སྙན་བརྒྱུད་ཡང་ཕུར་སྦྲག་མའི་ཟབ་ཏིག་གི་རྫོགས་རིམ་གུད་སྦས།

From Khyentse Lineage - A Tsadra Foundation Project
JKW-KABAB-19-DZA-027
Wylie title snyan brgyud yang phur sbrag ma'i zab tig gi rdzogs rim gud sbas JKW-KABAB-19-DZA-027.pdf
Location mkhyen brtse'i bka' babs
Volume 19, Text 27, Pages 689-694 (Folios 1a to 3b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse chos kyi blo gros, 'jam dbyangs mkhyen brtse'i dbang po)
Citation 'jam dbyangs mkhyen brtse chos kyi blo gros. snyan brgyud yang phur sbrag ma'i zab tig gi rdzogs rim gud sbas. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 19: 689-694. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Completion Stage - rdzogs rim
Cycle ཡང་ཕུར་སྦྲགས་མའི་ཟབ་ཏིག་ (yang phur sbrags ma'i zab tig)
Deity yang dag he ru ka, rdo rje phur pa
Karchag page JKW-KABAB-Volume-19-DZA-Karchag
Recension Link Other Versions on this site: སྙན་བརྒྱུད་ཡང་ཕུར་སྦྲག་མའི་ཟབ་ཏིག་གི་རྫོགས་རིམ་གུད་སྦས།
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-SHA-032B
Colophon

ཁོ་བོ་རང་བྱུང་པདྨ་གླིང་པ་ལ༔ རིག་འཛིན་མཁས་གྲུབ་རྒྱལ་པོ་རྣམ་པ་བཞིའི༔ ཡི་དམ་མནོག་ཆོས་སྩལ་བའི་ཡང་ཕུར་གཉིས༔ ཇི་བཞིན་ཉམས་ལེན་སྐལ་བ་དབེན་གྱུར་ཀྱང་༔ བསྙེན་སྒྲུབ་འབྲེལ་འཇོག་བྱེད་པའི་གནས་སྐབས་སུ༔ བླ་མ་ལྷག་པའི་ལྷ་ཡི་བྱིན་རླབས་ལས༔ རིག་སྟོང་འོད་གསལ་ཀློང་ལྔའི་སྒྲོམ་ལས་ཐོན༔ རིང་དུ་གསང་ཞིང་ཤིང་མོ་ལུག་གི་ལོར༔ རང་དང་རིགས་མཐུན་རྡོ་རྗེའི་མཆེད་པོ་ནི༔ ཀུན་གཟིགས་མངྒའི་མཚན་ཅན་མཆོག་ལ་ཕུལ༔ དགེ་བས་དཔལ་ཆེན་གོ་འཕང་མྱུར་ཐོབ་ཤོག༔

kho bo rang byung pad+ma gling pa la:__rig 'dzin mkhas grub rgyal po rnam pa bzhi'i:__yi dam mnog chos stsal ba'i yang phur gnyis:__ji bzhin nyams len skal ba dben gyur kyang :__bsnyen sgrub 'brel 'jog byed pa'i gnas skabs su:__bla ma lhag pa'i lha yi byin rlabs las:__rig stong 'od gsal klong lnga'i sgrom las thon:__ring du gsang zhing shing mo lug gi lor:__rang dang rigs mthun rdo rje'i mched po ni:__kun gzigs mang+ga'i mtshan can mchog la phul:__dge bas dpal chen go 'phang myur thob shog:

[edit]
༄༅། །སྙན་བརྒྱུད་ཡང་ཕུར་སྦྲག་མའི་ཟབ་ཏིག་གི་རྫོགས་རིམ་གུད་སྦས་བཞུགས་སོ།།

ཤྲཱི་ཧེ་རུ་ཀ་ཧཾ༔ སྨིན་ཅིང་གྲོལ་བར་བྱེད་པ་ཡི༔ ཟབ་མོའི་ཁྲིད་ཀྱི་རིམ་པ་ནི༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ འཁོར་བ་ངེས་པར་འབྱུང་བ་ཡི༔ མི་རྟག་འཆི་བ་རྗེས་དྲན་ཅིང་༔ ལས་འབྲས་བླང་དོར་བརྩོན་པ་དང་༔ དལ་འབྱོར་རྙེད་དཀའི་རང་བཞིན་ལམ༔ སྐྱབས་འགྲོ་སེམས་བསྐྱེད་སྒྲིབས་སྦྱངས་རྣམས༔ ཚོགས་བསགས་བླ་མའི་རྣལ་འབྱོར་བསྒོམས༔ གསལ་གདབ་དབང་བླང་ཐུགས་ཡིད་བསྲེ༔ ཁྱད་པར་བསྐྱེད་པའི་རིམ་པ་ནི༔ ཟུང་འཇུག་ཆེན་པོར་ཡོངས་གྲུབ་ལ༔ ཀུན་བརྟགས་ལྷ་ཡི་ཕྱག་རྒྱ་ནི༔ ཟབ་གསལ་ཆེན་པོ་མཐར་ཐུག་པ༔ ཉམས་ལྔ་མཐར་ཕྱིན་བར་དུ་སྒོམ༔ གསལ་བ་ཚད་དུ་ཕྱིན་པའོ༔ དེ་ནི་བུམ་དབང་ལམ་ཁྱེར་རོ༔ ངག་དང་རྡོ་རྗེའི་བཟླས་པ་ཡི༔ རླུང་སྔགས་འགྲོ་འོང་སྟོབས་སུ་སྨིན༔ མི་ཤིག་དྭངས་མར་སྨིན་པ་ལས༔ བརྗོད་པ་རྡོ་རྗེ་ནཱ་དའི་སྒྲ༔ གསུང་གི་རྒྱན་དུ་རང་བྱུང་བའོ༔ དངོས་གཞི་རླུང་གི་དུག་བསལ་ནས༔ སྟོང་ར་བསྒོམ་ཞིང་ལྟེ་བ་རུ༔ རཾ་ཡིག་བསྒོམ་ལ་སེམས་གཏད་ཅིང་༔ འོག་རླུང་བསྐུམ་དང་མེ་སྦར་ཞིང་༔ ཀུམྦྷ་ཁ་སྦྱོར་ཆོ་ག་ཡིས༔ བདེ་དྲོད་ཡེ་ཤེས་རིམ་གྱིས་སྐྱེ༔ མི་རྟོག་གཉུག་མའི་ངང་དུ་བཞག༔ སླར་ཡང་བདེ་ཆེན་སྒྲུབ་པ་ནི༔ ལུས་གནས་འཁོར་ལོ་བཞི་ལྡན་གསལ༔ དབུ་མའི་ཡར་སྣ་ཧེ་རུ་ཀ༔ དཀར་པོ་བདེ་བའི་ཉམས་ལྡན་གསལ༔ ལྟེ་འོག་མེ་དང་དབྱེར་མེད་པའི༔ ཕག་མོ་དམར་མོ་གསལ་བ་ལ༔ སེམས་གཏད་ཀུམ་བྷིའི་སྦྱོར་བ་ཡི༔ ཤེས་རབ་སྟོང་པའི་མེས་བསྐུལ་བས༔ འཁོར་ལོའི་རྩ་འདབ་ཐམས་ཅད་བསྲེགས༔ བླ་མའི་སྐུ་ལས་བདུད་རྩི་དྲངས༔ འཁོར་ལོའི་གནས་རྣམས་ཐམས་ཅད་དང་༔ ཁྱད་པར་ཤེས་རབ་སྒྱུ་མར་ཐིམ༔ འབར་འཛག་བདེ་ཆེན་དགྱེས་མཆོད་སྤྲིན༔ མཁའ་དབྱིངས་ཁྱབ་པར་འཕྲོས་པ་ཡིས༔ རྩ་གསུམ་ཞི་ཁྲོའི་ཚོགས་རྣམས་ཀུན༔ སྤྱན་དྲངས་ཐབས་མཆོག་དཔའ་བོར་བསྟིམས༔ དེ་ལྟར་དམིགས་པ་དྲག་ཏུ་བཟུང་༔ ཧེ་རུ་ཀ་དཔལ་སྙིང་གར་བྱོན༔ ཕག་མོ་བདེ་བའི་གར་འཁྱུགས་ནས༔ སྙིང་གར་འཛོམ་དང་དགྱེས་པར་རོལ༔ མཐར་ནི་བྱང་སེམས་ཐིག་ལེར་གྱུར༔ དེ་ལ་སེམས་གཏད་ཐིག་ལེ་ནི༔ དབུ་མའི་ཡར་སྣར་སྤྲོས་པ་དང་༔ སྣ་རྩེར་རྡོ་རྗེ་ནོར་བུའི་རྩེར༔ རེས་མོས་བཟུང་ཞིང་མཐའ་རུ་ནི༔ སྙིང་གར་་་་་ཐིག་ལེ་སྔོ་སྐྱ་ཧཱུྃ་མཚན་པ༔ མཐར་ནི་སྟོང་ཆེན་དབྱིངས་སུ་ཐིམ༔ བསྟིམ་ལ་གསལ་སྟོང་གི༔ ལྟ་བ་མཐའ་དང་བྲལ་བར་བསྐྱངས༔ གསང་དབང་ལམ་བྱེད་རིམ་པའོ༔ གསུམ་པའི་ལམ་ལ་བརྟེན་པ་ཡི༔ དྲོད་ཐོབ་རྣལ་འབྱོར་བརྩམས་པར་བྱ༔ རིགས་ཅན་ལྔ་པོ་དགུག་བྱས་ནས༔ དྲང་ངེས་ཆོས་བཤད་ཟབ་དབང་བསྐུར༔ འདོད་པའི་བདེ་བ་སྤེལ་བྱས་ནས༔ རོལ་ཐབས་བརྒྱད་དང་འདུ་ཤེས་བཞིས༔ སྙོམས་འཇུག་དགའ་བཞིའི་ལུགས་འབྱུང་གི༔ ཡེ་ཤེས་ངོས་བཟུང་དབབ་བསྐྱིལ་བཟློག༔ ལུགས་ལྡོག་བཅུ་དྲུག་མཐར་སོན་གྱི༔ བདེ་བའི་ཡེ་ཤེས་རྡུལ་དང་བྲལ༔ འགྱུར་མེད་བདེ་བ་ཆེན་པོ་ནི༔ འཕོ་མེད་ཀུན་ལ་ཁྱབ་པའོ༔ ཡན་ལག་ལུས་སྦྱངས་འདྲེན་བཀྲམ་བཟློག༔ འཁྲུལ་འཁོར་ལྟ་ལྟངས་འབད་པར་བྱ༔ ཕོ་ཉའི་ལམ་གྱི་རིམ་པའོ༔ བཞི་པའི་དོན་གྱི་ཡེ་ཤེས་ནི༔ མཚན་མཚོན་ཀུན་ལས་རབ་འདས་པའི༔ ཡང་དག་གྲུབ་པ་ཆེན་པོ་དང་༔ རིག་པའི་ཡེ་ཤེས་ཕུར་པ་སྟེ༔ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ རྩལ་རྫོགས་ཆེན་པོར་ལྷུན་གྱིས་གྲུབ༔ རུ་ཤན་ཕྱི་ནང་དབྱེ་བ་དང་༔ སྒོ་གསུམ་རྣལ་དུ་དབབ་པ་ནི༔ ཀ་དག་ལྟ་བ་ནམ་མཁའི་དབྱིངས༔ རྒྱ་ཆད་ཕྱོགས་ལྷུང་ཀུན་བྲལ་བ༔ ཡིད་དཔྱོད་བསམ་ལས་འདས་པ་རུ༔ བླ་མའི་དྲིན་གྱིས་རང་ཐོག་སྤྲོད༔ ཐམས་ཅད་རང་གྲོལ་ཆེན་པོར་བལྟ༔ ཤར་གྲོལ་དབྱེར་མེད་ཆེན་པོའོ༔ གང་བྱུང་སྤྱོད་པའི་རྩིས་གདབ་བྲལ༔ ལྷུན་གྲུབ་ཆེན་པོའི་གནས་ལུགས་ནི༔ སྒྲོན་མ་བཞི་ཡི་མངོན་དུ་བྱེད༔ སྣང་བཞི་མཐར་ཕྱྀན་ཨེ་མ་ཧོ༔ བཞི་པའི་ལམ་གྱི་རིམ་པའོ༔ སྒོ་གསུམ་དཔལ་ཆེན་ཁྲོ་རྒྱལ་གྱི༔ སྐུ་བཞིའི་ངོ་བོར་བྱང་ཆུབ་ནས༔ ཐམས་ཅད་རིག་པ་རང་སྣང་གི༔ རང་བྱུང་ཁྲོ་བོའི་སར་བཀོད་པས༔ འགྲོ་དོན་འཁོར་བ་དོང་སྤྲུགས་འགྱུར༔ ཨི་ཐི༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ མནྟྲ་གུ་ཧྱ༔ བརྡ་ཐིམ༔ ཁོ་བོ་རང་བྱུང་པདྨ་གླིང་པ་ལ༔ རིག་འཛིན་མཁས་གྲུབ་རྒྱལ་པོ་རྣམ་པ་བཞིའི༔ ཡི་དམ་མནོག་ཆོས་སྩལ་བའི་ཡང་ཕུར་གཉིས༔ ཇི་བཞིན་ཉམས་ལེན་སྐལ་བ་དབེན་གྱུར་ཀྱང་༔ བསྙེན་སྒྲུབ་འབྲེལ་འཇོག་བྱེད་པའི་གནས་སྐབས་སུ༔ བླ་མ་ལྷག་པའི་ལྷ་ཡི་བྱིན་རླབས་ལས༔ རིག་སྟོང་འོད་གསལ་ཀློང་ལྔའི་སྒྲོམ་ལས་ཐོན༔ རིང་དུ་གསང་ཞིང་ཤིང་མོ་ལུག་གི་ལོར༔ རང་དང་རིགས་མཐུན་རྡོ་རྗེའི་མཆེད་པོ་ནི༔ ཀུན་གཟིགས་མངྒའི་མཚན་ཅན་མཆོག་ལ་ཕུལ༔ དགེ་བས་དཔལ་ཆེན་གོ་འཕང་མྱུར་ཐོབ་ཤོག༔

[edit]

@#/__/snyan brgyud yang phur sbrag ma'i zab tig gi rdzogs rim gud sbas bzhugs so//___shrI he ru ka haM:__smin cing grol bar byed pa yi:__zab mo'i khrid kyi rim pa ni:__sngon 'gro dngos gzhi rjes gsum mo:__'khor ba nges par 'byung ba yi:__mi rtag 'chi ba rjes dran cing :__las 'bras blang dor brtson pa dang :__dal 'byor rnyed dka'i rang bzhin lam:__skyabs 'gro sems bskyed sgribs sbyangs rnams:__tshogs bsags bla ma'i rnal 'byor bsgoms:__gsal gdab dbang blang thugs yid bsre:__khyad par bskyed pa'i rim pa ni:__zung 'jug chen por yongs grub la:__kun brtags lha yi phyag rgya ni:__zab gsal chen po mthar thug pa:__nyams lnga mthar phyin bar du sgom:__gsal ba tshad du phyin pa'o:__de ni bum dbang lam khyer ro:__ngag dang rdo rje'i bzlas pa yi:__rlung sngags 'gro 'ong stobs su smin:__mi shig dwangs mar smin pa las:__brjod pa rdo rje nA da'i sgra:__gsung gi rgyan du rang byung ba'o:__dngos gzhi rlung gi dug bsal nas:__stong ra bsgom zhing lte ba ru:__raM yig bsgom la sems gtad cing :__'og rlung bskum dang me sbar zhing :__kum+b+ha kha sbyor cho ga yis:__bde drod ye shes rim gyis skye:__mi rtog gnyug ma'i ngang du bzhag:__slar yang bde chen sgrub pa ni:__lus gnas 'khor lo bzhi ldan gsal:__dbu ma'i yar sna he ru ka:__dkar po bde ba'i nyams ldan gsal:__lte 'og me dang dbyer med pa'i:__phag mo dmar mo gsal ba la:__sems gtad kum b+hi'i sbyor ba yi:__shes rab stong pa'i mes bskul bas:__'khor lo'i rtsa 'dab thams cad bsregs:__bla ma'i sku las bdud rtsi drangs:__'khor lo'i gnas rnams thams cad dang :__khyad par shes rab sgyu mar thim:__'bar 'dzag bde chen dgyes mchod sprin:__mkha' dbyings khyab par 'phros pa yis:__rtsa gsum zhi khro'i tshogs rnams kun:__spyan drangs thabs mchog dpa' bor bstims:__de ltar dmigs pa drag tu bzung :__he ru ka dpal snying gar byon:__phag mo bde ba'i gar 'khyugs nas:__snying gar 'dzom dang dgyes par rol:__mthar ni byang sems thig ler gyur:__de la sems gtad thig le ni:__dbu ma'i yar snar spros pa dang :__sna rtser rdo rje nor bu'i rtser:__res mos bzung zhing mtha' ru ni:__snying gar thig le sngo skya hU~M mtshan pa:__mthar ni stong chen dbyings su thim:__bstim la gsal stong gi:__lta ba mtha' dang bral bar bskyangs:__gsang dbang lam byed rim pa'o:__gsum pa'i lam la brten pa yi:__drod thob rnal 'byor brtsams par bya:__rigs can lnga po dgug byas nas:__drang nges chos bshad zab dbang bskur:__'dod pa'i bde ba spel byas nas:__rol thabs brgyad dang 'du shes bzhis:__snyoms 'jug dga' bzhi'i lugs 'byung gi:__ye shes ngos bzung dbab bskyil bzlog:__lugs ldog bcu drug mthar son gyi:__bde ba'i ye shes rdul dang bral:__'gyur med bde ba chen po ni:__'pho med kun la khyab pa'o:__yan lag lus sbyangs 'dren bkram bzlog:__'khrul 'khor lta ltangs 'bad par bya:__pho nya'i lam gyi rim pa'o:__bzhi pa'i don gyi ye shes ni:__mtshan mtshon kun las rab 'das pa'i:__yang dag grub pa chen po dang :__rig pa'i ye shes phur pa ste:__snang srid 'khor 'das chos rnams kun:__rtsal rdzogs chen por lhun gyis grub:__ru shan phyi nang dbye ba dang :__sgo gsum rnal du dbab pa ni:__ka dag lta ba nam mkha'i dbyings:__rgya chad phyogs lhung kun bral ba:__yid dpyod bsam las 'das pa ru:__bla ma'i drin gyis rang thog sprod:__thams cad rang grol chen por blta:__shar grol dbyer med chen po'o:__gang byung spyod pa'i rtsis gdab bral:__lhun grub chen po'i gnas lugs ni:__sgron ma bzhi yi mngon du byed:__snang bzhi mthar phy-in e ma ho:__bzhi pa'i lam gyi rim pa'o:__sgo gsum dpal chen khro rgyal gyi:__sku bzhi'i ngo bor byang chub nas:__thams cad rig pa rang snang gi:__rang byung khro bo'i sar bkod pas:__'gro don 'khor ba dong sprugs 'gyur:__i thi:__kha thaM:__rgya rgya rgya:__man+t+ra gu h+ya:__brda thim:__kho bo rang byung pad+ma gling pa la:__rig 'dzin mkhas grub rgyal po rnam pa bzhi'i:__yi dam mnog chos stsal ba'i yang phur gnyis:__ji bzhin nyams len skal ba dben gyur kyang :__bsnyen sgrub 'brel 'jog byed pa'i gnas skabs su:__bla ma lhag pa'i lha yi byin rlabs las:__rig stong 'od gsal klong lnga'i sgrom las thon:__ring du gsang zhing shing mo lug gi lor:__rang dang rigs mthun rdo rje'i mched po ni:__kun gzigs mang+ga'i mtshan can mchog la phul:__dge bas dpal chen go 'phang myur thob shog:___________

Footnotes

Other Information