད་ལ་སྐྱེ་བའི་ཉམས་འཆར་ནུས་ཤིང་གཡོ་བྱེད་ཀྱི་རླུང་མི་རྒྱུ་བ་བུམ་པ་ཅན་གྱིས་བཟུང་སྟོབས་ཀྱིས་གཡོ་འཁྲུལ་གྱི་སེམས་ཀྱི་འགྱུ་བ་རང་ཤུགས་ཀྱིས་འགགས། མཚོན་བྱེད་སྟོང་ཆ་ཡུམ་གྱི་དག་པ་ཙཎྜ་ལཱི་ཤིན་ཏུ་ཕྲ་བའི་ཡེ་ཤེས་ཀྱི་ཐིག་ལེའི་གསལ་སྣང་གིས་མཚོན་བྱ་སྟོང་ཉིད་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་རང་གི་རྒྱུད་ལ་འདྲེན་ནུས་པའི་ཐབས་ཀྱི་རྣལ་འབྱོར་ཟབ་མོའི་གསང་བ་ཡང་དག་པའི་དེ་ཁོ་ན་ཉིད་དོ། །གཉིས་པ་བདེ་བའི་རྣལ་འབྱོར་ནི། སླར་ཡང་བདེ་ཆེན་སྒྲུབ་པ་ནི༔ ལུས་གནས་འཁོར་ལོ་བཞི་ལྡན་གསལ༔ དབུ་མའི་ཡར་སྣེ་ཧེ་རུ་ཀ༔ དཀར་པོ་བདེ་བའི་ཉམས་ལྡན་གསལ༔ ལྟེ་འོག་མེ་དང་དབྱེར་མེད་པའི༔ ཕག་མོ་དམར་མོ་གསལ་བ་ལ༔ སེམས་གཏད་ཀུམྦྷ་སྦྱོར་བ་ཡིས༔ ཤེས་རབ་སྟོང་པའི་མེ་བསྐུལ་བས༔ འཁོར་ལོའི་རྩ་འདབ་ཐམས་ཅད་བསྲེག༔ བླ་མའི་སྐུ་ལས་བདུད་རྩི་དྲངས༔ འཁོར་ལོའི་གནས་རྣམས་ཐམས་ཅད་དང་༔ ཁྱད་པར་ཤེས་རབ་སྒྱུ་མར་ཐིམ༔ འབར་འཛག་བདེ་ཆེན་དགྱེས་མཆོད་སྤྲིན༔ མཁའ་དབྱིངས་ཁྱབ་པར་འཕྲོས་པ་ལས༔ རྩ་གསུམ་ཞི་ཁྲོའི་ཚོགས་རྣམས་ཀུན༔ སྤྱན་དྲངས་ཐབས་མཆོག་དཔའ་བོར་བསྟིམ༔ དེ་ལྟར་དམིགས་པ་དྲག་ཏུ་བཟུང་༔ ཧེ་རུ་ཀ་དཔལ་སྙིང་གར་བྱོན༔ ཕག་མོ་བདེ་བའི་གར་འཁྱུགས་ནས༔ སྙིང་གར་འཛོམ་དང་དགྱེས་པར་རོལ༔ མཐར་ནི་བྱང་སེམས་ཐིག་ལེར་གྱུར༔ ཞེས་པ་ལྟར་དབུ་མ་ལས་གྱེས་པའི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་འཁོར་ལོ་བཞི། རྩ་འདབ་སོ་གཉིས། བཅུ་དྲུག །བརྒྱད། དྲུག་ཅུ་རྩ་བཞིར་གྱེས་པའི་དབུ་མའི་ཡར་སྣེ་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་ངོ་བོ། རྣམ་པ་ཐབས་མཆོག་ཡབ་ཧེ་རུ་ཀ་ཡང་དག་སངས་རྒྱས་ཐམས་ཅད་བདེ་སྟོང་མཉམ་པར་སྦྱོར་བའི་དཔའ་བོ་ཆེན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོར་དྲིལ་བསྣོལ་ཏེ་འཛིན་པ་ཞུ་བདེའི་ཉམས་འགྱུར་ཤིན་ཏུ་རྒྱས་པས་སྐུ་མདོག་སྟོན་ཟླ་ལྟར་དཀར་བ་རྗེས་སུ་ཆགས་པ་མི་ཟད་པ་རྒྱས་པས་ཞུ་ལ་ཁད་པ་པད་ཉི་དྲེགས་པ་ཁྱོ་ཤུག་གི་གདན་ལ་བཞེངས་ཏེ་བཞུགས་པ་དང༌། ལྟེ་འོག་སོར་བཞིའི་མཚམས་དབུ་མའི་མར་སྣེ་ཤེས་རབ་སྟོང་ཉིད་རྣམ་ཀུན་མཆོག་ལྡན་གྱི་བདག་ཉིད། རྣམ་པ་རྡོ་རྗེ་བཙུན་མོ་སྒྱུ་མ་ཆེན་པོ་རྡོ་རྗེ་ཕག་མོ་གནམ་ཞལ་དབྱིངས་ཕྱུག་དམར་མོ་གཅེར་བུ་རྐེད་སྐབས་ཕྲ་ཞིང་ནུ་འབུར་དང་བྷ་ག་རྒྱས་པ། སྐུ་ལས་བདེ་དྲོད་ཀྱི་འོད་ཕུང་འབར་བ། གཟུང་འཛིན་འཁྲུལ་འཁོར་ཟ་བའི་བརྡར་གཏུམ་རྔམས་ཁྲོས་པའི་ཉམས་དང་ལྡན་པ། ཕྱག་གཉིས་གྲི་གུག་ཕྱར་ཞིང་ཐོད་ཁྲག་ཐུགས་ཀར་བཟུང་བ། ཞབས་བརྐྱང་བསྐུམ་གྱིས་གར་སྟབས་ལིང་ངེར་པད་ཉི་བམ་རོའི་སྟེང་བཞེངས་པ་གསལ་ཏེ། རླུང་རོ་བསལ་ཞིང་སྟེང་འོག་གི་རླུང་ཁ་སྦྱོར་དུ་བཅིང་པས་ལྟེ་འོག་ཕག་མོའི་སྐུ་ལས་བདེ་དྲོད་ཀྱི་མེ་ཤིན་ཏུ་ཕྲ་བ། རྩེ་མོ་རྣོ་ཞིང་འཁྱུག་པ། འོད་ཀྱི་ཟེར་ཐག་ཅན་དཔག་ཏུ་མེད་པ་བྱུང་སྟེ་ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོའི་འཁོར་ལོའི་བར་མས་རིམ་གྱིས་འབར་ཞིང་འཕྲོས་པས་རྩ་ནང་ཐམས་ཅད་ཁྱབ། ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་གཞོབ་ཐུལ་གྱིས་བསྲེགས། ལུས་ཀྱི་ནང་ཐམས་ཅད་ཟང་ཐལ་དུ་ཁྱབ། མ་དག་པའི་རྩ་རླུང་ཐིག་ལེའི་ཆ་ཐམས་ཅད་སྦྱངས། བ་སྤུའི་ཁུང་བུ་རྣམས་ནས་མེ་ལྕེ་དམར་ཁྱུག་ཁྱུག་ཏུ་སྦྲུལ་གྱི་ལྕེ་བཞིན་བྱུང༌། ལུས་རིལ་གྱིས་གང་བས་དྲོད་ཀུན་ཏུ་ཁྱབ་ཅིང་སྣང༌། ལྕགས་སྲེག་མགར་གྱི་སོ་མལ་ནས་བྱུང་བ་བཞིན་རང་ལུས་དམར་ལམ་གྱིས་བྱུང༌། ཁྱད་པར་སྤྱི་བོའི་བླ་མ་ཧེ་རུ་ཀའི་སྐུ་ལ་རེག་ཙམ་གྱིས་རྗེས་ཆགས་ཀྱི་བདེ་ཉམས་ལྷག་པར་རྒྱས། སྐུའི་ཆ་ཐམས་ཅད་ལས་བྱང་ཆུབ་སེམས་ཀྱི་བདུད་རྩི་མུ་ཏིག་གི་རྒྱུན་ལྟ་བུ་དཀར་ཁྲམ་ཁྲམ་དུ་བྱུང༌། འཁྱགས་རོམ་མེས་ཞུ་བའི་ཆུ་བཞིན་མས་རིམ་དུ་བབ་སྟེ་སྤྱི་མགྲིན་སྙིང་ལྟེའི་གནས་བཞིའི་འཁོར་ལོར་བདུད་རྩིའི་ཆུ་རྒྱུན་གྱིས་རིམ་ཅན་དུ་གང་བས་དབང་བཞི་ཐོབ། ལུས་རྩ། ངག་རླུང༌། ཡིད་ཐིག་ལེ། ཆ་མཉམ་ཡེ་ཤེས་ཀྱི་སྒྲིབ་པ་བཞི་དག །དགའ་བ། མཆོག་དགའ། ཁྱད་པར། ལྷན་སྐྱེས་ཀྱི་དགའ་བ་བཞིའི་ཉམས་སྐྱེས། སྐུ་བཞིའི་གོ་འཕང་རྒྱུད་ལ་སྐྱེ་བའི་སྐལ་ལྡན་དུ་གྱུར་པར་བསམ། ཁྱད་པར་དུ་ཡང་བྱང་སེམས་བདུད་རྩིའི་དྭངས་མ་ལྟེ་བའི་ཕག་མོའི་སྐུ་ལ་སིབ་ཀྱིས་ཐིམ་པས་འབར་འཛག་གི་ཉམས་ཤིན་ཏུ་རྒྱས། བདེ་བ་མི་བཟོད་པའི་ཉམས་ཀྱིས་གར་དང་བཅས་ཏེ་དཀར་དམར་གཉིས་སུ་མེད་པའི་ཡེ་ཤེས་འོད་ཀྱི་ཟེར་ཐག་ཁ་དོག་ལྔ་ལྡན་མཁའ་ཁྱབ་ཏུ་སྤྲོས་པས་ཆོས་དབྱིངས་ཁྱབ་པར་བརྡལ་བའི་ཞིང་ན་བཞུགས་པའི་བླ་མ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བསྐུལ་ཏེ་གཟུགས་སྐུ་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་བཞེངས་ནས་ཆར་དྲག་ཏུ་འབབ་པ་ལྟར་བྱོན། སྤྱི་བོའི་བླ་མ་ཧེ་རུ་ཀ་ལ་ཐིམ་པས་བྱིན་རླབས་ཀྱི་ཟིལ་བཟོད་མེད་དུ་འབར། བདེ་བ་མ་བཟོད་པས་སྙིང་གར་བྱོན་པའི་རྐྱེན་གྱིས་ཕག་མོ་ཡང་བདེ་བའི་གར་དང་སྒྱུ་རྩལ་ཁྱུག་ཁྱུག་གིས་གྱེན་དུ་བྱོན་ནས་ཡབ་ཡུམ་ཞལ་སྦྱོར་བས་བདེ་སྟོང་གི་ཡེ་ཤེས་ཤིན་ཏུ་རྒྱས་པས་རང་ལུས་འོད་དུ་ལྟེམས་ཀྱིས་ཞུ། སྙིང་གའི་ཧེ་རུ་ཀ་ཡབ་ཡུམ་ལ་ཐིམ། ཧེ་རུ་ཀ་ཡབ་ཡུམ་ཀྱང་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་འགུལ་འཕྲིག་གི་རྣམ་པ་ཅན་དུ་ཞུ། དེ་ཡང་སྟོང་པའི་དབྱིངས་སུ་ཡལ་བར་བསམ། དམིགས་པ་དེ་མ་རྫོགས་ཀྱི་བར་རླུང་བུམ་ཅན་དྲག་ཏུ་གཅུན་ཏེ་རླུང་རིག་སེམས་གསུམ་གཅིག་དུ་བསྲེ་བ་གལ་ཆེའོ། །གསུམ་པ་མི་རྟོག་པའི་རྣལ་འབྱོར་ནི། དེ་ལ་སེམས་གཏད་ཐིག་ལེ་ནི༔ དབུ་མའི་ཡར་སྣར་སྤྲོས་པ་དང་༔ སྣ་རྩེར་རྡོ་རྗེ་ནོར་བུའི་རྩེར༔ རེས་མོས་བཟུང་ཞིང་མཐའ་རུ་ནི༔ སྙིང་གར་ཐིག་ལེ་སྔོ་སྐྱ་ཧཱུྃ་མཚན་པ༔ མཐར་ནི་སྟོང་ཆེན་དབྱིངས་སུ་བསྟིམ༔ མཆན། བསྟིམས་པས་གསལ་སྟོང་ནི༔ ལྟ་བ་མཐའ་དང་བྲལ་བར་བསྐྱང་༔ གསང་དབང་ལམ་བྱེད་རིམ་པའོ༔ ཞེས་པ་སྟེ་ཧེ་རུ་ཀ་ཡབ་ཡུམ་ཞུ་བའི་ཐིག་ལེའི་དྭངས་མ་ཤིན་ཏུ་ཕྲ་བ་ཉིད་སེམས་བྱིང་རྨུག་དང་བདེ་ཉམས་ཆེ་ན་དབུ་མའི་ཡར་སྣ་ཚངས་པའི་སྒོར་བྱོན་ནས་བརྟན་པར་བཞུགས་པ་ལ་རླུང་སེམས་ཀྱི་དྭངས་མ་ཐམས་ཅད་དེ་ལ་སིབ་སིབ་ཐིམ་པར་བསམ་ལ་དམིགས་པ་སྤྱི་བོར་གཏོད་ཅིང་མིག་གི་ལྟ་སྟངས་ནམ་མཁར་གཏད་དེ་དབྱིངས་རིག་བསྲེ། ཡང་རྒོད་པ་དང་གསལ་ཉམས་ཆེ་ན་ཐིག་ལེ་ཉིད་ལྕི་ཐིག་གིས་ལུས་དབུས་བརྒྱུད་རྡོ་རྗེ་ནོར་བུའི་རྩེར་བདེ་བའི་ཟིལ་པ་ཕྲོམ་མེར་སོན་པར་བསམ་ལ་བུམ་ཅན་དྲག་ཏུ་བཟུང་དམིགས་པ་ལྟེ་འོག་ཏུ་གཏད་ཅིང་མིག་སྣ་རྩེར་གཏོད། དེ་གཉིས་གང་ལྟར་ཡང་མཐར་ཐིག་ལེ་དེ་ཉིད་ཁ་དོག་སྔོ་སྐྱ་ཧཱུྃ་གིས་མཚན་པ་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་ཞིག་ཏུ་གྱུར། དེའི་འོད་ཀྱིས་རང་ལུས་སྣོད་བཅུད་དང་བཅས་པའང་འུབ་ཀྱིས་འདུས་ནས་ལན་ཚྭ་ཆུར་ཞུ་བ་ལྟར་དབྱིངས་ཆེན་ཤིན་ཏུ་རྣམ་པར་དག་པའི་ཀློང་དུ་ཐིམ་པར་བསམ་ལ་ལྷོད་ཀྱིས་ཀློད་དེ་མཉམ་པར་བཞག་ལ་ཆོས་ཉིད་ཀྱི་ལྟ་བའི་ངང་བསྐྱང༌། དེ་ཡང་ལྷན་སྐྱེས་ཀྱི་ཡེ་ཤེས་ཆེན་པོའི་གནས་ལུགས་ལ་སྐུ་གསུམ་བདེ་གསལ་མི་རྟོག་པའི་ཡེ་ཤེས་གསུམ་ལྡན་གྱི་བདག་ཉིད་དུ་བཞུགས་པའི་ཡིན་ལུགས་མངོན་དུ་གྱུར་ན་ཡེ་ཤེས་གསུམ་གྱི་བདག་ཉིད་དུ་བྱང་ཆུབ་པར་བྱེད་ཅིང༌། གནས་ལུགས་མ་རྟོགས་པས་རྒྱུ་ཆགས་སྡང་རྨོངས་གསུམ་གྱིས་འཁྲུལ་ནས་འབྲས་བུ་ཁམས་གསུམ་གྱི་འཁྲུལ་སྣང་ལ་སྤྱོད་པ་དང༌། ལམ་ཉམས་སུ་ལེན་པའི་སྐབས་སུ་ཡང་བདེ་གསལ་མི་རྟོག་པའི་ཉམས་གསུམ་ལས་མ་འདས་པས་ཉམས་དེ་གང་སྐྱེས་ཀྱང་ཞེན་མེད་འཛིན་མེད་རང་གྲོལ་ཆེན་པོའི་ལྟ་བའི་བོགས་འབྱིན། ལམ་གྱི་རྒྱན་དུ་ཁྱེར་ཞིང་རྒྱུན་བསྐྱངས་པས་ལྟ་བའི་གདིང་ཐོབ་དགོས་པའོ། །གཉིས་པ་གཞན་ལུས་ཕྱག་རྒྱའི་ལམ་ནི། གསུམ་པའི་ལམ་ལ་བསྟེན་པ་ཡི༔ དྲོད་ཐོབ་རྣལ་འབྱོར་བརྩམ་པར་བྱ༔ རིགས་ཅན་ལྔ་པོ་བཀུག་བྱས་ནས༔ དྲང་ངེས་ཆོས་བཤད་ཟབ་དབང་བསྐུར༔ འདོད་པའི་བདེ་བ་སྤེལ་བྱས་ནས༔ རོལ་ཐབས་བརྒྱད་དང་འདུ་ཤེས་བཞི༔ སྙོམས་འཇུག་དགའ་བཞི་ལུགས་འབྱུང་གི༔ ཡེ་ཤེས་ངོས་བཟུང་དབབ་བསྐྱིལ་བཟློག༔ ལུགས་ལྡོག་བཅུ་དྲུག་མཐར་སོན་གྱིས༔ བདེ་བའི་ཡེ་ཤེས་རྡུལ་དང་བྲལ༔ འགྱུར་མེད་བདེ་བ་ཆེན་པོ་ནི༔ འཕོ་མེད་ཀུན་ཏུ་ཁྱབ་པའོ༔ ཡན་ལག་ལུས་སྦྱང་འདྲེན་དགྲམ་ལྡོག༔ འཁྲུལ་འཁོར་ལྟ་སྟངས་འབད་པར་བྱ༔ ཕོ་ཉའི་ལམ་གྱི་རིམ་པའོ༔ ཞེས་བསྒྲུབ་བྱའི་ལྷ་བདེ་ཆེན་ཧེ་རུ་ཀ་ཐུགས་རྡོ་རྗེའི་ཁྱབ་བདག་དང་བསྒྲུབས་འབྲས་མཆོག་དངོས་གཙོ་བོར་བཏོན་པས་གནས་ལུགས་དོན་གྱི་འོད་གསལ་མངོན་དུ་བྱེད་དགོས་པའི་དབང་གིས། སྒྲུབ་བྱེད་ཀྱི་ལམ་ཕོ་ཉའི་མྱུར་ལམ་ཉིད་ཆེས་ཟབ་པའི་མཐར་ཐུག་ཏུ་ངེས་པས་སྒྲ་ཇི་བཞིན་ཉམས་སུ་ལེན་པར་འདོད་ན་སླད་ནས་སྤྲོ་བར་བྱའོ། །བཞི་པ་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་གསེང་ལམ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བཞི་པ་དོན་གྱི་ཡེ་ཤེས་ནི༔ མཚན་མཚོན་ཀུན་ལས་རབ་འདས་པའི༔ ཡང་དག་གྲུབ་པ་ཆེན་པོ་ངང་༔ རིག་པ་ཡེ་ཤེས་ཕུར་པ་སྟེ༔ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ རྩལ་རྫོགས་ཆེན་པོར་ལྷུན་གྱིས་གྲུབ༔ ཞེས་པ་སྟེ་དབང་བཞིའི་ལམ་གང་བསྒོམས་ཀྱང་བསྒྲུབ་བྱ་མཐར་ཐུག་ནི། སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས། འཕོ་བའི་སྒྲིབ་པ་དང་བྲལ་བའི་རྡོ་རྗེའི་སྐུ། ཆོས་ཉིད་དེ་བཞིན་ཉིད་ལ་སྒྲིབ་པའི་བག་ཆགས་ཕྲ་མོ་ཡང་ཟད་དེ་རོ་མཉམ་དུ་སངས་རྒྱས་པ། གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་བསམ་གྱིས་མི་ཁྱབ་པ། མཚན་མའི་སྤྱོད་ཡུལ་ཐམས་ཅད་དང་བྲལ་ཀྱང༌། ཤེས་བྱའི་རྣམ་པ་ཐམས་ཅད་དུ་འཆར་བའི་བདག་ཉིད་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་པའི་རང་བྱུང་ཡེ་ཤེས་ཀྱི་སྐུ་སྟེ། འཁོར་འདས་ཐམས་ཅད་མཉམ་པ་ཉིད་དུ་སངས་རྒྱས་པ། རིག་ཀུན་གྱི་ཁྱབ་བདག་དམ་པར་གྱུར་པ་ལ་ཆོས་ཉིད་དོན་གྱི་ལྷ་ཞེས་བྱ་ཞིང༌། ཡེ་ཤེས་ཀྱི་སྐུ་མཚན་མའི་སྤྱོད་ཡུལ་ལས་འདས་པ་དེ་ཉིད་རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཤར་བ་ལ་སྲིད་ཞིའི་སྤྱི་དཔལ་ཡང་དག་ཧེ་རུ་ཀ་ཞེས་དང༌། ཁྲོ་རྒྱལ་སྟོབས་འདུས་རྡོ་རྗེ་གཞོན་ནུ་ལ་སོགས་པའི་མཚན་དང་སྐུ་ཡི་བཀོད་པ་ཞལ་ཕྱག་མཚན་མ། གཙོ་འཁོར། རྟེན་བརྟེན་པའི་རྣམ་པ་ཅིར་ཡང་སྣང་བ་ཉིད་ཆོས་ཅན་རྟགས་ཀྱི་ལྷ་ཞེས་བྱ་ཞིང༌། དེས་ཆོས་ཐམས་ཅད་སྣང་སྟོང་མཉམ་པ་ཉིད་ཀྱི་དབྱིངས་སུ་ཚུལ་གཅིག་པས་ཡེ་ཤེས་རྡོ་རྗེའི་སྐུ་ཅན་དཀྱིལ་འཁོར་གྱི་གཙོ་བོའི་དོན་གྱི་བཞུགས་ཚུལ་དང་མཐུན་པ་ཉམས་ལེན་གྱི་ལམ་ཀྱང་བློ་འདས་འོད་གསལ་ཆེན་པོའི་རྣལ་འབྱོར་གྱི་ལྟ་སྒོམ་གནད་དུ་བསྣུན་པས་དོན་གྱི་གྲོལ་ཕུག་མངོན་དུ་བྱེད་ནུས་པ་སྟེ། དེ་ཡང་རིག་སྟོང་ཡེ་ཤེས་ཀྱི་དགོངས་པ་ངོ་སྤྲོད་པ་ཀ་དག་ཁྲེགས་ཆོད་ཀྱི་ལམ་དང༌། འོད་གསལ་ཐིག་ལེ་ཆེན་པོའི་རྣལ་འབྱོར་གྱི་བོགས་འབྱིན་པ་ལྷུན་གྲུབ་ཐོད་རྒལ་གྱི་མན་ངག་ལ་བརྟེན་པ་ནི་ཡང་དག་གྲུབ་པ་གཅིག་པུའི་དོན་གྱི་དགོངས་པ་དང༌། རྡོ་རྗེ་ཕུར་པའི་ལམ་བཞི་ལས་རིག་པ་ཡེ་ཤེས་ཀྱི་ཕུར་བུའི་རྣམ་བཞག་ཏུ་གསུངས་པ་ཉིད་བཤད་པའོ། །གཉིས་པ་རྒྱས་པར་བཤད་ལ། འཁྲུལ་རྟོག་གཞི་མེད་དུ་སྦྱང་པ་སྔོན་འགྲོ་དང༌། འཁྲུལ་པ་རང་གྲོལ་དུ་དག་པ་དངོས་གཞི་གཉིས་ལས། དང་པོ་ནི། རུ་ཤན་ཕྱི་ནང་དབྱེ་བ་དང་༔ སྒོ་གསུམ་རྣལ་དུ་དབབ་པ་ཡིས༔ ཞེས་པ་སྟེ་གཞི་སྣང་འཁྲུལ་གྲོལ་གྱི་སྣང་བ་འདབས་འདྲེས་དེ་དོན་གྱི་ཡིན་ལུགས་ལ་སྒྲིབ་པ་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཡེ་ཤེས་ཆེན་པོར་དག་པར་བྱས་ནས། ཆོས་ཉིད་དོན་གྱི་གཤིས་རྗེན་གཅེར་དུ་ངོ་སྤྲད་ནས་སྣང་སྤྱོད་ཡེ་ཤེས་ཀྱི་རོལ་པ་ལས་མི་འདའ་བར་བྱ་ཕྱིར་ཕྱི་ནང་གི་རུ་ཤན་དབྱེ་བ། སྒོ་ལུས་ངག་ཡིད་གསུམ་སྦྱང་པ་རྣལ་དབབ་དང་བཅས་པ་ཐེག་པ་མཆོག་གི་ཁྲིད་ཚུལ་སྤྱི་ལྟར་ཉམས་སུ་ལེན་པར་བྱ་དགོས་སོ། །གཉིས་པ་འཁྲུལ་པ་རང་གྲོལ་དུ་དག་པ་དངོས་གཞིའི་མན་ངག་ལ། ལྟ་བ་ཀ་དག་ཉིད་དོན་ངོ་སྤྲད་པ། སྒོམ་པ་འོད་གསལ་གྱི་རྣལ་འབྱོར་གྱིས་བོགས་འབྱིན་པའོ། །དང་པོ་ནི། ཀ་དག་ལྟ་བ་ནམ་མཁའི་དབྱིངས༔ རྒྱ་ཆད་ཕྱོགས་ལྷུང་ཀུན་བྲལ་བ༔ ཡིད་དཔྱོད་བསམ་ལས་འདས་པ་རུ༔ བླ་མའི་དྲིན་གྱི་རང་ཐོག་འཕྲོད༔ ཐམས་ཅད་རང་གྲོལ་ཆེན་པོར་མཉམ༔ ཤར་གྲོལ་དབྱེར་མེད་ཆེན་པོའོ༔ གང་བྱུང་སྤྱོད་པས་རྩིས་གདབ་བྲལ༔ ཞེས་པ་སྟེ་གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཀུན་འཁྲུལ་རྟོག་གི་བློས་བཅོས་ཤིང་བཏགས་ཙམ་ལས་དོན་ལ་མེད་པ་གསལ་སྣང་ཆུ་ཟླ་ལྟ་བུ་ལས་གང་དུའང་མ་གྲུབ་ན། རིག་པའི་གནས་ལུགས་ནི་ནམ་མཁའི་དབྱིངས་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་འཁོར་འདས་གང་དུའང་རྒྱ་ཆད་དང་ཕྱོགས་སུ་མ་ལྷུང་བ་ཀུན་ཁྱབ་ཡིད་དཔྱོད་ཀྱི་བློས་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་སོ་སོ་རང་གིས་རིག་པ་བྱ་བའི་བདག་ཉིད་དེ། ཐོས་བསམ་གྱིས་དོན་སྤྱི་ཙམ་ལས་ཇི་བཞིན་མངོན་དུ་བྱེད་མི་ནུས་ཀྱང༌། བླ་མའི་བྱིན་རླབས་དང་ཁ་ནང་དུ་ཕྱོགས་པའི་བསྒོམས་སྟོབས་ལ་བརྟེན་ནས་ཆོས་ཉིད་དོན་གྱི་གཤིས་ལུགས་ཆོས་སྐུ་རིག་སྟོང་རྗེན་པ་རང་གི་མྱོང་སྟོབས་ཀྱིས་གཞི་མེད་རྩ་བྲལ་དུ་ངོས་ཟིན་པའི་ཚེ་ངོ་རང་ཐོག་ཏུ་འཕྲོད་པ་ལྟ་བ་རི་བོ་ཅོག་བཞག་ཞེས་བྱ། དོན་དེ་བློས་སྒོམ་པར་བྱ་བ་རྡུལ་ཙམ་མེད་ཀྱང་ཆེད་དུ་རྩོལ་བས་མ་བསྒྲུབ། ཡེངས་ལ་ཕྱལ་བར་མ་ཤོར། རྟོག་པའི་འཕྲོ་འདུས་རིག་པ་ལ་མ་བསྒྲིབས་པ་རང་བབ་ལྷོད་པོའི་ངང་དུ་མི་གཡོ་བར་བཞག་པས་ངང་བསྐྱང་པ་ནི་ཐག་གཅིག་ཐོག་ཏུ་བཅད་པའི་སྒོམ་པ་རྒྱ་མཚོ་ཅོག་བཞག །རིག་པའི་རང་སོ་ཟིན་པ་ཆོས་སྐུ་རྒྱལ་པོའི་གཏན་སྲིད་འཕོ་མེད་དུ་བཟུང་བས་ཚོགས་དྲུག་གི་སྣང་བ་གང་ཤར་ཡང་དགག་སྒྲུབ་ཀྱི་བློས་མི་དཔྱོད་པར་ཆོས་ཉིད་གཤིས་ཀྱི་མྱོང་བ་དང་མ་བྲལ་བས་རྒྱས་ཐེབས་ན་རང་ཤར་རང་གྲོལ་ཆེན་པོར་དག་པ་ནི་གདིང་གྲོལ་ཐོག་ཏུ་བཅའ་བ་སྟེ་དེ་ནི་སྤྱོད་པ་སྣང་བ་ཅོག་བཞག་ཞེས་བྱ་ཞིང༌། གནད་དེ་དག་ལ་བརྟེན་ནས་ཆོས་ཅན་མཚན་མའི་སྤྲོས་པ་ཐམས་ཅད་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་གྲོལ་ཏེ་འཁོར་འདས་རེ་དོགས་ཀྱི་སྤྲོས་པས་ཉེ་བར་ཞི་བའི་ཆོས་དབྱིངས་ཁྱབ་བརྡལ་ཆེན་པོའི་དབྱིངས་སུ་འཕོ་འགྱུར་མེད་པའི་བཙན་ས་ཟིན་ཏེ་གནས་པ་ནི་འབྲས་བུ་རིག་པ་ཅོག་བཞག་ཅེས་བྱའོ། །གཉིས་པ་སྒོམ་པ་འོད་གསལ་གྱི་རྣལ་འབྱོར་གྱིས་བོགས་འབྱིན་པ་ནི། ལྷུན་གྲུབ་ཆེན་པོའི་གནས་ལུགས་ནི༔ སྒྲོན་མ་བཞི་ཡིས་མངོན་དུ་བྱེད༔ སྣང་བཞི་མཐར་ཕྱིན་ཨེ་མ་ཧོ༔ བཞི་པའི་ལམ་ཁྱེར་རིམ་པའོ༔ ཞེས་པ་སྟེ་སྤྱིར་ཆོས་ཀུན་སྟོང་ཉིད་དུ་གཏན་ལ་ཕབ་པ་དང༌། རང་བཞིན་འོད་གསལ་གྱི་ཡེ་ཤེས་དང་ཟུང་འཇུག་ཏུ་སྒྲུབ་པ་མདོ་སྔགས་ཀུན་ནས་ཟབ་མོའི་གནས་ལུགས་སུ་གསུངས་ཀྱང་རིག་སྟོང་ཁྱབ་བརྡལ་ཆེན་པོའི་དགོངས་པ་བློས་བྱས་ཡིད་དཔྱོད་ལས་འདས་པ་དང༌། དེའི་གཤིས་ལུགས་འོད་གསལ་སྒྲོན་མ་བཞི་ལྡན་དུ་གཏན་ལ་ཕབ་པ་ནི་རྫོགས་པ་ཆེན་པོ་མན་ངག་སྡེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབའ་ཞིག་སྟེ། དེས་ཁྱད་པར་བདུན་ལྡན་ལྷུན་གྲུབ་ཐོད་རྒལ་གྱི་ལམ་ཟབ་མོ་འདི་ནི་ཡང་གསང་སྙིང་གི་ཐིག་ལེའི་ཀུན་བཟང་གདོད་མའི་ལམ་གྱི་ཐུས་ཀ་མཐར་ཐུག་པ་སྟེ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་གདངས་འོད་གསལ་སྒྲོན་མ་བཞིའི་སྣང་བ་རང་ལ་གཟོད་ནས་ལྷུན་གྲུབ་ཏུ་གནས་ཀྱང་ཟག་བཅས་རྩ་རླུང་ཐིག་ལེའི་སྦུབ་སུ་ཆུད་དེ་མངོན་སུམ་མི་སྣང་བ་གང༌། སྒོ་ཡུལ་རླུང་རིག་གི་གནད་ཀྱིས་གཅུན་པས་མན་ཤེལ་ཉི་མ་དང་འཕྲད་པས་འཇའ་ཟེར་བཀྲག་ཏུ་འཚེར་བ་བཞིན་དབྱིངས་རིག་ཟུག་འཇུག་གི་འཆར་ཆས་ལས་ཉོན་གྱི་ཟག་པ་ཐམས་ཅད་རང་ཟད་དུ་སོང་ནས་འཕོ་མེད་ཡེ་ཤེས་རྡོ་རྗེའི་གསང་བ་གསུམ་དུ་སྒྲུབ་ནུས་པ་སྟེ། ཀུན་གྱི་འཆར་གཞི་རིག་པ་དབྱིངས་ཀྱི་སྒྲོན་མའི་སྣང་བ་འོད་གདངས་མཐིང་ཀ་དང་པོར་ཤར་བ་ཕྱི་དབྱིངས། དེ་ལས་སྣང་བ་མཆེད་པའི་ཚུལ་དུ་འོད་ལྔའི་སྣང་བ་ཟ་འོག་ཁ་ཕྱེས་པ་ལྟར་འཆར་བ་ལ། ལས་རླུང་དམ་པའི་ཆ་ལས་བྱུང་བས་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ལྔའི་མུ་ཁྱུད་ཅན་དྭངས་མ། རྒྱང་ཞགས་ཆུའི་སྒྲོན་མ་ལུས་དང་པོ་ཆགས་པའི་དུས་ནས་སྐྱེད་བྱེད་རྩ་ཡི་མདུད་པ་ན་འབྱུང་བའི་སྤྱན་ལས་ཕུང་པོ་གྲུབ་ཅིང༌། སྒྲོན་མའི་སྤྱན་ལས་ཡེ་ཤེས་ཀྱི་སྣང་བ་འཆར་བའི་སྒོ་སྙིང་ནས་མིག་ཏུ་འབྲེལ་བའི་འོད་རྩ་ཀ་ཏི་ཤེལ་སྦུག་ཅན་གཟིགས་སྟངས་ཀྱིས་གཅུན་པའི་དབང་གིས་རིག་པ་ཤིན་ཏུ་དྭངས་པ་ཡུལ་མེད་ཉམས་སུ་མྱོང་བ་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་དང༌། ཚིག་དོན་ཀློང་བརྡོལ་གྱི་རིག་རྩལ་སོར་རྟོག་ཡེ་ཤེས་འཆར་བའི་རྩལ། དེའི་གདངས་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ལྡིང་བ་ལྟར་འཆར་བ་དབྱིངས་དང་ཐིག་ལེའི་ར་བར་བཙུད་ནས་བསྒོམས་པས་ཆོས་ཉིད་མངོན་སུམ་གྱི་ལྟ་བས་ཡེ་ཤེས་རྗེན་པའི་གཤིས་ལུགས་སྒྲ་ཇི་བཞིན་དུ་གཏན་ལ་ཕེབས། ཉམས་གོང་འཕེལ་གྱི་འཁྲུལ་སྣང་དབྱིངས་སུ་ནུབ་སྟེ་བར་དོར་གྲོལ་བའི་གདིང་ཚད་རྙེད། རིག་པ་ཚད་ལ་ཕེབས་པས་སྐུ་གསུམ་གྱི་ལམ་སྣང་གི་འཕེལ་ཆ་ཡོངས་སུ་རྫོགས། ཆོས་ཉིད་ཟད་པས་སྣང་གསུམ་འཕོ་བའི་སྒྲིབ་རྟོག་དབྱིངས་སུ་ནུབ་སྟེ་ནང་དབྱིངས་ཁྱད་པར་དྲུག་ལྡན་དུ་བྱང་ཆུབ་བརྙེས་པའི་ལམ་གྱི་ས་ཚད་མཐའ་རྟེན་གྱི་མན་ངག་བཞིས་བཟུང་བ་གཅེས་སོ། །གསུམ་པ་རྗེས་ཀྱི་ཁྲིད་རིམ་ལ། འབྲས་བུའི་གྲོལ་ཚད་དང༌། ཟབ་གསང་གཏན་ལ་ཕབ་སྟེ་བསྩལ་བའི་ཚུལ་ལོ། །དང་པོ་ནི། སྒོ་གསུམ་དཔལ་ཆེན་ཁྲོ་རྒྱལ་གྱི༔ སྐུ་བཞིའི་ངོ་བོར་བྱང་ཆུབ་ནས༔ ཐམས་ཅད་རིག་པ་རང་སྣང་གི༔ རང་བྱུང་ཁྲོ་བོའི་སར་བཀོད་པས༔ འགྲོ་དོན་འཁོར་བ་དོང་སྤྲུགས་འགྱུར༔ ཨྠིྀ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ མནྟྲ་གུ་ཧྱ༔ བརྡ་ཐིམ༔ ཞེས་པ་སྟེ་བསྒྲུབ་གཞི་གཉུག་མའི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་སྣང་སྟོང་མཁའ་ཁྱབ་ཡེ་ཤེས་རྡོ་རྗེ་རྡུལ་བྲལ་ནམ་མཁའ་ལྟ་བུའི་སྐུ་མངོན་དུ་བྱ་བའི་ཕྱིར། སྒྲུབ་བྱེད་དབང་བཞིའི་ལམ་དང་རྗེས་སུ་མཐུན་པའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ཟབ་མོའི་བྱེད་ལས་ཀྱིས། སད་རྨི་གཉིད་མཐུག་སྙོམས་འཇུག་གི་སྒྲིབ་པ་བཞི་དག་ནས། བསྒྲུབས་འབྲས་སྐུ་བཞི་དབྱེར་མེད་སྲིད་ཞིའི་སྤྱི་དཔལ་ཁྱབ་བདག་ཧེ་རུ་ཀ་ཆེན་པོའི་གོ་འཕང་མངོན་དུ་བྱེད་པའི་གསེང་ལམ། ཨོ་རྒྱན་མ་ཧཱ་གུ་རུ་ཡབ་ཡུམ་གྱི་ཐུགས་དམ་གཅིག་དྲིལ། འཕགས་བོད་རིག་འཛིན་བྱེ་བའི་མཆོག་དངོས་མངོན་སུམ་དུ་གྲུབ་པའི་ཐབས་ཟབ་པའི་མཐར་ཐུག །བརྒྱུད་ཐག་ཉེ་བས་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བ། སྙིགས་དུས་བར་ཆད་སྐྱོབ་པའི་རྡོ་རྗེའི་མཁར་རྫོང་དུ་མཚན་ཙམ་དྲན་པས་བདུད་སྡེའི་རུ་མཚོན་བསྙིལ་ནུས་པ་ཐུན་མིན་ལྷག་པའི་ལྷ་མཆོག་སྒྲུབ་པའི་ཟབ་ལམ་རྨད་དུ་བྱུང་བ་རྒྱུ་མཚན་ཤེས་པའི་བློས་ཡིད་བཞིན་གྱི་ནོར་བུ་རྙེད་པ་མཆོད་དང་བཀུར་བསྟི་ལ་བརྩོན་པས་དོན་གཉིས་འདོད་དགུ་འཇོ་བ་ཆོས་ཉིད་དུ་གྲུབ་པ་བཞིན་ཐེག་མཆོག་སྙིང་པོའི་བསྟན་པ་དང་འཕྲད་ཅིང༌། ཟུང་འཇུག་རྡོ་རྗེའི་གོ་འཕང་སྒྲུབ་པའི་ཐབས་ལ་དད་བརྩོན་ཤེས་རབ་ཀྱིས་འཇུག་ཅིང༌། སྨིན་གྲོལ་ཟབ་མོའི་མྱུར་ལམ་ལ་བརྟེན་ནས་སྐུ་བཞིའི་རྒྱལ་ས་རྟེན་འདིར་མངོན་དུ་བྱ་བས་དལ་རྟེན་སྙིང་པོ་བླང་བར་རིགས་སོ། །གཉིས་པ་ཟབ་གསང་གཏན་ལ་ཕབ་སྟེ་ཇི་ལྟར་སྩལ་བའི་ཚུལ་ནི། ཁོ་བོ་རང་བྱུང་པདྨ་གླིང་པ་ལ༔ རིག་འཛིན་མཁས་གྲུབ་རྒྱལ་པོ་རྣམ་པ་བཞིས༔ ཀཿཐོག་སི་ཏུ་པཎྜི་ཏ་ཆོས་ཀྱི་རྒྱ་མཚོ། ཞེ་ཆེན་རྒྱལ་ཚབ་པདྨ་བི་ཛ། ཨ་འཛོམ་འབྲུག་པ་རིན་པོ་ཆེ། རྡོ་གྲུབ་ཀུན་མཁྱེན་བསྟན་པའི་ཉི་མ། མཆན། ཡི་དམ་མནོག་ཆོས་སྩལ་བའི་ཡང་ཕུར་གཉིས༔ ཇི་བཞིན་ཉམས་ལེན་སྐལ་པས་དབེན་གྱུར་ཀྱང་༔ བསྙེན་སྒྲུབ་འབྲེལ་འཇོག་བྱེད་པའི་གནས་སྐབས་སུ༔ བླ་མ་ལྷག་པའི་ལྷ་ཡིས་བྱིན་རླབས་ལས༔ རིག་སྟོང་འོད་གསལ་ཀློང་ལྔའི་སྒྲོམ་ལས་ཐོན༔ རིང་དུ་གསང་ཞིང་ཤིང་མོ་ལུག་གི་ལོར༔ རང་དང་རིགས་མཐུན་རྡོ་རྗེའི་མཆེད་པོ་ནི༔ ཀུན་གཟིགས་མངྒའི་མཚན་ཅན་མཆོག་ལ་ཕུལ༔ གདེ་བས་དཔལ་ཆེན་གོ་འཕང་མངོན་བྱེད་ཤོག༔ ཅེས་བདེ་ཆེན་ཧེ་རུ་ཀ་དངོས་འཁོར་ལོའི་དབང་ཕྱུག་དྲན་པས་གདུང་སེལ་མཆོག་གིས་ཚེ་རབ་ཀུན་ཏུ་ཐུགས་བརྩེའི་གཡར་དམ་གྱིས་བཟུང་བའི་རྟེན་འབྱུང་གིས་ཤིན་ཏུ་གསང་བ་ཆེན་པོའི་ཐུགས་ཀྱི་ཏི་ལ་ཀ་འདི་ཡང་རབ་རྒྱལ་མྱོས་བྱེད་ཤིང་ལུགས་ས་ག་ཟླ་བའི་ཚེས་དྲུག་ལ་དཔལ་ས་ལ་སྤྱོད་པའི་འོག་མིན་གསང་བ་ཆེན་པོའི་ཕོ་བྲང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་གྱི་གཟིམ་སྤྱིལ་ནས་འབྲལ་ཁའི་ཞལ་ཆེམས་ཀྱི་ཚུལ་དུ་བཀའ་དྲིན་བདུད་རྩིའི་ཉིང་ཁུའི་དཔྱིད་དུ་ཐོབ་པ་རིག་པ་འཛིན་པ་བདེ་ཆེན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་རང་བྱུང་ཐུགས་མཆོག་རྡོ་རྗེའི་སྙིང་གི་བདུད་རྩིའི་ཡང་བཅུད་དུ་འཆང་བའི་སྐལ་བཟང་རྨད་དུ་བྱུང་བའི་རྟེན་འབྱུང་གི་རྩེ་མོར་སོན་པ་གུ་ཧྱ་སིདྡྷིའི་རྒྱ༔ ཞེས་སོ། །སྔ་འགྱུར་བཀའ་གཏེར་ཆོས་ཀྱི་རྒྱ་མཚོའི་དབུས། །ཟབ་གསང་རིན་ཆེན་ལྷུན་པོའི་ཆ་ཙམ་ཞིག །སྐལ་བཟང་དཔྱིད་དུ་ཐོབ་པའི་སྙིང་པོའི་དོན། །ཅུང་ཟད་བཀྲལ་བའི་ལེགས་བྱས་སྣང་བའི་གཏེར། །ནང་གི་ཡེ་ཤེས་བདེ་བ་ཆེན་པོའི་མེས། །དངོས་འཛིན་ཚང་ཚིང་བསྲེགས་པའི་གཟི་འོད་ཀྱིས། །ནམ་མཁའི་མུ་ཁྱུད་བརྡོལ་བས་ཟག་མེད་ཀྱི། །དབྱིངས་སུ་ཉམས་པ་མེད་པར་བརྩོན་པའི་མཐུས། །ཕན་བདེ་པདྨོ་བཞད་པའི་དཔྱིད་གྱུར་ཏེ། །མཆོག་དངོས་གྲུབ་པའི་སྦྲང་རྩིའི་མྱོས་པ་ཡི། །རིག་འཛིན་གྲུབ་པས་འཛིན་མའི་ཁྱོན་བརྡལ་བས། །འགྲོ་ཀུན་ཧེ་རུ་ཀ་དཔལ་གྲུབ་གྱུར་ཅིག །ཅེས་པའང་གཏེར་སྟོན་གྲུབ་ཐོབ་ཀུན་གྱི་རྒྱལ་པོ་རྒྱལ་སྲས་རྡོ་རྗེ་གླིང་པའི་གདུང་བརྒྱུད་དུ་བྱོན་ཅིང༌། དྭགས་རྙིང་གི་གདམས་པའི་བདུད་རྩིའི་ཐུགས་རྒྱུད་ཡོངས་སུ་ཕྱུག་པའི་འཕགས་མཆོག་ཟབ་ཆོས་འདི་ཉིད་རྩ་བའི་ཐུགས་དམ་ཉམས་བཞེས་མཛད་པ། ལྷོ་ལྗོངས་ཆོས་ཀྱི་རྒྱལ་ཁབ་གྱི་ཆོས་སྡེ་ཆེན་པོ་སྤུངས་ཐང་གི་མཁན་ཆེན་འཇམ་དབྱངས་ཡེ་ཤེས་སེང་གེའི་ཐུན་མིན་ཐུགས་བརྩེའི་གནང་སྐྱེས་དང་བཅས་ཏེ་ཡང་ཡང་བཀའ་སྩལ་བ་བཞིན་ཟབ་ལམ་འདི་ཉིད་ཆིག་བརྒྱུད་དུ་བསྩལ་བའི་སྐལ་བཟང་རྡོ་རྗེའི་རིག་པ་འཛིན་པའི་མིང་ཙམ་གྱིས་སྙན་པའི་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་གྱིས་རབ་བྱུང་བཅུ་དྲུག་པ་ཤིང་འབྲུག་ལོར་འཕགས་ཡུལ་དབུས་གྱུར་རྡོ་རྗེ་གདན་གྱི་ཀེའུ་ཚང་དུ་གནས་པའི་སྐབས་བྲིས་པ་འདིས་ཀྱང་ངེས་གསང་རྡོ་རྗེ་སྙིང་པོའི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག། །། | {{TibP|༄༅། །སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་རྫོགས་རིམ་གུད་སྦས་ཀྱི་དམིགས་ཁྲིད་ཟབ་གསང་ཌཱ་ཀའི་ཐུགས་ཏིག་མཆོག་གི་ཡེ་ཤེས་གྲུབ་པའི་གསེང་ལམ་བཞུགས་སོ།། | ||
།ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་མཎྜ་ལ་བྷྱཿ འཁོར་འདས་ཆོས་ཀུན་མི་འགྱུར་བདེ་ཆེན་དབྱིངས། །གསང་གསུམ་ཡེ་ཤེས་དྲྭ་བར་སྡོམ་མཛད་པའི། །ཧེ་རུ་ཀ་དཔལ་བླ་མའི་དཀྱིལ་འཁོར་དང༌། །མི་ཕྱེད་རྡོ་རྗེ་གཞོན་ནུས་བདག་སྐྱོངས་ཤིག །ཤིན་ཏུ་ཐུན་མིན་སྙན་བརྒྱུད་གསང་བའི་གནད། །འཇམ་མགོན་བླ་མའི་དགོངས་བཅུད་རྡོ་རྗེའི་ཚིག །བདག་གི་སྐལ་པར་བབ་པའི་ཟབ་མོའི་ལམ། །ཅུང་ཟད་བཀྲལ་ལ་ཌཱ་ཀིའི་གནང་བ་སྩོལ། །དེ་ལ་འདིར་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་ཁྱབ་བདག་རྗེ་བཙུན་འཇམ་པའི་དབྱངས་ཉིད་རིས་མེད་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་ཏུ་གདོད་ནས་གྲུབ་པའི་ཐུགས་བསྐྱེད་ཀྱིས་སྙིགས་དུས་སྐྱོབ་པའི་འདྲེན་པར་བསམ་བཞིན་བྱོན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཐུན་མོང་མ་ཡིན་པའི་རྣམ་ཐར་གྱི་ཁྱད་ཆོས་བཀའ་བབ་བདུན་དུ་བཞུགས་པའི་བདུན་པ་སྙན་བརྒྱུད་ཀྱི་སྐོར་ལ། རྗེ་ཉིད་དགུང་གྲངས་བརྒྱད་དུ་ཕེབས་པར་འབྱུང་གདོན་གྱི་བར་ཆད་ཀྱིས་ཐུགས་ཀྱི་གསང་བ་ལ་རྒོལ་མ་ནུས་ཀྱང་སྐུ་ལུས་ཞུགས་ཀྱིས་ཚིགས་པའི་སྙུན་ཟུག་གིས་ཉེན་སྐབས་མེ་ཕག་ཟླ་བ་དགུ་པའི་ཚེས་བཅུའི་ཐོ་རངས་སུ་སྣང་སེམས་འདྲེས་པའི་ཐུགས་ཉམས་ཤིན་ཏུ་གསལ་བར་སངས་རྒྱས་ཀུན་འདུས་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱིས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་བས་བར་ཆད་ཀྱི་གཡུལ་ལས་རྒྱལ། སླར་དགུང་གྲངས་ཞེ་བདུན་སྐོར་མཚོ་རྒྱལ་གྱིས་བརྡས་བསྐུལ་ཏེ་དབང་དང་ཕྲིན་ལས་གྱི་བྱང་བུ་ཙམ་གཏན་ལ་ཕབ་པའི་དགེ་མཚན་ཅན་གྱི་སྙན་བརྒྱུད་ཡང་ཕུར་སྦྲགས་མ་ཞེས་འཇམ་མགོན་བློ་གྲོས་མཐའ་ཡས་ལ་ཆིག་བརྒྱུད་དུ་ཐོག་མའི་ཆོས་སྒོ་ཕྱེ། དེས་རྩ་བའི་ཆས་བདག་གནུབས་ནམ་མཁའི་སྙིང་པོའི་རྣམ་འཕྲུལ། སྐུའི་སྐྱེ་བ་ཐམས་ཅད་དུ་རྡོ་རྗེ་ཕུར་པས་རྗེས་སུ་བཟུང་བའི་བདག་ཅག་གི་རིགས་ཀྱི་བདག་པོ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་སོགས་ལ་མནོག་ཆོས་སུ་བསྩལ། དེ་དག་གིས་ཐུགས་ཉམས་བཞེས་ཤིང་དངོས་གྲུབ་ཀྱི་མཚན་མ་བརྙེས་པ་ལས། སླར་ཡང་རྗེ་ཉིད་ཀྱི་རྣམ་འཕྲུལ་ལྔ་འབྱུང་བར་ལུང་བསྟན་པའི་ཡ་གྱལ། མཁས་གྲུབ་རྒྱ་མཚོའི་དཔལ་མགོན་ཀུན་མཁྱེན་བླ་མ་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་སམ་གསང་བའི་མཚན་རང་བྱུང་པདྨ་གླིང་པ་ལ་སླར་ཡང་དེའི་རྫོགས་རིམ་རྡོ་རྗེའི་ཚིག་རྐང་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་ལས་གཏན་ལ་ཕབ་པ་རྡོ་རྗེ་ཐེག་པའི་གསེང་ལམ་ལ་སྤྱོད་པའི་སྐལ་བཟང་རྡོ་རྗེའི་རིགས་སུ་དབུགས་འབྱིན་ཐོབ་པ་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེ་བདག་ལ་ཆིག་བརྒྱུད་དུ་བསྩལ་བའི་ཐུན་མིན་གདམས་པའི་སྲོག་བཅུད་ཉིད་ཇི་ལྟར་ནུས་པ་འཆད་པ་ལ། རྡོ་རྗེའི་སྔགས་ཀྱི་གསང་བས་མདོར་བསྟན་པ་དང༌། ཉམས་ལེན་གྱི་ལམ་དངོས་བཤད་པའོ། །དང་པོ་ནི། གཏེར་གཞུང་རྡོ་རྗེའི་ཚིག་རྐང་ལས། ཤྲཱི་ཧེ་རུ་ཀ་ཧྃ། ཞེས་པ་སྟེ། རྒྱུད་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་གསུངས་པ་གང་བསྒྲུབ་བྱའི་གཞི་ཆོས་ཉིད་གཉུག་མའི་ངོ་བོ་ཀ་དག་གི་ཀློང་ན་འཁོར་འདས་སྤང་བླང་གི་མཚན་མའི་འདུ་འགོད་ཡེ་ནས་མ་དམིགས་པ་ཆོས་དབྱིངས་རྣམ་ཐར་སྒོ་གསུམ་དུ་དག་ཀྱང༌། ཆོས་ཉིད་ཀྱི་རང་ངོ་ན་ཟག་མེད་སྐུ་དང་ཡེ་ཤེས་རྒྱ་མཚོ་ཉི་མ་དང་འོད་ཟེར་བཞིན་འདུ་འབྲལ་མེད་པ་ལྷུན་གྱིས་གྲུབ་པའི་བདག་ཉིད་ནི་སངས་རྒྱས་ཀུན་གྱི་གསང་བ་ཟབ་མོའི་གནས་ལུགས་མཐར་ཐུག་དེ་ཁོ་ན་ཉིད་དེ། འདི་ནི་གཟུང་འཛིན་འཁྲུལ་པས་ནམ་ཡང་མི་ཕྱེད་པའི་རྡོ་རྗེའི་ཆོས་ཉིད། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་བདག་ཉིད་དུ་ལྷུན་གྱིས་གྲུབ་པ་འཕགས་པའི་རྟོགས་བྱ་མཐར་ཐུག །ཆོས་ཕུང་བརྒྱད་ཁྲིའི་བསྟན་བྱའི་ངེས་དོན་ད་ཁོ་ན་ཉིད་རྨད་དུ་བྱུང་བ་གང༌། འཁོར་འདས་བརྟན་གཡོ་ཀུན་ལ་དངོས་མེད་དངོས་པོའི་སྲོག་གི་ཐིག་ལེའི་ཚུལ་དུ་ཐོག་མ་ཉིད་ནས་ཁྱབ་ཀྱང༌། དངོས་པོའི་ཆོས་ལས་འདས་པའི་བདག་ཉིད་ནི་གནས་ལུགས་དོན་གྱི་ཡང་དག་ཧེ་རུ་ཀ་དཔལ་ཆེན་པོ་སྟེ། དེ་ལྟར་བཞུགས་པའི་གནས་ལུགས་དེ་ནི་ད་ལྟ་ནས་སེམས་ཅན་ཀུན་ལ་ཡོད་ཀྱང་ས་འོག་གི་གཏེར་བཞིན་རང་ངོ་རང་གིས་མ་མཐོང་བར། འཁྲུལ་རྟོག་གཟུང་འཛིན་གྱིས་བསླད་པས་རང་གི་ཆོས་ཉིད་ཇི་བཞིན་མ་རྟོགས་པ་རབ་རིབ་ཀྱི་སྐྲ་ཤད་བཞིན་ལོག་རྟོག་གིས་བསྒྲིབས་ནས་ཡིན་ལུགས་ཀྱི་ཡོན་ཏན་མངོན་དུ་མ་གྱུར་པའི་སྒྲིབ་པ་སྦྱང་བྱར་གྱུར་པ་གློ་བུར་བ་ཉིད། ཆོས་ཉིད་ཀྱི་གནས་ལུགས་དང་མཐུན་པའི་བཞུགས་ཚུལ་དོན་དམ་བདེན་པ་འཁོར་འདས་མཉམ་ཉིད་ཀྱི་ལྟ་བ་དང༌། ཡེ་ཤེས་དེའི་སྣང་ཆ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་སྣང་སྲིད་སྣོད་བཅུད་གདན་གསུམ་གྱི་འཁོར་ལོར་ཤར་བར་དག་པའི་ཀུན་རྫོབ། གནས་སྣང་ཙམ་ལས་དོན་ལ་སྣང་སྟོང་གཉིས་མེད་མཉམ་ཉིད་ཆོས་སྐུའི་ཡིན་ལུགས་ལྷག་པའི་ཆོས་སྐུ་བདེན་པ་དབྱེར་མེད་དུ་ཤེས་པས། སྒྲུབ་བྱེད་ཀྱི་ལམ་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཟབ་མོ་གནད་དུ་བསྣུན་པས་གནས་སྣང་མཐར་ཐུག་དང་མཐུན་པའི་ཟབ་མོའི་ལམ་གྱིས་གློ་བུར་འཁྲུལ་པའི་སྒྲིབ་པ་སྦྱོང་བྱེད་དུ་གྱུར་པ་ཡང་བདེ་སྟོང་དབྱེར་མེད་ཡེ་ཤེས་ཆེན་པོའི་རང་བཞིན་ལས་མ་འདས་པས་དེ་ནི་བགྲོད་པ་ལམ་གྱི་ཧེ་རུ་ཀ་དཔལ། ལམ་དེའི་དོན་གྱི་གནས་ལུགས་ཀྱི་བཞུགས་ཚུལ་མངོན་དུ་གྱུར་ཏེ་འཁྱག་རོམ་ཆུར་ཞུ་བ་བཞིན་འཁྲུལ་པའི་རྒྱུ་འབྲས་དབྱིངས་སུ་དག་སྟེ། རྣམ་ཐར་སྒོ་གསུམ་ཆོས་དབྱིངས་ཤིན་ཏུ་རྣམ་པར་དག་པ་ཆོས་སྐུ། བདེ་ཆེན་ཁ་སྦྱོར་བདུན་གྱི་ངེས་པ་ལྔ་ལྡན་ལོངས་སྐུ། ཐུགས་རྗེའི་ཡེ་ཤེས་ཀྱིས་ནམ་མཁའ་ཇི་སྲིད་དུ་འགྲོ་བའི་དོན་མཐའ་ཀླས་པ་མཛད་པ་སྤྲུལ་སྐུ། སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུ་དང་མི་འགྱུར་རྡོ་རྗེའི་སྐུ་ལྔའི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་ཡེ་ཤེས་བདེ་བ་ཆེན་པོ་ལས་ཞི་ཁྲོའི་འཁོར་ལོ་མི་ཟད་རྒྱན་གྱི་སྤྲིན་སྤྲོ་བསྡུས་ཁྱབ་བདག་ཏུ་གྱུར་པ་གྲུབ་འབྲས་མཐར་ཐུག་གི་ཧེ་རུ་ཀ་དཔལ་ཏེ། དེ་ལྟར་གསུམ་དུ་དབྱེ་བ་ཡང་སྣང་ཚུལ་གྱི་དབྱེ་བས། མ་དག་པ། དག་དང་མ་དག་འདྲེས་པ། ཤིན་ཏུ་དག་པས་བརྡར་བཏགས་ཀྱང་དོན་ལ་གནས་ལུགས་ངོ་བོའི་ཆ་ནས་ཐ་དད་དུ་མི་གནས་པ་ཐིག་ལེ་ཉག་གཅིག་ཏུ་ཡིན་པ་ཡང་དག་གྲུབ་པ་གཅིག་པུ་ཞེས་གྲགས་པ་སྟེ། དེས་ན་ཤྲཱི་ཞེས་པས་གཉིས་མེད་ཀྱི་ཡེ་ཤེས། ཧེས་སྟོང་ཉིད་རྣམ་ཀུན་མཆོག་ལྡན། རུས་ཐབས་བདེ་བ་ཆེན་པོའི་དོན་མཚོན་བསྟན་པའོ། །རྒྱུད་གཞན་ལས་གཞི་ལམ་འབྲས་བུའི་རྡོ་རྗེ་གཞོན་ནུ་ཞེས་གསུངས་པ་སྒྲུབ་བཀའ་སོ་སོའི་སྐུ་དང་མཚན་གྱི་རྣམ་པས་ཁྱད་ཆོས་ཀྱི་དབྱེ་བ་ཙམ་ལས་མཐར་ཐུག་གི་དོན་གྱི་ངོ་བོ་གཏན་ལ་དབབ་བྱའི་གནད་གཅིག་ཏུ་འབབ་པའོ། །དེ་ཐམས་ཅད་ཀྱི་དོན་རྡོ་རྗེ་གསང་བའི་ཚིག་འདིས་བསྟན་པས་ཚུལ་བཞིན་ཉམས་སུ་བླངས་བས་དངོས་གྲུབ་བདེ་བ་ཆེན་པོའི་ས་ལ་སྦྱོར་བས་ངོམས་པའི་ཚུལ་གྱིས་ཧཾ༔ ཞེས་མཚོན་པ་སྟེ་འོག་ནས་བཤད་པའི་ལམ་ཐམས་ཅད་འདིས་མཚོན་པ་ཡིན་ནོ། །གཉིས་པ་ལ། གཞུང་ལས། སྨིན་ཅིང་གྲོལ་བར་བྱེད་པ་ཡི༔ ཟབ་མོའི་ཁྲིད་ཀྱི་རིམ་པ་ནི༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ ཞེས་གསུངས་པ་ལྟར་སྨིན་བྱེད་ཀྱི་དབང༌། གྲོལ་བྱེད་ཀྱི་ཁྲིད་རིམ་དངོས་སོ། །དང་པོ་ནི། ཡིད་ཅན་ཀུན་ལ་རྒྱུ་རྡོ་རྗེ་བཞི་ཡི་བདག་ཉིད་ཁམས་བདེ་བར་གཤེགས་པའི་ངོ་བོའི་གཤིས་སུ་བཞུགས་པ་ཉིད། བླ་མ་སྐུ་བཞིའི་ཁྱབ་བདག་ཧེ་རུ་ཀ་ཆེན་པོའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་དུ་བཅུག་ནས། བུམ་པ། བདུད་རྩི། རིག་མ། ཤེལ་རྡོ་བཞིས་དོན་སྣང་སྟོང་བུམ་དབང༌། གསལ་སྟོང་གསང་དབང༌། བདེ་སྟོང་ཤེར་དབང༌། རིག་སྟོང་བཞི་པའི་དབང་བཞི་བསྐུར་ནས། ལུས་རྩ། ངག་རླུང༌། ཡིད་ཐིག་ལེ། དོན་དམ་ཡེ་ཤེས་ཀྱི་སྒྲིབ་པ་བཞི་སྦྱངས་ནས། བསྐྱེད་རིམ། རྫོགས་རིམ་རང་ལུས། གཞན་ལུས། ཕྱག་རྒྱ་ཆེན་པོའི་ལམ་བཞི་སྒོམ་པའི་སྣོད་རུང་དུ་བྱས་ཏེ་ཉམས་སུ་བླངས་བས། ཆོས་ལོངས་སྤྲུལ་སྐུ་ངོ་བོ་ཉིད་ཀྱི་སྐུ་བཞིའི་ས་ལ་སྦྱོར་བ་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་ཡང་དག་ཧེ་རུ་ཀའི་དཀྱིལ་འཁོར་ལ་བསྟེན་ནས་བསྐུར་བ་དང༌། དཔལ་ཆེན་རྡོ་རྗེ་ཕུར་པའི་སྐུ་གསུང་ཐུགས་དང་གཉིས་མེད་དུ་བྱིན་གྱིས་བརླབས་ཏེ་གདུག་ཅན་རྣམས། རིག་པ་མཆོག་གི་རྒྱུད་ལས། ལྷ་དབྲལ་གཟུགས་ལ་དབབ་པ་དང༌། །བྱད་དུ་གཞུག་དང་སྨྱོ་རུ་གཞུག །རྡུལ་དུ་བརླག་དང་ཞལ་དུ་བསྟབ། །དེ་ཡང་ཕོ་ཉ་འཕྱང་སྔགས་རྫས། །ཏིང་འཛིན་དམོད་པས་ལས་རྫོགས་བྱ། །ཞེས་གསུངས་པ་ལྟར་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་སྲུང་བཟློག་གསད་གསུམ་གྱིས་གཞི་བཟུང༌། གནན་སྲེག་འཕང་གསུམ་གྱིས་མཐའ་སྡུད་པའི་ལས་ཀྱི་རྗེས་སུ་གནང་བ་སྦྱིན་པ་སྨད་ལས་དགྲ་བགེགས་སྒྲོལ་བའི་རིམ་པ་སྟེ། དབང་དེ་གཉིས་ཀྱིས་སྨིན་པས་ལམ་ལ་འཇུག་པའི་སྐལ་ལྡན་དུ་བྱ་བའི་ཚུལ་གཏེར་གཞུང་རྩ་བའི་དགོངས་པ་ལོ་ཆེན་འཇམ་པའི་དབྱངས་བློ་གྲོས་མཐའ་ཡས་ཀྱི་གསུངས་པ་ལྟར་གྲུབ་པ་ལགས། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ལ་རག་ལས་པས་དབང་བཞི་དང་རྗེས་སུ་མཐུན་པའི་དམ་ཚིག་ལ་ཡང་རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ། ཐུན་མོང༌། སྤྱི་དང་ཁྱད་པར། ལྷག་པའི་དམ་ཚིག་ཐམས་ཅད་ལས་མ་འདས་པས། མཐར་ཐུག་མེད་ཕྱལ་གཅིག་པུ་ལྷུན་གྲུབ་ཀྱི་དམ་ཚིག་ཆེན་པོ་བཞིས་ཀློང་དུ་ལ་ཟླ་བའི་ཚུལ་ལ་བསླབ་ཅིང་གོམས་པར་གཅེས་སོ། །གཉིས་པ་ཟབ་དོན་ཉམས་སུ་ལེན་པ་ཁྲིད་ཀྱི་རིམ་པ་དངོས་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ། ཐུན་མོང༌། ཐུན་མིན། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ནི། འཁོར་བར་ངེས་པར་འབྱུང་བ་ཡི༔ མི་རྟག་འཆི་བ་རྗེས་དྲན་ཅིང་༔ ལས་འབྲས་བླང་དོར་བརྩོན་པ་དང་༔ དལ་འབྱོར་རྙེད་དཀའི་རང་བཞིན་བསམ༔ ཞེས་པ་སྟེ་རང་རེ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྒྲུབ་པ་ལ་ཐོག་མ་ཉིད་དུ་མི་ཤེས་སུ་མི་རུང་བའི་གནད་འཁོར་བ་ལས་ངེས་པར་འབྱུང་བའི་བསམ་པ་ཁོ་ན་གལ་ཆེ་སྟེ། བདག་ཅག་གི་སྟོན་པས་ཆོས་འཁོར་ཀུན་གྱི་ཐོག་མར། དགེ་སློང་དག་འདི་ནི་སྡུག་བསྔལ་ལོ། །ཞེས་སྡུག་བསྔལ་ཤེས་པར་བྱ་བ་བརྩམས་ཏེ་གསུངས་པ་བཞིན་སྲིད་པའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་ངན་སོང་གསུམ་ནི་གཙོ་བོར་སྡུག་བསྔལ་གྱི་སྡུག་བསྔལ། ལྷ་མི་ཕལ་ཆེར་འགྱུར་བའི་སྡུག་བསྔལ། བསམ་གཟུགས་ཀྱི་ཁམས་རྣམས་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས། སྲིད་པའི་བྱ་བ་ཐམས་ཅད་སྡུག་བསྔལ་གྱི་རྟེན། འཁྲུལ་སྣང་ཐམས་ཅད་སྡུག་བསྔལ་གྱི་སྣོད། བྱ་བྱེད་ཐམས་ཅད་སྡུག་བསྔལ་གྱི་གྲོགས་ཁོ་ནར་གྱུར་པའི་གནས་སྣང་ལ་བསམ་པས་འཁོར་བའི་གནས་རིས་ལ་ཞེན་པ་གཏིང་ནས་ལོག་པ་ཞིག་མ་བྱུང་ན་མདོ་སྔགས་ཀྱི་ལམ་གང་ཉམས་སུ་བླང་ཀྱང་ལམ་ཡང་དག་ཞིག་ཏུ་འགྲོ་ཐབས་གཏན་ནས་མེད། གསང་སྔགས་ཀྱི་ལམ་གྱིས་སྡུག་བསྔལ་བདེ་ཆེན་དུ་ཤར་བའི་གནད་ཀྱང་སྲིད་པའི་བདེ་འབྱོར་ལ་ཞེན་པ་འདི་འཁྲུལ་སྣང་དུ་ཤེས་པའི་བློས་རྩལ་སྦྱང་མ་ནུས་ན་བདེ་བའི་ཡེ་ཤེས་སུ་འཆར་ཐབས་མེད་པས། འཁོར་བའི་བདེ་སྡུག་ངེས་པ་མེད་པའི་རྒྱུ་མཚན་ཀུན་ཀྱང་མི་རྟག་པའི་གཞན་དབང་དུ་གྱུར་པས་ཏེ། ད་ལྟ་ཁམས་གོང་མའི་བསམ་གཟུགས་ཀྱི་ཏིང་འཛིན་དང༌། ལྷ་མིའི་བདེ་འབྱོར་ལྟར་སྣང་བས་མཚོན། ཕྱི་སྣོད་ནང་བཅུད། སྐྱེ་འགྲོའི་ཚེ་སྲོག་ཐམས་ཅད་སྐད་ཅིག་གིས་མི་རྟག་འཕོ་འཇིག་གི་རང་བཞིན་ལས་རྟག་པ་གཅིག་ཀྱང་མེད། ཁྱད་པར་འཆི་བ་ཞེས་པའི་དུས་ཀྱི་ཆོས་ཉིད་འདི་ནམ་འོང་ཆ་མེད། འཆི་རྐྱེན་ངེས་མེད་ཡིན་པས་འདིར་སྣང་ལ་ཆགས་པའི་བློ་སྤང་མ་ནུས་པར་རྟག་འཛིན་གྱི་བློ་ངན་འདིས་དགྲ་འདུལ་གཉེན་སྐྱོང༌། ཡུན་དུ་སྡོད་པའི་སོ་ཚིས་ཀྱིས་ཅི་བྱེད། དངོས་པོའི་ཆོས་ཀུན་མི་རྟག་ཡིད་བརྟན་མི་འདུག་སྙམ་པའི་བློ་དུང་ངེ་བས་སྐད་ཅིག་རེ་རེ་ཡང་ཆོས་ལ་བསྐུལ་ཅི་ནུས་མ་བྱས་ན། འཆི་བའི་ནངས་པར་དཔལ་འབྱོར་ལོངས་སྤྱོད། སྙན་གྲགས་མངའ་ཐང༌། འཁོར་དང་ཐབས་སོགས་གང་གིས་ཀྱང་ཕན་པ་མེད། ཐམས་ཅད་ཤུལ་དུ་བསྐྱུར་ནས་ཐ་ན་གཅེས་པར་བསྐྱང་པའི་རང་ལུས་ཀྱང་བསྐྱུར་ནས་རྣམ་ཤེས་གཅིག་པུ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན་འགྲོ་དགོས། རྣམ་པར་ཤེས་པ་ནི་བར་དོ་ཆ་མེད་ཀྱི་ཡུལ་དུ་རྒྱུས་མེད་གཅིག་པུར་ལག་སྟོང་མཆན་དུ་བཅུག་སྟེ་འགྲོ་དུས་འཇིགས་པའི་མུན་པས་མདུན་བསུ། ལས་ཀྱི་རླུང་གིས་རྒྱབ་ནས་དེད། གཤིན་རྗེའི་འཕྲང་དང་ཕོ་ཉས་གཅུན་ནས་དེད་པའི་སྐབས་དགེ་བས་མཐོ་རིས་འགྲོ་བར་ཤེས་ཀྱང་རང་གིས་མ་བྱས་པ་ཐབས་གང་གི་རྙེད། སྡིག་པས་ངན་འགྲོར་འཕེན་ཏེ། འགྱོད་ཀྱང་བྱས་ཟིན་པས་བཞག་ཐབས་མེད། དགེ་སྡིག་གི་ལས་བསགས་པའི་འཕེན་པ་གང་ཡོད་ལས་རང་གིས་བསམ་པ་ལྟར་མི་ནུས། སྐྱབས་དང་སྐྱོབ་པ། མགོན་དང་དཔུང་གཉེན་གཅིག་ཀྱང་མེད་པ་གྱུར་པའི་སྐབས་ཤིག་འོང་བ་ལ་ད་ལྟ་ནས་འཇིགས་སྐྲག་གི་བློས་འཆི་བ་ལ་བག་ཡོད་པར་བྱ། ད་ལྟ་རང་དབང་ཡོད་པའི་སྐབས་འདིར་དགེ་སྡིག་བླང་དོར་དྲན་ཤེས་བག་ཡོད་ཀྱིས་ཅི་ནུས་བྱ་དགོས་པས། དགེ་བ་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་དུ་སྤེལ། སྡིག་པ་བྱས་པ་རྣམས་བཤགས། མི་བྱེད་པར་སྡོམ་སེམས་དང་མ་ལྡན་ན་ལས་ནི་རྣམ་གྲངས་ཤིན་ཏུ་མང་པོ། སོ་སྐྱེའི་རང་གཤིས་ཀྱིས་སྡིག་པ་ངང་གི་བསགས། དགེ་བ་བྱས་པ་ནི་སྟོབས་ཆུང༌། འགལ་རྐྱེན་མང༌། སེམས་ཀྱི་སྐད་ཅིག་རེ་རེས་ཀྱང་སྡིག་པ་སྟོབས་ཆེན་བྱེད་ནུས། ལས་གང་བསགས་རྣམ་སྨིན་མྱོང་བའམ། གཉེན་པོས་བཅོམ་པ་ལས་བར་མ་དོར་ཆུད་མི་ཟ། འཕགས་པའི་ས་ལ་བཞུགས་པས་ཀྱང་ལས་བདག་གིར་བཞེས་དགོས་ན། གཞན་གྱིས་ལྟ་ཅི་སྨོས། དེས་ན་ལས་དཀར་ནག་ཆ་ཕྲ་ཞིབ་ནས་དཔྱད་དེ་དགེ་བ་འབའ་ཞིག་བསགས་ནུས་པར་བྱ་སྙམ་ན་གོམས་པས་དགེ་བ་བྱེད་པ་ལ་ཚེགས་མེད་པར་འོང༌། མདོར་ན་ཀུན་འབྱུང་འཁྲུལ་པའི་རྒྱུ་འབྲས་ཆོས་ཀྱི་དབྱིངས་སུ་མ་ཟད་བར་ལས་ཀྱི་ནུས་པ་མི་རྫོགས་པས་ཆོས་ཉིད་མངོན་སུམ་གཟིགས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་རྒྱུ་འབྲས་ཕྲ་ཞིབ་ནས་བསྲུངས་ན་རང་ཅག་གིས་ལྟ་ཅི་སྨོས། དེ་ལྟར་འཁོར་བ་སྡུག་བསྔལ་གྱི་མཚོ་ལས་སྒྲོལ་བྱེད་དམ་པའི་ཆོས་ཡང་དག་སྒྲུབ་པའི་རྟེན་ཁྱད་པར་ཅན་དལ་འབྱོར་གྱི་ལུས་འདི་ནི་ཁམས་དྲུག་ལྡན། རྡོ་རྗེའི་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ལྷའི་འཁོར་ལོ། ཡེ་ཤེས་ཀྱི་སྣང་བ་ཚད་མེད་པ་འབྱུང་བའི་གནས། འཛམ་གླིང་ལས་ཀྱི་ས་བར་སྐྱེས་པ་ལྷ་བས་ལྷག་པ། མདོ་སྔགས་ཀྱི་སྡོམ་པ་དང་ཆོས་ཐམས་ཅད་ཀྱི་སྣོད་རུང་ཀུན་ལས་ངོ་མཚར་ཆེ་བ་ཞིག་ད་རེས་ཐོབ་པ་འདི་ཡང་མི་རྟག་པའི་ཆོས་ཉིད་འཆི་བདག་གི་ནམ་བཅོམ་ཆ་མེད་པས་རྟེན་འདི་སྟོང་ལོག་ཏུ་མ་སོང་བར་ཅིས་ཀྱང་དོན་དང་ལྡན་པར་བྱ་དགོས་ལ། ལམ་གཞན་ནས་དལ་འབྱོར་རྙེད་དཀའི་བློ་ལྡོག་སྔོན་དུ་གསུངས་ཀྱང་སྐབས་འདིར་གོ་ལྡོག་ཏུ་བསྟན་པ་ཤིན་ཏུ་ཟབ་སྟེ། འཁོར་བ་སྡུག་བསྔལ་དུ་ཤེས་པའི་བློས་སྣོད་བཅུད་མི་རྟག་པར་ངང་གིས་རྟོགས་པ་དང༌། དེའི་བདེ་སྡུག་དགེ་སྡིག་གིས་བྱས། དགེ་བའི་རྟེན་དལ་འབྱོར་ཐོབ་དཀའི་བློ་ངང་གིས་འབྱུང་བའི་གནད་ཀྱིས་བསྟན་པའང་ཤེས་པར་བྱའོ། །གཉིས་པ་ཐུན་མིན་གྱི་སྔོན་འགྲོ་ནི། སྐྱབས་འགྲོ་སེམས་བསྐྱེད་སྒྲིབ་སྦྱང་དང༔ ཚོགས་བསགས་བླ་མའི་རྣལ་འབྱོར་བསྒོམ༔ གསོལ་གདབ་དབང་བླང་ཐུགས་ཡིད་བསྲེ༔ ཞེས་པ་སྟེ་ནང་པ་སངས་རྒྱས་པའི་ལམ་གྱི་རྩ་བ་སྐྱབས་འགྲོ་སྟེ། དེ་ལའང་ཐེག་པ་ཆེ་ཆུང་གི་དབང་གིས་རྣམ་བཞག་མང་དུ་མཆིས་པ་ལས། འདིར་རྡོ་རྗེ་ཐེག་པ་བླ་མེད་ཀྱི་ལུགས་ལྟར་སྐྱབས་ཡུལ་བླ་མ་ཧེ་རུ་ཀ་དཔལ་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་གི་སྤྱན་སྔར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་དྲིལ་གྱིས་འདི་ནས་བྱང་ཆུབ་བར་ཡིད་ཁྱེད་ཤེས་ཀྱི་དད་པས་སྐྱབས་སུ་འགྲོ་བའི་མཐུས། མཐར་ཐུག་རང་སེམས་སྐྱབས་ཀྱི་འབྱུང་གནས་རང་ངོ་ཤེས་པའི་ངང་དུ་མཉམ་པར་བཞག་པས་སྐྱབས་འགྲོ་དང༌། མཁའ་ཁྱབ་ཀྱི་ཡིད་ཅན་སྤྱི་དང་ཁྱད་པར་གདུལ་དཀའ་བདུད་དང་རུ་ཏྲ་སོགས་བསྒྲལ་ཏེ་ཐར་པ་བླ་མེད་ཁྲག་འཐུང་སྤྱི་དཔལ་ཆེན་པོའི་གོ་འཕང་ལ་འགོད་པའི་ཕྱིར་རྡོ་རྗེ་ཐེག་པའི་ལྟ་སྒོམ་སྤྱོད་པ་རྒྱ་མཚོའི་ཕ་རོལ་དུ་སོན་པ་ལ་བསླབ་སྙམ་པའི་དམ་བཅའ་དང་བཅས་སྐྱབས་སེམས་ཅི་ནུས་སུ་འབད་མཐར་ཚོགས་ཞིང་རང་ལ་བསྡུ། འགལ་རྐྱེན་བསལ་ཕྱིར་ནག་ཕྱོགས་ཀྱི་བགེགས་བསྐྲད། སྲུང་འཁོར་གྱིས་རྒྱས་གདབ་བྱ། བྱིན་རླབས་ཀྱིས་དབུགས་དབྱུང་བའི་ཕྱིར་བླ་མའི་རྣལ་འབྱོར་བསྒོམ་པ་ནི། སྣོད་བཅུད་དག་པའི་ཞིང་ཁམས་ལྷུན་གྱིས་རྫོགས་པའི་དབུས་སུ་རང་ལུས་སྣང་ལ་དེར་འཛིན་མེད་པའི་མདུན་གྱི་ནམ་མཁར་རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་རྡོར་དྲིལ་འཛིན་པ་པད་ཟླའི་གདན་ལ་བཞུགས་པ་སྐྱབས་གནས་ཀུན་འདུས་སུ་གསལ་བས་དེའི་སྐུ་ལས་བདུད་རྩིའི་རྒྱུན་གྱིས་སྡིག་སྒྲིབ་སྦྱང་བར་དམིགས་ལ་ཡིག་བརྒྱ་བཟླས་པ་དང༌། རྒྱུན་བཤགས་ཡན་ལག་བརྒྱད་སྔོན་དུ་འགྲོ་བས་ཞིང་ཁམས་རྒྱ་མཚོའི་འབྱོར་པ་མཎྜལ་གྱི་ཚུལ་དུ་འབུལ་བས་ཚོགས་བསགས། མོས་གུས་ཀྱི་གདུང་ཤུགས་བསྐྱེད་པས་བླ་མ་ཧེ་རུ་ཀ་ལ་གསོལ་བ་རྩེ་གཅིག་ཏུ་གདབ། བློ་གཏད་ལིང་གིས་བཀལ་ཏེ་བརྒྱུད་པའི་གསོལ་འདེབས་དང༌། དཀྱུས་ཀྱི་གསོལ་འདེབས་ཉིད་གྲངས་བསགས། མཚན་སྔགས་བཟླས་པས་ཐུགས་རྒྱུད་བསྐུལ་ཏེ། བླ་མའི་གནས་གསུམ་ཡིག་འབྲུའི་དབང་བཞི་བསྐུར་བས། སྒྲིབ་བཞི་དག །ལམ་བཞི་སྒོམ་པའི་ནུས་པས། འབྲས་བུ་སྐུ་བཞི་མངོན་དུ་བྱས་པར་བསམ་ནས་རང་ལ་བསྟིམ། སྡོམ་པ་བཟུང༌། བྱིན་འབེབས་དང༌། མཆོད་པ་བྱིན་རླབས་བཅས་ཐུན་མིན་སྔོན་འགྲོའི་རིམ་པའོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་དངོས་དང༌། བོགས་འབྱིན་ནོ། །དང་པོ་དངོས་ནི། ཁྱད་པར་བསྐྱེད་པའི་རིམ་པ་ནི༔ ཟུང་འཇུག་ཆེན་པོར་ཡོངས་གྲུབ་པ༔ ཀུན་བརྟགས་ལྷ་ཡི་ཕྱག་རྒྱ་ནི༔ ཟབ་གསལ་ཆེན་པོ་མཐར་ཐུག་པ༔ ཉམས་ལྔ་མཐར་ཕྱིན་བར་དུ་བསྒོམ༔ གསལ་བ་ཚད་དུ་ཕྱིན་པའོ༔ དེ་ནི་བུམ་དབང་ལམ་ཁྱེར་རོ༔ ཞེས་པ་ལྟར་རྫོགས་རིམ་ལ་ལྟོས་ན་བསྐྱེད་རིམ་འདི་དེའི་སྔོན་འགྲོ་ཡིན་ཏེ། སྔ་འགྱུར་རྙིང་མའི་བསྐྱེད་རིམ་གྱི་ལམ་གནད་མཐར་ཐུག་དག་རྫོགས་སྨིན་གསུམ་ཡིན་ཞིང༌། དེ་ཡང་སྦྱང་བྱ་སྣོད་བཅུད་ཐ་མལ་གྱི་ཞེན་འཛིན་ཀུན་སྐུ་དང་ཞིང་ཁམས་སུ་དག༵ །སྦྱངས་འབྲས་སངས་རྒྱས་ཀྱི་གཟུགས་སྐུའི་ཡོན་ཏན་མཐའ་དག་གཞི་ལ་རྫོག༵ས་པ་མངོན་གྱུར་དུ་སད་པར་བྱེད། སྦྱོང་བྱེད་ཀྱི་ལམ་བསྐྱེད་རིམ་བསྒོམས་པས་རང་གི་ལུས་གནས་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེའི་ནུས་པ་སད་པའི་སྨིན༵་བྱེད་དུ་འགྲོ་བའི་ཕྱིར་ཏེ། གནད་དེ་གསུམ་ཚང་བའི་བསྐྱེད་རིམ་ལའང་རྣམ་པ་གསལ་བ། དག་པ་དྲན་པ། ང་རྒྱལ་བརྟན་པ་གསུམ་ཚང་དགོས་པའི་ཕྱིར་རྣམ་པ་གསལ་བ་དེ་ཡང་རྒྱུ་ཏིང་ངེ་འཛིན་གསུམ་དང༌། འབྲས་བུ་རྟེན་དང་བརྟེན་པའི་ལྷ་སྒོམ་པ་དེ་རང་གི་ཕུང་ཁམ་སྐྱེ་མཆེད་འདི་ལྷ་མ་ཡིན་པ་ཞིག་གཟོད་དག་པར་བཅོས་ནས་ལྷར་བསྒོམ་པ་མ་ཡིན། ད་ལྟ་མ་དག་པ་ཞིག་ལྷ་བསྒོམ་པས་མ་འོངས་པར་དག་པར་གནས་བསྒྱུར་རྒྱུའང་མ་ཡིན། ཇི་ལྟར་ཞེ་ན་ཆོས་ཉིད་གདོད་ནས་དག་པའི་རང་གདངས་ཕུང་པོ་ལྔ་སྲས་མཆོག་རིགས་ལྔ། ཁམས་ལྔ་དེའི་ཡུམ། དགེ་བཅུ་དབང་བཅུ་སྟོབས་བཅུའི་མི་དགེ་བཅུ་དག་པའི་ཁྲོ་བཅུ་ཡབ་ཡུམ། ཉེ་ཉོན་ཉི་ཤུ་སྲས་མཆོག །ཡན་ལག་བཞི་བྱ་བྱེད་དང་བཅས་པ་སྒོ་བ་བཞི། རྟེན་འབྲེལ་བཅུ་གཉིས་ཕུར་སྲུང་བཅུ་གཉིས་དེ་ཐམས་ཅད་ཀྱི་གཞི་ལུས་ངག་ཡིད་གསུམ་སྤྱི་དཔལ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་གསང་བ་དང༌། ལྷ་དེ་ཐམས་ཅད་ཀྱི་ཐུགས་བདེ་སྟོང་གཉིས་མེད་ཟུང་འཇུག་རྣམ་ཀུན་མཆོག་ལྡན་ཉིད་ཡང་དག་ཧེ་རུ་ཀ་ཡབ་ཡུམ་ཡེ་ཤེས་དེའི་ཚོགས་བརྒྱད་འཕགས་ལམ་བརྒྱད་དུ་དག་པའི་ཡིན་ལུགས་མངོན་དུ་གྱུར་པ་གཽ་རི་བརྒྱད་ཀྱི་དཀྱིལ་འཁོར་དུ་ད་ལྟ་ནས་གནས་པ་གང་ཡིན་ལ་ཡིན་པར་ངེས་པའི་ངེས་ཤེས་ཀྱིས་གསལ་བཏབ་པས། མ་དག་པ་ཞིག་ཕར་བསལ་དུ་མེད། དག་པ་སྔོན་མེད་ཅིག་ཚོལ་དུ་མེད་པ་དེ་ལ་ཟུང་འཇུག་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་རིམ་ཞེས་གསུངས་པའི་གནད་ཤེས་པ་ཤིན་ཏུ་གལ་ཆེ། རྫོགས་རིམ་རྡོ་རྗེ་ཕུང་པོའི་རྩ་རླུང་ཐིག་ལེའི་དཀྱིལ་འཁོར་ལ་ལྟོས་ན་བསྐྱེད་རིམ་འདི་ཀུན་བརྟགས་ཀྱི་བརྡར་འཇུག་ཀྱང༌། ཀུན་རྫོབ་དག་པ། དོན་དམ་མཉམ་པ། དོན་ལ་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཟབ་གསལ་ཆེན་པོའི་ལྟ་བས་རྒྱས་ཐེབས་པས་བསྐྱེད་རིམ་འདི་ལྟ་བུ་ནི་ཐེག་ཆེན་མཐར་ཐུག་བླ་མེད་སྔགས་ཀྱི་ཐེག་པའི་ཟབ་དོན། བསྐྱེད་རིམ་ཁོ་ནས་ཀྱང་མཆོག་དངོས་འབད་མེད་དུ་ངེས་པར་སྟེར་ནུས་པ་སྔ་འགྱུར་རྡོ་རྗེ་སྙིང་པོའི་ཁྱད་ཆོས་ཐུན་མིན་དུ་གྱུར་ཅིང༌། དེའི་གནད་ཀྱིས་དག་དྲན་དང༌། ང་རྒྱལ་བརྟན་པའང་ལྟ་བ་དེ་ལས་མི་འདའ་བས་ལམ་དུ་བྱས་པས། གཡོ་ཐོབ་བརྟན་གོམས་མཐར་ཕྱིན་གྱི་ཉམས་ལྔ་རིམ་ཅན་དུ་སྐྱེ་སྟེ་ཡུལ་གསུམ་གྱད་དུ་གྱུར་པས་བསྐྱེད་རིམ་མཐར་ཕྱིན་པས་སྣང་སྟོང་བུམ་དབང་གི་ལམ་རྫོགས་པ་ཡིན་ནོ། །གཉིས་པ་བོགས་འབྱིན་བཟླས་པའི་རྣལ་འབྱོར་ནི། ངག་དང་རྡོ་རྗེའི་བཟླས་པ་ཡི༔ རླུང་སྔགས་འགྲོ་འོང་སྟོབས་སུ་སྨིན༔ མི་ཤིགས་དྭངས་མར་སྨིན་པ་ལས༔ བརྗོད་པ་རྡོ་རྗེའི་ནཱ་དའི་སྒྲ༔ གསུང་གི་རྒྱན་དུ་རང་བྱུང་བའོ༔ ཞེས་པ་ལྟར་དྭངས་མ་མི་ཤིགས་གཉུག་མའི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་བདག་ཉིད་ཀྱིས་ད་ལྟ་ལུས་ངག་སེམས་གསུམ་བྱེད་པ་གཅིག་པས་གནད་དུ་བསྣུན་ན་བྱ་བ་དེ་ཉིད་སྟོབས་ཆེ་བའི་ཕྱིར་བསྐྱེད་རིམ་གསལ་འདེབས་པས་ཏིང་ངེ་འཛིན་སྐྱོ་སུན་དུ་བྱུང་བའི་གེགས་སེལ་བའམ། ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ་ཞེས་ལྷག་པའི་ལྷ་དངོས་གྲུབ་མཆོག་གི་གནས་ལ་བསྐུལ་བ་ལ་སྔགས་ཀྱི་བཟླས་པ་ཉིད་ཟབ་སྟེ། འཇིག་རྟེན་པའི་ཆོས་ལའང་མིང་ནས་བོས་ན་འབོད་བྱའི་མགྲོན་དེ་མྱུར་དུ་འོང་བ་དང༌། རླུང་ནི་སེམས་ཀྱི་རྟ་ཡིན་པས་སྔགས་ཀྱང་ཆོས་ཉིད་ཀྱི་རང་སྒྲ་ཡེ་ཤེས་རླུང་གི་གདངས་ཡིན་པས། དེ་བཟླས་པས་ལྷའི་ཐུགས་རྒྱུད་ལྷག་པར་བསྐུལ་བར་ནུས་པས་བོགས་འབྱིན་ལ་བཟླས་པ་ཉིད་ཟབ་ཅིང༌། དེ་ལའང་རགས་པ་ངག་དང༌། ཕྲ་བ་རྡོར་བཟླས་གཉིས་ལ་བསླབ་དགོས་ཤིང༌། དང་པོ་ལའང། བླ་མ་ཧེ་རུ་ཀ་ཡང་དག་ལ་བརྟེན་ཏེ་བྱིན་རླབས་དབང་དང་དངོས་གྲུབ་བླང་བའི་རིམ་པ་དང༌། ཡི་དམ་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་བཟླས་པ་གཉིས་ཏེ། དེ་ཡང་སངས་རྒྱས་ཀྱི་བྲལ་འབྲས་མཐར་ཐུག་ཆོས་སྐུ་ཡིན་ལ། དེ་ཉིད་ལྷག་པའི་ལྷའི་ཕྱག་རྒྱར་བཞེངས་པ་ཡང་དག་ཧེ་རུ་ཀ་ཐུགས་རྡོ་རྗེའི་རིགས་ཀྱི་ཁྱབ་བདག་ཆེན་པོ་སྟེ། དེ་ཉིད་བླ་མ་དང་དབྱེར་མེད་དུ་ཤེས་པས་ལམ་དབང་ལེན་པ་ཉིད་བྱིན་རླབས་ཆེས་མྱུར་བའི་ཕྱིར་དང༌། སློབ་དཔོན་ཆེན་པོའི་བལ་ཡུལ་ཡང་ལེ་ཤོད་དུ་དཔལ་ཆེན་ཡང་དག་གི་རྣལ་འབྱོར་ལ་བརྟེན་ཏེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་བསྒྲུབས་པའི་སྐབས་བདུད་རིགས་གློག་མ་སྲིན་གྱིས་བར་ཆད་བརྩམས་པ་རྡོ་རྗེ་ཕུར་པའི་རྒྱུད་ཀྱི་གླེགས་བམ་བལ་ཡུལ་དུ་ཕེབས་པ་ཙམ་གྱི་བར་ཆད་ལས་རྒྱལ་བའི་ཚུལ་བསྟན་པས་ཡི་དམ་རྡོ་རྗེ་གཞོན་ནུའི་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པ་གསུངས་ཏེ། དེ་ཡང་ཡང་དག་ཚོང་པ་དང་འདྲ་བ་དངོས་གྲུབ་ཆེ་ཡང་ཕུར་པ་སྐྱེལ་མ་འདྲ་བ་མེད་ན་བར་ཆད་སེལ་བ་ལ་མེད་དུ་མི་རུང་བའི་ཕྱིར་སློབ་དཔོན་རིན་པོ་ཆེའི་ཐུགས་དམ་རྩ་བ་གཉིས་གཅིག་ཏུ་དྲིལ་ཏེ་ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་མང་དུ་མཛད་པའི་ཡང་སྙིང་འདི་ནི་གུ་རུ་ཡབ་ཡུམ་གཉིས་ཀའི་ཐུགས་དམ། ལྷག་པའི་ལྷའི་སྒྲུབ་ཐབས་རྗེ་བླ་མ་ཐམས་ཅད་མཁྱེན་པར་བཀའ་བབ་མ་ཐག་བར་ཆད་ཀྱི་གཡུལ་ལས་རྒྱལ་བའི་རྟགས་མཚན་བརྙེས་ཤིང་བོད་ཁམས་སྤྱི་དང་བྱེ་བྲག་ལ་ཕན་པའི་ལུང་གིས་བསྔགས་པའི་བཀྲ་ཤིས་ཚན་ཁ་ཆེ་བའི་སྒྲུབ་ཐབས་ཡིན་པའི་ཕྱིར་རྗེས་འཇུག་རྣམས་ཀྱིས་དུས་འདི་ལྟ་བུ་ལ་ཉམས་ལེན་གྱི་མཐིལ་དུ་གསུངས་པ་སྟེ། བསྒྲུབ་བྱ་མཐར་ཐུག་སངས་རྒྱས་ཆོས་ཀྱི་སྐུ་དང༌། བསྒྲུབས་འབྲས་རྨད་དུ་བྱུང་བ་མཁའ་ཁྱབ་ཀྱི་ཕྲིན་ལས་ཏེ། དེ་གཉིས་ཀྱི་ཁྱབ་བདག་སྤྱི་དཔལ་ཧེ་རུ་ཀའི་གཟུགས་སྐུར་བཞེངས་པ་ཆིག་དྲིལ་དུ་སྒྲུབ་པས་དངོས་གྲུབ་ཚན་ཆེ་ཞིང་ཕྲིན་ལས་རྣོ་མྱུར་རྟགས་ཐོན་ནུས་པའི་ཐབས་ཀྱི་གསང་བ་རྨད་དུ་བྱུང་བ་ཡིན་པ་དང༌། རྣམ་པ་ཡང་འཕགས་བོད་དུ་མཆོག་གི་དངོས་གྲུབ་བརྙེས་པ་ཕལ་ཆེར་ལྷག་པའི་ལྷ་ཡང་དག་དང༌། བདེ་མཆོག་ཁོ་ན་ལ་བརྟེན་པ་ཤས་ཆེ་བས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་ཐུགས་དམ་ཡང་དག་མེ་གཅིག་ཏུ་བསྔགས་པ་དང༌། ཡང་དག་ལ་མཁའ་འགྲོ་སྒྱུ་མ་བདེ་མཆོག་ཅེས་གསུངས། དེ་བཞིན་དུ་ཕུར་པ་ཡང་འགྱུར་བཀའ་གཏེར་དུ་ཡི་དམ་ཕུར་པའི་དབང་དང་སྒྲུབ་ཐབས་ཆེས་མང་ཞིང༌། གསར་ཕྱོགས་སུ་ཡང་འཁོན་སྟོན་གྲུབ་བརྙེས་ཐམས་ཅད་ཀྱི་ཐུགས་དམ་ལྷག་པའི་ལྷ་གཅིག་པུར་མཛད་པས་མཚོན་མཁས་གྲུབ་ཕལ་མོ་ཆེའི་བར་ཆད་སེལ་བ་ལ་རྡོ་རྗེ་ཕུར་པ་ལས་ལྷག་པའི་ཡི་དམ་མ་བྱུང་ཞེས་བསྔགས་ཤིང༌། ཕུར་པ་མཁན་པོ་ཚེ་ནོར་རིགས་སོགས་དཔལ་གྱི་ཡོན་ཏན་བརྒྱད་དང་ལྡན་པར་ཡོངས་སུ་གྲགས་པས་ན་རྒྱུ་མཚན་དགོས་པ་དུ་མ་དང་བཅས་པ་ཤེས་པར་བྱ་དགོས་སོ། །གཉིས་པ་ཕྲ་བ་རྡོར་བཟླས་ནི། ངག་དག་བྱེད་གསང་སྔགས་ཐམས་ཅད་རྡོ་རྗེའི་ཡི་གེ་གསུམ་ལས་མ་འདས་ཤིང༌། སངས་རྒྱས་ཀྱི་གསུང་གི་གསང་བས་སྐུ་དང་ཐུགས་ལའང་དབྱེར་མེད་དུ་ཁྱབ་པ་བཞིན་གསུང་ཐམས་ཅད་མཐར་ཐུག་བརྗོད་བྲལ་སྐྱེ་མེད་ཀྱི་ཡི་གེ་ཨ་རུ་འདུས་ཤིང་ཨ་ཉིད་ཀྱི་རྣམ་འགྱུར་ཨོཾ་དང་ཧཱུྃ་དུ་སྣང་བས་སྔགས་ཀྱི་དེ་ཉིད་ཀྱང་རྡོ་རྗེའི་ཡིག་འབྲུ་གསུམ་ལ་འདུས་ཤིང་དག་བྱ་ངག་ཐམས་ཅད་རླུང་འབྱིན་འཇུག་གནས་གསུམ་འདུས་ལ། རླུང་སེམས་བྱེད་པ་གཅིག་པས་རླུང་རྡོ་རྗེའི་བཟླས་པར་སྦྱངས་ན་སེམས་ཀྱང་སྐུ་གསུམ་དུ་ངང་གིས་དག་པ་དང༌། རྫོགས་རིམ་གྱི་ཉམས་ལེན་རྩ་མདུད་གྲོལ་བ། ཐིག་ལེའི་འབར་འཛག་ཐམས་ཅད་བྱེད་པའི་གཙོ་བོ་རླུང་ཡིན་པས་དེའི་ནུས་པ་སྨིན་བྱེད་ཁྱད་པར་དུ་འགྲོ་བས་ཤིན་ཏུ་ཟབ་པ་སྟེ། སྐབས་འདིར་ཐུགས་དང་ལས་ཀྱི་རིགས་གཉིས་རླུང་དང་སེམས་གཉིས་ཀྱི་དག་པར་འབྱོངས་ཏེ། སངས་རྒྱས་ཀྱི་ཕྲིན་ལས་ཀྱི་གཙོ་བོ་གསུང་ཡིན་ལ། གསུང་ཉིད་ཀྱང་ཡེ་ཤེས་ཀྱི་རླུང་སྟེ། སེམས་ཉིད་དག་པ་ཐུགས་སུ་མཚོན་ཞིང་ཐུགས་རྒྱུད་བསྐུལ་བ་དང་ཕྲིན་ལས་ཀྱི་སྣང་བ་ཐམས་ཅད་ཀྱི་གཙོ་བོ་གསུང་གི་སྟོན་པས། རྡོ་རྗེའི་བཟླས་པ་ཡང་ཕུར་གཉིས་ཀྱི་སྔགས་གང་ལ་སྦྱར་ཀྱང་འགལ་བ་མེད་པ་ཕྲ་རགས་རྡོར་བཟླས་ཀྱིས་རླུང་གཅུན་པས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཀྱི་སྣང་བ་ངང་གིས་འཆར་བ་དང༌། རླུང་ནི་མྱུར་ཞིང་གཡོ་བ་ཀུན་ལ་ཁྱབ་པ་བཞིན་ཕྲིན་ལས་ཀྱང་རང་བཞིན་གྱིས་གདུལ་བྱ་ལ་འཇུག་པ་མྱུར་ཞིང་ཀུན་ལ་ཁྱབ་པའི་ངག་དང༌། རླུང་ཉིད་གནད་དུ་བསྣུན་ན་ཕྲིན་ལས་ཀྱི་སྲོག་ལ་དབང་བསྒྱུར་ནུས་པའི་རྒྱུ་མཚན་ཤེས་པས། ལུས་ཆོས་བདུན་དང་ལྡན་པས་རླུང་རོ་བསལ། ངག་རླུང་འབྱིན་འཇུག་གནས་གསུམ་ཡིག་འབྲུ་གསུམ་ཤེས་པ་ལ་རླུང་སེམས་གཏད་དེ་བགྲང་བ་དང༌། ཅུང་ཟད་གོམས་ན་བུམ་ཅན་དང་སྦྲགས་པའི་རྡོར་བཟླས་ལ་བསླབས་པས་ངག་རླུང་སྔགས་སུ་དག་སྔགས་ཀྱི་གསང་བ་དྭངས་མའི་རླུང་དུ་ཤར། ཞུགས་གནས་ཐིམ་གསུམ་གྱི་ཡོན་ཏན་རྫོགས་ཏེ་མཐར་ཐུག་སྨྲ་བསམ་བརྗོད་མེད་རྡོ་རྗེའི་གསུང་གི་གསང་བ་ནཱ་དའི་དཔྱིད་དུ་གྲུབ་པའི་མྱུར་ལམ་མོ། །སྤྱིར་བསྐྱེད་བཟླས་ཀྱི་རྣམ་བཞག །དག་དྲན། ཡང་དག་གྲུབ་པ་གཅིག་པུའི་གྲུབ་མཐའི་གནད། སྔགས་དོན་སོགས་ཞིབ་པར་བདག་གི་བླ་མ་མཁས་གྲུབ་ཀྱི་དབང་ཕྱུག་ཞེ་ཆེན་པ་ཆེན་པོའི་གསུང་ལེགས་པར་བཤད་པའི་བདུད་རྩི་ལས་རྒྱས་པར་གསུངས་པས་འདིར་བླུན་པོའི་ངག་ལ་ལྟོས་མ་དགོས་སོ། །གཉིས་པ་དངོས་གཞི་རླུང་སེམས་ཀྱི་རྫོགས་རིམ་གྱི་ཁྲིད་ལ། ཐབས་ཀྱིས་ངེས་པ་དང༌། ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་ལམ་མོ། །དང་པོ་ལ་མི་རྟོག །བདེ་བ། གསལ་བའི་རྣལ་འབྱོར་གསུམ་ལས། དང་པོ་མི་རྟོག་པའི་རྣལ་འབྱོར་ནི། དངོས་གཞི་རླུང་གི་དུག་བསལ་ནས༔ སྟོང་ར་སྒོམ་ཞིང་ལྟེ་བ་རུ༔ རྃ་ཡིག་སྒོམ་ལ་སེམས་གཏད་ཞིང་༔ འོག་རླུང་བསྐུམ་དང་མེ་སྦར་ཞིང་༔ ཀུམྦྷ་ཁ་སྦྱོར་ཆོ་ག་ཡིས༔ བདེ་དྲོད་ཡེ་ཤེས་རིམ་གྱིས་སྐྱེ༔ མི་རྟོག་ཏིང་འཛིན་ངང་དུ་བཞག༔ ཅེས་པ་ལྟར་སྤྱིར་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ཆགས་གནས་འཇིག་སྟོང་མ་ལུས་པ་རླུང་གིས་བྱེད། དེར་མ་ཟད་སྲིད་པའི་འཁྲུལ་སྣང་ཀྱང་རིག་རྩལ་ལས་རླུང་གི་གཡོས་པ་ལས་བྱུང་ཞིང༌། དེ་ཉིད་གནས་སུ་དག་པ་ལས་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་དག་པའི་སྣང་བ་ཡང་འཆར་བའི་ནུས་པ་ཅན་ཡིན་པའི་རྟེན་འབྲེལ་གྱིས། རྡོ་རྗེ་ཕུང་པོའི་གྲོང་དུ་རྩ་གནས་སུ་རྒྱུ་བའི་རླུང་གི་འགྲོ་འོང་གིས་ཐིག་ལེ་ཁྲིད་པས་རླུང་གནས་སུ་ཆུན་ན་རྩ་ཡི་མདུད་པ་གྲོལ། རླུང་ཡེ་ཤེས་སུ་དག །ཐིག་ལེ་དབུ་མར་འཆིང་བ་ཐམས་ཅད་ནུས་ཤིང་མ་དག་པའི་རྩ་གནས་སུ་རླུང་རྒྱུན་ལས་དང་ཉོན་མོང་གི་འཁྲུལ་སྣང་བསྐྱེད་པའི་གནད་ཤེས་པས་རླུང་འཆིང་བ་ལ་རྩ་འཆིང་དགོས། རྩ་འཆིང་བ་ལ་ལུས་གནད་ཀྱིས་གཅུན་དགོས་པས་བདེ་བའི་མལ་ན་ལུས་ཆོས་བདུན་གྱིས་བཅིངས་ནས། སྔོན་འགྲོ་ཁྱད་པར་བླ་མའི་རྣལ་འབྱོར་ལ་རྩལ་དུ་བཏོན། ནང་གི་རྩ་དག་པ་དབུ་མར་རླུང་སེམས་སྡུད་པས་རྩ་ཡི་རྟེན་ལུས་ཀྱང་ཐ་མལ་མ་ཡིན། རང་ཉིད་ཡང་དག་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག་བསྣམ་པས་ཡུམ་གནམ་ཞལ་དབྱིངས་ཕྱུག་མ་དང་སྦྱོར་བ་དྭངས་གསལ་འོད་ཀྱི་སྐུ་ཅན་དུ་གསལ་བའི་དབུས་དྲང་པོ་དབུ་མ་ཁྱད་ཆོས་བཞི་ལྡན་སྔོ་སངས་འོད་ཀྱི་སྦུ་གུ་ཡར་སྣེ་ཚངས་བུག་མར་སྣེ་ལྟེ་འོག་སོར་བཞི་ཙམ་སླེབ་པ་རང་གི་སྲིན་མཛུབ་ཀྱི་ཚད་ཙམ། གཡས་གཡོན་དུ་རོ་རྐྱང་དཀར་དམར་དེ་ལས་འདབ་འགྱུར་གྱིས་ཕྲ་བ་མར་སྣ་ཡི་གེ་ཆ་ཡི་འཕང་བཞིན་ལྟེ་འོག་ནས་དབུ་མའི་ནང་དུ་ཆུད་པ། ཡར་སྣ་ལྟག་པ་ནས་སྣ་བུག་ཏུ་གུག་སྟེ་ཟུག་པ་རྩ་ཐམས་ཅད་དྭངས་གསལ་འོད་སྦུག་གི་རང་བཞིན་ཤེལ་ལྟ་བུ་བསྒོམས་ལ་ལག་པ་རྡོ་རྗེ་རྩེ་གཅིག་ཕྱེད་པའི་ཕྱག་རྒྱས་རླུང་རོ་དགུ་ཕྲུགས་སམ་སུམ་ཕྲུགས་སུ་བསལ། ཉོན་མོངས་དུག་གསུམ་གྱི་རྒྱུ་འབྲས་ལས་བྱུང་བའི་ནད་གདོན་སྡིག་སྒྲིབ་ཀྱི་ཁ་དོག་དཀར་དམར་སྔོ་བའི་རང་བཞིན་གྱིས་རླུང་དུག་སངས་གྱིས་དག་པར་བསམ་ལ་གློད་དེ་ངལ་བསོ། ཕྱི་ནང་གི་སྟོང་ར་ཐམས་ཅད་སླར་ཡང་དམིགས་པར་གསལ་གཏབ་ནས་ལྟེ་འོག་སོར་བཞིའི་ཐད་རྩ་གསུམ་འདུས་མདོར་རྃ་ཡིག་ཁ་དོག་དམར་པོ། རེག་བྱ་ཚ་བ། བདེ་བའི་ངོ་བོ། རྩེ་མོ་ནཱ་ད་སུམ་འཁྱོག་གི་རྣམ་པ་ཅན་བསྒོམ། དེ་ཡང་ཁྲིད་གཞུང་གཞན་དག་ནས་ཨ་ཤད་བསྒོམ་པ་དང་དོན་གཅིག་སྟེ་ཤད་ཀྱི་རྣམ་ཐར་སྒོ་གསུམ་མཚོན་པ་གནས་ཚུལ་ལ་བསྒོམ་པ་དང༌། འདི་རྃ་ཡིག་སྒོམ་པ་རཱ་ག་ཆགས་པའི་དོན་སྟེ་ཨ་ཤད་ཉིད་རྡོ་རྗེ་ཆགས་པ་ཆེན་པོའི་རང་གཟུགས་ཡུམ་རྡོ་རྗེ་བཙུན་མོའི་རྣམ་པས་ཐབས་ཞུ་བདེ་འདྲེན་པའི་བྱེད་ལས་ཀྱིས་མིང་ཡིག་དང་པོར་གྱུར་པས་གནས་ལུགས་ཀྱི་མཚོན་དོན་དང༌། རྃ་ཡིག་ཉིད་འབྱུང་བ་མེ་ཡི་ས་བོན་དུ་ཡོངས་སུ་གྲགས་པས། དེ་ལ་དམིགས་པས་བདེ་དྲོད་སྐྱེ་སླ་བ་དང་དྲོད་སྟོབས་ཆེར་བསྐྱེད་ནུས་པས་སྣང་ཆས་ཀྱང་གནད་དུ་ཟབ་པས་འདིར་རྃ་དུ་གསུངས་པ་སྟེ། དང་པོ་རྃ་ཡིག་ཤིན་ཏུ་ཕྲ་བ་རྟ་རྔ་བརྒྱར་བཤག་པ་ཙམ་དུ་གསལ་ལ་རླུང་སེམས་ཀུན་དེར་རྩེ་གཅིག་ཏུ་གཏད་པས་བདེ་དྲོད་དང་པོ་སྐྱེ་དཀའ་ཡང་སྐྱེས་ནས་ཡུན་དུ་གནས་པའི་དགོས་པ་ཡོད་པས་དེ་ལྟར་བྱ། གཉུག་མའི་ཕུང་ཁམས་དྭངས་མ་མཐར་ཐུག་གི་ནུས་པ་རྒྱས་པ་དང༌། སྙིགས་མའི་ཁམས་ཐམས་ཅད་ཟ་ཞིང་དྭངས་མའི་སྟོབས་འཕེལ་བར་བྱེད་པའི་ནུས་པ་ཁྱད་པར་ཅན་ཉིད་འདི་ལ་ཡོད་པས་ཙཎྜ་ལཱི་ཞེས་མིང་དུ་ཆགས་པ་སྟེ་དེས་ན་ཐོག་མར་ཤིན་ཏུ་ཕྲ་བའི་རྃ་ཡིག་ལྟེ་འོག་ཏུ་གནས་པ་ལ་སེམས་གཏད་དེ་འོག་རླུང་བསྐུམ་པ་དང་སྟེང་རླུང་དལ་གྱིས་བརྔུབས་ཏེ་ལྟེ་འོག་ཏུ་མནན་པ་ཁ་སྦྱོར་བུམ་པ་ཅན་བཟུང་སྟེ་རླུང་སེམས་ཐམས་ཅད་དེར་བསྡུ། མི་ཐུབ་པ་དང་འཐེན་གནོན་དང་ཕོ་སྐོར་བྱ་བའི་ཁྱད་ཆོས་བཞི་ལྡན་བུམ་ཅན་ཁུག་པ་བརྒྱའམ་ལྔ་བཅུ་ཉེར་གཅིག་སོགས་བཟུང་བས་རྣམ་རྟོག་གི་རྒྱུ་བ་ཆད་པའི་ཀ་དག་སྟོང་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་མྱུར་དུ་རྒྱུད་ལ་སྐྱེ་བའི་ཉམས་འཆར་ནུས་ཤིང་གཡོ་བྱེད་ཀྱི་རླུང་མི་རྒྱུ་བ་བུམ་པ་ཅན་གྱིས་བཟུང་སྟོབས་ཀྱིས་གཡོ་འཁྲུལ་གྱི་སེམས་ཀྱི་འགྱུ་བ་རང་ཤུགས་ཀྱིས་འགགས། མཚོན་བྱེད་སྟོང་ཆ་ཡུམ་གྱི་དག་པ་ཙཎྜ་ལཱི་ཤིན་ཏུ་ཕྲ་བའི་ཡེ་ཤེས་ཀྱི་ཐིག་ལེའི་གསལ་སྣང་གིས་མཚོན་བྱ་སྟོང་ཉིད་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་རང་གི་རྒྱུད་ལ་འདྲེན་ནུས་པའི་ཐབས་ཀྱི་རྣལ་འབྱོར་ཟབ་མོའི་གསང་བ་ཡང་དག་པའི་དེ་ཁོ་ན་ཉིད་དོ། །གཉིས་པ་བདེ་བའི་རྣལ་འབྱོར་ནི། སླར་ཡང་བདེ་ཆེན་སྒྲུབ་པ་ནི༔ ལུས་གནས་འཁོར་ལོ་བཞི་ལྡན་གསལ༔ དབུ་མའི་ཡར་སྣེ་ཧེ་རུ་ཀ༔ དཀར་པོ་བདེ་བའི་ཉམས་ལྡན་གསལ༔ ལྟེ་འོག་མེ་དང་དབྱེར་མེད་པའི༔ ཕག་མོ་དམར་མོ་གསལ་བ་ལ༔ སེམས་གཏད་ཀུམྦྷ་སྦྱོར་བ་ཡིས༔ ཤེས་རབ་སྟོང་པའི་མེ་བསྐུལ་བས༔ འཁོར་ལོའི་རྩ་འདབ་ཐམས་ཅད་བསྲེག༔ བླ་མའི་སྐུ་ལས་བདུད་རྩི་དྲངས༔ འཁོར་ལོའི་གནས་རྣམས་ཐམས་ཅད་དང་༔ ཁྱད་པར་ཤེས་རབ་སྒྱུ་མར་ཐིམ༔ འབར་འཛག་བདེ་ཆེན་དགྱེས་མཆོད་སྤྲིན༔ མཁའ་དབྱིངས་ཁྱབ་པར་འཕྲོས་པ་ལས༔ རྩ་གསུམ་ཞི་ཁྲོའི་ཚོགས་རྣམས་ཀུན༔ སྤྱན་དྲངས་ཐབས་མཆོག་དཔའ་བོར་བསྟིམ༔ དེ་ལྟར་དམིགས་པ་དྲག་ཏུ་བཟུང་༔ ཧེ་རུ་ཀ་དཔལ་སྙིང་གར་བྱོན༔ ཕག་མོ་བདེ་བའི་གར་འཁྱུགས་ནས༔ སྙིང་གར་འཛོམ་དང་དགྱེས་པར་རོལ༔ མཐར་ནི་བྱང་སེམས་ཐིག་ལེར་གྱུར༔ ཞེས་པ་ལྟར་དབུ་མ་ལས་གྱེས་པའི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་འཁོར་ལོ་བཞི། རྩ་འདབ་སོ་གཉིས། བཅུ་དྲུག །བརྒྱད། དྲུག་ཅུ་རྩ་བཞིར་གྱེས་པའི་དབུ་མའི་ཡར་སྣེ་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་ངོ་བོ། རྣམ་པ་ཐབས་མཆོག་ཡབ་ཧེ་རུ་ཀ་ཡང་དག་སངས་རྒྱས་ཐམས་ཅད་བདེ་སྟོང་མཉམ་པར་སྦྱོར་བའི་དཔའ་བོ་ཆེན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོར་དྲིལ་བསྣོལ་ཏེ་འཛིན་པ་ཞུ་བདེའི་ཉམས་འགྱུར་ཤིན་ཏུ་རྒྱས་པས་སྐུ་མདོག་སྟོན་ཟླ་ལྟར་དཀར་བ་རྗེས་སུ་ཆགས་པ་མི་ཟད་པ་རྒྱས་པས་ཞུ་ལ་ཁད་པ་པད་ཉི་དྲེགས་པ་ཁྱོ་ཤུག་གི་གདན་ལ་བཞེངས་ཏེ་བཞུགས་པ་དང༌། ལྟེ་འོག་སོར་བཞིའི་མཚམས་དབུ་མའི་མར་སྣེ་ཤེས་རབ་སྟོང་ཉིད་རྣམ་ཀུན་མཆོག་ལྡན་གྱི་བདག་ཉིད། རྣམ་པ་རྡོ་རྗེ་བཙུན་མོ་སྒྱུ་མ་ཆེན་པོ་རྡོ་རྗེ་ཕག་མོ་གནམ་ཞལ་དབྱིངས་ཕྱུག་དམར་མོ་གཅེར་བུ་རྐེད་སྐབས་ཕྲ་ཞིང་ནུ་འབུར་དང་བྷ་ག་རྒྱས་པ། སྐུ་ལས་བདེ་དྲོད་ཀྱི་འོད་ཕུང་འབར་བ། གཟུང་འཛིན་འཁྲུལ་འཁོར་ཟ་བའི་བརྡར་གཏུམ་རྔམས་ཁྲོས་པའི་ཉམས་དང་ལྡན་པ། ཕྱག་གཉིས་གྲི་གུག་ཕྱར་ཞིང་ཐོད་ཁྲག་ཐུགས་ཀར་བཟུང་བ། ཞབས་བརྐྱང་བསྐུམ་གྱིས་གར་སྟབས་ལིང་ངེར་པད་ཉི་བམ་རོའི་སྟེང་བཞེངས་པ་གསལ་ཏེ། རླུང་རོ་བསལ་ཞིང་སྟེང་འོག་གི་རླུང་ཁ་སྦྱོར་དུ་བཅིང་པས་ལྟེ་འོག་ཕག་མོའི་སྐུ་ལས་བདེ་དྲོད་ཀྱི་མེ་ཤིན་ཏུ་ཕྲ་བ། རྩེ་མོ་རྣོ་ཞིང་འཁྱུག་པ། འོད་ཀྱི་ཟེར་ཐག་ཅན་དཔག་ཏུ་མེད་པ་བྱུང་སྟེ་ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོའི་འཁོར་ལོའི་བར་མས་རིམ་གྱིས་འབར་ཞིང་འཕྲོས་པས་རྩ་ནང་ཐམས་ཅད་ཁྱབ། ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་གཞོབ་ཐུལ་གྱིས་བསྲེགས། ལུས་ཀྱི་ནང་ཐམས་ཅད་ཟང་ཐལ་དུ་ཁྱབ། མ་དག་པའི་རྩ་རླུང་ཐིག་ལེའི་ཆ་ཐམས་ཅད་སྦྱངས། བ་སྤུའི་ཁུང་བུ་རྣམས་ནས་མེ་ལྕེ་དམར་ཁྱུག་ཁྱུག་ཏུ་སྦྲུལ་གྱི་ལྕེ་བཞིན་བྱུང༌། ལུས་རིལ་གྱིས་གང་བས་དྲོད་ཀུན་ཏུ་ཁྱབ་ཅིང་སྣང༌། ལྕགས་སྲེག་མགར་གྱི་སོ་མལ་ནས་བྱུང་བ་བཞིན་རང་ལུས་དམར་ལམ་གྱིས་བྱུང༌། ཁྱད་པར་སྤྱི་བོའི་བླ་མ་ཧེ་རུ་ཀའི་སྐུ་ལ་རེག་ཙམ་གྱིས་རྗེས་ཆགས་ཀྱི་བདེ་ཉམས་ལྷག་པར་རྒྱས། སྐུའི་ཆ་ཐམས་ཅད་ལས་བྱང་ཆུབ་སེམས་ཀྱི་བདུད་རྩི་མུ་ཏིག་གི་རྒྱུན་ལྟ་བུ་དཀར་ཁྲམ་ཁྲམ་དུ་བྱུང༌། འཁྱགས་རོམ་མེས་ཞུ་བའི་ཆུ་བཞིན་མས་རིམ་དུ་བབ་སྟེ་སྤྱི་མགྲིན་སྙིང་ལྟེའི་གནས་བཞིའི་འཁོར་ལོར་བདུད་རྩིའི་ཆུ་རྒྱུན་གྱིས་རིམ་ཅན་དུ་གང་བས་དབང་བཞི་ཐོབ། ལུས་རྩ། ངག་རླུང༌། ཡིད་ཐིག་ལེ། ཆ་མཉམ་ཡེ་ཤེས་ཀྱི་སྒྲིབ་པ་བཞི་དག །དགའ་བ། མཆོག་དགའ། ཁྱད་པར། ལྷན་སྐྱེས་ཀྱི་དགའ་བ་བཞིའི་ཉམས་སྐྱེས། སྐུ་བཞིའི་གོ་འཕང་རྒྱུད་ལ་སྐྱེ་བའི་སྐལ་ལྡན་དུ་གྱུར་པར་བསམ། ཁྱད་པར་དུ་ཡང་བྱང་སེམས་བདུད་རྩིའི་དྭངས་མ་ལྟེ་བའི་ཕག་མོའི་སྐུ་ལ་སིབ་ཀྱིས་ཐིམ་པས་འབར་འཛག་གི་ཉམས་ཤིན་ཏུ་རྒྱས། བདེ་བ་མི་བཟོད་པའི་ཉམས་ཀྱིས་གར་དང་བཅས་ཏེ་དཀར་དམར་གཉིས་སུ་མེད་པའི་ཡེ་ཤེས་འོད་ཀྱི་ཟེར་ཐག་ཁ་དོག་ལྔ་ལྡན་མཁའ་ཁྱབ་ཏུ་སྤྲོས་པས་ཆོས་དབྱིངས་ཁྱབ་པར་བརྡལ་བའི་ཞིང་ན་བཞུགས་པའི་བླ་མ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བསྐུལ་ཏེ་གཟུགས་སྐུ་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་བཞེངས་ནས་ཆར་དྲག་ཏུ་འབབ་པ་ལྟར་བྱོན། སྤྱི་བོའི་བླ་མ་ཧེ་རུ་ཀ་ལ་ཐིམ་པས་བྱིན་རླབས་ཀྱི་ཟིལ་བཟོད་མེད་དུ་འབར། བདེ་བ་མ་བཟོད་པས་སྙིང་གར་བྱོན་པའི་རྐྱེན་གྱིས་ཕག་མོ་ཡང་བདེ་བའི་གར་དང་སྒྱུ་རྩལ་ཁྱུག་ཁྱུག་གིས་གྱེན་དུ་བྱོན་ནས་ཡབ་ཡུམ་ཞལ་སྦྱོར་བས་བདེ་སྟོང་གི་ཡེ་ཤེས་ཤིན་ཏུ་རྒྱས་པས་རང་ལུས་འོད་དུ་ལྟེམས་ཀྱིས་ཞུ། སྙིང་གའི་ཧེ་རུ་ཀ་ཡབ་ཡུམ་ལ་ཐིམ། ཧེ་རུ་ཀ་ཡབ་ཡུམ་ཀྱང་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་འགུལ་འཕྲིག་གི་རྣམ་པ་ཅན་དུ་ཞུ། དེ་ཡང་སྟོང་པའི་དབྱིངས་སུ་ཡལ་བར་བསམ། དམིགས་པ་དེ་མ་རྫོགས་ཀྱི་བར་རླུང་བུམ་ཅན་དྲག་ཏུ་གཅུན་ཏེ་རླུང་རིག་སེམས་གསུམ་གཅིག་དུ་བསྲེ་བ་གལ་ཆེའོ། །གསུམ་པ་མི་རྟོག་པའི་རྣལ་འབྱོར་ནི། དེ་ལ་སེམས་གཏད་ཐིག་ལེ་ནི༔ དབུ་མའི་ཡར་སྣར་སྤྲོས་པ་དང་༔ སྣ་རྩེར་རྡོ་རྗེ་ནོར་བུའི་རྩེར༔ རེས་མོས་བཟུང་ཞིང་མཐའ་རུ་ནི༔ སྙིང་གར་ཐིག་ལེ་སྔོ་སྐྱ་ཧཱུྃ་མཚན་པ༔ མཐར་ནི་སྟོང་ཆེན་དབྱིངས་སུ་བསྟིམ༔ མཆན། བསྟིམས་པས་གསལ་སྟོང་ནི༔ ལྟ་བ་མཐའ་དང་བྲལ་བར་བསྐྱང་༔ གསང་དབང་ལམ་བྱེད་རིམ་པའོ༔ ཞེས་པ་སྟེ་ཧེ་རུ་ཀ་ཡབ་ཡུམ་ཞུ་བའི་ཐིག་ལེའི་དྭངས་མ་ཤིན་ཏུ་ཕྲ་བ་ཉིད་སེམས་བྱིང་རྨུག་དང་བདེ་ཉམས་ཆེ་ན་དབུ་མའི་ཡར་སྣ་ཚངས་པའི་སྒོར་བྱོན་ནས་བརྟན་པར་བཞུགས་པ་ལ་རླུང་སེམས་ཀྱི་དྭངས་མ་ཐམས་ཅད་དེ་ལ་སིབ་སིབ་ཐིམ་པར་བསམ་ལ་དམིགས་པ་སྤྱི་བོར་གཏོད་ཅིང་མིག་གི་ལྟ་སྟངས་ནམ་མཁར་གཏད་དེ་དབྱིངས་རིག་བསྲེ། ཡང་རྒོད་པ་དང་གསལ་ཉམས་ཆེ་ན་ཐིག་ལེ་ཉིད་ལྕི་ཐིག་གིས་ལུས་དབུས་བརྒྱུད་རྡོ་རྗེ་ནོར་བུའི་རྩེར་བདེ་བའི་ཟིལ་པ་ཕྲོམ་མེར་སོན་པར་བསམ་ལ་བུམ་ཅན་དྲག་ཏུ་བཟུང་དམིགས་པ་ལྟེ་འོག་ཏུ་གཏད་ཅིང་མིག་སྣ་རྩེར་གཏོད། དེ་གཉིས་གང་ལྟར་ཡང་མཐར་ཐིག་ལེ་དེ་ཉིད་ཁ་དོག་སྔོ་སྐྱ་ཧཱུྃ་གིས་མཚན་པ་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་ཞིག་ཏུ་གྱུར། དེའི་འོད་ཀྱིས་རང་ལུས་སྣོད་བཅུད་དང་བཅས་པའང་འུབ་ཀྱིས་འདུས་ནས་ལན་ཚྭ་ཆུར་ཞུ་བ་ལྟར་དབྱིངས་ཆེན་ཤིན་ཏུ་རྣམ་པར་དག་པའི་ཀློང་དུ་ཐིམ་པར་བསམ་ལ་ལྷོད་ཀྱིས་ཀློད་དེ་མཉམ་པར་བཞག་ལ་ཆོས་ཉིད་ཀྱི་ལྟ་བའི་ངང་བསྐྱང༌། དེ་ཡང་ལྷན་སྐྱེས་ཀྱི་ཡེ་ཤེས་ཆེན་པོའི་གནས་ལུགས་ལ་སྐུ་གསུམ་བདེ་གསལ་མི་རྟོག་པའི་ཡེ་ཤེས་གསུམ་ལྡན་གྱི་བདག་ཉིད་དུ་བཞུགས་པའི་ཡིན་ལུགས་མངོན་དུ་གྱུར་ན་ཡེ་ཤེས་གསུམ་གྱི་བདག་ཉིད་དུ་བྱང་ཆུབ་པར་བྱེད་ཅིང༌། གནས་ལུགས་མ་རྟོགས་པས་རྒྱུ་ཆགས་སྡང་རྨོངས་གསུམ་གྱིས་འཁྲུལ་ནས་འབྲས་བུ་ཁམས་གསུམ་གྱི་འཁྲུལ་སྣང་ལ་སྤྱོད་པ་དང༌། ལམ་ཉམས་སུ་ལེན་པའི་སྐབས་སུ་ཡང་བདེ་གསལ་མི་རྟོག་པའི་ཉམས་གསུམ་ལས་མ་འདས་པས་ཉམས་དེ་གང་སྐྱེས་ཀྱང་ཞེན་མེད་འཛིན་མེད་རང་གྲོལ་ཆེན་པོའི་ལྟ་བའི་བོགས་འབྱིན། ལམ་གྱི་རྒྱན་དུ་ཁྱེར་ཞིང་རྒྱུན་བསྐྱངས་པས་ལྟ་བའི་གདིང་ཐོབ་དགོས་པའོ། །གཉིས་པ་གཞན་ལུས་ཕྱག་རྒྱའི་ལམ་ནི། གསུམ་པའི་ལམ་ལ་བསྟེན་པ་ཡི༔ དྲོད་ཐོབ་རྣལ་འབྱོར་བརྩམ་པར་བྱ༔ རིགས་ཅན་ལྔ་པོ་བཀུག་བྱས་ནས༔ དྲང་ངེས་ཆོས་བཤད་ཟབ་དབང་བསྐུར༔ འདོད་པའི་བདེ་བ་སྤེལ་བྱས་ནས༔ རོལ་ཐབས་བརྒྱད་དང་འདུ་ཤེས་བཞི༔ སྙོམས་འཇུག་དགའ་བཞི་ལུགས་འབྱུང་གི༔ ཡེ་ཤེས་ངོས་བཟུང་དབབ་བསྐྱིལ་བཟློག༔ ལུགས་ལྡོག་བཅུ་དྲུག་མཐར་སོན་གྱིས༔ བདེ་བའི་ཡེ་ཤེས་རྡུལ་དང་བྲལ༔ འགྱུར་མེད་བདེ་བ་ཆེན་པོ་ནི༔ འཕོ་མེད་ཀུན་ཏུ་ཁྱབ་པའོ༔ ཡན་ལག་ལུས་སྦྱང་འདྲེན་དགྲམ་ལྡོག༔ འཁྲུལ་འཁོར་ལྟ་སྟངས་འབད་པར་བྱ༔ ཕོ་ཉའི་ལམ་གྱི་རིམ་པའོ༔ ཞེས་བསྒྲུབ་བྱའི་ལྷ་བདེ་ཆེན་ཧེ་རུ་ཀ་ཐུགས་རྡོ་རྗེའི་ཁྱབ་བདག་དང་བསྒྲུབས་འབྲས་མཆོག་དངོས་གཙོ་བོར་བཏོན་པས་གནས་ལུགས་དོན་གྱི་འོད་གསལ་མངོན་དུ་བྱེད་དགོས་པའི་དབང་གིས། སྒྲུབ་བྱེད་ཀྱི་ལམ་ཕོ་ཉའི་མྱུར་ལམ་ཉིད་ཆེས་ཟབ་པའི་མཐར་ཐུག་ཏུ་ངེས་པས་སྒྲ་ཇི་བཞིན་ཉམས་སུ་ལེན་པར་འདོད་ན་སླད་ནས་སྤྲོ་བར་བྱའོ། །བཞི་པ་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་གསེང་ལམ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བཞི་པ་དོན་གྱི་ཡེ་ཤེས་ནི༔ མཚན་མཚོན་ཀུན་ལས་རབ་འདས་པའི༔ ཡང་དག་གྲུབ་པ་ཆེན་པོ་ངང་༔ རིག་པ་ཡེ་ཤེས་ཕུར་པ་སྟེ༔ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ རྩལ་རྫོགས་ཆེན་པོར་ལྷུན་གྱིས་གྲུབ༔ ཞེས་པ་སྟེ་དབང་བཞིའི་ལམ་གང་བསྒོམས་ཀྱང་བསྒྲུབ་བྱ་མཐར་ཐུག་ནི། སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས། འཕོ་བའི་སྒྲིབ་པ་དང་བྲལ་བའི་རྡོ་རྗེའི་སྐུ། ཆོས་ཉིད་དེ་བཞིན་ཉིད་ལ་སྒྲིབ་པའི་བག་ཆགས་ཕྲ་མོ་ཡང་ཟད་དེ་རོ་མཉམ་དུ་སངས་རྒྱས་པ། གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་བསམ་གྱིས་མི་ཁྱབ་པ། མཚན་མའི་སྤྱོད་ཡུལ་ཐམས་ཅད་དང་བྲལ་ཀྱང༌། ཤེས་བྱའི་རྣམ་པ་ཐམས་ཅད་དུ་འཆར་བའི་བདག་ཉིད་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་པའི་རང་བྱུང་ཡེ་ཤེས་ཀྱི་སྐུ་སྟེ། འཁོར་འདས་ཐམས་ཅད་མཉམ་པ་ཉིད་དུ་སངས་རྒྱས་པ། རིག་ཀུན་གྱི་ཁྱབ་བདག་དམ་པར་གྱུར་པ་ལ་ཆོས་ཉིད་དོན་གྱི་ལྷ་ཞེས་བྱ་ཞིང༌། ཡེ་ཤེས་ཀྱི་སྐུ་མཚན་མའི་སྤྱོད་ཡུལ་ལས་འདས་པ་དེ་ཉིད་རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཤར་བ་ལ་སྲིད་ཞིའི་སྤྱི་དཔལ་ཡང་དག་ཧེ་རུ་ཀ་ཞེས་དང༌། ཁྲོ་རྒྱལ་སྟོབས་འདུས་རྡོ་རྗེ་གཞོན་ནུ་ལ་སོགས་པའི་མཚན་དང་སྐུ་ཡི་བཀོད་པ་ཞལ་ཕྱག་མཚན་མ། གཙོ་འཁོར། རྟེན་བརྟེན་པའི་རྣམ་པ་ཅིར་ཡང་སྣང་བ་ཉིད་ཆོས་ཅན་རྟགས་ཀྱི་ལྷ་ཞེས་བྱ་ཞིང༌། དེས་ཆོས་ཐམས་ཅད་སྣང་སྟོང་མཉམ་པ་ཉིད་ཀྱི་དབྱིངས་སུ་ཚུལ་གཅིག་པས་ཡེ་ཤེས་རྡོ་རྗེའི་སྐུ་ཅན་དཀྱིལ་འཁོར་གྱི་གཙོ་བོའི་དོན་གྱི་བཞུགས་ཚུལ་དང་མཐུན་པ་ཉམས་ལེན་གྱི་ལམ་ཀྱང་བློ་འདས་འོད་གསལ་ཆེན་པོའི་རྣལ་འབྱོར་གྱི་ལྟ་སྒོམ་གནད་དུ་བསྣུན་པས་དོན་གྱི་གྲོལ་ཕུག་མངོན་དུ་བྱེད་ནུས་པ་སྟེ། དེ་ཡང་རིག་སྟོང་ཡེ་ཤེས་ཀྱི་དགོངས་པ་ངོ་སྤྲོད་པ་ཀ་དག་ཁྲེགས་ཆོད་ཀྱི་ལམ་དང༌། འོད་གསལ་ཐིག་ལེ་ཆེན་པོའི་རྣལ་འབྱོར་གྱི་བོགས་འབྱིན་པ་ལྷུན་གྲུབ་ཐོད་རྒལ་གྱི་མན་ངག་ལ་བརྟེན་པ་ནི་ཡང་དག་གྲུབ་པ་གཅིག་པུའི་དོན་གྱི་དགོངས་པ་དང༌། རྡོ་རྗེ་ཕུར་པའི་ལམ་བཞི་ལས་རིག་པ་ཡེ་ཤེས་ཀྱི་ཕུར་བུའི་རྣམ་བཞག་ཏུ་གསུངས་པ་ཉིད་བཤད་པའོ། །གཉིས་པ་རྒྱས་པར་བཤད་ལ། འཁྲུལ་རྟོག་གཞི་མེད་དུ་སྦྱང་པ་སྔོན་འགྲོ་དང༌། འཁྲུལ་པ་རང་གྲོལ་དུ་དག་པ་དངོས་གཞི་གཉིས་ལས། དང་པོ་ནི། རུ་ཤན་ཕྱི་ནང་དབྱེ་བ་དང་༔ སྒོ་གསུམ་རྣལ་དུ་དབབ་པ་ཡིས༔ ཞེས་པ་སྟེ་གཞི་སྣང་འཁྲུལ་གྲོལ་གྱི་སྣང་བ་འདབས་འདྲེས་དེ་དོན་གྱི་ཡིན་ལུགས་ལ་སྒྲིབ་པ་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཡེ་ཤེས་ཆེན་པོར་དག་པར་བྱས་ནས། ཆོས་ཉིད་དོན་གྱི་གཤིས་རྗེན་གཅེར་དུ་ངོ་སྤྲད་ནས་སྣང་སྤྱོད་ཡེ་ཤེས་ཀྱི་རོལ་པ་ལས་མི་འདའ་བར་བྱ་ཕྱིར་ཕྱི་ནང་གི་རུ་ཤན་དབྱེ་བ། སྒོ་ལུས་ངག་ཡིད་གསུམ་སྦྱང་པ་རྣལ་དབབ་དང་བཅས་པ་ཐེག་པ་མཆོག་གི་ཁྲིད་ཚུལ་སྤྱི་ལྟར་ཉམས་སུ་ལེན་པར་བྱ་དགོས་སོ། །གཉིས་པ་འཁྲུལ་པ་རང་གྲོལ་དུ་དག་པ་དངོས་གཞིའི་མན་ངག་ལ། ལྟ་བ་ཀ་དག་ཉིད་དོན་ངོ་སྤྲད་པ། སྒོམ་པ་འོད་གསལ་གྱི་རྣལ་འབྱོར་གྱིས་བོགས་འབྱིན་པའོ། །དང་པོ་ནི། ཀ་དག་ལྟ་བ་ནམ་མཁའི་དབྱིངས༔ རྒྱ་ཆད་ཕྱོགས་ལྷུང་ཀུན་བྲལ་བ༔ ཡིད་དཔྱོད་བསམ་ལས་འདས་པ་རུ༔ བླ་མའི་དྲིན་གྱི་རང་ཐོག་འཕྲོད༔ ཐམས་ཅད་རང་གྲོལ་ཆེན་པོར་མཉམ༔ ཤར་གྲོལ་དབྱེར་མེད་ཆེན་པོའོ༔ གང་བྱུང་སྤྱོད་པས་རྩིས་གདབ་བྲལ༔ ཞེས་པ་སྟེ་གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཀུན་འཁྲུལ་རྟོག་གི་བློས་བཅོས་ཤིང་བཏགས་ཙམ་ལས་དོན་ལ་མེད་པ་གསལ་སྣང་ཆུ་ཟླ་ལྟ་བུ་ལས་གང་དུའང་མ་གྲུབ་ན། རིག་པའི་གནས་ལུགས་ནི་ནམ་མཁའི་དབྱིངས་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་འཁོར་འདས་གང་དུའང་རྒྱ་ཆད་དང་ཕྱོགས་སུ་མ་ལྷུང་བ་ཀུན་ཁྱབ་ཡིད་དཔྱོད་ཀྱི་བློས་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་སོ་སོ་རང་གིས་རིག་པ་བྱ་བའི་བདག་ཉིད་དེ། ཐོས་བསམ་གྱིས་དོན་སྤྱི་ཙམ་ལས་ཇི་བཞིན་མངོན་དུ་བྱེད་མི་ནུས་ཀྱང༌། བླ་མའི་བྱིན་རླབས་དང་ཁ་ནང་དུ་ཕྱོགས་པའི་བསྒོམས་སྟོབས་ལ་བརྟེན་ནས་ཆོས་ཉིད་དོན་གྱི་གཤིས་ལུགས་ཆོས་སྐུ་རིག་སྟོང་རྗེན་པ་རང་གི་མྱོང་སྟོབས་ཀྱིས་གཞི་མེད་རྩ་བྲལ་དུ་ངོས་ཟིན་པའི་ཚེ་ངོ་རང་ཐོག་ཏུ་འཕྲོད་པ་ལྟ་བ་རི་བོ་ཅོག་བཞག་ཞེས་བྱ། དོན་དེ་བློས་སྒོམ་པར་བྱ་བ་རྡུལ་ཙམ་མེད་ཀྱང་ཆེད་དུ་རྩོལ་བས་མ་བསྒྲུབ། ཡེངས་ལ་ཕྱལ་བར་མ་ཤོར། རྟོག་པའི་འཕྲོ་འདུས་རིག་པ་ལ་མ་བསྒྲིབས་པ་རང་བབ་ལྷོད་པོའི་ངང་དུ་མི་གཡོ་བར་བཞག་པས་ངང་བསྐྱང་པ་ནི་ཐག་གཅིག་ཐོག་ཏུ་བཅད་པའི་སྒོམ་པ་རྒྱ་མཚོ་ཅོག་བཞག །རིག་པའི་རང་སོ་ཟིན་པ་ཆོས་སྐུ་རྒྱལ་པོའི་གཏན་སྲིད་འཕོ་མེད་དུ་བཟུང་བས་ཚོགས་དྲུག་གི་སྣང་བ་གང་ཤར་ཡང་དགག་སྒྲུབ་ཀྱི་བློས་མི་དཔྱོད་པར་ཆོས་ཉིད་གཤིས་ཀྱི་མྱོང་བ་དང་མ་བྲལ་བས་རྒྱས་ཐེབས་ན་རང་ཤར་རང་གྲོལ་ཆེན་པོར་དག་པ་ནི་གདིང་གྲོལ་ཐོག་ཏུ་བཅའ་བ་སྟེ་དེ་ནི་སྤྱོད་པ་སྣང་བ་ཅོག་བཞག་ཞེས་བྱ་ཞིང༌། གནད་དེ་དག་ལ་བརྟེན་ནས་ཆོས་ཅན་མཚན་མའི་སྤྲོས་པ་ཐམས་ཅད་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་གྲོལ་ཏེ་འཁོར་འདས་རེ་དོགས་ཀྱི་སྤྲོས་པས་ཉེ་བར་ཞི་བའི་ཆོས་དབྱིངས་ཁྱབ་བརྡལ་ཆེན་པོའི་དབྱིངས་སུ་འཕོ་འགྱུར་མེད་པའི་བཙན་ས་ཟིན་ཏེ་གནས་པ་ནི་འབྲས་བུ་རིག་པ་ཅོག་བཞག་ཅེས་བྱའོ། །གཉིས་པ་སྒོམ་པ་འོད་གསལ་གྱི་རྣལ་འབྱོར་གྱིས་བོགས་འབྱིན་པ་ནི། ལྷུན་གྲུབ་ཆེན་པོའི་གནས་ལུགས་ནི༔ སྒྲོན་མ་བཞི་ཡིས་མངོན་དུ་བྱེད༔ སྣང་བཞི་མཐར་ཕྱིན་ཨེ་མ་ཧོ༔ བཞི་པའི་ལམ་ཁྱེར་རིམ་པའོ༔ ཞེས་པ་སྟེ་སྤྱིར་ཆོས་ཀུན་སྟོང་ཉིད་དུ་གཏན་ལ་ཕབ་པ་དང༌། རང་བཞིན་འོད་གསལ་གྱི་ཡེ་ཤེས་དང་ཟུང་འཇུག་ཏུ་སྒྲུབ་པ་མདོ་སྔགས་ཀུན་ནས་ཟབ་མོའི་གནས་ལུགས་སུ་གསུངས་ཀྱང་རིག་སྟོང་ཁྱབ་བརྡལ་ཆེན་པོའི་དགོངས་པ་བློས་བྱས་ཡིད་དཔྱོད་ལས་འདས་པ་དང༌། དེའི་གཤིས་ལུགས་འོད་གསལ་སྒྲོན་མ་བཞི་ལྡན་དུ་གཏན་ལ་ཕབ་པ་ནི་རྫོགས་པ་ཆེན་པོ་མན་ངག་སྡེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབའ་ཞིག་སྟེ། དེས་ཁྱད་པར་བདུན་ལྡན་ལྷུན་གྲུབ་ཐོད་རྒལ་གྱི་ལམ་ཟབ་མོ་འདི་ནི་ཡང་གསང་སྙིང་གི་ཐིག་ལེའི་ཀུན་བཟང་གདོད་མའི་ལམ་གྱི་ཐུས་ཀ་མཐར་ཐུག་པ་སྟེ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་གདངས་འོད་གསལ་སྒྲོན་མ་བཞིའི་སྣང་བ་རང་ལ་གཟོད་ནས་ལྷུན་གྲུབ་ཏུ་གནས་ཀྱང་ཟག་བཅས་རྩ་རླུང་ཐིག་ལེའི་སྦུབ་སུ་ཆུད་དེ་མངོན་སུམ་མི་སྣང་བ་གང༌། སྒོ་ཡུལ་རླུང་རིག་གི་གནད་ཀྱིས་གཅུན་པས་མན་ཤེལ་ཉི་མ་དང་འཕྲད་པས་འཇའ་ཟེར་བཀྲག་ཏུ་འཚེར་བ་བཞིན་དབྱིངས་རིག་ཟུག་འཇུག་གི་འཆར་ཆས་ལས་ཉོན་གྱི་ཟག་པ་ཐམས་ཅད་རང་ཟད་དུ་སོང་ནས་འཕོ་མེད་ཡེ་ཤེས་རྡོ་རྗེའི་གསང་བ་གསུམ་དུ་སྒྲུབ་ནུས་པ་སྟེ། ཀུན་གྱི་འཆར་གཞི་རིག་པ་དབྱིངས་ཀྱི་སྒྲོན་མའི་སྣང་བ་འོད་གདངས་མཐིང་ཀ་དང་པོར་ཤར་བ་ཕྱི་དབྱིངས། དེ་ལས་སྣང་བ་མཆེད་པའི་ཚུལ་དུ་འོད་ལྔའི་སྣང་བ་ཟ་འོག་ཁ་ཕྱེས་པ་ལྟར་འཆར་བ་ལ། ལས་རླུང་དམ་པའི་ཆ་ལས་བྱུང་བས་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ལྔའི་མུ་ཁྱུད་ཅན་དྭངས་མ། རྒྱང་ཞགས་ཆུའི་སྒྲོན་མ་ལུས་དང་པོ་ཆགས་པའི་དུས་ནས་སྐྱེད་བྱེད་རྩ་ཡི་མདུད་པ་ན་འབྱུང་བའི་སྤྱན་ལས་ཕུང་པོ་གྲུབ་ཅིང༌། སྒྲོན་མའི་སྤྱན་ལས་ཡེ་ཤེས་ཀྱི་སྣང་བ་འཆར་བའི་སྒོ་སྙིང་ནས་མིག་ཏུ་འབྲེལ་བའི་འོད་རྩ་ཀ་ཏི་ཤེལ་སྦུག་ཅན་གཟིགས་སྟངས་ཀྱིས་གཅུན་པའི་དབང་གིས་རིག་པ་ཤིན་ཏུ་དྭངས་པ་ཡུལ་མེད་ཉམས་སུ་མྱོང་བ་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་དང༌། ཚིག་དོན་ཀློང་བརྡོལ་གྱི་རིག་རྩལ་སོར་རྟོག་ཡེ་ཤེས་འཆར་བའི་རྩལ། དེའི་གདངས་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ལྡིང་བ་ལྟར་འཆར་བ་དབྱིངས་དང་ཐིག་ལེའི་ར་བར་བཙུད་ནས་བསྒོམས་པས་ཆོས་ཉིད་མངོན་སུམ་གྱི་ལྟ་བས་ཡེ་ཤེས་རྗེན་པའི་གཤིས་ལུགས་སྒྲ་ཇི་བཞིན་དུ་གཏན་ལ་ཕེབས། ཉམས་གོང་འཕེལ་གྱི་འཁྲུལ་སྣང་དབྱིངས་སུ་ནུབ་སྟེ་བར་དོར་གྲོལ་བའི་གདིང་ཚད་རྙེད། རིག་པ་ཚད་ལ་ཕེབས་པས་སྐུ་གསུམ་གྱི་ལམ་སྣང་གི་འཕེལ་ཆ་ཡོངས་སུ་རྫོགས། ཆོས་ཉིད་ཟད་པས་སྣང་གསུམ་འཕོ་བའི་སྒྲིབ་རྟོག་དབྱིངས་སུ་ནུབ་སྟེ་ནང་དབྱིངས་ཁྱད་པར་དྲུག་ལྡན་དུ་བྱང་ཆུབ་བརྙེས་པའི་ལམ་གྱི་ས་ཚད་མཐའ་རྟེན་གྱི་མན་ངག་བཞིས་བཟུང་བ་གཅེས་སོ། །གསུམ་པ་རྗེས་ཀྱི་ཁྲིད་རིམ་ལ། འབྲས་བུའི་གྲོལ་ཚད་དང༌། ཟབ་གསང་གཏན་ལ་ཕབ་སྟེ་བསྩལ་བའི་ཚུལ་ལོ། །དང་པོ་ནི། སྒོ་གསུམ་དཔལ་ཆེན་ཁྲོ་རྒྱལ་གྱི༔ སྐུ་བཞིའི་ངོ་བོར་བྱང་ཆུབ་ནས༔ ཐམས་ཅད་རིག་པ་རང་སྣང་གི༔ རང་བྱུང་ཁྲོ་བོའི་སར་བཀོད་པས༔ འགྲོ་དོན་འཁོར་བ་དོང་སྤྲུགས་འགྱུར༔ ཨྠིྀ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ མནྟྲ་གུ་ཧྱ༔ བརྡ་ཐིམ༔ ཞེས་པ་སྟེ་བསྒྲུབ་གཞི་གཉུག་མའི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་སྣང་སྟོང་མཁའ་ཁྱབ་ཡེ་ཤེས་རྡོ་རྗེ་རྡུལ་བྲལ་ནམ་མཁའ་ལྟ་བུའི་སྐུ་མངོན་དུ་བྱ་བའི་ཕྱིར། སྒྲུབ་བྱེད་དབང་བཞིའི་ལམ་དང་རྗེས་སུ་མཐུན་པའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ཟབ་མོའི་བྱེད་ལས་ཀྱིས། སད་རྨི་གཉིད་མཐུག་སྙོམས་འཇུག་གི་སྒྲིབ་པ་བཞི་དག་ནས། བསྒྲུབས་འབྲས་སྐུ་བཞི་དབྱེར་མེད་སྲིད་ཞིའི་སྤྱི་དཔལ་ཁྱབ་བདག་ཧེ་རུ་ཀ་ཆེན་པོའི་གོ་འཕང་མངོན་དུ་བྱེད་པའི་གསེང་ལམ། ཨོ་རྒྱན་མ་ཧཱ་གུ་རུ་ཡབ་ཡུམ་གྱི་ཐུགས་དམ་གཅིག་དྲིལ། འཕགས་བོད་རིག་འཛིན་བྱེ་བའི་མཆོག་དངོས་མངོན་སུམ་དུ་གྲུབ་པའི་ཐབས་ཟབ་པའི་མཐར་ཐུག །བརྒྱུད་ཐག་ཉེ་བས་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བ། སྙིགས་དུས་བར་ཆད་སྐྱོབ་པའི་རྡོ་རྗེའི་མཁར་རྫོང་དུ་མཚན་ཙམ་དྲན་པས་བདུད་སྡེའི་རུ་མཚོན་བསྙིལ་ནུས་པ་ཐུན་མིན་ལྷག་པའི་ལྷ་མཆོག་སྒྲུབ་པའི་ཟབ་ལམ་རྨད་དུ་བྱུང་བ་རྒྱུ་མཚན་ཤེས་པའི་བློས་ཡིད་བཞིན་གྱི་ནོར་བུ་རྙེད་པ་མཆོད་དང་བཀུར་བསྟི་ལ་བརྩོན་པས་དོན་གཉིས་འདོད་དགུ་འཇོ་བ་ཆོས་ཉིད་དུ་གྲུབ་པ་བཞིན་ཐེག་མཆོག་སྙིང་པོའི་བསྟན་པ་དང་འཕྲད་ཅིང༌། ཟུང་འཇུག་རྡོ་རྗེའི་གོ་འཕང་སྒྲུབ་པའི་ཐབས་ལ་དད་བརྩོན་ཤེས་རབ་ཀྱིས་འཇུག་ཅིང༌། སྨིན་གྲོལ་ཟབ་མོའི་མྱུར་ལམ་ལ་བརྟེན་ནས་སྐུ་བཞིའི་རྒྱལ་ས་རྟེན་འདིར་མངོན་དུ་བྱ་བས་དལ་རྟེན་སྙིང་པོ་བླང་བར་རིགས་སོ། །གཉིས་པ་ཟབ་གསང་གཏན་ལ་ཕབ་སྟེ་ཇི་ལྟར་སྩལ་བའི་ཚུལ་ནི། ཁོ་བོ་རང་བྱུང་པདྨ་གླིང་པ་ལ༔ རིག་འཛིན་མཁས་གྲུབ་རྒྱལ་པོ་རྣམ་པ་བཞིས༔ ཀཿཐོག་སི་ཏུ་པཎྜི་ཏ་ཆོས་ཀྱི་རྒྱ་མཚོ། ཞེ་ཆེན་རྒྱལ་ཚབ་པདྨ་བི་ཛ། ཨ་འཛོམ་འབྲུག་པ་རིན་པོ་ཆེ། རྡོ་གྲུབ་ཀུན་མཁྱེན་བསྟན་པའི་ཉི་མ། མཆན། ཡི་དམ་མནོག་ཆོས་སྩལ་བའི་ཡང་ཕུར་གཉིས༔ ཇི་བཞིན་ཉམས་ལེན་སྐལ་པས་དབེན་གྱུར་ཀྱང་༔ བསྙེན་སྒྲུབ་འབྲེལ་འཇོག་བྱེད་པའི་གནས་སྐབས་སུ༔ བླ་མ་ལྷག་པའི་ལྷ་ཡིས་བྱིན་རླབས་ལས༔ རིག་སྟོང་འོད་གསལ་ཀློང་ལྔའི་སྒྲོམ་ལས་ཐོན༔ རིང་དུ་གསང་ཞིང་ཤིང་མོ་ལུག་གི་ལོར༔ རང་དང་རིགས་མཐུན་རྡོ་རྗེའི་མཆེད་པོ་ནི༔ ཀུན་གཟིགས་མངྒའི་མཚན་ཅན་མཆོག་ལ་ཕུལ༔ གདེ་བས་དཔལ་ཆེན་གོ་འཕང་མངོན་བྱེད་ཤོག༔ ཅེས་བདེ་ཆེན་ཧེ་རུ་ཀ་དངོས་འཁོར་ལོའི་དབང་ཕྱུག་དྲན་པས་གདུང་སེལ་མཆོག་གིས་ཚེ་རབ་ཀུན་ཏུ་ཐུགས་བརྩེའི་གཡར་དམ་གྱིས་བཟུང་བའི་རྟེན་འབྱུང་གིས་ཤིན་ཏུ་གསང་བ་ཆེན་པོའི་ཐུགས་ཀྱི་ཏི་ལ་ཀ་འདི་ཡང་རབ་རྒྱལ་མྱོས་བྱེད་ཤིང་ལུགས་ས་ག་ཟླ་བའི་ཚེས་དྲུག་ལ་དཔལ་ས་ལ་སྤྱོད་པའི་འོག་མིན་གསང་བ་ཆེན་པོའི་ཕོ་བྲང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་གྱི་གཟིམ་སྤྱིལ་ནས་འབྲལ་ཁའི་ཞལ་ཆེམས་ཀྱི་ཚུལ་དུ་བཀའ་དྲིན་བདུད་རྩིའི་ཉིང་ཁུའི་དཔྱིད་དུ་ཐོབ་པ་རིག་པ་འཛིན་པ་བདེ་ཆེན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་རང་བྱུང་ཐུགས་མཆོག་རྡོ་རྗེའི་སྙིང་གི་བདུད་རྩིའི་ཡང་བཅུད་དུ་འཆང་བའི་སྐལ་བཟང་རྨད་དུ་བྱུང་བའི་རྟེན་འབྱུང་གི་རྩེ་མོར་སོན་པ་གུ་ཧྱ་སིདྡྷིའི་རྒྱ༔ ཞེས་སོ། །སྔ་འགྱུར་བཀའ་གཏེར་ཆོས་ཀྱི་རྒྱ་མཚོའི་དབུས། །ཟབ་གསང་རིན་ཆེན་ལྷུན་པོའི་ཆ་ཙམ་ཞིག །སྐལ་བཟང་དཔྱིད་དུ་ཐོབ་པའི་སྙིང་པོའི་དོན། །ཅུང་ཟད་བཀྲལ་བའི་ལེགས་བྱས་སྣང་བའི་གཏེར། །ནང་གི་ཡེ་ཤེས་བདེ་བ་ཆེན་པོའི་མེས། །དངོས་འཛིན་ཚང་ཚིང་བསྲེགས་པའི་གཟི་འོད་ཀྱིས། །ནམ་མཁའི་མུ་ཁྱུད་བརྡོལ་བས་ཟག་མེད་ཀྱི། །དབྱིངས་སུ་ཉམས་པ་མེད་པར་བརྩོན་པའི་མཐུས། །ཕན་བདེ་པདྨོ་བཞད་པའི་དཔྱིད་གྱུར་ཏེ། །མཆོག་དངོས་གྲུབ་པའི་སྦྲང་རྩིའི་མྱོས་པ་ཡི། །རིག་འཛིན་གྲུབ་པས་འཛིན་མའི་ཁྱོན་བརྡལ་བས། །འགྲོ་ཀུན་ཧེ་རུ་ཀ་དཔལ་གྲུབ་གྱུར་ཅིག །ཅེས་པའང་གཏེར་སྟོན་གྲུབ་ཐོབ་ཀུན་གྱི་རྒྱལ་པོ་རྒྱལ་སྲས་རྡོ་རྗེ་གླིང་པའི་གདུང་བརྒྱུད་དུ་བྱོན་ཅིང༌། དྭགས་རྙིང་གི་གདམས་པའི་བདུད་རྩིའི་ཐུགས་རྒྱུད་ཡོངས་སུ་ཕྱུག་པའི་འཕགས་མཆོག་ཟབ་ཆོས་འདི་ཉིད་རྩ་བའི་ཐུགས་དམ་ཉམས་བཞེས་མཛད་པ། ལྷོ་ལྗོངས་ཆོས་ཀྱི་རྒྱལ་ཁབ་གྱི་ཆོས་སྡེ་ཆེན་པོ་སྤུངས་ཐང་གི་མཁན་ཆེན་འཇམ་དབྱངས་ཡེ་ཤེས་སེང་གེའི་ཐུན་མིན་ཐུགས་བརྩེའི་གནང་སྐྱེས་དང་བཅས་ཏེ་ཡང་ཡང་བཀའ་སྩལ་བ་བཞིན་ཟབ་ལམ་འདི་ཉིད་ཆིག་བརྒྱུད་དུ་བསྩལ་བའི་སྐལ་བཟང་རྡོ་རྗེའི་རིག་པ་འཛིན་པའི་མིང་ཙམ་གྱིས་སྙན་པའི་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་གྱིས་རབ་བྱུང་བཅུ་དྲུག་པ་ཤིང་འབྲུག་ལོར་འཕགས་ཡུལ་དབུས་གྱུར་རྡོ་རྗེ་གདན་གྱི་ཀེའུ་ཚང་དུ་གནས་པའི་སྐབས་བྲིས་པ་འདིས་ཀྱང་ངེས་གསང་རྡོ་རྗེ་སྙིང་པོའི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག། །། | |||
}} | }} |
Latest revision as of 14:48, 1 June 2024
Wylie title | snyan brgyud yang phur sbrags ma'i zab tig gi rdzogs rim gud sbas kyi dmigs khrid zab gsang DA ka'i thugs tig mchog gi ye shes grub pa'i gseng lam | |
---|---|---|
Location | mkhyen brtse'i bka' babs Volume 19, Text 28, Pages 695-735 (Folios 1a to 21a5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་, འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse'i dbang po, 'jam dbyangs mkhyen brtse chos kyi blo gros) | |
Citation | Khyentse, Dilgo. snyan brgyud yang phur sbrags ma'i zab tig gi rdzogs rim gud sbas kyi dmigs khrid zab gsang DA ka'i thugs tig mchog gi ye shes grub pa'i gseng lam. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 19: 695-735. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013. | |
Genre | Completion Stage - rdzogs rim · Contemplative Guide Books and Instructional Manuals - khrid yig | |
Cycle | ཡང་ཕུར་སྦྲགས་མའི་ཟབ་ཏིག་ (yang phur sbrags ma'i zab tig) | |
Deity | yang dag he ru ka, rdo rje phur pa | |
Karchag page | JKW-KABAB-Volume-19-DZA-Karchag | |
Colophon |
།ཅེས་པའང་གཏེར་སྟོན་གྲུབ་ཐོབ་ཀུན་གྱི་རྒྱལ་པོ་རྒྱལ་སྲས་རྡོ་རྗེ་གླིང་པའི་གདུང་བརྒྱུད་དུ་བྱོན་ཅིང༌། དྭགས་རྙིང་གི་གདམས་པའི་བདུད་རྩིའི་ཐུགས་རྒྱུད་ཡོངས་སུ་ཕྱུག་པའི་འཕགས་མཆོག་ཟབ་ཆོས་འདི་ཉིད་རྩ་བའི་ཐུགས་དམ་ཉམས་བཞེས་མཛད་པ། ལྷོ་ལྗོངས་ཆོས་ཀྱི་རྒྱལ་ཁབ་གྱི་ཆོས་སྡེ་ཆེན་པོ་སྤུངས་ཐང་གི་མཁན་ཆེན་འཇམ་དབྱངས་ཡེ་ཤེས་སེང་གེའི་ཐུན་མིན་ཐུགས་བརྩེའི་གནང་སྐྱེས་དང་བཅས་ཏེ་ཡང་ཡང་བཀའ་སྩལ་བ་བཞིན་ཟབ་ལམ་འདི་ཉིད་ཆིག་བརྒྱུད་དུ་བསྩལ་བའི་སྐལ་བཟང་རྡོ་རྗེའི་རིག་པ་འཛིན་པའི་མིང་ཙམ་གྱིས་སྙན་པའི་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་གྱིས་རབ་བྱུང་བཅུ་དྲུག་པ་ཤིང་འབྲུག་ལོར་འཕགས་ཡུལ་དབུས་གྱུར་རྡོ་རྗེ་གདན་གྱི་ཀེའུ་ཚང་དུ་གནས་པའི་སྐབས་བྲིས་པ་འདིས་ཀྱང་ངེས་གསང་རྡོ་རྗེ་སྙིང་པོའི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག། | |
ces pa'ang gter ston grub thob kun gyi rgyal po rgyal sras rdo rje gling pa'i gdung brgyud du byon cing/__dwags rnying gi gdams pa'i bdud rtsi'i thugs rgyud yongs su phyug pa'i 'phags mchog zab chos 'di nyid rtsa ba'i thugs dam nyams bzhes mdzad pa/__lho ljongs chos kyi rgyal khab gyi chos sde chen po spungs thang gi mkhan chen 'jam dbyangs ye shes seng ge'i thun min thugs brtse'i gnang skyes dang bcas te yang yang bka' stsal ba bzhin zab lam 'di nyid chig brgyud du bstsal ba'i skal bzang rdo rje'i rig pa 'dzin pa'i ming tsam gyis snyan pa'i 'jigs med mkhyen brtse'i 'od zer bkra shis dpal 'byor gyis rab byung bcu drug pa shing 'brug lor 'phags yul dbus gyur rdo rje gdan gyi ke'u tshang du gnas pa'i skabs bris pa 'dis kyang nges gsang rdo rje snying po'i bstan pa la bya ba mchog tu byed par gyur cig |
Footnotes
Other Information
- JKW-KABAB-19-DZA-028
- Tibetan Publications
- Tibetan Texts
- mkhyen brtse'i bka' babs
- yang phur sbrags ma'i zab tig
- yang dag he ru ka
- rdo rje phur pa
- Completion Stage - rdzogs rim
- Contemplative Guide Books and Instructional Manuals - khrid yig
- Khyentse, Dilgo
- 'jam dbyangs mkhyen brtse'i dbang po
- 'jam dbyangs mkhyen brtse chos kyi blo gros
- JKW-KABAB-Volume-19-DZA
- Khyentse Lineage Project