DKYD-KABUM-07-JA-074: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ཡང་གསང་སྙིང་པོའི་བཅུད་བསྡུས་ལསཿ བཀའ་སྲུང་གསང་བ་གཅིག་བརྒྱུདཿ
|fulltitle=yang gsang snying po'i bcud bsdus las bka' srung gsang ba gcig brgyud
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Protector Rituals - gsol mchod
|tibgenre=Protector Rituals - gsol mchod, Sadhanas - Evocation Ritual - sgrub thabs
|terma=Yes
|terma=Yes
|language=Tibetan
|language=Tibetan
Line 15: Line 17:
|volnumtib=ཇ
|volnumtib=ཇ
|volyigtib=༧
|volyigtib=༧
|volumeLetter=JA
|totalvolumes=8
|textnuminvol=074
|textnuminvol=074
|multivolumework=No
|colophontib=ཅེས་པ་འདི་ཡང་ཁྲག་འཐུང་ལས་ཀྱི་དཔའ་བོས་དམར་ནག་རཀྟའི་ཀློང་ནས་སྤྱན་དྲངས་ཤིང་བེཌཱུརྱ་ཞུན་མའི་ཡི་གེ་ལས་དག་པར་ཕབ་པའི་ཡི་གེ་པ་ནི་བདེ་བ་ཆེན་པོའི་རྣལ་འབྱོར་པ་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་ཤིན་ཏུ་དགེ་ཞིང་བྱིན་ཆགས་པར་གྱུར་ཅིགཿ
|colophonwylie=ces pa 'di yang khrag 'thung las kyi dpa' bos dmar nag rak+ta'i klong nas spyan drangs shing baiDUr+ya zhu ma'i yi ge las dag par phab pa'i yi ge pa ni bde ba chen po'i rnal 'byor pa rig pa'i ye shes kyis bgyis pas shin tu dge zhing byin chags par gyur cig:
|pdflink=File:DKYD-KABUM-07-JA-074.pdf
|pdflink=File:DKYD-KABUM-07-JA-074.pdf
|volumeLetter=JA
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
}}
}}
Line 23: Line 29:
<onlyinclude>
<onlyinclude>
{{TibP|༁ྃཿ ཡང་གསང་སྙིང་པོའི་བཅུད་བསྡུས་ལསཿ བཀའ་སྲུང་གསང་བ་གཅིག་བརྒྱུད་བཞུགསཿ
{{TibP|༁ྃཿ ཡང་གསང་སྙིང་པོའི་བཅུད་བསྡུས་ལསཿ བཀའ་སྲུང་གསང་བ་གཅིག་བརྒྱུད་བཞུགསཿ
༁ྃཿ ྅྅྅ཿ «རྡོ་རྗེ་གཏུམ་པོའི་སྐུ་ལ་འདུདཿ ཡང་ཐིག་གསང་བའི་བཀའ་སྲུང་ཆེཿ གསང་བའི་བདག་པོའི་ཕྲིན་ལས་པཿ རྡོ་རྗེ་དྲག་རྩལ་མཆོད་སྒྲུབ་ཐབསཿ དྲག་པོ་གློག་གི་ཞགས་པ་བསྟན»ཿ «སྨན་རཀ་གཏོར་མ་ཟས་སྣ་ལཿ ཏིང་འཛིན་སྔགས་དང་ཕྱག་རྒྱས་བརླབསཿ »རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུཾཿ མ་ཧཱ་བཱ་ལིཾ་ཏ་རཀྟ་པཉྩ་པཱུཙྪ་ཧ་ཧོ་ཧྲཱིཿ «ལན་གསུམ་དམིགས་པས་ཆོ་འཕྲུལ་བསྒྱུརཿ ཡིད་སྤྲུལ་ནམ་མཁའ་མཛོད་དུ་སྤེལཿ »ཧཱུཾཿ རིན་ཆེན་འཕྲུལ་གྱི་གཞལ་ཡས་ཉམས་དགའ་བརཿ རྡོ་རྗེ་གཏུམ་པོ་དཔའ་བོ་བཛྲ་གྱིསཿ བཀའ་བསྒོས་དམ་བཞག་སྲུང་མ་མཐུ་བོ་ཆེཿ འཛམ་གླིང་སྲིད་པ་གསུམ་ལ་དབང་སྒྱུར་བའིཿ གཉན་པོ་གཡུ་རྩེ་རྡོ་རྗེ་དྲག་པོ་རྩལཿ བཙུན་མོ་སྲས་དང་ཡང་སྲས་བཀའ་བློན་ཚོགསཿ སྤྲུལ་པ་འཁོར་དང་བཅས་པ་གཤེགས་སུ་གསོལཿ ཧཱུཾ་ཡཀྴ་རཀྴ་ནཱ་ག་དྷི་ཝི་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཛ་ཛཿ ཀྱེཿ ཉམས་དགའི་ཕོ་བྲང་གནས་འདིར་དགྱེས་བཞུགས་ལཿ སྔོན་གྱི་དབྱར་དམ་གཉན་པོ་རྗེས་སུ་དགོངསཿ བདག་དང་མི་འབྲལ་དམ་ཚིག་གཅིག་ཏུ་བསྲེཿ ཁྱོད་ལ་དགྱེས་པའི་མཆོད་ཚོགས་འབུལ་ལོ་བཞེསཿ ཏིཥྛ་ལྷནཿ ས་མ་ཡཿ ཨ་ལ་ལ་ཧོཿ ཀྱེཿ བཀའ་དང་བསྟན་པའི་སྲུང་མ་མཐུ་བོ་ཆེཿ རྡོ་རྗེ་དྲག་རྩལ་འཁོར་བཅས་མཆོད་པ་ནིཿ ཏིང་ངེ་འཛིན་གྱི་རྣམ་རོལ་མཆོད་པའི་སྤྲིནཿ བཱ་ལིང་རྒྱན་ལྡན་དགོས་འདོད་ཀུན་འབྱུང་གཏེརཿ ཤ་ཁྲག་དམར་གྱི་བཅུད་དང་ཟས་སྣས་བརྒྱནཿ ཀླུ་བཤོས་ལ་སོགས་རང་རང་འདོད་དགུའི་རྫསཿ བདུད་རྩི་སྨན་དང་དམར་ཆེན་དབའ་ཀློང་འཁྲུགསཿ དབང་པོ་དྲུག་གི་ཡུལ་ལ་སྤྱོད་པ་ཡིསཿ མཆོད་པའི་བྱེ་བྲག་དཔག་ཏུ་མེད་པ་དངཿ སྤྱན་གཟིགས་དཀོར་ནོར་བསམ་གྱིས་མི་ཁྱབ་པཿ མ་ཚང་མེད་པ་ནམ་མཁའ་མཛོད་ལྟར་བཀོདཿ འཛད་མེད་ཡེ་ཤེས་ལྔ་ཡི་བྱིན་གྱིས་བརླབསཿ དམ་ཚིག་གཙང་ཞིང་གདུང་བ་ཆེན་པོས་འབུལཿ གསང་སྔགས་བསྟན་སྲུང་རྡོ་རྗེ་དྲག་པོ་རྩལཿ མཐུ་ལྡན་གཉན་པོ་གཡུ་རྩེའི་ཐུགས་དམ་བསྐངཿ བདེ་སྟེར་བཙུན་མོའི་ཚོགས་ཀྱི་ཐུགས་དམ་བསྐངཿ དྲེགས་ལྡན་སྲས་མཆོག་གཉིས་ཀྱི་ཐུགས་དམ་བསྐང་ཿ སྤྲུལ་སྒྱུར་ཡང་སྲས་མཆེད་གསུམ་ཐུགས་དམ་བསྐངཿ དགྱེས་སྡེ་མོ་རྒྱུད་ཡོངས་ཀྱི་ཐུགས་དམ་བསྐངཿ བཀའ་ཡི་བློན་པོའི་ཚོགས་ཀྱི་ཐུགས་དམ་བསྐངཿ གསང་བའི་ལས་མཁན་རྣམས་ཀྱི་ཐུགས་དམ་བསྐངཿ བཀའ་འཁོར་དྲེགས་ལྡན་ཚོགས་ཀྱི་ཐུགས་དམ་བསྐངཿ ཡང་འཁོར་ལྷ་སྲིན་རྣམས་ཀྱི་ཐུགས་དམ་བསྐངཿ དགྱེས་སྐོང་ཐུགས་དམ་གཉན་པོ་བསྐངས་གྱུར་ནསཿ དམ་ཚིག་ཉམས་ཆགས་ཉེས་ལྟུང་འགལ་འཁྲུལ་དངཿ བག་མེད་མི་གཙང་མཁོན་གྲིབ་ལ་སོགས་པཿ ཐུགས་དང་འགལ་བར་བགྱིས་པ་མཐོལ་ལོ་བཤགསཿ མཐོལ་བཤགས་བཟོད་པ་དམ་པ་ཡར་བཞེས་ལཿ ཚངས་པར་སྩོལ་ལ་ཕྲིན་ལས་ལྷུན་འགྲུབ་མཛོདཿ ཧཱུཾཿ ཧེ་རུ་ཀ་དང་བཛྲ་པཱ་ཎི་ཡིསཿ དབང་བསྐུར་པདྨ་འབྱུང་གནས་བཀའ་སྲུང་མཆོགཿ སྲིད་གསུམ་དབང་སྒྱུར་མཐུ་ནུས་ཐོགས་པ་མེདཿ རྡོ་རྗེ་དྲག་རྩལ་འཁོར་དང་བཅས་ལ་བསྟོདཿ སྔར་བྱས་གཏང་རག་ཕྱིར་བྱས་གཉེར་ཟན་དངཿ ད་ལྟ་སྒྲུབ་པའི་དམ་རྫས་འདི་འབུལ་གྱིཿ དམ་ལྡན་ལྷ་ཁྱོད་དམ་ལས་མ་འདའ་བརཿ གསང་བདག་གཏུམ་པོ་པདྨ་བཛྲ་གྱིཿ སྤྱན་སྔར་ཁས་བླངས་དམ་བཅའ་ཇི་བཞིན་དུཿ ཨ་ཏི་བླ་མེད་རྫོགས་པ་ཆེན་པོ་དངཿ ཏན་གྷན་རྡོ་རྗེ་འཛིན་པའི་བསྟན་པ་མཆོགཿ འཛིན་སྐྱོང་སྤེལ་བར་དམ་བཅས་བྲོ་བོར་བཞིནཿ ཐུགས་དམ་བསྐུལ་ལོ་དམ་ལས་མ་འདའ་ཞིགཿ བདག་ཅག་དེར་འཛིན་རིག་འཛིན་སྒྲུབ་པ་པོརཿ མེ་དང་དྲོད་བཞིན་མི་འབྲལ་འགྲོགས་ཀྱིས་ལཿ དམ་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་སོལཿ ཚེ་བསྲིངས་དཔལ་འབྱོར་ལུས་ཀྱི་སྟོབ་རྩལ་སྐྱེདཿ ཡང་གསང་ཐིག་ལེ་སྐོར་གསུམ་བསྟན་པ་སྤེལཿ བདག་ལ་སྡང་བའི་དགྲ་སོད་བགེགས་དཔུང་ཐུལཿ རྣལ་འབྱོར་དགེ་ལེགས་འདོད་དོན་སྒྲུབ་པ་དངཿ རྣམ་བཞིའི་ལས་སྒྲུབས་ས་ལམ་བར་ཆད་སོལཿ མཆོག་དང་ཐུན་མོང་དངོས་གྲུབ་འབད་མེད་རྩོལཿ «དྲག་བསྐུལ་ནིཿ »བྷྱོཿ རྡོ་རྗེ་དྲག་རྩལ་མཐུ་བོ་ཆེཿ བཙུན་མོ་སྲས་བློན་སྤྲུལ་འཁོར་བཅསཿ ཞེ་སྡང་ཕྱུང་ལ་ང་རྒྱལ་བསྐྱེདཿ སྡང་བའི་དགྲ་བོ་ལས་ངན་འདིསཿ སངས་རྒྱས་བསྟན་བཤིགས་དཀོན་མཆོག་སྨདཿ བླ་མར་སྡང་ཞིང་སྔགས་ལ་གཤེཿ དམ་ཆོས་བསྣུབ་ཅིང་བརྒྱུད་འཛིན་མནརཿ བདག་ལ་དོ་བརྡོ་ཕོད་དུ་བཙུགཿ ཁྱོད་ཉིད་ཁྱད་བསད་དམངས་སུ་ཕབཿ འདི་ཉིད་རྡུལ་དུ་མ་བརླག་ནཿ ཁྱོད་ཉིད་དམ་ཚིག་ཉམས་ཏ་རེཿ བདག་ཀྱང་སྡིག་པའི་ལས་ལ་སྤྱོདཿ གསང་སྔགས་དམ་ཆོས་མ་ལུས་བསྣུབསཿ ཛམ་གླིང་སྡུག་བསྔལ་དྲག་པོར་སྤྱོདཿ མ་རུང་བདུད་དཔུང་ཁ་དར་འགྱུརཿ དེ་ཕྱིར་མངོན་སྤྱོད་ལས་ལ་བསྐུལཿ མགྱོགས་པ་བཞོན་ལ་རྣོ་མཚོན་བདོརཿ སྡང་བའི་དགྲ་བོ་ལས་ངན་གྱིཿ སྲོག་རྩ་ཆོད་ལ་སྙིང་ཁྲག་རོལཿ ཚེ་དབུགས་ཕྲོལ་ལ་བཀྲག་མདངས་སྡུསཿ བསོད་ནམས་ལོངས་སྤྱོད་དཔའ་རྟགས་ལོངསཿ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོགཿ མོ་རྒྱུད་མངལ་ནས་སྐོམ་ལ་ཤོགཿ རྩྭ་ཕུང་མེ་ལ་བསྲེགས་པའམཿ སྒོ་ང་བྲག་ལ་བརྡབ་པ་བཞིནཿ དགྲ་བོ་རྗེས་ཤུལ་མེད་པར་མཛོདཿ ཁྱོད་ལ་གཏད་དོ་ད་རྒྱུགས་ཤིགཿ ཨེ་ཧུར་ཐུཾ་རཀྴ་ཀཱ་ལ་འུར་འུར་བྲེང་བྲེང་རྒྱུག་རྒྱུགས་ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད་རྦད་བྷྱོ་བྷྱོ་ཁ་ཐུན་རྦད་ཕཊཿ «རྣལ་འབྱོར་སྲོག་ལ་རྒོལ་བ་ལསཿ དུས་མ་ཡིན་པར་བསྐུལ་མི་བྱཿ རྡོ་རྗེ་འཛིན་པའི་བཀའ་སྲུང་འདིཿ མཐུ་རྩལ་རྣོ་མྱུར་ལས་ཀུན་འགྲུབཿ སྒྲུབ་པ་པོ་ལ་བྱིན་ཆེ་ཞིངཿ སྡང་དགྲར་གནམ་ལྕགས་ཐོག་ལས་རྩུབཿ སྲིད་གསུམ་འདི་ན་དཀོན་པ་ཡིཿ སྙིང་དང་འདྲ་བའི་བཀའ་སྲུང་སྟེཿ བདེན་རྫུན་ལག་ཏུ་ལོངས་དང་ཤེསཿ མ་འོངས་རིག་འཛིན་དཔའ་བོ་ཡིཿ བཙན་རྫོང་རྡོ་རྗེའི་གོ་ཁྲབ་ཤོགཿ བྱིན་ཆགས་དངོས་གྲུབ་མཆོག་ཐོབ་འགྱུརཿ དེ་ཕྱིར་སྙིང་གི་དཀྱིལ་དུ་སྦོསཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ ཨྠིྀཿ ཅེས་པ་འདི་ ཡང་ཁྲག་འཐུང་ལས་ཀྱི་དཔའ་བོས་དམར་ནག་རཀྟའི་ཀློང་ནས་སྤྱན་དྲངས་ཤིང་བེཌཱུརྱ་ཞུན་མའི་ཡི་གེ་ལས་དག་པར་ཕབ་པའི་ཡི་གེ་པ་ནི་བདེ་བ་ཆེན་པོའི་རྣལ་འབྱོར་པ་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་ཤིན་ཏུ་དགེ་ཞིང་བྱིན་ཆགས་པར་གྱུར་ཅིགཿ
༁ྃཿ «རྡོ་རྗེ་གཏུམ་པོའི་སྐུ་ལ་འདུདཿ ཡང་ཐིག་གསང་བའི་བཀའ་སྲུང་ཆེཿ གསང་བའི་བདག་པོའི་ཕྲིན་ལས་པཿ རྡོ་རྗེ་དྲག་རྩལ་མཆོད་སྒྲུབ་ཐབསཿ དྲག་པོ་གློག་གི་ཞགས་པ་བསྟན»ཿ «སྨན་རཀ་གཏོར་མ་ཟས་སྣ་ལཿ ཏིང་འཛིན་སྔགས་དང་ཕྱག་རྒྱས་བརླབསཿ »རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུཾཿ མ་ཧཱ་བཱ་ལིཾ་ཏ་རཀྟ་པཉྩ་པཱུཙྪ་ཧ་ཧོ་ཧྲཱིཿ «ལན་གསུམ་དམིགས་པས་ཆོ་འཕྲུལ་བསྒྱུརཿ ཡིད་སྤྲུལ་ནམ་མཁའ་མཛོད་དུ་སྤེལཿ »ཧཱུཾཿ རིན་ཆེན་འཕྲུལ་གྱི་གཞལ་ཡས་ཉམས་དགའ་བརཿ རྡོ་རྗེ་གཏུམ་པོ་དཔའ་བོ་བཛྲ་གྱིསཿ བཀའ་བསྒོས་དམ་བཞག་སྲུང་མ་མཐུ་བོ་ཆེཿ འཛམ་གླིང་སྲིད་པ་གསུམ་ལ་དབང་སྒྱུར་བའིཿ གཉན་པོ་གཡུ་རྩེ་རྡོ་རྗེ་དྲག་པོ་རྩལཿ བཙུན་མོ་སྲས་དང་ཡང་སྲས་བཀའ་བློན་ཚོགསཿ སྤྲུལ་པ་འཁོར་དང་བཅས་པ་གཤེགས་སུ་གསོལཿ ཧཱུཾ་ཡཀྴ་རཀྴ་ནཱ་ག་དྷི་ཝི་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཛ་ཛཿ ཀྱེཿ ཉམས་དགའི་ཕོ་བྲང་གནས་འདིར་དགྱེས་བཞུགས་ལཿ སྔོན་གྱི་དབྱར་དམ་གཉན་པོ་རྗེས་སུ་དགོངསཿ བདག་དང་མི་འབྲལ་དམ་ཚིག་གཅིག་ཏུ་བསྲེཿ ཁྱོད་ལ་དགྱེས་པའི་མཆོད་ཚོགས་འབུལ་ལོ་བཞེསཿ ཏིཥྛ་ལྷནཿ ས་མ་ཡཿ ཨ་ལ་ལ་ཧོཿ ཀྱེཿ བཀའ་དང་བསྟན་པའི་སྲུང་མ་མཐུ་བོ་ཆེཿ རྡོ་རྗེ་དྲག་རྩལ་འཁོར་བཅས་མཆོད་པ་ནིཿ ཏིང་ངེ་འཛིན་གྱི་རྣམ་རོལ་མཆོད་པའི་སྤྲིནཿ བཱ་ལིང་རྒྱན་ལྡན་དགོས་འདོད་ཀུན་འབྱུང་གཏེརཿ ཤ་ཁྲག་དམར་གྱི་བཅུད་དང་ཟས་སྣས་བརྒྱནཿ ཀླུ་བཤོས་ལ་སོགས་རང་རང་འདོད་དགུའི་རྫསཿ བདུད་རྩི་སྨན་དང་དམར་ཆེན་དབའ་ཀློང་འཁྲུགསཿ དབང་པོ་དྲུག་གི་ཡུལ་ལ་སྤྱོད་པ་ཡིསཿ མཆོད་པའི་བྱེ་བྲག་དཔག་ཏུ་མེད་པ་དངཿ སྤྱན་གཟིགས་དཀོར་ནོར་བསམ་གྱིས་མི་ཁྱབ་པཿ མ་ཚང་མེད་པ་ནམ་མཁའ་མཛོད་ལྟར་བཀོདཿ འཛད་མེད་ཡེ་ཤེས་ལྔ་ཡི་བྱིན་གྱིས་བརླབསཿ དམ་ཚིག་གཙང་ཞིང་གདུང་བ་ཆེན་པོས་འབུལཿ གསང་སྔགས་བསྟན་སྲུང་རྡོ་རྗེ་དྲག་པོ་རྩལཿ མཐུ་ལྡན་གཉན་པོ་གཡུ་རྩེའི་ཐུགས་དམ་བསྐངཿ བདེ་སྟེར་བཙུན་མོའི་ཚོགས་ཀྱི་ཐུགས་དམ་བསྐངཿ དྲེགས་ལྡན་སྲས་མཆོག་གཉིས་ཀྱི་ཐུགས་དམ་བསྐང་ཿ སྤྲུལ་སྒྱུར་ཡང་སྲས་མཆེད་གསུམ་ཐུགས་དམ་བསྐངཿ དགྱེས་སྡེ་མོ་རྒྱུད་ཡོངས་ཀྱི་ཐུགས་དམ་བསྐངཿ བཀའ་ཡི་བློན་པོའི་ཚོགས་ཀྱི་ཐུགས་དམ་བསྐངཿ གསང་བའི་ལས་མཁན་རྣམས་ཀྱི་ཐུགས་དམ་བསྐངཿ བཀའ་འཁོར་དྲེགས་ལྡན་ཚོགས་ཀྱི་ཐུགས་དམ་བསྐངཿ ཡང་འཁོར་ལྷ་སྲིན་རྣམས་ཀྱི་ཐུགས་དམ་བསྐངཿ དགྱེས་སྐོང་ཐུགས་དམ་གཉན་པོ་བསྐངས་གྱུར་ནསཿ དམ་ཚིག་ཉམས་ཆགས་ཉེས་ལྟུང་འགལ་འཁྲུལ་དངཿ བག་མེད་མི་གཙང་མཁོན་གྲིབ་ལ་སོགས་པཿ ཐུགས་དང་འགལ་བར་བགྱིས་པ་མཐོལ་ལོ་བཤགསཿ མཐོལ་བཤགས་བཟོད་པ་དམ་པ་ཡར་བཞེས་ལཿ ཚངས་པར་སྩོལ་ལ་ཕྲིན་ལས་ལྷུན་འགྲུབ་མཛོདཿ ཧཱུཾཿ ཧེ་རུ་ཀ་དང་བཛྲ་པཱ་ཎི་ཡིསཿ དབང་བསྐུར་པདྨ་འབྱུང་གནས་བཀའ་སྲུང་མཆོགཿ སྲིད་གསུམ་དབང་སྒྱུར་མཐུ་ནུས་ཐོགས་པ་མེདཿ རྡོ་རྗེ་དྲག་རྩལ་འཁོར་དང་བཅས་ལ་བསྟོདཿ སྔར་བྱས་གཏང་རག་ཕྱིར་བྱས་གཉེར་ཟན་དངཿ ད་ལྟ་སྒྲུབ་པའི་དམ་རྫས་འདི་འབུལ་གྱིཿ དམ་ལྡན་ལྷ་ཁྱོད་དམ་ལས་མ་འདའ་བརཿ གསང་བདག་གཏུམ་པོ་པདྨ་བཛྲ་གྱིཿ སྤྱན་སྔར་ཁས་བླངས་དམ་བཅའ་ཇི་བཞིན་དུཿ ཨ་ཏི་བླ་མེད་རྫོགས་པ་ཆེན་པོ་དངཿ ཏན་གྷན་རྡོ་རྗེ་འཛིན་པའི་བསྟན་པ་མཆོགཿ འཛིན་སྐྱོང་སྤེལ་བར་དམ་བཅས་བྲོ་བོར་བཞིནཿ ཐུགས་དམ་བསྐུལ་ལོ་དམ་ལས་མ་འདའ་ཞིགཿ བདག་ཅག་དེར་འཛིན་རིག་འཛིན་སྒྲུབ་པ་པོརཿ མེ་དང་དྲོད་བཞིན་མི་འབྲལ་འགྲོགས་ཀྱིས་ལཿ དམ་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་སོལཿ ཚེ་བསྲིངས་དཔལ་འབྱོར་ལུས་ཀྱི་སྟོབ་རྩལ་སྐྱེདཿ ཡང་གསང་ཐིག་ལེ་སྐོར་གསུམ་བསྟན་པ་སྤེལཿ བདག་ལ་སྡང་བའི་དགྲ་སོད་བགེགས་དཔུང་ཐུལཿ རྣལ་འབྱོར་དགེ་ལེགས་འདོད་དོན་སྒྲུབ་པ་དངཿ རྣམ་བཞིའི་ལས་སྒྲུབས་ས་ལམ་བར་ཆད་སོལཿ མཆོག་དང་ཐུན་མོང་དངོས་གྲུབ་འབད་མེད་རྩོལཿ «དྲག་བསྐུལ་ནིཿ »བྷྱོཿ རྡོ་རྗེ་དྲག་རྩལ་མཐུ་བོ་ཆེཿ བཙུན་མོ་སྲས་བློན་སྤྲུལ་འཁོར་བཅསཿ ཞེ་སྡང་ཕྱུང་ལ་ང་རྒྱལ་བསྐྱེདཿ སྡང་བའི་དགྲ་བོ་ལས་ངན་འདིསཿ སངས་རྒྱས་བསྟན་བཤིགས་དཀོན་མཆོག་སྨདཿ བླ་མར་སྡང་ཞིང་སྔགས་ལ་གཤེཿ དམ་ཆོས་བསྣུབ་ཅིང་བརྒྱུད་འཛིན་མནརཿ བདག་ལ་དོ་བརྡོ་ཕོད་དུ་བཙུགཿ ཁྱོད་ཉིད་ཁྱད་བསད་དམངས་སུ་ཕབཿ འདི་ཉིད་རྡུལ་དུ་མ་བརླག་ནཿ ཁྱོད་ཉིད་དམ་ཚིག་ཉམས་ཏ་རེཿ བདག་ཀྱང་སྡིག་པའི་ལས་ལ་སྤྱོདཿ གསང་སྔགས་དམ་ཆོས་མ་ལུས་བསྣུབསཿ ཛམ་གླིང་སྡུག་བསྔལ་དྲག་པོར་སྤྱོདཿ མ་རུང་བདུད་དཔུང་ཁ་དར་འགྱུརཿ དེ་ཕྱིར་མངོན་སྤྱོད་ལས་ལ་བསྐུལཿ མགྱོགས་པ་བཞོན་ལ་རྣོ་མཚོན་བདོརཿ སྡང་བའི་དགྲ་བོ་ལས་ངན་གྱིཿ སྲོག་རྩ་ཆོད་ལ་སྙིང་ཁྲག་རོལཿ ཚེ་དབུགས་ཕྲོལ་ལ་བཀྲག་མདངས་སྡུསཿ བསོད་ནམས་ལོངས་སྤྱོད་དཔའ་རྟགས་ལོངསཿ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོགཿ མོ་རྒྱུད་མངལ་ནས་སྐོམ་ལ་ཤོགཿ རྩྭ་ཕུང་མེ་ལ་བསྲེགས་པའམཿ སྒོ་ང་བྲག་ལ་བརྡབ་པ་བཞིནཿ དགྲ་བོ་རྗེས་ཤུལ་མེད་པར་མཛོདཿ ཁྱོད་ལ་གཏད་དོ་ད་རྒྱུགས་ཤིགཿ ཨེ་ཧུར་ཐུཾ་རཀྴ་ཀཱ་ལ་འུར་འུར་བྲེང་བྲེང་རྒྱུག་རྒྱུགས་ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད་རྦད་བྷྱོ་བྷྱོ་ཁ་ཐུན་རྦད་ཕཊཿ «རྣལ་འབྱོར་སྲོག་ལ་རྒོལ་བ་ལསཿ དུས་མ་ཡིན་པར་བསྐུལ་མི་བྱཿ རྡོ་རྗེ་འཛིན་པའི་བཀའ་སྲུང་འདིཿ མཐུ་རྩལ་རྣོ་མྱུར་ལས་ཀུན་འགྲུབཿ སྒྲུབ་པ་པོ་ལ་བྱིན་ཆེ་ཞིངཿ སྡང་དགྲར་གནམ་ལྕགས་ཐོག་ལས་རྩུབཿ སྲིད་གསུམ་འདི་ན་དཀོན་པ་ཡིཿ སྙིང་དང་འདྲ་བའི་བཀའ་སྲུང་སྟེཿ བདེན་རྫུན་ལག་ཏུ་ལོངས་དང་ཤེསཿ མ་འོངས་རིག་འཛིན་དཔའ་བོ་ཡིཿ བཙན་རྫོང་རྡོ་རྗེའི་གོ་ཁྲབ་ཤོགཿ བྱིན་ཆགས་དངོས་གྲུབ་མཆོག་ཐོབ་འགྱུརཿ དེ་ཕྱིར་སྙིང་གི་དཀྱིལ་དུ་སྦོསཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ ཨྠིྀཿ ཅེས་པ་འདི་ཡང་ཁྲག་འཐུང་ལས་ཀྱི་དཔའ་བོས་དམར་ནག་རཀྟའི་ཀློང་ནས་སྤྱན་དྲངས་ཤིང་བེཌཱུརྱ་ཞུན་མའི་ཡི་གེ་ལས་དག་པར་ཕབ་པའི་ཡི་གེ་པ་ནི་བདེ་བ་ཆེན་པོའི་རྣལ་འབྱོར་པ་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་ཤིན་ཏུ་དགེ་ཞིང་བྱིན་ཆགས་པར་གྱུར་ཅིགཿ

}}
}}

Latest revision as of 16:06, 28 June 2024

Wylie title yang gsang snying po'i bcud bsdus las bka' srung gsang ba gcig brgyud
Location mdo mkhyen brtse bka' 'bum
Volume 7, Text 74, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod  ·  Sadhanas - Evocation Ritual - sgrub thabs
Colophon

ཅེས་པ་འདི་ཡང་ཁྲག་འཐུང་ལས་ཀྱི་དཔའ་བོས་དམར་ནག་རཀྟའི་ཀློང་ནས་སྤྱན་དྲངས་ཤིང་བེཌཱུརྱ་ཞུན་མའི་ཡི་གེ་ལས་དག་པར་ཕབ་པའི་ཡི་གེ་པ་ནི་བདེ་བ་ཆེན་པོའི་རྣལ་འབྱོར་པ་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་ཤིན་ཏུ་དགེ་ཞིང་བྱིན་ཆགས་པར་གྱུར་ཅིགཿ

ces pa 'di yang khrag 'thung las kyi dpa' bos dmar nag rak+ta'i klong nas spyan drangs shing baiDUr+ya zhu ma'i yi ge las dag par phab pa'i yi ge pa ni bde ba chen po'i rnal 'byor pa rig pa'i ye shes kyis bgyis pas shin tu dge zhing byin chags par gyur cig:

[edit]
༁ྃཿ ཡང་གསང་སྙིང་པོའི་བཅུད་བསྡུས་ལསཿ བཀའ་སྲུང་གསང་བ་གཅིག་བརྒྱུད་བཞུགསཿ