རྫོང་སར་མཁྱེན་བརྩེའི་བླ་བྲང་གིས་འབྲས་ལྗོངས་སུ་མཁྱེན་བརྩེའི་བཀའ་འབུམ་པར་གསར་བསྐྲུན་བགྱིས་སྐབས་གདོང་ཐོག་སྤྲུལ་ངག་དབང་ཐེག་བསྟན་པའི་རྒྱལ་མཚན་གྱིས་སྔོན་བརྗོད།

From Khyentse Lineage - A Tsadra Foundation Project
Wylie title rdzong sar mkhyen brtse'i bla brang gis 'bras ljongs su mkhyen brtse'i bka' 'bum par gsar bskrun bgyis skabs gdong thog sprul ngag dbang theg bstan pa'i rgyal mtshan gyis sngon brjod
Location mkhyen brtse'i bka' 'bum
Volume 24, sde tshan 17, Pages (Folios to )
Author གདོང་ཐོག་བསྟན་པའི་རྒྱལ་མཚན་
Less details More details
Citation Dhongthog Rinpoche. rdzong sar mkhyen brtse'i bla brang gis 'bras ljongs su mkhyen brtse'i bka' 'bum par gsar bskrun bgyis skabs gdong thog sprul ngag dbang theg bstan pa'i rgyal mtshan gyis sngon brjod. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 24: ???. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Introductions - sngon brjod
Colophon

ཅེས་མཁྱེན་བརྩེའི་བཀའ་འབུམ་པར་གསར་བསྐྲུན་གྱི་སྔོན་བརྗོད་འདིའང་། རྫོང་སར་མཁྱེན་བརྩེའི་བླ་བྲང་གི་སྲི་ཞུ་བ་ཆོས་སྤྱན་ཡངས་པ་རང་དགོན་གྲྭ་མགོན་པོ་ཚེ་བརྟན་གྱིས་བསྐུལ་གནང་ལྟར། འདྲེན་མཆོག་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་སློབ་འབངས་ཐ་ཤལ་ཏྲེ་ཧོར་གདོང་ཐོག་སྤྲུལ་མིང་ངག་དབང་ཐེག་བསྟན་པའི་རྒྱ་མཚན་གྱིས་ཆོས་སྦྱིན་བྱ་བ་ལས་ཀྱི་འཁོར་ལོར་རྗེས་སུ་ཡི་རང་དང་བཅས། རབ་རྒྱལ་མེ་སྦྲུལ་ཟླ་༦ཚེས་༡༥ལ་འཕགས་ཡུལ་ལྡི་ལི་གསར་པར་བྲིས་པ་དགེ། ཇོས་རྗེ་འཇམ་མགོན་ཉི་མ་ཡི། །གསུང་རབ་འོད་སྣང་ཀུན་ལ་ཁྱབ། །སྙིགས་དུས་ཕྱོགས་རིས་མུན་པ་བསལ། །དག་སྣང་ཆུ་སྐྱེས་བཞད་པར་ཤོག །

ces mkhyen brtse'i bka' 'bum par gsar bskrun gyi sngon brjod 'di'ang /__rdzong sar mkhyen brtse'i bla brang gi sri zhu ba chos spyan yangs pa rang dgon grwa mgon po tshe brtan gyis bskul gnang ltar/__'dren mchog 'jam dbyangs chos kyi blo gros kyi slob 'bangs tha shal tre hor gdong thog sprul ming ngag dbang theg bstan pa'i rgya mtshan gyis chos sbyin bya ba las kyi 'khor lor rjes su yi rang dang bcas/_rab rgyal me sbrul zla 6tshes 15la 'phags yul ldi li gsar par bris pa dge/__jos rje 'jam mgon nyi ma yi/____/gsung rab 'od snang kun la khyab/____/snyigs dus phyogs ris mun pa bsal/____/dag snang chu skyes bzhad par shog

Notes We only have the unicode version of this text, so there is no corresponding printed pecha version at the moment. Hence, we don't know the page numbers and there is no pdf.

1 Texts in this Section (sde tshan or chos tshan)

[edit]
༄༅། །འཇ༵མ་པའི་དབྱ༵ངས་དང་མཁྱེ༵ན་རབ་གཉིས་སུ་མེད། །བྱམས་བརྩེ༵འི་ཐུགས་རྗེ་མིག་འཛུམ་གྱི་ཟླ། །ཕྲིན་ལས་མཐའ་ཡས་གསང་ཛིན་དབ༵ང་པོ༵་དངོས། །རིག་གསུམ་གཅིག་བསྡུས་དཔལ་ལྡན་བླ་མ་རྒྱལ། །དེ་ལ་འདིར་གང་གླེང་བྱ་བ་ནི། ཇི་སྐད་དུ་འཇམ་མགོན་བློ་གྲོས་མཐའ་ཡས་ཞབས་ཀྱིས། བོད་ཡུལ་རྒྱལ་བའི་རིང་ལུགས་ལ། །ཀུན་གྱི་ཚོགས་རྗེར་གྱུར་པ་ཡི། །ཚུལ་འདི་ཁོ་ན་འཇིག་རྟེན་འདིར། །ཐུབ་དབང་གཉིས་པའི་རྣམ་ཐར་འཛིན། །ཅེས་དང་། མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཞབས་ཀྱིས། །དེང་སང་གངསརིའི་ཁྲོད་འདི་ན། །གྲུབ་པར་གྲགས་ཀྱང་མཁས་བཙུན་བྲལ། །མཁས་ཀྱང་གྲུབ་འབྲས་མཐོང་དཀའ་བས། །ཕུན་ཚོགས་ལྡན་པ་རྙེད་པར་དཀའ། །མཁས་དང་བཙུན་པ་གྲུབ་པ་གསུམ། །འགྲན་པ་བཞིན་དུ་ཁྱོད་ལ་འཕེལ། །འདི་འདྲའི་ཕུན་ཚོགས་མཐོང་དཀའ་བས། །ངོ་མཚར་ཆེ་ཡང་ཤེས་པ་དཀོན། །ཞེས་སོགས་རྒྱ་ཆེར་བསྔགས་པའི་རྗེ་བླ་མ་རྫོགས་པའི་སངས་རྒྱས་དངོས་བྱོན་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་གངས་ཅན་རིས་མེད་བསྟན་འཛིན་ཆེ་རྒུའི་སྤྱི་བོར་ཞབས་ཀྱི་པདྨོ་ངལ་འཚོ་བ་གང་ཉིད། རབ་ཡིད་རྣམ་གནོན་གྱི་ལོར་བོད་ལྗོངས་མདོ་ཁམས་སྡེ༷་བཞི་ད༷གེ་བཅུས་ཕྱུག་པའི་སའི་ཐིག་ལེ་གཏེར་ཀླུང་དིལ་མགོར་སྐུའི་མཚན་དཔེ་བཞད། དཔལ་ཨེ་ཝྃ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེའི་མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ནམ་མཁའ་འཆི་མེད་ཀྱི་ཡང་སྲིད་འཁྲུལ་བྲལ་རྡོ་རྗེའི་ལུང་གིས་ངེས་པ་རྙེད། གཞོན་ནུའི་དུས་ནས་མཁས་ཚུལ་གསུམ་ལ་མི་འཇིགས་པའི་སྤོབས་པ་བརྙེས། གངས་ཅན་ཡུལ་དུ་ཆོས་རྒྱལ་པོ་པཎ་རྣམས་ཀྱི་དྲིན་ལས་བསྟན་པ་རིན་པོ་ཆེ་མདོ་སྔགས་རིག་གནས་བཅས་འཆད་ཉན་སྒོམ་སྒྲུབ་ཀྱིས་དར་ཞིང་། བརྒྱུད་འཛིན་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་ནའང་དུས་དབང་གིས་རྩ་ཆེའི་ཆོས་བཀའ་མང་པོ་ཞིག་གི་བཤད་སྒྲུབ་ཀྱི་རྒྱུན་ཆད་ལ་ཉེ་བ་དང་། མཁས་པར་རློམས་པ་དག་ཀྱང་རང་རང་གི་བླ་མ་བརྒྱུད་པ་དང་ཆོས་ཚུགས་ཙམ་མ་གཏོགས་གཞན་མཁས་གྲུབ་ཀྱིས་དབེན་ནོ་སྙམ་དུ་སེམས་ཤིང་། གཞན་ལའང་འདོམས་པས་ཕྱོགས་རིས་ཆོས་སྤོང་གི་ལས་ངན་མི་བཟད་པ་གསོགས་པ་སོགས་མདོར་ན་རྒྱལ་བསྟན་ཡོངས་རྫོགས་ཀྱི་སྙིང་པོ་གང་ཡིན་ངོས་འཛིན་ཙམ་ཡང་དཀོན་པར་གྱུར་པ་ན། རྗེ་འདིའི་སྔོན་གྱི་ཐུགས་བསྐྱེད་དུས་སུ་སྨིན་པས་རྒྱལ་བསྟན་རིན་པོ་ཆེ་ཁོ་ན་ཐུགས་ལ་བཅང་སྟེ། སྙིང་སྟོབས་དང་བརྩོན་འགྲུས་ཆེན་པོས་བོད་ཡུལ་དབུས་གཙང་ཁམས་གསུམ་དུ་ལན་མང་བྱ་བྲལ་ཀུན་སྤང་གི་ཚུལ་དུ་ཕེབས་ཤིང་། སྔ་ཡི་མི་ལོ་བཅུ་གསུམ་རིང་གསར་རྙིང་རིས་སུ་མ་ཆད་པའི་བཤེན་གཉེན་བརྒྱ་དང་ལྔ་བཅུ་ལྷག་མཉེས་པ་གསུམ་གྱིས་བསྟེན་ནས། ལྗོངས་འདིར་དེང་སང་འཆད་ཉན་གྱི་རྒྱུན་མཆིས་སོ་འཚལ་གྱི་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ཐུན་མོང་རིག་གནས་དང་བཅས་པ་རྣམས་འབད་པ་ཆེན་པོས་གསན་པ་དང་། སྐུ་ཚེའི་སྨད་དུ་གདན་ས་སྡེ་དགེ་རྫོང་སར་བཀྲ་ཤིས་ལྷ་རྩེར་གཟིམ་ཆུང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཐེམ་སྤོང་བཅད་རྒྱ་བཞུགས་ནས་ལག་པའི་ལྷ་རབ་འབྱམས་ཀྱི་བསྙེན་སྒྲུབ་མཛད་ཅིང་། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་མངོན་དུ་མཛད། སངས་རྒྱས་བྱང་སེམས་དང་འཕགས་བོད་མཁས་གྲུབ་བསྟན་པའི་ཤིང་རྟར་གྱུར་པ་རྣམས་ཀྱིས་རྗེས་སུ་བཟུང་ཞིང་། གདམས་པའི་གསང་མཛོད་སྩལ་བ་ལ་བརྟེན། གསར་རྙིང་རིས་མེད་ཀྱི་ཟབ་ཆོས་མཐའ་དག་གི་བྱིན་རླབས་ཉེ་བརྒྱུད་ཁྱད་པར་ཅན་བརྙེས། ས་གཏེར་དངོས་དང་ཡང་གཏེར་སྐོར་རྒྱ་ཆེ་ཕྱག་ཏུ་བབས། དགོངས་གཏེར། དག་སྣང་། སྙན་བརྒྱུད་ཀྱི་ཆོས་སྒོ་མཐའ་ཡས་པར་དང་བསྒྱུར། གསང་བའི་གནས་རྗེས་སུ་དྲན་པ་ལས་མན་ངག་གི་ངེས་པ་རྒྱ་ཆེར་བྱུང་བ་སྟེ། སྔོན་བྱོན་བསྟན་འཛིན་སུས་ཀྱང་འགྲན་དུ་མེད་པའི་ངོ་མཚར་བཀའ་བས་བདུན་ལྡན་རིས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཤིང་རྟ་ཆེན་པོར་བཞུགས་པའི་གྲགས་སྙན་གངས་ཅན་ཁོར་ཡུག་ཁྱབ་པར་ལྡིང་བ་དང་། གསར་རྙིང་རིས་མེད་ཀྱི་བསྟན་འཛིན་ཆེ་ཕྲན་ནས་ཕལ་པ་ཉམས་ཆུང་ཡན་ཆད་ཀྱི་དོན་གཉེར་ཀུན་ལ་སོ་སོའི་མོས་བློ་དང་མཚམས་པའི་ཆོས་སྦྱིན་གྱི་ཕྲིན་ལས་བར་མེད་དུ་སྤེལ་བས་རྒྱལ་བསྟན་ཡོངས་རྫོགས་ཀྱི་སྲོག་མཐུད་པར་མཛད། ཁྱད་པར་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་ཐུགས་དམ་རྒྱུད་སྡེ་བཞི་དང་འབྲེལ་བའི་ལྷག་པའི་རབ་འབྱམས་ཀྱི་སྒྲུབ་རྗེས་མན་ངག་བཅས་པ་དེང་སང་རྒྱུན་བཞུགས་པ་ཟུར་བཀའི་རིགས་གཙོ་བོ་མཐའ་དག་དང་། བ་རི་བརྒྱ་རྩ། སྒྲུབ་ཐབས་རྒྱ་མཚོ། སྣར་ཐང་བརྒྱ་རྩ་བཅས་སོ་སོའི་རྩ་བའི་ཡིག་རྙིང་དང་། བླ་མ་གོང་མའི་ཡིག་ཆ་གཞིར་བཞག་ལ་གསལ་བྱེད་གང་དགོས་རྗེ་ཉིད་ཀྱིས་ལེགས་བཤད་ཁྱད་པར་ཅན་སྤྲོས་པས་མཛེས་པར་བརྒྱན་ཏེ་དངོས་གྲུབ་རྣམས་གཉིས་སྒྲུབ་པའི་ཚུལ་མཐའ་དག་ཚང་ལ་མ་ནོར་བར་སྟོན་པ། ཡིད་ཆེས་ཁུངས་བཙུན་རྒྱས་བསྡུས་མཐར་མ་ལྷུངས་པའི་ཆོས་མཛོད་ཆེན་པོ་སྒྲུབ་པའི་ཐབས་ཀུན་ལས་བཏུས་པ་དངོས་གྲུབ་རིན་པོ་ཆེའི་འདོད་འཇོ་ཞེས་བྱ་བ་ཕྱོགས་བསྒྲིགས་འཆད་སྤེལ་གྱིས་དུས་ཀྱི་མཐར་ཡང་ཟབ་ཆོས་ཀྱི་བརྒྱུད་པ་མི་ཆད་པར་མཛད་མཛད་པ་དང་། གཞན་ཡང་བསྟོད་ཚོགས་དང་། གཏམ་ཚོགས། གསུམ་མགུར། རིག་གནས་སྐོར། ཟིན་བྲིས་དང་ལུང་བཏུས་སོགས་གསུང་ཐོར་བུ་དང་། དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་སོགས་ཟབ་གཏེར་རིགས་ཀྱང་མང་དུ་བཞུགས། ཡང་རྗེ་འདིའི་ཐུགས་བསྐྱེད་དང་སློབ་སྟོན་འགྲན་ཟླ་བྲལ་བའི་བདག་རྐྱེན་ཁོ་ན་ལས་འཇམ་མགོན་བློ་གྲོས་མཐའ་ཡས་ཞབས་ཀྱིས་སྔ་བགྱུར་ཟབ་གཏེར་རྒྱ་མཚོའི་ཡང་ཞུན་བཅུད་དུ་དྲིལ་བ་རི་ཆེན་གཏེར་མཛོད་དང་། གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་གདམས་ཟབ་གཅེས་བཏུས་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་ཤིང་རྟའི་ལམ་སྲོལ་གསལ་བར་ཕྱེས་པ་དང་། གསང་བདག་རྡོ་རྗེ་འཛིན་དངོས་འཇམ་དབྱངས་བློ་གཏེར་དབང་པོའི་ཞབས་ཀྱིས་ས་ངོར་ཞྭ་ལུ་གཙོར་གྱུར་བཀའ་སྲོལ་སྣ་ཚོགས་ལས་བྱུང་བའི་རྒྱུད་སྡེ་བཞིའི་སྨིན་གྲོལ་ཆ་ལག་དང་བཅས་པ་མཐའ་མཐའ་ཕྱོགས་གཅིག་ཏུ་བསྒྲིགས་པ་རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་བཀའ་སྲོལ་རྨད་དུ་བྱུང་བ་ཕྱེས། མདོར་ན་རྗེ་ཉིད་ཀྱི་ཕྲིན་ལས་ཀྱི་རྣམ་སྤྲུལ་རིགས་ཀུན་ཁྱབ་བདག་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞབས་ཀྱིས། གོང་མ་འཇམ་མགོན་བླ་མ་དེ། །གྲུབ་མཐའ་ཀུན་ལ་མ་ལྟར་མཛའ། །རང་རང་རྒྱུད་ལུང་མན་ངག་གི། །རྣམ་དབྱེ་མ་འདྲེས་སོ་སོར་མཁྱེན། །ཕན་ཚུན་བསྲེ་ལྷད་མི་མཛད་ཅིང་། །གང་ལ་གང་འདུལ་ཆོས་བསྟན་པས། །ས་དགེ་བཀའ་རྙིང་ཐམས་ཅད་ཀྱིས། །རང་གི་བླ་མ་བཞིན་དུ་འཛིན། །ཅེས་གསུངས་པ་ལྟར། ངེས་པ་དོན་གྱི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་དགེ་བའི་བཤེས་གཉེན། ཕྱོགས་དང་རིས་སུ་མ་ཆད་པའི་གངས་ཅན་རྒྱལ་བསྟན་ཡོངས་ཀྱི་ཤིང་རྟ་ཆེན་པོར་བཞུགས་སོ། །དེ་ལྟ་བུའི་རྗེ་བཙུན་བླ་མ་དམ་པའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་རྩལ་ལས་བྱུང་བའི་གསུང་རབ་མཁས་པ་མ་ལུས་པའི་ཡི་ག་དབང་མེད་དུ་འཕྲོག་ཅིང་། རིག་པ་དང་གྲོལ་བ་དོན་དུ་གཉེར་བའི་སྐྱེ་བོ་ཀུན་གྱི་གཉེན་གཅིག་པུར་གྱུར་པ་རྣམས་དུས་ཀྱི་མཐའ་ཡང་མཇལ་དུ་ཡོད་པ་འདི་ནི། རྣམ་ཐར་ཞལ་གསུངས་ལས། མ་འོངས་བི་མིའི་བླ་སྒྲུབ་སྐབས། །ཚེ་འདིར་འཕོས་མ་ཐག་པ་ན། །སྤྲུལ་གཞི་རི་བོ་རྩེ་ལྔ་རུ། །པཎ་ཆེན་བི་མའི་ཐུགས་ཀར་ཐིམ། །སྤྲུལ་པ་ལྔ་འབྱུང་སྨོན་ལམ་མཐུས། །རིས་མེད་བསྟན་ལ་ཕན་ཅེས་གསུངས། །ཞེས་འབྱུང་བ་ལྟར་སྤྲུལ་པའི་སྐུ་ལྔ་དུས་གཅིག་ལ་སྣང་བ་ཀུན་ལས་མཆོག་ཏུ་གྱུར་པ། རྗེ་གོང་མའི་རྣམ་ཐར་མ་ལུས་པར་དབང་འབྱོར་བས་གསང་གསུམ་ཡོན་ཏན་གཅིག་བསྡུས་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་རྣམ་འཕྲུལ་རྗེ་བཙུན་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞབས་ཀྱིས་གདན་ས་འོག་མིན་གཉིན་པ་རྫོང་སར་བཀྲ་ཤིས་ལྷ་རྩེར་རྗེ་བླ་མའི་གསུང་བཀའ་མ་རྣམས་ཕྱོགས་གཅིག་ཏུ་བཀའི་བསྡུ་བ་བསྐྱངས་ནས་གླེགས་བམ་ཤིན་ཏུ་ཆེ་བ་བཅུ་གསུམ་དུ་བསྟར་པ་ཆོས་སྦྱིན་པར་ཤིང་བཞེངས་མཛད་པ་ལས་བོད་ཡུལ་མཐའ་དབུས་ཀུན་ཏུ་འགྲོ་དོན་དཔག་ཏུ་མེད་པ་འཕེལ། འོན་ཀྱང་བོད་ལྗོངས་སྣོད་བཅུད་ཀླ་ཀློས་བཅོམ་རྗེས་བོད་ཀྱི་ཕྱི་རོལ་ཏུ་སྐྱབས་རྗེ་བདུན་འཇོམས་རིན་པོ་ཆེའི་ཕྱག་ཁར་བཀའ་འབུམ་རྫོང་གསར་པར་མ་ཚང་གཅིག་ཕེབས་ཐུབ་ཡོད་པ་དེ་ལས་ས་སྟེང་ན་དཔེ་གཉིས་པ་མེད་པར་བསྟན་རྒྱུན་ཧ་ཅང་ཉག་ཕྲར་གྱུར་པའི་སྐབས། རྗེ་བླ་མའི་སྤྲུལ་པའི་ཟློས་གར་དེང་དུས་མཁས་གྲུབ་ཡོངས་ཀྱི་སྤྱི་མེས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་རབ་གསལ་ཟླ་བའི་ཞབས་ཀྱིས་མ་ཕྱི་གཡར་བཞེས་ཀྱིས་པར་བསྐྲུན་གྱི་སྟ་གོན་མཛད་སྐབས། གུས་རྫོང་སར་མཁྱེན་བརྩེ་བླ་བྲང་གི་ཞབས་ཕྱི་ཏྲེ་ཧོར་གདོང་ཐོག་རིག་གྲོལ་ཕུན་ཚོགས་གླིང་གི་གྲྭ་རིགས་མགོན་པོ་ཚེ་བརྟན་གྱི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེས་རྗེ་བླ་མའི་བསྟན་པ་ཕྱོགས་བརྒྱར་སྤེལ་བའི་ཐོག་མའི་རྟེན་འབྱུང་དུ་བླ་བྲང་ནས་རྒྱུ་སྤྱོད་པར་སྐྲུན་ཞུས་ཆོག་པ་ཞེས་གསོལ་བ་བཏབ་པར། མཚན་དོན་མཚུངས་ཤིང་རྟགས་རྟེན་ཤིན་ཏུ་དགེ་ངེས་དེ་བཞིན་བགྱིད་འཐུས་ཞེས་གསུང་བཟང་གི་དབུགས་དབུང་དང་བཅས་མ་ཕྱིན་སྲིད་ན་རིན་བྲལ་གཡར་སྩོལ་བཀའ་དྲིན་ཆེ་བ་ལྟར། གུས་ནས་ཀྱང་བླ་བྲང་གི་ཞབས་འདེབས་འགྲུབ་པའི་ཤེས་འཇོན་དབེན་རུང་དད་པ་དང་ལྷག་བསམ་གཡོ་ལྷ་མེད་པས་ཀུན་བསླངས་ཏེ། རྩ་བའི་བླ་མའི་སྤྲུལ་སྐུ་ལ་འབྲིང་ཞབས་ཏོག་གི་མཆོད་པར་དམིགས་ནས། སྤྱི་ལོ་༡༩༧༦ལོ་ནས་དབུ་བཙུགས་ཏེ་པར་ལས་ཀྱི་འགོ་འདོམས་རུ་ངར་ཞིབ་ཚགས་ངལ་བ་སྙུགས་བསྲིངས་ཏེ་གླེགས་བམ་ཉི་ཤུ་རྩ་བཞིར་གསིལ་ནས་རྒྱ་གར་ལྡིང་ལིང་པར་གློག་གི་འཕྲུལ་རིག་ལས་པར་དུ་བསྐྲུན་པ་སྟེ། འདི་ལས་བྱུང་བའི་ལེགས་བྱས་ཀྱི་རིས་སུ་མ་ཆད་པའི་རྒྱལ་བསྟན་རིན་པོ་ཆེའི་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པ་དང་། དེའི་མཐུས་ཡིད་ཅན་རྒྱ་མཚོ་མངོན་པར་མཐོ་བ་དང་ངེས་པ་ལེགས་པའི་དཔའ་ཕུན་སུམ་ཚོགས་པར་སྤྱོད་ཅིང་། བསྟན་པ་འཛིན་པའི་སྐྱེས་ཆེན་སྤྱི་དང་། ཁྱད་པར་རྗེ་བཙུན་བླ་མའི་སྐུ་འཕྲེང་གསུམ་པ་མཆོག་སྤྲུལ་གཞོན་ནུ་འདི་ཉིད་གསན་བསམ་སྒོམ་པའི་ཡོན་ཏན་མཐར་སོན་ནས་འཇམ་མགོན་གོང་མའི་རྣམ་ཐར་རྒྱ་མཚོ་བདག་གིར་བཞེས་བཞིན་བདག་སོགས་བསྟན་འགྲོའི་མགོན་དུ་ཞབས་པད་རྡོ་རྗེའི་ཆོས་སུ་བརྟན་པའི་རྒྱུར་གྱུར་ཅིག། །།ཅེས་མཁྱེན་བརྩེའི་བཀའ་འབུམ་པར་གསར་བསྐྲུན་གྱི་སྔོན་བརྗོད་འདིའང་། རྫོང་སར་མཁྱེན་བརྩེའི་བླ་བྲང་གི་སྲི་ཞུ་བ་ཆོས་སྤྱན་ཡངས་པ་རང་དགོན་གྲྭ་མགོན་པོ་ཚེ་བརྟན་གྱིས་བསྐུལ་གནང་ལྟར། འདྲེན་མཆོག་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་སློབ་འབངས་ཐ་ཤལ་ཏྲེ་ཧོར་གདོང་ཐོག་སྤྲུལ་མིང་ངག་དབང་ཐེག་བསྟན་པའི་རྒྱ་མཚན་གྱིས་ཆོས་སྦྱིན་བྱ་བ་ལས་ཀྱི་འཁོར་ལོར་རྗེས་སུ་ཡི་རང་དང་བཅས། རབ་རྒྱལ་མེ་སྦྲུལ་ཟླ་༦ཚེས་༡༥ལ་འཕགས་ཡུལ་ལྡི་ལི་གསར་པར་བྲིས་པ་དགེ། ཇོས་རྗེ་འཇམ་མགོན་ཉི་མ་ཡི། །གསུང་རབ་འོད་སྣང་ཀུན་ལ་ཁྱབ། །སྙིགས་དུས་ཕྱོགས་རིས་མུན་པ་བསལ། །དག་སྣང་ཆུ་སྐྱེས་བཞད་པར་ཤོག །


[edit]

rdzong sar mkhyen brtse'i bla brang gis 'bras ljongs su mkhyen brtse'i bka' 'bum par gsar bskrun bgyis skabs gdong thog sprul ngag dbang theg bstan pa'i rgya mtshan gyis sngon brjod/ @#/_/'ja~Xm pa'i dbya~Xngs dang mkhye~Xn rab gnyis su med/____/byams brtse~X'i thugs rje mig 'dzum gyi zla/____/phrin las mtha' yas gsang dzin dba~Xng po~X dngos/____/rig gsum gcig bsdus dpal ldan bla ma rgyal/____/de la 'dir gang gleng bya ba ni/__ji skad du 'jam mgon blo gros mtha' yas zhabs kyis/__bod yul rgyal ba'i ring lugs la/____/kun gyi tshogs rjer gyur pa yi/____/tshul 'di kho na 'jig rten 'dir/____/thub dbang gnyis pa'i rnam thar 'dzin/____/ces dang /__mi pham 'jam dpal dgyes pa'i rdo rje'i zhabs kyis/____/deng sang gangasari'i khrod 'di na/____/grub par grags kyang mkhas btsun bral/____/mkhas kyang grub 'bras mthong dka' bas/____/phun tshogs ldan pa rnyed par dka'/____/mkhas dang btsun pa grub pa gsum/____/'gran pa bzhin du khyod la 'phel/____/'di 'dra'i phun tshogs mthong dka' bas/____/ngo mtshar che yang shes pa dkon/____/zhes sogs rgya cher bsngags pa'i rje bla ma rdzogs pa'i sangs rgyas dngos byon kun gzigs 'jam dbyangs mkhyen brtse'i dbang pon dga' bstan pa'i rgyal mtshan dpal bzang po zhes gangs can ris med bstan 'dzin che rgu'i spyi bor zhabs kyi pad+mo ngal 'tsho ba gang nyid/__rab yid rnam gnon gyi lor bod ljongs mdo khams sdeX bzhi daXge bcus phyug pa'i sa'i thig le gter klung dil mgor sku'i mtshan dpe bzhad/__dpal e wa~M chos ldan gyi bla brang thar pa rtse'i mkhan chen thams cad mkhyen pa byams pa nam mkha' 'chi med kyi yang srid 'khrul bral rdo rje'i lung gis nges pa rnyed/__gzhon nu'i dus nas mkhas tshul gsum la mi 'jigs pa'i spobs pa brnyes/__gangs can yul du chos rgyal po paN rnams kyi drin las bstan pa rin po che mdo sngags rig gnas bcas 'chad nyan sgom sgrub kyis dar zhing /__brgyud 'dzin mkhas grub bsam gyis mi khyab pa zhig byon na'ang dus dbang gis rtsa che'i chos bka' mang po zhig gi bshad sgrub kyi rgyun chad la nye ba dang /__mkhas par rloms pa dag kyang rang rang gi bla ma brgyud pa dang chos tshugs tsam ma gtogs gzhan mkhas grub kyis dben no snyam du sems shing /__gzhan la'ang 'doms pas phyogs ris chos spong gi las ngan mi bzad pa gsogs pa sogs mdor na rgyal bstan yongs rdzogs kyi snying po gang yin ngos 'dzin tsam yang dkon par gyur pa na/__rje 'di'i sngon gyi thugs bskyed dus su smin pas rgyal bstan rin po che kho na thugs la bcang ste/__snying stobs dang brtson 'grus chen pos bod yul dbus gtsang khams gsum du lan mang bya bral kun spang gi tshul du phebs shing /__snga yi mi lo bcu gsum ring gsar rnying ris su ma chad pa'i bshen gnyen brgya dang lnga bcu lhag mnyes pa gsum gyis bsten nas/__ljongs 'dir deng sang 'chad nyan gyi rgyun mchis so 'tshal gyi mdo sngags kyi chos tshul rgya mtsho lta bu thun mong rig gnas dang bcas pa rnams 'bad pa chen pos gsan pa dang /__sku tshe'i smad du gdan sa sde dge rdzong sar bkra shis lha rtser gzim chung bkra shis 'chi med grub pa'i dga' tshal du them spong bcad rgya bzhugs nas lag pa'i lha rab 'byams kyi bsnyen sgrub mdzad cing /__bde stong zung 'jug gi ye shes mngon du mdzad/__sangs rgyas byang sems dang 'phags bod mkhas grub bstan pa'i shing rtar gyur pa rnams kyis rjes su bzung zhing /__gdams pa'i gsang mdzod stsal ba la brten/__gsar rnying ris med kyi zab chos mtha' dag gi byin rlabs nye brgyud khyad par can brnyes/_sa gter dngos dang yang gter skor rgya che phyag tu babs/__dgongs gter/__dag snang /__snyan brgyud kyi chos sgo mtha' yas par dang bsgyur/__gsang ba'i gnas rjes su dran pa las man ngag gi nges pa rgya cher byung ba ste/__sngon byon bstan 'dzin sus kyang 'gran du med pa'i ngo mtshar bka' bas bdun ldan ris rgyal bstan yongs rdzogs kyi shing rta chen por bzhugs pa'i grags snyan gangs can khor yug khyab par lding ba dang /__gsar rnying ris med kyi bstan 'dzin che phran nas phal pa nyams chung yan chad kyi don gnyer kun la so so'i mos blo dang mtshams pa'i chos sbyin gyi phrin las bar med du spel bas rgyal bstan yongs rdzogs kyi srog mthud par mdzad/__khyad par 'phags yul paN grub rnams kyi thugs dam rgyud sde bzhi dang 'brel ba'i lhag pa'i rab 'byams kyi sgrub rjes man ngag bcas pa deng sang rgyun bzhugs pa zur bka'i rigs gtso bo mtha' dag dang /__ba ri brgya rtsa/__sgrub thabs rgya mtsho/__snar thang brgya rtsa bcas so so'i rtsa ba'i yig rnying dang /__bla ma gong ma'i yig cha gzhir bzhag la gsal byed gang dgos rje nyid kyis legs bshad khyad par can spros pas mdzes par brgyan te dngos grub rnams gnyis sgrub pa'i tshul mtha' dag tshang la ma nor bar ston pa/__yid ches khungs btsun rgyas bsdus mthar ma lhungs pa'i chos mdzod chen po sgrub pa'i thabs kun las btus pa dngos grub rin po che'i 'dod 'jo zhes bya ba phyogs bsgrigs 'chad spel gyis dus kyi mthar yang zab chos kyi brgyud pa mi chad par mdzad mdzad pa dang /__gzhan yang bstod tshogs dang /__gtam tshogs/__gsum mgur/__rig gnas skor/__zin bris dang lung btus sogs gsung thor bu dang /__dgongs gter rtsa gsum 'od gsal snying thig sogs zab gter rigs kyang mang du bzhugs/__yang rje 'di'i thugs bskyed dang slob ston 'gran zla bral ba'i bdag rkyen kho na las 'jam mgon blo gros mtha' yas zhabs kyis snga bgyur zab gter rgya mtsho'i yang zhun bcud du dril ba ri chen gter mdzod dang /__gangs ljongs sgrub brgyud shing rta chen po brgyad kyi gdams zab gces btus gdams ngag rin po che'i mdzod kyi shing rta'i lam srol gsal bar phyes pa dang /__gsang bdag rdo rje 'dzin dngos 'jam dbyangs blo gter dbang po'i zhabs kyis sa ngor zhwa lu gtsor gyur bka' srol sna tshogs las byung ba'i rgyud sde bzhi'i smin grol cha lag dang bcas pa mtha' mtha' phyogs gcig tu bsgrigs pa rgyud sde rin po che kun las btus pa'i bka' srol rmad du byung ba phyes/__mdor na rje nyid kyi phrin las kyi rnam sprul rigs kun khyab bdag 'jam dbyangs chos kyi blo gros zhabs kyis/__gong ma 'jam mgon bla ma de/____/grub mtha' kun la ma ltar mdza'/____/rang rang rgyud lung man ngag gi/____/rnam dbye ma 'dres so sor mkhyen/____/phan tshun bsre lhad mi mdzad cing /____/gang la gang 'dul chos bstan pas/____/sa dge bka' rnying thams cad kyis/____/rang gi bla ma bzhin du 'dzin/____/ces gsungs pa ltar/__nges pa don gyi bstan pa thams cad 'gal med du rtogs pa'i dge ba'i bshes gnyen/__phyogs dang ris su ma chad pa'i gangs can rgyal bstan yongs kyi shing rta chen por bzhugs so/____/de lta bu'i rje btsun bla ma dam pa'i gsung gi gsang ba bsam gyis mi khyab pa'i rtsal las byung ba'i gsung rab mkhas pa ma lus pa'i yi ga dbang med du 'phrog cing /__rig pa dang grol ba don du gnyer ba'i skye bo kun gyi gnyen gcig pur gyur pa rnams dus kyi mtha' yang mjal du yod pa 'di ni/__rnam thar zhal gsungs las/__ma 'ongs bi mi'i bla sgrub skabs/____/tshe 'dir 'phos ma thag pa na/____/sprul gzhi ri bo rtse lnga ru/____/paN chen bi ma'i thugs kar thim/____/sprul pa lnga 'byung smon lam mthus/____/ris med bstan la phan ces gsungs/____/zhes 'byung ba ltar sprul pa'i sku lnga dus gcig la snang ba kun las mchog tu gyur pa/__rje gong ma'i rnam thar ma lus par dbang 'byor bas gsang gsum yon tan gcig bsdus phrin las mi zad rgyan gyi 'khor lo'i rnam 'phrul rje btsun bla ma 'jam dbyangs chos kyi blo gros zhabs kyis gdan sa 'og min gnyin pa rdzong sar bkra shis lha rtser rje bla ma'i gsung bka' ma rnams phyogs gcig tu bka'i bsdu ba bskyangs nas glegs bam shin tu che ba bcu gsum du bstar pa chos sbyin par shing bzhengs mdzad pa las bod yul mtha' dbus kun tu 'gro don dpag tu med pa 'phel/__'on kyang bod ljongs snod bcud kla klos bcom rjes bod kyi phyi rol tu skyabs rje bdun 'joms rin po che'i phyag khar bka' 'bum rdzong gsar par ma tshang gcig phebs thub yod pa de las sa steng na dpe gnyis pa med par bstan rgyun ha cang nyag phrar gyur pa'i skabs/__rje bla ma'i sprul pa'i zlos gar deng dus mkhas grub yongs kyi spyi mes dil mgo mkhyen brtse rin po che rab gsal zla ba'i zhabs kyis ma phyi g.yar bzhes kyis par bskrun gyi sta gon mdzad skabs/__gus rdzong sar mkhyen brtse bla brang gi zhabs phyi tre hor gdong thog rig grol phun tshogs gling gi grwa rigs mgon po tshe brtan gyi yang srid mchog sprul rin po ches rje bla ma'i bstan pa phyogs brgyar spel ba'i thog ma'i rten 'byung du bla brang nas rgyu spyod par skrun zhus chog pa zhes gsol ba btab par/__mtshan don mtshungs shing rtags rten shin tu dge nges de bzhin bgyid 'thus zhes gsung bzang gi dbugs dbung dang bcas ma phyin srid na rin bral g.yar stsol bka' drin che ba ltar/__gus nas kyang bla brang gi zhabs 'debs 'grub pa'i shes 'jon dben rung dad pa dang lhag bsam g.yo lha med pas kun bslangs te/__rtsa ba'i bla ma'i sprul sku la 'bring zhabs tog gi mchod par dmigs nas/__spyi lo 1976lo nas dbu btsugs te par las kyi 'go 'doms ru ngar zhib tshags ngal ba snyugs bsrings te glegs bam nyi shu rtsa bzhir gsil nas rgya gar lding ling par glog gi 'phrul rig las par du bskrun pa ste/__'di las byung ba'i legs byas kyi ris su ma chad pa'i rgyal bstan rin po che'i phyogs dus gnas skabs kun tu dar zhing rgyas pa dang /__de'i mthus yid can rgya mtsho mngon par mtho ba dang nges pa legs pa'i dpa' phun sum tshogs par spyod cing /__bstan pa 'dzin pa'i skyes chen spyi dang /__khyad par rje btsun bla ma'i sku 'phreng gsum pa mchog sprul gzhon nu 'di nyid gsan bsam sgom pa'i yon tan mthar son nas 'jam mgon gong ma'i rnam thar rgya mtsho bdag gir bzhes bzhin bdag sogs bstan 'gro'i mgon du zhabs pad rdo rje'i chos su brtan pa'i rgyur gyur cig/____//ces mkhyen brtse'i bka' 'bum par gsar bskrun gyi sngon brjod 'di'ang /__rdzong sar mkhyen brtse'i bla brang gi sri zhu ba chos spyan yangs pa rang dgon grwa mgon po tshe brtan gyis bskul gnang ltar/__'dren mchog 'jam dbyangs chos kyi blo gros kyi slob 'bangs tha shal tre hor gdong thog sprul ming ngag dbang theg bstan pa'i rgya mtshan gyis chos sbyin bya ba las kyi 'khor lor rjes su yi rang dang bcas/_rab rgyal me sbrul zla 6tshes 15la 'phags yul ldi li gsar par bris pa dge/__jos rje 'jam mgon nyi ma yi/____/gsung rab 'od snang kun la khyab/____/snyigs dus phyogs ris mun pa bsal/____/dag snang chu skyes bzhad par shog_/__

Footnotes

Other Information