JKW-KABUM-24-YA-018: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...") |
m (Text replacement - "Khyentse Metadata" to "Text") |
||
(8 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=Yes | |||
|fulltitletib=བྲག་ཡབ་དམ་ཅན་རྡོ་རྗེ་ལེགས་པ་ལ་བསང་གསོལ་བདུད་རྩིའི་དགའ་སྟོན། | |||
|fulltitle=brag yab dam can rdo rje legs pa la bsang gsol bdud rtsi'i dga' ston | |||
|citation=[['jam dbyangs mkhyen brtse'i dbang po]]. ''brag yab dam can rdo rje legs pa la bsang gsol bdud rtsi'i dga' ston''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 24: ???. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|author='jam dbyangs mkhyen brtse'i dbang po | |author='jam dbyangs mkhyen brtse'i dbang po | ||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
| | |tibgenre=Protector Rituals - gsol mchod, Smoke Offerings - bsangs mchod - lha bsang | ||
| | |terma=No | ||
|sabcadcategory=Eleven | |||
|deity=dam can | |||
|language=Tibetan | |language=Tibetan | ||
| | |volumenumber=024 | ||
| | |volnumtib=༢༤ | ||
| | |volyigtib=ཡ་ | ||
| | |totalvolumes=25 | ||
|textnuminvol=018 | |textnuminvol=018 | ||
|multivolumework=No | |||
|colophontib=འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རི་བསྐོར་དུས་ལམ་ཞོར་མཛད་པའོ། | |||
|colophonwylie='jam dbyangs mkhyen brtse'i dbang pos ri bskor dus lam zhor mdzad pa'o | |||
|archivistnotes=We only have the unicode version of this text, so there is no corresponding printed pecha version at the moment. Hence, we don't know the page numbers and there is no pdf. | |||
|pdflink=File:JKW-KABUM-24-YA-018.pdf | |pdflink=File:JKW-KABUM-24-YA-018.pdf | ||
}} | }} | ||
Line 20: | Line 29: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །བྲག་ཡབ་དམ་ཅན་རྡོ་རྗེ་ལེགས་པ་ལ་བསང་གསོལ་བདུད་རྩིའི་དགའ་སྟོན་བཞུགས། | ||
༄༅། །བྲག་ཡབ་དམ་ཅན་རྡོ་རྗེ་ལེགས་པ་ལ་བསང་གསོལ་བདུད་རྩིའི་དགའ་སྟོན་བཞུགས། | ལས་ཀྱི་རྡོ་རྗེ་ལེགས་པ་ལ་བསང་གསོལ་བྱ་བར་འདོད་ན། དམར་གཏོར་ཤ་ཁྲག་གིས་བརྒྱན་པའི་གཡས་དང་གཡོན་མདུན་རྒྱབ་རྣམས་ལ་དམར་གཏོར་རེ་རེ། གཡོན་དུ་སྨན་གཏོར་ཟླུམ་པོ་དཀར་བྱུག་ཅན་མཐའ་བསྐོར་དུ་ཐེབས་ཀྱུ་གྲངས་མེད་སྲོག་ཆགས་གཟུགས་འགྲོས་ཟན་ལ་བཏབ་པས་བསྐོར་བ་རྩ་གཏོར་ར་མགོས་མཚན་པ་ཕྱེ་མར་གསེར་སྐྱེམས་ཤིང་རྩིའི་དུད་པ་བཏང་ལ། རྃ་ཡྃ་ཁྃ། ལན་གསུམ། ཨོཾ་གྱིས་མ་དག་ཉེས་སྐྱོན་ཐམས་ཅད་སྦྱངས། ཨཱཿཡིས་དངོས་འཛིན་དྲི་མ་ཐམམས་ཅད་གཏོར། ཧཱུྃ་གིས་ཡེ་ཤེས་ལྔ་ལྡན་བདུད་རྩིར་བསྒྱུར། ཧ་ཧོ་ཧྲཱིཿཡིས་མི་ཟད་མཛོད་དུ་སྤེལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ། ན་མཿསརྦ་ཏ་ཐ་ག་ཏ་བྷྱོ་བི་ཤྭ་མི་ཥེ་བྷྱེཿསརྦ་ཐ་ཁཾ་ཨུརྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཛོད་ཀྱི་སྔགས་ལན་གསུམ་གྱིས་བྱིན་གྱིས་རླབས་ལ། ཧཱུྃ་ཧྲཱིཿརྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་གི། །སྤྱན་སྔར་རྡོ་རྗེའི་ཐ་ཚིག་ཞལ་བཞེས་པའི། །ལས་ཀྱི་རྡོ་རྗེ་བཛྲ་ས་དྷུ་ལེགས། སྡེ་བརྒྱད་དྲེགས་པ་ཡོངས་ཀྱི་འཁོར་ལོས་བསྒྱུར། །མཆེད་འཁོར་སྤྲུལ་པ་བཅས་པ་ད་ཚུར་བྱོན། །ཞི་བའི་ལས་མཛད་སྐུ་མདོར་དཀར་ལ་འཚེར། །ཕྱག་གཡས་སྦ་ལྕགས་གཡོན་པས་ཤེལ་ཕྲེང་བསྣམས། །ཞི་བའི་ཆས་ལྡན་སེང་གེ་སྔོན་པོ་ཆིབས། །དྲག་པོའི་ལས་ལ་མྱུར་དུ་ཆས་པ་ན། །བུང་བ་ལྟར་གནག་རབ་ཁྲོས་གཏུམ་པོའི་ཞལ། །དབུ་ལ་སྤག་ཞུ་ཞབས་ལ་སྤག་ལྷྭམ་གསོལ། །ཕྱག་གཉིས་ཐོ་བ་སྦུད་པ་བསྣམས་ནས་ནི། །ར་སྐྱེས་ཁམས་པའི་སྟེང་ན་འགྱིང་ཤིང་རོལ། །ཡུམ་གཅིག་རྡོ་རྗེ་མ་སང་སྤྱན་གཅིག་མ། །སྐུ་མདོག་སྔོ་སང་ཕྱག་གཡས་རྡོ་རྗེ་འཛིན། །གཡོན་པས་ལྕགས་ཀྱི་སྤར་བུ་ཐུགས་དཀར་བསྣམས། །སྲས་གཅིག་རྡོ་རྗེ་གཡུ་ཡི་ཁྱེའུ་ཆུང་། །བློན་པོ་ཆེན་ཕོ་རྡོ་རྗེ་དགྲ་འདུལ་རྩལ། །དམག་དཔོན་ཆེན་པོ་མིག་དམར་ཁྲོས་པ་སོགས། །འཁོར་དང་ཡང་འཁོར་སྡེ་རྒྱད་བྱེ་བའི་ཚོགས། །ད་ལྟ་ཉིད་དུ་གནས་འདིར་གཤེགས་ནས་ཀྱང་། །བཅོལ་བའི་ལས་རྣམས་མ་ལུས་མྱུར་འགྲུབ་མཛོད། །ཧཱུྃ་བྷྱོཿ སྔོན་ཚེ་ཁྲག་འཐུང་ཆེན་པོ་དང་། །སློབ་དཔོན་པདྨ་ཐོད་ཕྲེང་གི། །དམ་གནས་དྲེགས་པ་ཡོངས་ཀྱི་རྗེ། །བཛྲ་ས་རྡྷུ་ཐིག་ལེ་རྩལ། །གཙོ་འཁོར་སྤྲུལ་པར་བཅས་པ་ལ། །དགྱེས་མཆོད་དངོས་སུ་འབུལ་བ་ནི། །རིན་ཆེན་གཞལ་ཡས་ཁང་ཆེན་དང་། །བ་དན་དར་གདུག་ལྷབས་སེ་ལྷབ། །ཡིད་འོང་ལྷ་མོས་གླུ་དབྱངས་ལེན། །མཆོད་པའི་སྤྲིན་ཕུང་ཐིབས་སེ་ཐིབ། །གིང་གི་ཚོགས་རྣམས་ཤ་ར་ར། །དཔའ་བོས་གད་རྒྱང་རྔམས་པར་སྒྲོག། །ཇ་ཆང་ཁྲག་བརླུང་མཚོ་ལྟར་བསྐྱིལ། །ཕྱེ་མར་ཤིང་རྩིའི་དུད་པ་ལ། །འདོད་ཡོན་དྲུག་གི་ལྷ་མོས་འཁྱུད། །ཆོས་ཀྱི་དབྱིངས་དང་མཉམ་པར་ཁྱབ། །སྟག་གཟིགས་གོ་མཚོན་གོས་དར་ཁྲབ། །རྟ་གཡག་ར་ལུག་རྐང་འགྲོས་སོགས། །སྟོང་གསུམ་རྡུལ་དང་མཉམ་པས་མཆོད། །རི་རབ་གླིང་བཞི་བཀོད་ལེགས་བརྒྱན། །ཉི་མ་ཟླ་བའི་འགྲོས་རེ་ལེགས། །རྒྱལ་སྲིད་བཀྲ་ཤིས་རྫས་རྟགས་སོགས། །ཞི་བའི་དངོས་འབྱོར་ཡིད་མཆོད་དང་། །ཉམས་པ་བསྒྲལ་བ་ལས་བྱུང་བའི། །ཤ་ཁྲག་རུས་པའི་གྲམས་ཁྲོད་བརྡལ། །དོན་སྙིང་དབང་པོ་རྣམ་ལྔ་སོགས། །ཅིག་ཏུ་སྤྲུལ་པ་ལས་བྱུང་བའི། །གཏོར་མ་རི་དང་མཉམ་པ་འདི། །འདིས་ཁ་བསྒྱུར། བསང་མཆོད་ཕུན་སུམ་ཚོགས་པ་འདི། །འབུལ་ལོ་རོལ་གཅིག་ཁ་རཾ་ཁཱ་ཧི། །དགྱེས་པར་བཞེས་ལ་ཕྲིན་ལས་མཛོད། །ཁྱེད་ལ་འདོད་དོན་ཞུ་བ་ནི། །དཀོན་མཆོག་གདུང་འཛིན་མི་བཅད་ཅིང་། །བཛྲ་ཡ་ནའི་བསྟན་པ་སྤེལ། །སྦྱིན་བདག་མངའ་ཐང་དར་ཞིང་རྒྱས། །མི་ནད་ཕྱུག་ནད་འཁྲུག་རྩོད་ཞི། །ཆར་ཆུ་དུས་བབ་ལོ་ཕྱུག་ལེགས། །ཕས་རྒོལ་ཟིལ་གནོན་ཚེ་བསོད་རྒྱས། །ཉམས་དང་རྟོགས་པ་འཕེལ་བ་དང་། །ས་ལམ་བསྒྲོད་པའི་བར་ཆད་ཞི། །ཁྱེད་ལ་མཆོད་པའི་སྡེ་རིས་རྣམས། །གཏད་དོ་གཉེར་རོ་ས་མ་ཡཱ། །དམ་ལས་མ་འདའ་སྲུང་སྐྱོབས་དང་། །ཁ་འཛིན་སྡོང་གྲོགས་གཡེལ་མེད་མཛོད། །བཀྲ་ཤིས་ཉི་མས་འཛམ་གླིང་ཀུན་ལ་ཁྱབ། །ཆོས་ཀྱི་རྔ་ཆེན་ཕྱོགས་རྣམས་ཀུན་ཏུ་སྒྲོགས། །བསྟན་པའི་རྒྱལ་མཚན་སྲིད་རྩིའི་བར་དུ་མཐོ། །རྫོགས་ལྡན་གསར་པའི་དུས་སྟོན་རྒྱས་གྱུར་ཅིག། །།གཏོར་མ་སྨན་གཏོར་གསེར་སྐྱེམས་རྣམས་མཆོད། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རི་བསྐོར་དུས་ལམ་ཞོར་མཛད་པའོ། །}} | ||
ལས་ཀྱི་རྡོ་རྗེ་ལེགས་པ་ལ་བསང་གསོལ་བྱ་བར་འདོད་ན། དམར་གཏོར་ཤ་ཁྲག་གིས་བརྒྱན་པའི་གཡས་དང་གཡོན་མདུན་རྒྱབ་རྣམས་ལ་དམར་གཏོར་རེ་རེ། གཡོན་དུ་སྨན་གཏོར་ཟླུམ་པོ་དཀར་བྱུག་ཅན་མཐའ་བསྐོར་དུ་ཐེབས་ཀྱུ་གྲངས་མེད་སྲོག་ཆགས་གཟུགས་འགྲོས་ཟན་ལ་བཏབ་པས་བསྐོར་བ་རྩ་གཏོར་ར་མགོས་མཚན་པ་ཕྱེ་མར་གསེར་སྐྱེམས་ཤིང་རྩིའི་དུད་པ་བཏང་ལ། རྃ་ཡྃ་ཁྃ། ལན་གསུམ། ཨོཾ་གྱིས་མ་དག་ཉེས་སྐྱོན་ཐམས་ཅད་སྦྱངས། ཨཱཿཡིས་དངོས་འཛིན་དྲི་མ་ཐམམས་ཅད་གཏོར། ཧཱུྃ་གིས་ཡེ་ཤེས་ལྔ་ལྡན་བདུད་རྩིར་བསྒྱུར། ཧ་ཧོ་ཧྲཱིཿཡིས་མི་ཟད་མཛོད་དུ་སྤེལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ། ན་མཿསརྦ་ཏ་ཐ་ག་ཏ་བྷྱོ་བི་ཤྭ་མི་ཥེ་བྷྱེཿསརྦ་ཐ་ཁཾ་ཨུརྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཛོད་ཀྱི་སྔགས་ལན་གསུམ་གྱིས་བྱིན་གྱིས་རླབས་ལ། ཧཱུྃ་ཧྲཱིཿརྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་གི། །སྤྱན་སྔར་རྡོ་རྗེའི་ཐ་ཚིག་ཞལ་བཞེས་པའི། །ལས་ཀྱི་རྡོ་རྗེ་བཛྲ་ས་དྷུ་ལེགས། སྡེ་བརྒྱད་དྲེགས་པ་ཡོངས་ཀྱི་འཁོར་ལོས་བསྒྱུར། །མཆེད་འཁོར་སྤྲུལ་པ་བཅས་པ་ད་ཚུར་བྱོན། །ཞི་བའི་ལས་མཛད་སྐུ་མདོར་དཀར་ལ་འཚེར། །ཕྱག་གཡས་སྦ་ལྕགས་གཡོན་པས་ཤེལ་ཕྲེང་བསྣམས། །ཞི་བའི་ཆས་ལྡན་སེང་གེ་སྔོན་པོ་ཆིབས། །དྲག་པོའི་ལས་ལ་མྱུར་དུ་ཆས་པ་ན། །བུང་བ་ལྟར་གནག་རབ་ཁྲོས་གཏུམ་པོའི་ཞལ། །དབུ་ལ་སྤག་ཞུ་ཞབས་ལ་སྤག་ལྷྭམ་གསོལ། །ཕྱག་གཉིས་ཐོ་བ་སྦུད་པ་བསྣམས་ནས་ནི། །ར་སྐྱེས་ཁམས་པའི་སྟེང་ན་འགྱིང་ཤིང་རོལ། །ཡུམ་གཅིག་རྡོ་རྗེ་མ་སང་སྤྱན་གཅིག་མ། །སྐུ་མདོག་སྔོ་སང་ཕྱག་གཡས་རྡོ་རྗེ་འཛིན། །གཡོན་པས་ལྕགས་ཀྱི་སྤར་བུ་ཐུགས་དཀར་བསྣམས། །སྲས་གཅིག་རྡོ་རྗེ་གཡུ་ཡི་ཁྱེའུ་ཆུང་། །བློན་པོ་ཆེན་ཕོ་རྡོ་རྗེ་དགྲ་འདུལ་རྩལ། །དམག་དཔོན་ཆེན་པོ་མིག་དམར་ཁྲོས་པ་སོགས། །འཁོར་དང་ཡང་འཁོར་སྡེ་རྒྱད་བྱེ་བའི་ཚོགས། །ད་ལྟ་ཉིད་དུ་གནས་འདིར་གཤེགས་ནས་ཀྱང་། །བཅོལ་བའི་ལས་རྣམས་མ་ལུས་མྱུར་འགྲུབ་མཛོད། །ཧཱུྃ་བྷྱོཿ སྔོན་ཚེ་ཁྲག་འཐུང་ཆེན་པོ་དང་། །སློབ་དཔོན་པདྨ་ཐོད་ཕྲེང་གི། །དམ་གནས་དྲེགས་པ་ཡོངས་ཀྱི་རྗེ། །བཛྲ་ས་རྡྷུ་ཐིག་ལེ་རྩལ། །གཙོ་འཁོར་སྤྲུལ་པར་བཅས་པ་ལ། །དགྱེས་མཆོད་དངོས་སུ་འབུལ་བ་ནི། །རིན་ཆེན་གཞལ་ཡས་ཁང་ཆེན་དང་། །བ་དན་དར་གདུག་ལྷབས་སེ་ལྷབ། །ཡིད་འོང་ལྷ་མོས་གླུ་དབྱངས་ལེན། །མཆོད་པའི་སྤྲིན་ཕུང་ཐིབས་སེ་ཐིབ། །གིང་གི་ཚོགས་རྣམས་ཤ་ར་ར། །དཔའ་བོས་གད་རྒྱང་རྔམས་པར་སྒྲོག། །ཇ་ཆང་ཁྲག་བརླུང་མཚོ་ལྟར་བསྐྱིལ། །ཕྱེ་མར་ཤིང་རྩིའི་དུད་པ་ལ། །འདོད་ཡོན་དྲུག་གི་ལྷ་མོས་འཁྱུད། །ཆོས་ཀྱི་དབྱིངས་དང་མཉམ་པར་ཁྱབ། །སྟག་གཟིགས་གོ་མཚོན་གོས་དར་ཁྲབ། །རྟ་གཡག་ར་ལུག་རྐང་འགྲོས་སོགས། །སྟོང་གསུམ་རྡུལ་དང་མཉམ་པས་མཆོད། །རི་རབ་གླིང་བཞི་བཀོད་ལེགས་བརྒྱན། །ཉི་མ་ཟླ་བའི་འགྲོས་རེ་ལེགས། །རྒྱལ་སྲིད་བཀྲ་ཤིས་རྫས་རྟགས་སོགས། །ཞི་བའི་དངོས་འབྱོར་ཡིད་མཆོད་དང་། །ཉམས་པ་བསྒྲལ་བ་ལས་བྱུང་བའི། །ཤ་ཁྲག་རུས་པའི་གྲམས་ཁྲོད་བརྡལ། །དོན་སྙིང་དབང་པོ་རྣམ་ལྔ་སོགས། །ཅིག་ཏུ་སྤྲུལ་པ་ལས་བྱུང་བའི། །གཏོར་མ་རི་དང་མཉམ་པ་འདི། །འདིས་ཁ་བསྒྱུར། བསང་མཆོད་ཕུན་སུམ་ཚོགས་པ་འདི། །འབུལ་ལོ་རོལ་གཅིག་ཁ་རཾ་ཁཱ་ཧི། །དགྱེས་པར་བཞེས་ལ་ཕྲིན་ལས་མཛོད། །ཁྱེད་ལ་འདོད་དོན་ཞུ་བ་ནི། །དཀོན་མཆོག་གདུང་འཛིན་མི་བཅད་ཅིང་། །བཛྲ་ཡ་ནའི་བསྟན་པ་སྤེལ། །སྦྱིན་བདག་མངའ་ཐང་དར་ཞིང་རྒྱས། །མི་ནད་ཕྱུག་ནད་འཁྲུག་རྩོད་ཞི། །ཆར་ཆུ་དུས་བབ་ལོ་ཕྱུག་ལེགས། །ཕས་རྒོལ་ཟིལ་གནོན་ཚེ་བསོད་རྒྱས། །ཉམས་དང་རྟོགས་པ་འཕེལ་བ་དང་། །ས་ལམ་བསྒྲོད་པའི་བར་ཆད་ཞི། །ཁྱེད་ལ་མཆོད་པའི་སྡེ་རིས་རྣམས། །གཏད་དོ་གཉེར་རོ་ས་མ་ཡཱ། །དམ་ལས་མ་འདའ་སྲུང་སྐྱོབས་དང་། །ཁ་འཛིན་སྡོང་གྲོགས་གཡེལ་མེད་མཛོད། །བཀྲ་ཤིས་ཉི་མས་འཛམ་གླིང་ཀུན་ལ་ཁྱབ། །ཆོས་ཀྱི་རྔ་ཆེན་ཕྱོགས་རྣམས་ཀུན་ཏུ་སྒྲོགས། །བསྟན་པའི་རྒྱལ་མཚན་སྲིད་རྩིའི་བར་དུ་མཐོ། །རྫོགས་ལྡན་གསར་པའི་དུས་སྟོན་རྒྱས་གྱུར་ཅིག། །།གཏོར་མ་སྨན་གཏོར་གསེར་སྐྱེམས་རྣམས་མཆོད། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རི་བསྐོར་དུས་ལམ་ཞོར་མཛད་པའོ། ། | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 01:43, 2 June 2024
🚧 This website is under continued development. We appreciate your patience!
Wylie title | brag yab dam can rdo rje legs pa la bsang gsol bdud rtsi'i dga' ston | |
---|---|---|
Location | mkhyen brtse'i bka' 'bum Volume 24, sde tshan 18, Pages (Folios to ) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Citation | 'jam dbyangs mkhyen brtse'i dbang po. brag yab dam can rdo rje legs pa la bsang gsol bdud rtsi'i dga' ston. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 24: ???. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Protector Rituals - gsol mchod · Smoke Offerings - bsangs mchod - lha bsang | |
Deity | dam can | |
Colophon |
འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རི་བསྐོར་དུས་ལམ་ཞོར་མཛད་པའོ། | |
'jam dbyangs mkhyen brtse'i dbang pos ri bskor dus lam zhor mdzad pa'o | ||
Notes | We only have the unicode version of this text, so there is no corresponding printed pecha version at the moment. Hence, we don't know the page numbers and there is no pdf. |
1 Texts in this Section (sde tshan or chos tshan)