JKW-KABUM-21-ZHA-022-001: Difference between revisions
From Khyentse Lineage - A Tsadra Foundation Project
JKW-KABUM-21-ZHA-022-001
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...") |
m (Text replacement - "Khyentse Metadata" to "Text") |
||
(4 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ནད་བརྒྱ་སྨན་གཅིག་རིལ་བུ་དཀར་དམར་གྱི་གཞུང་གསལ་བྱེད་དང་བཅས་པ། | |||
|fulltitle=grub chen thang stong rgyal po'i lugs kyi nad brgya sman gcig ril bu dkar dmar gyi gzhung gsal byed dang bcas pa | |||
|citation=[['jam dbyangs mkhyen brtse'i dbang po]]. ''grub chen thang stong rgyal po'i lugs kyi nad brgya sman gcig ril bu dkar dmar gyi gzhung gsal byed dang bcas pa''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 21: 577-582. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
|author='jam dbyangs mkhyen brtse'i dbang po | |author='jam dbyangs mkhyen brtse'i dbang po | ||
|editor= | |||
|sourceauthor=thang stong rgyal po | |||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
| | |editortib= | ||
| | |sourceauthortib=ཐང་སྟོང་རྒྱལ་པོ་ | ||
|tibgenre=Medicinal Pills - Making and Activating Practices - sman sgrub | |||
|terma=No | |||
|sabcadcategory=Eight | |||
|language=Tibetan | |language=Tibetan | ||
| | |volumenumber=021 | ||
| | |volnumtib=༢༡ | ||
| | |volyigtib=ཞ་ | ||
| | |totalvolumes=25 | ||
| | |textnuminvol=022 | ||
|pdflink=File:JKW-KABUM-21-ZHA-022 | |textsubnumber=001 | ||
|pagenumbers=577-582 | |||
|totalpages=6 | |||
|beginfolioline=1a | |||
|endfolioline=3b5 | |||
|totalfolios=3 | |||
|multivolumework=No | |||
|rectonotes=sde tshan 22 | |||
|versonotes=mkhyen brtse'i bka' 'bum | |||
|pdflink=File:JKW-KABUM-21-ZHA-022.pdf | |||
}} | }} | ||
{{Header}} | {{Header}} | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ནད་བརྒྱ་སྨན་གཅིག་རིལ་བུ་དཀར་དམར་གྱི་གཞུང་གསལ་བྱེད་དང་བཅས་པ་བཞུགས་སོ།། །། | ||
༄༅། །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ནད་བརྒྱ་སྨན་གཅིག་རིལ་བུ་དཀར་དམར་གྱི་གཞུང་གསལ་བྱེད་དང་བཅས་པ་བཞུགས་སོ།། །། | |||
ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བྷྱཿ །ཕ་རྒན་ཐང་སྟོང་རྒྱལ་པོ་ངས། །དཔལ་རི་བོ་ཆེ་ཡི་རྩེ་མོ་རུ། །མི་རྟོག་ཏིང་འཛིན་བསྒོམ་པའི་ཚེ། །མཁའ་ལ་འཇའ་དང་སྒྲ་འོད་བྱུང་། །ནམ་མཁའི་མཐོངས་སུ་བལྟས་པའི་ཚེ། །ཨོ་རྒྱན་མཁའ་འགྲོའི་ཡུལ་ནས་ནི། །མཁའ་འགྲོའི་གཙོ་མོ་ལྔ་བྱོན་ནས། །དབུས་ཀྱི་གཙོ་མོའི་ཞལ་ནས་ནི། །སྔར་ཡང་དཔའ་བོ་ཁྱོད་ཉིད་ཀྱིས། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །སེམས་ཀྱི་སྡུག་བསྔལ་ཞི་བར་བྱས། །དེ་ལ་བདག་ནི་རྗེས་ཡི་རང་། །ད་ནི་ལུས་ཀྱི་ནད་རྣམས་ཀུན། །སེལ་ཕྱིར་སྨན་གཙོ་འདི་རྣམས་ཟུངས། །དབུས་ཀྱི་གཙོ་བོའི་ཕྱག་ན་ནི། །འདུ་བ་སྤྱི་སྙོམས་ཨ་རུ་ར། ཆ་དྲུག་བཟུང་། །ཤར་གྱི་གཙོ་མོའི་ཕྱག་ན་ནི། །སྲིད་བཅུད་ཅོང་ཞི། འདུས་པ་དེ་ཡི་ཕྱེད། །ལྷོ་ཡི་གཙོ་མོའི་ཕྱག་ན་ནི། །ཀུན་བྱེད་རྒྱལ་པོ་དེ་དང་མཉམ། །ནུབ་ཀྱི་གཙོ་མོའི་ཕྱག་ན་ནི། །རིན་ཆེན་ལྔ་བཅུད་བྲག་ཞུན། དེ་ཡི་ཕྱེད། །བྱང་གི་གཙོ་མོའི་ཕྱག་ན་ནི། །མེ་ཏོག་མནུཔུཥྐར། བཅུད་དང་གཉེན་པོའི་སྨན། །རྣམ་པ་ལྔ་ཡི་ཚད་དང་སྦྱར། །གཞན་རྣམས་ཐམས་ཅད་ཞིབ་པར་བཏགས། སྔོ་སྨན། །མེ་ཏོག་བཅུད་ཀྱི་སྦྲང་རྩི། ཁུ་བས་སྦྲུ། །རིལ་བུ་བྲ་བའི་རིལ་མ་ཙམ། །རིན་ཆེན་སྣོད་དམ་ཐོད་ནང་བླུག །དེ་སྟེང་ཟླ་བའི་དཀྱིལ་འཁོར་སྟེང་། །སྔར་གྱི་མཁའ་འགྲོ་སྡེ་ལྔ་པོ། །ཕྱོགས་མདོག་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་རིན་ཆེན་ཌཱ་མ་རུ། །གཡོན་པས་མི་ཡི་ཐོད་པ་བསྣམས། །བརྐྱང་བསྐུམ་གར་སྟབས་ཁ་ཊྭཱྃ་བསྣམས། །དབུས་ཀྱི་གཙོ་མོའི་སྤྱི་གཙུག་ཏུ། །ཡི་དམ་ཐུགས་རྗེ་ཆེན་པོ་ནི། །སྐད་ཅིག་དྲན་པས་བསྒོམ་པར་བྱ། །ཐོག་མར་མ་ཎི་སྟོང་བཟླས་ལ། །ཐུགས་རྗེ་ཆེན་པོ་བདུད་རྩིར་ཞུ། །མཁའ་འགྲོ་ལྔ་ལ་ཐིམ་པར་བསམ། །དེ་ནས་མཁའ་འགྲོའི་སྔགས་འདི་བཟླས། །ཨོཾ་བུདྡྷ་ཌཱ་ཀི་ནཱི། བཛྲ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་ཌཱ་ཀི་ནཱི། ཨོཾ་ཨཱཿཧཱུྃ། ཞེས་པ་ལྔ་བརྒྱ་བཟླས་པ་ཡིས། །མཁའ་འགྲོ་ལྔ་ཡང་བདུད་རྩིར་ཞུ། །སྨན་རྣམས་ཀུན་ལ་ཐིམ་པར་བསམ། །འདུ་བ་གང་ལའང་མི་གནོད་ཅིང་། །རླུང་དང་མཁྲིས་པ་བད་ཀན་སོགས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ལ། །འདི་ཡིས་མི་སེལ་གང་ཡང་མེད། །ནད་རྣམས་སོ་སོར་དབྱེ་མི་དགོས། །འདུ་བ་སྤྱི་སྙོམས་ཞེས་ཀྱང་བྱ། །ནད་བརྒྱ་སྨན་གཅིག་ཞེས་ཀྱང་བྱ། །མགོ་དང་རྐང་པའི་བར་དག་གི། །ནད་རྣམས་ཀུན་ལ་ཐེངས་པས་ཆོག །དབུས་གཙང་སྟོད་སྨད་བར་གསུམ་གྱི། །སྨན་པ་ཀུན་ལ་འདི་ཉིད་གདམས། །སྨན་གཞན་ཐམས་ཅད་གཏེར་དུ་སྦོས། །འདི་ཉིད་གཅིག་པུས་འགྲོ་དོན་གྱིས། །འདི་ཡི་མན་ངག་སྦྱིན་པའི་ཚེ། །འབྲུ་བཅུད་བཟང་པོས་སྣོད་བཀང་ལ། །ཐོག་མར་སློབ་དཔོན་ཧུབ་གང་འཐུངས། །གདམས་པ་འདི་ཡི་ལོ་རྒྱུས་བརྗོད། །སློབ་དཔོན་ཞལ་གྱི་བདུད་རྩིའི་བཅུད། །སློབ་མའི་རྒྱུད་ལ་ཐིམ་པར་བསམ། །སློབ་མས་ལྷག་མ་མེད་པར་འཐུངས། །དུག་ལ་སོགས་པའི་མན་ངག་ཀྱང་། །དུ་མ་གསུངས་ཀྱང་བརྗེད་དེ་ཐལ། །འདི་ལ་ནན་ཏན་བསྐྱེད་པ་ཡིན། །ཁ་བསྒྱུར་སྨན་ནི་འདི་ལྟ་སྟེ། །རླུང་ལ་ཨ་གར་ལི་ཤི་དང་། །མཁྲིས་པར་ཏིག་ཏ་གསེར་མེ་ཏོག །བད་ཀན་སེ་འབྲུ་བསེ་ཡབ་སྟེ། །གཉན་ཚད་བོང་ང་གླ་རྩི་བསྣན། །རིམས་ལ་བོང་དཀར་འཛིམ་པ་བསྣན། །དོན་ལྔ་ལ་ནི་བཟང་དྲུག་སྟེ། །སྙིང་གི་བཟང་པོ་ཛ་ཏི་སྟེ། །སྲོག་རྩའི་བཟང་པོ་ལི་ཤི་ཡིན། །གློ་བའི་བཟང་པོ་ཅུ་གང་ཡིན། མཆིན་པའི་བཟང་པོ་གུར་གུམ་མོ། །མཚེར་པའི་བཟང་པོ་ཀ་ཀོ་ལ། །མཁལ་མའི་བཟང་པོ་སུག་སྨེལ་ལོ། །སྣོད་དྲུག་ཕོ་བའི་བཟང་པོ་སེ་འབྲུ་ཡིན། ལ་ཡང་བཟང་པོ་དྲུག །ཆུ་སེར་སེང་ལྡེང་དངུལ་ཆུ་བསྣན། །གཉེན་པོའི་སྨན་ནི་གཞན་མེད་ཀྱང་། །རྩ་བའི་སྨན་ནི་ཀུན་ལ་བསྔགས། །དེ་སྐད་མཁའ་འགྲོའི་ཞལ་གདམས་བཅུད། །མ་བརྗེད་ལྕགས་ཟམ་སྨྱོན་པ་ངས། །མཁྲིས་པའི་བཟང་པོ་གསེར་མེ་ཏོག །རྒྱུ་མའི་བཟང་པོ་དུག་མོ་ཉུང་། །མཚན་མའི་བཟང་པོ་དབང་པོ་ལག །ལྒང་པའི་བཟང་པོ་རྒྱ་ཚྭ་ཡིན། །མངལ་གྱི་བཟང་པོ་བ་སྤྲུ་བ། །མངལ་དང་བསམ་སེ་གཅིག་ཏུ་འདོད། །ནན་དུ་བགྱིས་ནས་ཡི་གེར་བཏབ། །དགེ་འདིས་ཡུལ་དུས་གནས་སྐབས་ཀྱི། །དབང་གྱུར་འགྲོ་བ་མ་ལུས་པ། །ཀུན་ཀྱང་བྲོ་ནད་མ་མཆིས་པར། །ཕུལ་བྱུང་སྨན་གྱི་བླ་མ་ཡི། །གོ་འཕང་མཆོག་ལ་འགོད་གྱུར་ཅིག ། ༈ གྲུབ་ཐོབ་རིལ་དམར་བཞུགས་སོ། ། ༈ ལོ་ཀེ་ཤྭ་ར་ལ་ན་མོ། །ཕ་རྒན་ཐང་སྟོང་རྒྱལ་པོ་འགྲོ་བའི་དོན་ལ་དགོངས་ནས་སྙུང་བའི་ཚུལ་བསྟན་ནས་བཞུགས་པའི་ཚེ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་བྱོན་ནས་གདམས་པ་འདི་གནང་ངོ་། །རབ་དཀར་བོང་ང་འདྲ་བོང་དཀར་གུ་གུལ། འཇིག་ཐུན་ཚད་རེ། །ཀུན་བྱེད་སྤང་རྩི་དོ་བོ། རྒྱལ་པོ་སྟག་ཤ་ཕྱེད་ཕྱེད་ཕྲི། །ཉི་མའི་རྒྱལ་མཚལ། བུ་ནི་དེ་དག་ཀུན་དང་མཉམ། །ཀུན་གྱི་བཅུད་འགྱུར་བདུད་རྩི་འཛིན་པ་ཐུན་གསུམ་རེ་བཏང་བ་ཕྱག་ལེན། ཟླ་བའི་བུ། །གུར་གུམ་ཆུའམ་མེ་ཏོག་སྦྲང་རྩི། བཅུད་ཀྱིས་སྦྲུ། །པདྨ་རཱ་གའི་མདངས་ལྡན་རིལ་བུ་འདི། ཕྱི་ནང་ཕལ་ཆེའི་ནད་ལ་བསྔགས་པ་སྟེ། །ཁྲག་མཁྲིས་གཉན་ཚད་ཀུན་ལ་ཤིས་པ་ཡིན། །ཁྱད་པར་ནག་པོ་སུམ་འགྲིལ་ནད་ལ་བསྔགས། །ཀུན་ལ་དཀོན་པས་ཨུ་དུམ་ཝཱ་ར་འདྲ། །མཐོང་ཐོས་སྤྱོད་པ་སྐལ་ལྡན་རེ་རེ་ཙམ། ཞེས་པ་འདི་ཡང་ཐང་སྟོང་རྒྱལ་པོས་བཀོད། ཨྠིྀ། ། ༈ }} | ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བྷྱཿ །ཕ་རྒན་ཐང་སྟོང་རྒྱལ་པོ་ངས། །དཔལ་རི་བོ་ཆེ་ཡི་རྩེ་མོ་རུ། །མི་རྟོག་ཏིང་འཛིན་བསྒོམ་པའི་ཚེ། །མཁའ་ལ་འཇའ་དང་སྒྲ་འོད་བྱུང་། །ནམ་མཁའི་མཐོངས་སུ་བལྟས་པའི་ཚེ། །ཨོ་རྒྱན་མཁའ་འགྲོའི་ཡུལ་ནས་ནི། །མཁའ་འགྲོའི་གཙོ་མོ་ལྔ་བྱོན་ནས། །དབུས་ཀྱི་གཙོ་མོའི་ཞལ་ནས་ནི། །སྔར་ཡང་དཔའ་བོ་ཁྱོད་ཉིད་ཀྱིས། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །སེམས་ཀྱི་སྡུག་བསྔལ་ཞི་བར་བྱས། །དེ་ལ་བདག་ནི་རྗེས་ཡི་རང་། །ད་ནི་ལུས་ཀྱི་ནད་རྣམས་ཀུན། །སེལ་ཕྱིར་སྨན་གཙོ་འདི་རྣམས་ཟུངས། །དབུས་ཀྱི་གཙོ་བོའི་ཕྱག་ན་ནི། །འདུ་བ་སྤྱི་སྙོམས་ཨ་རུ་ར། ཆ་དྲུག་བཟུང་། །ཤར་གྱི་གཙོ་མོའི་ཕྱག་ན་ནི། །སྲིད་བཅུད་ཅོང་ཞི། འདུས་པ་དེ་ཡི་ཕྱེད། །ལྷོ་ཡི་གཙོ་མོའི་ཕྱག་ན་ནི། །ཀུན་བྱེད་རྒྱལ་པོ་དེ་དང་མཉམ། །ནུབ་ཀྱི་གཙོ་མོའི་ཕྱག་ན་ནི། །རིན་ཆེན་ལྔ་བཅུད་བྲག་ཞུན། དེ་ཡི་ཕྱེད། །བྱང་གི་གཙོ་མོའི་ཕྱག་ན་ནི། །མེ་ཏོག་མནུཔུཥྐར། བཅུད་དང་གཉེན་པོའི་སྨན། །རྣམ་པ་ལྔ་ཡི་ཚད་དང་སྦྱར། །གཞན་རྣམས་ཐམས་ཅད་ཞིབ་པར་བཏགས། སྔོ་སྨན། །མེ་ཏོག་བཅུད་ཀྱི་སྦྲང་རྩི། ཁུ་བས་སྦྲུ། །རིལ་བུ་བྲ་བའི་རིལ་མ་ཙམ། །རིན་ཆེན་སྣོད་དམ་ཐོད་ནང་བླུག །དེ་སྟེང་ཟླ་བའི་དཀྱིལ་འཁོར་སྟེང་། །སྔར་གྱི་མཁའ་འགྲོ་སྡེ་ལྔ་པོ། །ཕྱོགས་མདོག་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་རིན་ཆེན་ཌཱ་མ་རུ། །གཡོན་པས་མི་ཡི་ཐོད་པ་བསྣམས། །བརྐྱང་བསྐུམ་གར་སྟབས་ཁ་ཊྭཱྃ་བསྣམས། །དབུས་ཀྱི་གཙོ་མོའི་སྤྱི་གཙུག་ཏུ། །ཡི་དམ་ཐུགས་རྗེ་ཆེན་པོ་ནི། །སྐད་ཅིག་དྲན་པས་བསྒོམ་པར་བྱ། །ཐོག་མར་མ་ཎི་སྟོང་བཟླས་ལ། །ཐུགས་རྗེ་ཆེན་པོ་བདུད་རྩིར་ཞུ། །མཁའ་འགྲོ་ལྔ་ལ་ཐིམ་པར་བསམ། །དེ་ནས་མཁའ་འགྲོའི་སྔགས་འདི་བཟླས། །ཨོཾ་བུདྡྷ་ཌཱ་ཀི་ནཱི། བཛྲ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་ཌཱ་ཀི་ནཱི། ཨོཾ་ཨཱཿཧཱུྃ། ཞེས་པ་ལྔ་བརྒྱ་བཟླས་པ་ཡིས། །མཁའ་འགྲོ་ལྔ་ཡང་བདུད་རྩིར་ཞུ། །སྨན་རྣམས་ཀུན་ལ་ཐིམ་པར་བསམ། །འདུ་བ་གང་ལའང་མི་གནོད་ཅིང་། །རླུང་དང་མཁྲིས་པ་བད་ཀན་སོགས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ལ། །འདི་ཡིས་མི་སེལ་གང་ཡང་མེད། །ནད་རྣམས་སོ་སོར་དབྱེ་མི་དགོས། །འདུ་བ་སྤྱི་སྙོམས་ཞེས་ཀྱང་བྱ། །ནད་བརྒྱ་སྨན་གཅིག་ཞེས་ཀྱང་བྱ། །མགོ་དང་རྐང་པའི་བར་དག་གི། །ནད་རྣམས་ཀུན་ལ་ཐེངས་པས་ཆོག །དབུས་གཙང་སྟོད་སྨད་བར་གསུམ་གྱི། །སྨན་པ་ཀུན་ལ་འདི་ཉིད་གདམས། །སྨན་གཞན་ཐམས་ཅད་གཏེར་དུ་སྦོས། །འདི་ཉིད་གཅིག་པུས་འགྲོ་དོན་གྱིས། །འདི་ཡི་མན་ངག་སྦྱིན་པའི་ཚེ། །འབྲུ་བཅུད་བཟང་པོས་སྣོད་བཀང་ལ། །ཐོག་མར་སློབ་དཔོན་ཧུབ་གང་འཐུངས། །གདམས་པ་འདི་ཡི་ལོ་རྒྱུས་བརྗོད། །སློབ་དཔོན་ཞལ་གྱི་བདུད་རྩིའི་བཅུད། །སློབ་མའི་རྒྱུད་ལ་ཐིམ་པར་བསམ། །སློབ་མས་ལྷག་མ་མེད་པར་འཐུངས། །དུག་ལ་སོགས་པའི་མན་ངག་ཀྱང་། །དུ་མ་གསུངས་ཀྱང་བརྗེད་དེ་ཐལ། །འདི་ལ་ནན་ཏན་བསྐྱེད་པ་ཡིན། །ཁ་བསྒྱུར་སྨན་ནི་འདི་ལྟ་སྟེ། །རླུང་ལ་ཨ་གར་ལི་ཤི་དང་། །མཁྲིས་པར་ཏིག་ཏ་གསེར་མེ་ཏོག །བད་ཀན་སེ་འབྲུ་བསེ་ཡབ་སྟེ། །གཉན་ཚད་བོང་ང་གླ་རྩི་བསྣན། །རིམས་ལ་བོང་དཀར་འཛིམ་པ་བསྣན། །དོན་ལྔ་ལ་ནི་བཟང་དྲུག་སྟེ། །སྙིང་གི་བཟང་པོ་ཛ་ཏི་སྟེ། །སྲོག་རྩའི་བཟང་པོ་ལི་ཤི་ཡིན། །གློ་བའི་བཟང་པོ་ཅུ་གང་ཡིན། མཆིན་པའི་བཟང་པོ་གུར་གུམ་མོ། །མཚེར་པའི་བཟང་པོ་ཀ་ཀོ་ལ། །མཁལ་མའི་བཟང་པོ་སུག་སྨེལ་ལོ། །སྣོད་དྲུག་ཕོ་བའི་བཟང་པོ་སེ་འབྲུ་ཡིན། ལ་ཡང་བཟང་པོ་དྲུག །ཆུ་སེར་སེང་ལྡེང་དངུལ་ཆུ་བསྣན། །གཉེན་པོའི་སྨན་ནི་གཞན་མེད་ཀྱང་། །རྩ་བའི་སྨན་ནི་ཀུན་ལ་བསྔགས། །དེ་སྐད་མཁའ་འགྲོའི་ཞལ་གདམས་བཅུད། །མ་བརྗེད་ལྕགས་ཟམ་སྨྱོན་པ་ངས། །མཁྲིས་པའི་བཟང་པོ་གསེར་མེ་ཏོག །རྒྱུ་མའི་བཟང་པོ་དུག་མོ་ཉུང་། །མཚན་མའི་བཟང་པོ་དབང་པོ་ལག །ལྒང་པའི་བཟང་པོ་རྒྱ་ཚྭ་ཡིན། །མངལ་གྱི་བཟང་པོ་བ་སྤྲུ་བ། །མངལ་དང་བསམ་སེ་གཅིག་ཏུ་འདོད། །ནན་དུ་བགྱིས་ནས་ཡི་གེར་བཏབ། །དགེ་འདིས་ཡུལ་དུས་གནས་སྐབས་ཀྱི། །དབང་གྱུར་འགྲོ་བ་མ་ལུས་པ། །ཀུན་ཀྱང་བྲོ་ནད་མ་མཆིས་པར། །ཕུལ་བྱུང་སྨན་གྱི་བླ་མ་ཡི། །གོ་འཕང་མཆོག་ལ་འགོད་གྱུར་ཅིག ། ༈ གྲུབ་ཐོབ་རིལ་དམར་བཞུགས་སོ། ། ༈ ལོ་ཀེ་ཤྭ་ར་ལ་ན་མོ། །ཕ་རྒན་ཐང་སྟོང་རྒྱལ་པོ་འགྲོ་བའི་དོན་ལ་དགོངས་ནས་སྙུང་བའི་ཚུལ་བསྟན་ནས་བཞུགས་པའི་ཚེ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་བྱོན་ནས་གདམས་པ་འདི་གནང་ངོ་། །རབ་དཀར་བོང་ང་འདྲ་བོང་དཀར་གུ་གུལ། འཇིག་ཐུན་ཚད་རེ། །ཀུན་བྱེད་སྤང་རྩི་དོ་བོ། རྒྱལ་པོ་སྟག་ཤ་ཕྱེད་ཕྱེད་ཕྲི། །ཉི་མའི་རྒྱལ་མཚལ། བུ་ནི་དེ་དག་ཀུན་དང་མཉམ། །ཀུན་གྱི་བཅུད་འགྱུར་བདུད་རྩི་འཛིན་པ་ཐུན་གསུམ་རེ་བཏང་བ་ཕྱག་ལེན། ཟླ་བའི་བུ། །གུར་གུམ་ཆུའམ་མེ་ཏོག་སྦྲང་རྩི། བཅུད་ཀྱིས་སྦྲུ། །པདྨ་རཱ་གའི་མདངས་ལྡན་རིལ་བུ་འདི། ཕྱི་ནང་ཕལ་ཆེའི་ནད་ལ་བསྔགས་པ་སྟེ། །ཁྲག་མཁྲིས་གཉན་ཚད་ཀུན་ལ་ཤིས་པ་ཡིན། །ཁྱད་པར་ནག་པོ་སུམ་འགྲིལ་ནད་ལ་བསྔགས། །ཀུན་ལ་དཀོན་པས་ཨུ་དུམ་ཝཱ་ར་འདྲ། །མཐོང་ཐོས་སྤྱོད་པ་སྐལ་ལྡན་རེ་རེ་ཙམ། ཞེས་པ་འདི་ཡང་ཐང་སྟོང་རྒྱལ་པོས་བཀོད། ཨྠིྀ། ། ༈ }} | ||
</onlyinclude> | </onlyinclude> |
Latest revision as of 01:40, 2 June 2024
🚧 This website is under continued development. We appreciate your patience!
Wylie title | grub chen thang stong rgyal po'i lugs kyi nad brgya sman gcig ril bu dkar dmar gyi gzhung gsal byed dang bcas pa | |
---|---|---|
Location | mkhyen brtse'i bka' 'bum Volume 21, sde tshan 22, Text 1, Pages 577-582 (Folios 1a to 3b5) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Source Author(s) | ཐང་སྟོང་རྒྱལ་པོ་ (thang stong rgyal po) | |
Citation | 'jam dbyangs mkhyen brtse'i dbang po. grub chen thang stong rgyal po'i lugs kyi nad brgya sman gcig ril bu dkar dmar gyi gzhung gsal byed dang bcas pa. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 21: 577-582. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Medicinal Pills - Making and Activating Practices - sman sgrub |
1 Texts in this Section (sde tshan or chos tshan)