DKYD-KABUM-03-GA-040: Difference between revisions
No edit summary |
No edit summary |
||
(One intermediate revision by the same user not shown) | |||
Line 20: | Line 20: | ||
|textnuminvol=040 | |textnuminvol=040 | ||
|multivolumework=No | |multivolumework=No | ||
|colophontib= | |colophontib=འཕྲུལ་དཔྱད་ཁྲ་བོའི་གདམས་པ་འདིཿ ལྕགས་སྒྲོམ་སྨུག་པོའི་བརྡ་རིས་ལསཿ ཨ་ཙར་དམ་པ་ནག་པོ་ཡིཿ དག་པར་མཛད་ནས་བསྒྱུར་བ་བཞིནཿ ཌཱཀྐིའི་བཞེད་དོན་བསྐང་ཕྱིར་ཕུལཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཁ་ཐཾ༔ | ||
|colophonwylie= | |colophonwylie='phrul dpyad khra bo'i gdams pa 'di: lcags sgrom smug po'i brda ris las: a tsar dam pa nag po yi: dag par mdzad nas bsgyur ba bzhin: DAk+ki'i bzhed don bskang phyir phul: sa ma yA: rgya rgya rgya:_kha thaM: | ||
|pdflink=File:DKYD-KABUM-03-GA-040.pdf | |pdflink=File:DKYD-KABUM-03-GA-040.pdf | ||
|volumeLetter=GA | |volumeLetter=GA | ||
Line 30: | Line 30: | ||
{{TibP|༄༅། །ཐུགས་ཐིག་འཛིན་པ་རང་གྲོལ་ལས༔ ལས་ཚོགས་དཀར་ནག་ཁྲ་གསུམ་བཞུགསཿ | {{TibP|༄༅། །ཐུགས་ཐིག་འཛིན་པ་རང་གྲོལ་ལས༔ ལས་ཚོགས་དཀར་ནག་ཁྲ་གསུམ་བཞུགསཿ | ||
«྅྅྅སངས་རྒྱས་ཐམས་ཅད་འདུས་པའི་སྐུཿ བདག་ཉིད་པདྨ་ཐོད་ཕྲེང་རྩལཿ སྙིང་དབུས་མི་ཤིགས་ཐིག་ལེ་རུཿ འབྲལ་མེད་བཞུགས་ལ་གུས་བཏུད་དེཿ བདག་ཉིད་དམ་བ་ནག་པོ་ཡིཿ མན་ངག་གསང་བ་གཅིག་བརྒྱུད་ལསཿ ཐོག་མར་རང་ཉིད་བསྲུང་བའི་ཐབསཿ གདམས་པ་འདི་ནི་སྙིང་འདྲ་སྟེཿ »རང་རིག་དོན་གྱི་བླ་མ་ལཿ འདུ་འབྲལ་མེད་པར་སྐྱབས་སུ་མཆིཿ འཁོར་བ་དོང་ནས་མ་སྤྲུགས་པརཿ བརྟུལ་ཞུགས་ཆེན་པོའི་སེམས་བསྐྱེད་དོཿ མ་བཅོས་གཉུག་མའི་རང་གདངས་ལསཿ རང་ཉིད་དམ་པ་ནག་པོ་ནིཿ སྐུ་ཆེ་སྦོམ་ཐུང་ཡན་ལག་རགསཿ དབུ་སྐྲ་ནག་སྣུམ་གྱེན་དུ་གཡེངཿ སྦྱན་གསུམ་དམར་ཟླུམ་མེ་འོད་འཕྲོཿ ཁྲོ་ཚུལ་ཉམས་ལྡན་གཡས་གཡོན་ཕྱགཿ མེ་ཡི་ཐོ་བ་རླུང་འཁོར་བསྣམསཿ སྐུ་ཡི་བ་སྤུའི་བུ་ག་ལཿ ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་གཏམསཿ སྐུ་ལ་རྡོ་རྗེའི་གོ་ཁྲབ་གསོལཿ མི་ལྤགས་གཡང་གཞིས་སྨད་དཀྲིས་ཤིངཿ ཞབས་གཉིས་ཉི་མ་ཟླ་བ་གནོནཿ རྫུ་འཕྲུལ་སྟོབས་དང་ལྡན་པ་ཡིཿ སེང་ཕྲུག་སྔོན་པོ་ལས་ལ་འགྱེདཿ ཐུགས་ཀར་མཆོང་གུར་སྨུག་པོ་ནིཿ རྡོ་རྗེའི་ཆོས་བདུན་དང་ལྡན་པཿ དབུས་སུ་རྣམ་པར་ཤེས་པའི་རྟེནཿ གསེར་གྱི་རྡོ་རྗེ་རྩེ་ལྔ་ཡིཿ ལྟེ་བར་ཧཱུྃ་གིས་མཚན་པར་བསྒོམཿ འཁོར་འདས་ཀུན་ཀྱི་དྭངས་བཅུད་བསྡུསཿ ཅིས་ཀྱང་གླག་མི་རྙེད་པ་ཡིཿ རེག་འཇོམས་རྡོ་རྗེ་འབར་བའི་ལུསཿ སྲིད་གསུམ་བརླག་པའི་མཐུ་ལྡན་གྱུརཿ ཨ་པཱ་ར་ཎ་ཙ་པཱ་ལ་སིདྷཱ་ཧུ་མ་ཕ྄ཊཿ «སྔགས་འདི་འབུམ་དུ་བཟླས་པ་ཡིསཿ» «དངོས་ཉམས་རྨི་ལམ་གང་རུང་ལཿ རང་ལུས་མེ་རུ་འབར་བ་དངཿ རྡོ་རྗེའི་རང་བཞིན་གྱུར་ནས་ཀྱང༔ ནམ་མཁར་འཕུར་ཞིང་མཁའ་ལ་འགྲོཿ རི་བྲག་ཟང་ཐལ་ཐོགས་མེད་དུཿ ནམ་མཁའ་རྒྱུ་རྣམས་གུས་ཕྱག་འཚལཿ བླ་མའི་ཞལ་མཐོང་བྱིན་གྱིས་རློབསཿ དེ་ཚེ་དངོས་གྲུབ་ཐོབ་པ་སྟེཿ ལས་ཕྲན་གང་ལའང་ཐེ་ཚོམ་མེདཿ ས་མ་ཡཿ རྒྱ་རྒྱ་རྒྱཿ འགོ་བའི་ནད་རིམས་བསྲུང་བ་ལཿ རང་གི་དྲི་ཆུ་བར་བ་དངཿ ཆུ་གཙང་བཙན་དུག་ཅུང་ཟད་བསྲེཿ »རང་ཉིད་དམ་པ་ནག་པོ་ཡིཿ ཞལ་ནས་བདུད་རྩིའི་མེ་འོད་འཕྲོསཿ སྔགས་ཆུར་བཏབ་པས་ཁྲོ་ཆུར་ཁོལཿ གང་ལ་བཏབ་པ་ལྷག་མེད་བསྲེགསཿ ནད་རིམས་བདག་པོ་བདག་མོ་བཅསཿ མཐར་བསྐྲད་དམིགས་མེད་སྦྱངས་བར་བསམཿ ཨ་ཀ་རེ་ཛྭཱ་རེ་རམ་པཱ་སོདཿ «བརྒྱ་སྟོང་བཟླས་པའི་སྔགས་ཆུ་ནིཿ ཁོང་དུ་བཏང་ངམ་བུ་གར་བཏབཿ འགོ་ནད་སྲུང་དང་ཞི་བའི་མཆོགཿ འདུ་བ་རླུང་ལས་གྱུར་པ་ནིཿ »ལཾ་བྷ་དྷ་ར་ནན་སེཿ «མར་ལ་བཏབ་ཅིང་ལུས་ལ་བྱུགཿ མཁྲིས་པར་གྱུར་པའི་རིགས་རྣམས་ལཿ» ཨ་ས་པཱཾ་ལ་དྷ་ཧྲཱིཿ« སྲན་ཕྱེར་བཏབ་ཅིང་ལྟོར་བཏང་སེལཿ བད་ཀན་རིགས་སུ་གྱུར་རྣམས་ལཿ »ཕི་ལ་ཕི་ནི་ཀུམ་བྷ་ཡེཿ «ཅོང་ཞི་ལ་བཏབ་ལྟོར་བྱིན་སེལཿ ཚ་བའི་རིགས་སུ་གཏོགས་པ་ལཿ མེ་ལོང་དངས་མར་ཧ་བཏབ་ཅིང་ཿ མཚལ་གྱིས་རཱ་ཡིག་དགུ་བྲིས་ལཿ »བཾ་ཡ་ཧོཿ«ཞེས་བརྗོད་ཆུ་ཡིས་དལ་གྱིས་བཀྲུཿ ལན་བདུན་དག་གིས་སེལ་བར་ངེསཿ གྲང་བའི་ནད་ལ་གཞོང་པའི་མཐིལཿ འོ་མས་བཾཿལྔ་བྲི་བྱས་ལཿ» རཾ་ཡཾ་ཤིག་ཤིགཿ «ཚ་ཆུར་བཏབ་ཅིང་རབ་དུ་བྱུགཿ མེ་ཉིར་བསྲོས་པས་སེལ་བར་ངེསཿ མིག་གི་དབང་པོ་གསལ་བའི་ཐབསཿ» ཧུ་ཡ་ཧུ་དུ་ཀི་ལི་མི་ལི་ཙཀྵུ་ཕི་ཡ་ས་ལ་ལཿ «ལྕགས་ནག་གཡའ་ཡི་ཁུུ་བ་དངཿ ཨ་རུ་འཇིགས་མེད་གུར་གུམ་གསུམཿ ཆུ་གཙང་ལ་སྦྱར་མིག་བྱུག་ནཿ མྱུར་དུ་གྲོལ་བར་ཐེ་ཚོམ་མེདཿ རྣ་བ་རླུང་གིས་འོན་པ་ནཿ» ཁུ་ཡ་ཨུ་མ་ན་ལ་སང་སངཿ «མར་དང་ཛ་ཏི་བསྲེས་པར་བཏབཿ རྣ་བར་བླུགས་པས་སེལ་བར་ངེསཿ ལྕེ་ཡི་དབང་པོར་ནད་བྱུང་ནཿ »བྷི་ཥ་ཨ་ཤུ་ཙ་ཝ་ཊ་ས་ལཿ« རྒྱ་ཚ་ལྕེ་འབིག་ཆུར་བཏབ་བཏངཿ བེར་རྒ་ལུས་ཚད་ཁའི་ཐད་དུཿ མེ་བཙའ་བཏབ་ན་སེལ་བར་ངེསཿ སྣ་ལ་སྲིན་གྱི་ནད་བྱུང་ནཿ »ཤྲྀ་བྲཾ་མུ་རི་བྲཾ་རུ་རུ་སོད་སོདཿ «ཤ་ཚིལ་ཐང་ཕྲོམ་བསྲེས་བྱས་ལཿ སྔགས་འདི་ནུས་ལྡན་བཏབ་བྱས་ལཿ བྱུག་ཅིང་ཤུག་པའི་བྱང་བུ་ནིཿ སྣ་ཡི་ཚད་ཙམ་དྲི་མ་བྱུགཿ རླུང་བདུན་འབུད་ཅིང་རྩེ་མོ་ཡིཿ གཡས་གཡོན་མཚལ་གྱིས་རཾཿགཉིས་བྲིསཿ» ཀུམ་བྷ་ཀུམ་བྷ་ཧོཿ «ཉེར་གཅིག་སྔགས་བཏབ་མེ་ཡིས་བསྲེགསཿ སོ་ལ་ཚ་གྲང་ནད་བྱུང་ནཿ» བི་ཙུ་ཀུ་ལུ་ཕི་ལ་ཕི་ཧེ་ཨརྦ་སྭཱ་ཧཱཿ «ཚ་ཆུར་བཏབ་ཅིང་ཁ་བཤལ་ལཿ དྲི་ཁུས་སྲིན་འབུམ་གོ་དགུ་བཟོསཿ ཁྱི་དམར་དག་ལ་བྱིན་པས་སེལཿ སྙིང་ལ་རླུང་ནད་ཞུགས་པ་ནཿ ཆུ་དཀར་དག་གིས་ལུས་བཀྲུས་ཤིངཿ སྤྲེའུའི་མགོ་ཅན་གླུད་བརྒྱ་བྱཿ ཟས་སྣ་དང་ནི་ཤ་དུམ་རེཿ བཞག་ཅིང་ནད་པའི་མདུན་དུ་བཀོདཿ རང་ཉིད་དམ་པ་ནག་པོར་བསྐྱེདཿ» ཀྱཻཿ སྐྱེ་འགྲོའི་སྲོག་ལ་རྔམ་པ་ཡིཿ ཕོ་གདོན་མོ་གདོན་འགོང་པོའི་རིགསཿ བསྲུང་བྱ་འདི་དང་ཁྱོད་གཉིས་པོཿ སྔོན་གྱི་ལས་ཀྱིས་འབྲེལ་སྲིད་ཀྱངཿ གདོན་གཟུགས་གླུད་གཏོར་འདི་ཡིས་དབྱེཿ འཕྲལ་རྐྱེན་དྲག་པོ་འཁོར་ན་ཡང་ཿ གདོན་གཟུགས་གླུད་གཏོར་འདི་ཡིས་དབྱེཿ བགོ་བར་བྱེད་པ་གོས་ཀྱི་རྐྱེནཿ ལོངས་སུ་སྤྱོད་པ་ཟས་སྐོམ་རྐྱེནཿ བདག་ཏུ་བཟུང་བ་ནོར་རྫས་རྐྱེནཿ མཐུན་ཞིང་འགྲོགས་པ་གྲོགས་ཀྱི་རྐྱེནཿ གོ་མཚོན་ཡོ་བྱད་སྣ་ཚོགས་རྐྱེནཿ ལ་སོགས་རྐྱེན་ལས་བྱུང་བ་ཡིཿ སྙིང་ལ་རླུང་དུ་འཇུག་པའི་ནདཿ གདོན་གཟུགས་གླུད་གཏོར་འདི་ཡིས་དབྱེཿ སྨྱོ་ཞིང་འབོགས་པ་རྒྱལ་པོའི་ནདཿ དགོད་ཅིང་འཕྱོ་བ་མ་མོའི་ནདཿ རྨོངས་ཤིང་འཐིབས་པ་བདུད་ཀྱི་ནདཿ སྡུག་བསྔལ་ངུ་འབོད་སྨན་སྲིན་ནདཿ གློ་བུར་གྲིར་གསོད་ཤི་འདྲེའི་ནདཿ གདོན་གཟུགས་གླུད་གཏོར་འདི་ཡིས་དབྱེཿ ནད་ཀྱི་བདག་པོ་ནད་ལོངས་ཤིགཿ གདོན་གྱི་བདག་པོ་གདོན་ལོངས་ཤིགཿ དུག་གི་བདག་པོ་དུག་ལོངས་ཤིགཿ ཕྱིན་ཆད་འཁོར་བར་མ་བྱེད་ཅིགཿ ནཱ་ཤ་ལ་འདུ་ན་འདུ་ན་སེང་སེང་ཕྱེས་ཕྱེསཿ «སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ཤིངཿ དར་དམར་གཡབ་ཀྱིས་དོར་བྱའོཿ ལན་རེ་བཞིན་དུ་གླུད་རེ་བསྐོརཿ རྫོགས་ནས་འདྲེ་བདུད་ཕྱོགས་སུ་བསྐྱལཿ རང་གི་དྲི་ཆུ་བར་པ་དངཿ འབྲུ་བཅུད་ཛ་ཏིའི་ཁུ་བ་བཅསཿ »ཙིཏྟ་ཀུ་ལ་ཨ་ཤུ་པཱ་ཧུ་ལ་མ་ཀུམ་བྷ་ཀུམ་བྷ་སྭཱ་ཧཱཿ «སྔགས་འདི་བརྒྱ་སྟོང་བཏབ་བྱས་ལཿ ཐོ་རངས་དུས་སུ་ལྟོར་བཏང་ཞིངཿ ཙིཏྟ་འོད་ཀྱི་དྲྭ་བས་བཅིངཿ ྅྅྅རྒྱ་སྣག་ཁྲག་ཆེན་བསྲེས་པས་བྲིཿ ཁོང་དུ་བཏང་ན་ངེས་པར་སེལཿ གློ་བའི་ནད་ཀྱིས་ཟིན་པ་ནཿ »ཨ་ཀ་ཌ་ཏུ་ཏྲི་མ་ཧུ་ཤུདྡྷེ་ཛྭ་ར་དྲོང་དྲོང་ས་ལ་སུཿ «འོ་མར་སྔགས་ཀྱིས་ནུས་ལྡན་བཏབཿ» རང་ཉིད་དམ་པའི་ཞལ་ནས་འོདཿ དཀར་དམར་སྨན་གྱི་རང་བཞིན་བྱུངཿ རྫས་ལ་ཐིམ་ཞིང་ཁོལ་བར་བསམཿ« ཁོང་དུ་ལན་གྲ་མང་བཏང་ཞིངཿ མེ་ལོང་དག་ལ་ཁྱི་དམར་གཟུགསཿ བྲིས་ཤིང»་ ཨ་ཙ་ཏྲི་ཕྱེས་ཕྱེསཿ «བཟླས་ཤིང་ཧུ་ཡིས་སྐབས་སུ་གདབཿ ཐ་མར་རྒྱུན་འབབ་ཆུ་ཡིས་བཀྲུསཿ ངར་མི་དམར་པོ་ནུབ་ཕྱོགས་བསྐྱལཿ ཟས་བཅུད་བསྟེན་པས་སེལ་བར་ངེསཿ ཟས་ཀྱི་དུག་རིགས་གང་ལ་ཡངཿ» ཨརྦ་བི་ཥི་སི་ལ་སུ་བི་ཨུ་རུ་བྷ་ཝཱ་སེང་སེངཿ «སྔགས་འདི་ནུས་ལྡན་བཟླས་བྱས་ལཿ ཨ་རུའམ་ནི་འོམ་བུ་དངཿ ཤུག་པའི་ཁུ་བར་དྲི་ཆུ་བསྲེསཿ» རང་ཉིད་དམ་པ་ནག་པོ་ཡིཿ ཞལ་ནས་བྱིན་རླབས་འོད་དམར་བྱུངཿ བསྲུང་བྱའི་ལུས་ཀྱི་ནང་ཁོང་སོངཿ དུག་རིགས་ལས་བྱུང་ནད་རྣམས་ཀུནཿ བ་མོར་ཉི་ཟེར་ཕོག་བཞིན་ཞུཿ ཤྭ་འུད་ཇི་བཞིན་འོག་སྒོ་ནསཿ ཕྱི་དེད་ལུས་ཀུན་སྨན་བཅུད་ཀྱིསཿ གང་ཞིང་བདེ་བ་མཆོག་ལྡན་བསམཿ «སྔགས་ཆུ་ཁོང་དུ་བཏང་བྱས་ལཿ ཡུངས་ཀར་ཡུངས་ནག་བྲབ་པས་སེལཿ མཁལ་མས་གཙོར་གྱུར་སྣོད་ཀྱི་ནདཿ» ཨུ་ཏྲི་ར་ཧ་ལ་དྷུ་རུ་སུ་རུ་ཕེ་ཕེ་མུ་ལ་ཧོཿ «སྔགས་འདི་བརྒྱ་སྟོང་བཟླས་བྱས་ལཿ »དམ་པའི་སྐུ་ལས་མེའི་ཚྭ་ཚཱཿ འཕྲོ་ཞིང་ནད་པའི་ནང་རོལ་བསྲེགསཿ ལྕགས་བསྲེགས་ལྟ་བུར་ལུས་འགྱུར་ཞིངཿ ཁོག་སྨད་བ་སྤུའི་བུ་ག་ནསཿ དུག་རླངས་རྣམ་པར་ཕྱིར་ཐོན་བསམཿ «ཆུ་དཀར་ཐབ་སར་སྔགས་བཏབ་ལཿ ལྟོར་བཏང་ངེས་པར་སེལ་བར་འགྱུརཿ ཆུ་སེར་ནད་རིགས་གང་ལ་ཡངཿ» ཨ་པ་ར་ཙི་ཊ་ཛྭ་རེ་ཙི་མུན་ཏྲ་ཀུ་རཾ་ཀུ་རཾ་ས་ལ་སྭཱ་ཧཱཿ« སྔགས་འདི་ནུས་ལྡན་དག་ཏུ་བཟླཿ བཙན་དུག་མི་རུས་ཕྱེ་མ་དངཿ ཀླུ་བདུད་རྡོ་རྗེ་གསུམ་ལ་བཏབཿ མར་དང་བསྲེ་ཞིང་ལུས་ལ་བྱུགཿ འོ་མར་བཏབ་ཅིང་ལྟོ་རུ་བཏངཿ ལ་བཅོས་བྱས་ན་ངེས་པར་སེལཿ ལུས་ལ་སྐྲངས་བའི་ནད་བྱུང་ནཿ» ཀཱ་པ་ལ་པུ་རུ་མུ་ཁ་ཨརྦད་སོདཿ «པི་ལིང་དུད་རལ་མར་རྙིང་བསྲེཿ སྔགས་བཏབ་བྱུག་པས་སེལ་བར་ངེསཿ རྨ་དང་ཤུ་བ་གང་ལ་ཡངཿ »ཨ་ཀ་ཙེ་པྲ་མུ་ལ་བག་ཙེ་བག་ཆོདཿ «ཐར་ནུ་དུད་རལ་འབྲི་མོག་གསུམཿ མར་རྙིང་བསྲེ་ཞིང་སྔགས་བཏབ་བྱུགཿ མྱུར་དུ་སེལ་བར་ཐེ་ཚོམ་མེདཿ མེས་ཚིག་རྨ་ལ་སྔགས་འདི་བཏབཿ »ནེ་རཾ་སོདཿ པཾ་སི་ལ་སུ་མུ་སུ་མུ་ཧོཿ «རྟ་ཡི་ཕྲུ་མ་རྙིང་བ་དངཿ གླ་རྩི་ཆུར་སྦྱར་སྔགས་བཏབ་བྱུགཿ ཁོང་དུ་བཏང་ན་སེལ་བར་ངེསཿ ས་བདག་གཉན་རིགས་གང་ལ་ཡངཿ» ཨ་རྦད་སོདཿ ཀ་ལ་སོདཿ ར་མ་སོདཿ ཆུ་མ་ཏི་སོདཿ མེ་དཔལ་སིབ་སིབ་ཞི་ཞི་མལ་སྭཱ་ཧཱཿ «འདི་ཉིད་གང་ལ་ཐེ་ཚོམ་མེདཿ དུས་ངན་སྟོབས་ཀྱིས་བྱུང་བ་ཡིཿ གྲེ་ཐོག་ནད་ཀྱིས་ཐེབས་པ་ལཿ ཐོག་མར་ལུས་བཀྲུས་ཁུ་བ་ཡིསཿ ངར་མི་སྤྲུལ་མགོ་བརྒྱ་བྱས་ལཿ ཆང་བུ་ཏིང་ལོའང་དེ་ཡི་གྲངསཿ ནད་པའི་སྐྲ་སེན་དྲི་མ་བསྲེཿ »རཾ་ཡཾ་ཁཾཿ གདོན་གཟུགས་གླུད་གཏོར་ནད་བདག་དངོས་སུ་གྱུརཿ ཨ་ཀ་ལ་མྲྀ་ཏ་ཧོཿ« ཉི་ཤུ་རྩ་གཅིག་བགྲངས་བྱས་ལཿ» ཧོཿ དམ་སྲི་ཐེའུ་རང་ནད་ཀྱི་བདག་པོ་བདག་མོ་ཁ་ཆེ་མིག་འབུར་མགྲིན་པ་ཕྲ་བ་ཡན་ལག་རགས་ཤིང་ཟས་ལ་རྔམ་ཡང་ཟ་བདག་མེད་པར་སྐྱེ་འགྲོ་ཡོངས་ལ་གནོད་པའི་བསམ་སྦྱོར་སྣ་ཚོགས་བརྩོན་ཞིང་དུག་དང་ནད་ཀྱི་སྣ་འདྲེན་པ་ལུས་རིད་ཅིང་ཉམ་ཐག་གཟུགས་ཅན་བུ་ལོན་དང་ལན་ཆགས་ཀྱི་དབང་གིས་སྲོག་ལ་རྔམས་པའི་རང་གཟུགས་གླུད་གཏོར་འདི་གདོན་གྱི་གདོན་ཆེན་ཟ་བྱེད་ཁྱུང་རྒོད་འབར་བའི་ཚོགས་ལ་སྦྱིན་ནོཿ བསྔོའོཿ ཞལ་དུ་བསྟབ་བོཿ ཀླུ་སྲིན་གདུག་པ་ནད་ཀྱི་བདགཿ བདུད་ཀྱི་བདུད་དགྲ་མྱུར་མགྱོགས་དཔལཿ ཁྱུང་རྒོད་འབར་བའི་ཞལ་དུ་བསྟབཿ ནད་གདོན་བགེགས་ལས་གྲོལ་བར་མཛོདཿ ཨ་ཀ་ཙེ་ཁྱུང་རམ་ཕུ་ཕུ་ཁ་རཾ་ཁཱ་ཧིཿ «གླུད་རྣམས་རེ་རེ་ནས་བསྔོ་ཞིང་ཆུ་ཆེན་འགྲམ་དུ་དོར་བར་བྱཿ» ཨ་ཊ་ཀ་ལ་པྲ་མ་ན་ས་སྲིན་ཕུ་ལ་ཨ་རྦད་སོདཿ« ཁྱུང་ལྔ་ཆང་དང་དྲི་ཆུར་སྦྱརཿ དྲག་པོའི་སྔགས་འདི་ནུས་ལྡན་བཏབཿ» དམ་པའི་ཞལ་ནས་མེ་དཔུང་འཕྲོསཿ ནད་པའི་ལུས་ལ་ཕོག་པ་ཡིསཿ ནད་བདག་འབུ་སྲིན་ཀུན་བསྲེགས་ཤིངཿ བསྲུང་བྱའི་ལུས་ཀུན་མེ་རུ་འབརཿ ནད་གདོན་གཞོབ་ཐུལ་བསྲེགས་པར་བསྒོམཿ «ལས་ཀྱི་རྣམ་སྨིན་མ་གཏོགས་པཿ འདི་ཡིས་ཐུབ་པར་ཐེ་ཚོམ་མེདཿ ཁོག་པར་སྐྲན་གྱི་ནད་བྱུང་ནཿ» ཀ་ཏ་ཙ་པཱ་རུ་ལ་རུ་ཁུ་འབིག་འབིག་ཨུར་མུ་ཞི་ཞི་མལ་མལཿ «མེ་ལོང་དག་ལ་སྔགས་བཏབ་ལཿ མེ་ལ་བསྲོ་ཞིང་སྐྲན་སྟེང་བྱུགཿ རྒྱ་ཚྭ་ཅོང་ཞི་དྲི་ཆུར་སྦྱརཿ ཁོང་དུ་བཏང་ཞིང་ཟ་ཡིག་སྦྱིནཿ ྅྅྅སྨན་གྱི་བླ་མའི་གཟུང་བཟླས་སེལཿ ཚེ་ཟད་ལས་གྱུར་མ་གཏོགས་པའིཿ གློ་བུར་དམུ་ཆུའི་ནད་བྱུང་ནཿ» ཁི་ཊ་པཱ་ལ་ཨ་སུ་མེཿ «སྔགས་འདི་བརྒྱ་སྟོང་བཏབ་བྱས་ལཿ ཐོག་མར་སྤོས་དཀར་དུད་པས་བདུགཿ ལུས་ལ་སྐྲང་བ་ཅུང་ཟད་འབྱུངཿ བ་དམར་སེང་ལྡེང་ཁཎྜ་དངཿ ཕྱེ་དང་བཅས་པར་སྔགས་བཏབ་བྱུགཿ སྐྲང་ཞི་ཨ་རུ་ལྕུམ་རྩ་དངཿ རྒྱ་ཚྭ་ཐར་ནུ་ཕྱེ་མར་འཐགཿ ཆུ་ཁོལ་སྦྱར་བ་སྔགས་གོང་བཏབཿ ལྟོར་བཏང་ཁོང་ཆུ་ཀུན་བཤལ་ཚེཿ ཟས་དང་སྤྱོད་ལམ་གཟབ་བྱས་ལཿ ར་འོ་ལི་ཤི་དང་སྦྱར་བརཿ» ཀུ་ཊ་མ་ཧུ་ཏ་ཨ་ཧུ་སྭཱ་ཧཱཿ «བཏབ་ཅིང་ཁོང་དུ་བཏང་བ་ཡིསཿ རྐྱེན་ལས་གྱུར་བ་སེལ་བར་ངེསཿ དུས་ངན་སྙིགས་མའི་འགྲོ་བ་ལཿ སྨན་དཔྱད་རིམ་གྲོས་ཕན་དཀའ་བས༔ གློ་བུར་ཧུར་ཐུམ་འབྱུང་བའི་ནདཿ གཉན་ནད་ཧུར་བ་ཞེས་ཀྱང་བྱཿ འགོ་བའི་ནད་ཀྱི་རིགས་སུའང་གཏོགསཿ མ་མོ་རྒྱལ་གཉན་གནོད་པའི་རྐྱེནཿ སྨོན་ལམ་ལོག་པའི་དམ་སྲི་ཡིསཿ སར་གནས་བྱང་ཆུབ་སེམས་དཔའ་འགའིཿ སྲོག་ལ་ཧུར་ཐུམ་བྱས་པའི་མཐརཿ ཁོ་ཉིད་གཉན་དང་བསྔོངས་གྱུར་ནསཿ དེ་ཡིས་འགྲོ་བ་འགའ་འགའ་མནརཿ དེ་ལ་ཕན་པའི་གདམས་པ་ནིཿ ཐོག་རང་མར་བསྲུང་བསྒོམ་བཟླས་བྱཿ ནད་པའི་དྲི་ཁུ་དག་ལ་ནིཿ མི་ནག་མགོ་དགུའི་གཟུགས་བྱས་ལཿ» ཕཊཿ རང་ཉིད་དམ་པ་ནག་པོ་ནིཿ རི་རབ་ཙམ་དུ་གྱུར་པ་ཡིཿ སྐུ་ལས་མེ་ཡི་ཚ་ཚ་འཕྲོསཿ ནད་གདོན་ལུས་དང་བཅས་པ་བསྲེགསཿ ཐུགས་ཀའི་འོད་ཟེར་འཕྲོས་པ་ཡིསཿ ས་བདག་ཀླུ་གཉན་ཀུན་བསྡུས་ཤིངཿ གྲིབ་གླུད་རྟེན་དང་གཉིས་མེད་བསྟིམཿ ཟ་ཁ་དགྲ་བོའི་ཡུལ་དུ་གཏོདཿ གནམ་ལྕགས་བྱ་ཁྱུང་དམག་ཚོགས་དངཿ མེ་ཡི་ཚ་ཚས་དེད་པར་བསམཿ ཀ་ལ་ཡཀྴ་བྱེར་བྱེར་ཁུ་ལ་ཁུ་ཧེ་ཨེ་བྷྱོ་ཛ་བྷྱོཿ« བཟླ་ཞིང་ནུབ་ཀྱི་ཕྱོགས་སུ་བསྐྱལཿ ཕ་ཝཾ་ལོང་བུའི་ཕྱེ་མ་དངཿ བཙན་དུག་འཛིན་པ་དྲི་ཆུར་སྦྱརཿ» ཁྲོ་གྷར་ཎ་ཨ་ཊ་ཧ་ཏ་སུ་ཀ་ལ་ཕྱེས་ཕྱེས་བཾ་ཧ་རཾ་ཛྭ་ལ་རཾཿ «སྔགས་འདི་བཟླས་ཤིང་རྫས་ལ་བཏབཿ ཁོང་དུ་བཏང་བས་ཟུག་རྔུ་ཆགཿ རྣག་ཁྲག་བརྡོལ་ཞིང་བདེ་ཉམས་འབྱུངཿ» བཱི་ཙ་བི་མུ་ལེ་སཾ་ཀ་ར་ཧོཿ «སྔགས་འདི་གུ་གུལ་ནག་པོར་བཏབཿ ཡང་ཡང་བདུག་པས་ནད་མཇུག་སེལཿ ཡུངས་ཀར་འབྲུ་བདུན་དག་ལ་བཏབཿ ཐོ་རང་ལན་གསུམ་ཁོང་དུ་བཏངཿ རྗེས་གཅོད་གདམས་པ་ཟབ་མོའོཿ ཏིང་འཛིན་སྔགས་ནུས་ལྡན་པ་ཡིསཿ ཐེང་ཆོག་དམ་པ་འདི་ཁོ་ནཿ འབྲུམ་ནད་སྲུང་བར་བྱེད་པ་ལཿ» ཀུ་ཀུ་ཧུ་ཡ་ཙི་ ན་སུ་ཙི་རཾ་ཤིག་རཾ་རྦདཿ «དུང་དང་སྲན་མ་འབྲུ་བདུན་ལཿ སྔགས་འདི་ནུས་ལྡན་འདེབས་བྱས་ཏེཿ ྅྅྅ཟ་ཡིག་བྱིན་པས་ངེས་པར་ཐུབཿ ཨ་ཙར་དམ་པ་ནག་པོ་ལཿ མཁའ་འགྲོ་ཞི་བ་འོད་ལྡན་མསཿ གནང་བའི་གཞན་ཕན་ཞི་བྱེད་ཀྱིཿ འཕྲུལ་དཔྱད་དཀར་པོའི་རིམ་པ་འདིཿ ལྕགས་སྒྲོམ་བརྡ་རིས་དགོངས་པའི་དོནཿ འཁྲུལ་མེད་གསལ་པར་བྱས་པའོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གུ་ཧྱཿ ཨྱྃཿ བདག་ཉིད་དམ་པ་ནག་པོ་ཡིཿ སྣ་ཚོགས་འཕྲུལ་དཔྱད་ཁྲ་བོ་ནིཿ རྟེན་འབྲེལ་ཐབས་ལ་མཁས་པ་ཡིཿ རྣལ་འབྱོར་པ་ཡི་ཁྱད་ནོར་ཏེཿ ཟོལ་ཟོག་མཁན་གྱི་སྤྱོད་ཡུལ་མིནཿ བྱང་ཆུབ་སེམས་ཀྱིས་རྒྱུད་བསླངས་ཏེཿ བླ་མར་མོས་གུས་རྩེ་གཅིག་ལྡནཿ སྟོང་ཉིད་སྙིང་རྗེ་དབྱེར་མེད་ངངཿ རྣལ་འབྱོར་གྲུབ་རྟགས་ལྡན་གྱུར་ནཿ ཀུན་ཀྱིས་འདུད་ཅིང་དཔའ་ཞུམ་མོཿ »བདག་ཉིད་དམ་པ་ནག་པོ་ནིཿ ལྗགས་དམར་རྡོ་རྗེ་རྩེ་གསུམ་པཿ ལྟེ་བར་ཨཾ་དམར་གྱིས་མཚན་པཿ གཟི་བརྗིད་ལྡན་བ་གོང་ལྟར་བསྐྱེདཿ སྣ་ཚོགས་སྤྲུལ་སྒྱུར་མཁའ་འགྲོ་ནིཿ གང་ཡང་ཐོགས་མེད་དཔའ་ངར་ལྡནཿ སེངྒེ་སྔོན་མོའི་ཚུལ་ཉིད་དུཿ གཏུམ་ཆེན་འབར་མ་ཟ་བྱེད་མཿ ལུས་དང་གྲིབ་བཞིན་འབྲལ་མེད་འགྲོགསཿ གསལ་གདབ་སྟོང་ཆེན་བདེ་བའི་ངངཿ ཨ་ཧྲཱི་ཧཱུྃཿ «འབུམ་ཕྲག་གྲངས་ཀྱི་བསྙེན་པ་སྟེཿ ཞལ་མཐོང་བདུད་རྩི་གནང་བ་དངཿ རང་ཉིད་དམ་པ་ཉིད་དུ་སྣངཿ མཁའ་ལ་འཕུར་ཞིང་ཉི་ཟླ་གཉིསཿ གདན་དུ་བཏིང་ཞིང་རི་རབ་རྩེརཿ གར་བྱེད་འོད་ལུས་གྱུར་པ་སོགསཿ འགྲུབ་པར་རྟགས་མཚན་མཐོང་བ་སྟེཿ ལས་ཀུན་འགྲུབ་པར་ཐེ་ཚོམ་མེདཿ རང་ཉིད་ཚེ་བསྲིང་གདམས་པ་ནིཿ» རང་ཉིད་གསེར་གྱི་རྡོ་རྗེར་བསྒོམཿ ལྟེ་བར་ཉི་ཟླའི་གའུའི་དབུསཿ ཧྲཱིཿ ཡིག་སྲོག་གི་མདོག་མཐུན་པཿ རིང་ཆ་ཚེགས་དྲག་བཅས་པ་གསལཿ སྣང་སྲིད་འཁོར་འདས་དྭངས་བཅུད་ཀུནཿ འོད་ཞུ་ཉི་ཟླའི་གྭའུའི་དབུསཿ སྲོག་གི་ཡི་གེ་དག་ལ་ཐིམཿ གའུ་དྭངས་མ་ལྔ་ཡིས་ཁེངསཿ རྡོ་རྗེ་ཐུགས་སྲོག་དང་བཅས་ལཿ བཀྲག་མདངས་གཟི་བརྗིད་རབ་རྒྱས་ནསཿ རྩ་གསུམ་རྒྱལ་བ་རབ་འབྱམས་དངཿ དྲང་སྲོང་རིག་འཛིན་མཁའ་འགྲོ་མཿ རྡོ་རྗེའི་སྐུ་བརྙེས་བདེན་ཚིག་གྲུབཿ ཤོག་སྐྱ་རླུང་གིས་བསྐྱོད་བཞིན་བྱོནཿ རང་ལུས་རྡོ་རྗེར་སིབ་སིབ་ཐིམཿ ཆོས་བདུན་དང་ལྡན་གང་ལ་ཡངཿ ཐོགས་པ་མེད་པའི་རྩལ་ལྡན་གྱུརཿ ཧྲཱིཿ «ཡིག་འབུམ་ཕྲག་བཟླས་བྱེད་ཅིངཿ ཉམ་ཐག་འགྲོ་ལ་སྦྱིན་པ་དངཿ ཉེས་མེད་སྲོག་བསླུ་བྱས་པས་འགྲུབཿ དམིགས་བྱར་གྱུར་པའི་ཚེ་བསྲིང་ནཿ ཧྲཱིཿཡིག་ཁོག་པར་བསྒྲུབ་བྱ་གསལཿ མཆོག་སྟེ་ཐུན་མོང་དག་ལ་ཡང་ཿ རྡོ་རྗེའི་ལྟེ་བར་ཕལ་བ་ལཿ རྡོ་རྗེ་ལས་བྱུང་འོད་ཟེར་གྱིསཿ ཚེ་སྲོག་ཡར་བརྐུས་འཕྲོག་པ་བསྡུསཿ དྭངས་མ་བཅུད་དུ་དྲིལ་བས་འགྲུབཿ སྙིང་པོ་ཡིད་ཀྱིས་བཟླས་པ་མཆོགཿ» ཧྲཱིཿ ཨ་ཡུར་ནྲྀ་བྷཱུྃཿ «བརྒྱ་རྩ་བཟླས་ཤིང་དམིགས་གནད་ཀྱིཿ སྲོག་གི་གྲོགས་གྱུར་མདོག་མཚུངས་པའིཿ སྲད་བུར་རྡོ་རྗེའི་མདུད་གསུམ་བོརཿ མགུལ་དུ་བཏགས་པས་བར་ཆད་སེལཿ ཟད་པའང་ཟླ་བ་གསུམ་དུ་བསྲིངཿ རང་གཞན་ཚེ་འཕེལ་གདམས་པ་མཆོགཿ ཤིན་ཏུ་ཟབ་ཅིང་ནུས་པར་ལྡནཿ ས་མ་ཡཱཿ» «ཕ་རོལ་བྱད་ཕུར་བསྲུང་བ་ནིཿ »རང་ལུས་རྡོ་རྗེ་སྔོན་པོར་བསྒོམཿ ལྟེ་བར་མཆོང་ལྕགས་ཧཱུྃ་མཐིང་གསལཿ རྡོ་རྗེ་མེ་ཡི་ཚྭ་ཚྭ་འཕྲོསཿ བྱད་མའི་བསམ་སྦྱོར་ངན་པ་བསྲེགསཿ ར་ལུག་སེར་བས་དེད་པ་བཞིནཿ ཁོ་ཡི་ལྷ་སྲུང་གཟིར་བ་ཡིསཿ རང་གཤེད་རང་དུ་དབབ་པར་བསམཿ ཨཱཿཧཱུྃ་ཨཱཿཕཊ་ནྲྀ་ཏྲི་ཤ་ཏྲུན་བྷྱོ་བྷྱོ་ཟློག་ཟློགཿ «བསྲུང་བྱ་རྡོ་རྗེའི་ལྟེ་བར་ཚུདཿ སྲིད་ཞིའི་སྟོབས་རྩལ་ནུས་བཅུད་ཀུནཿ འོད་ཀྱི་རྡོ་རྗེ་རྡུལ་ཕྲ་རབཿ རྣམ་པར་བསྡུས་ཤིང་རང་ལུས་དངཿ བསྲུང་བྱའི་ལུས་ལ་གོ་ཁྲབ་ཀྱིཿ རྣམ་པར་གྱུར་པས་བགོས་པ་ཡིསཿ ཅིས་ཀྱང་གླག་མི་རྙེད་པར་གྱུརཿ »ཧཱུྃ་བཛྲ་རཀྵ་ཧོཿ «སྲད་བུ་མཐིང་གར་རྡོ་རྗེ་ཡིཿ མདུད་པ་དགུ་བོར་སྔགས་སྟོང་བཏབཿ མགུལ་དུ་བཏགས་ན་བྱད་བསྲུང་མཆོགཿ གནམ་ལྕགས་ཐོག་སྲུང་ཟབ་མོ་ནིཿ» གནམ་ལྕགས་རྡོ་རྗེ་རྩེ་དགུ་བའིཿ ལྟེ་བར་དམ་པ་ནག་པོ་བཞུགསཿ ཡར་གྱི་རྭ་རྩེ་ཁྱུང་ནག་དགུཿ མར་གྱི་རྭ་རྩེ་སྡིག་ནག་དགུཿ ཆང་ཟུང་མེ་ཡི་འཁོར་ལོ་ནིཿ གཡོན་འཁོར་མེ་སྟག་འཕྲོ་བར་བསྒོམཿ ས་གཞི་གཡུ་ཡི་གྲོད་པར་བསྒོམཿ ཐོག་སེར་བདག་པོ་རྡོ་རྗེ་ཡིཿ མར་རྩེའི་སྡིག་ནག་ཁ་བར་ཚུདཿ རྡོ་རྗེའི་ཆར་དང་སེང་གེའི་དམགཿ སེར་བའི་གདོང་དུ་བརྒྱབ་པ་ཡིསཿ རྩ་ཕུང་མེ་ལ་བསྲེག་བཞིན་བསྲེགསཿ ཨ་རྦད་དུ་ནཱ་ག་ཙ་མུ་ཏྲི་ཕྱེས་ཕྱེས་གཏོར་གཏོར་རཾ་ཤིགཿ« ཡུངས་ཀར་དག་ལ་སྔགས་འདི་བཏབཿ སེར་བའི་གདོང་དུ་གཏོར་བར་བྱཿ འདི་ཡིས་ངེས་པར་བཟློག་གྱུར་ཅིངཿ སྡེ་བརྒྱད་གནད་ལ་འབེབ་པའོཿ སེར་བསྲུང་ཕྲན་བུ་དག་ལ་ནིཿ» རང་ཉིད་དམ་པ་ནག་པོའི་སྐུཿ རི་རབ་ཙམ་དུ་གྱུར་པ་ཡིཿ ཕྱག་གཡས་རླུང་གི་འཁོར་ལོ་ཡིསཿ སྡེ་བརྒྱད་བཅིང་ཞིང་ཐོག་སེར་ཀུནཿ ཡུལ་གཞན་དག་ཏུ་ཁ་གཏད་ཅིངཿ རང་འདྲ་དཔག་ཏུ་མེད་པ་ཡིསཿ ཧཱུྃ་ཕཊ་གད་རྒྱང་རབ་ཏུ་སྒྲོགསཿ སྡེ་བརྒྱད་ཐོག་དང་སེར་བའི་བདགཿ སྔངས་ཤིང་ཕྱག་འཚལ་བྲོ་བོར་ནསཿ མཛུབ་རྩེར་འོད་ཀྱི་བྱ་དཀར་འཕྲོསཿ དེ་ཡི་རྗེས་སུ་ཁྱི་བཞིན་དུཿ ཁྲིད་ཅིང་འདོད་དོན་སྒྲུབ་པར་དམིགསཿ ཨ་ཡ་མ་དུ་རུ་ཙ་ཤ་ན་སྙིང་གཟིར་ཙིཏྟ་འདུས་རུ་ལུ་རུ་ཥི་ཨ་རྦད་རྒྱུགཿ «སྔགས་འདི་བཟླས་པས་སེར་ལས་འགྲུབཿ གློ་བུར་དགྲ་ལ་ཐོག་སེར་འབེབསཿ གཞི་བདག་མཐོང་བའི་རི་རྩེར་ཕྱིནཿ ཁྱི་སྤྱང་བྲུན་གྱི་ཆུ་བསྐོལ་ལཿ རང་ཉིད་དམ་པ་ནག་པོར་བསྐྱེདཿ དམིགས་པས་ཡུལ་མི་དེ་དག་གིཿ སྡེ་བརྒྱད་ཡུལ་དུ་རྫས་ངན་གཏོརཿ ས་བདག་ཀླུ་གཉན་ཀུན་དཀྲུགས་ཅིངཿ» དམ་པའི་ཐུགས་ལས་འོད་ནག་པོཿ ས་བདག་ཟོ་དོར་ལ་ཕོག་པསཿ སྐད་ཅིག་ཉིད་ལ་ཐོག་སེར་གཡོཿ དམིགས་པའི་ཡུལ་དུ་གྱུར་པ་ཀུནཿ ཐལ་བ་རྡུལ་དུ་བརླག་པར་དམིགསཿ ཨ་ཀྲོ་ཨ་ཧུ་གཞོབ་ཐུལ་ཐུལཿ «ཞེས་བཟླས་ཆུ་བསྐོལ་མེ་ནང་གཏོརཿ »ནཱ་ག་དུ་དུ་སེ་ན་ཏ་ཀུ་ཊ་ཕྱུར་ཕྱུར་ཧུ་རུ་ཕི་ཕིཿ «བཟླ་ཞིང་མཆོང་རྒྱུག་སྣ་ཚོགས་བྱཿ འཕྲལ་དུ་སེར་བ་འབེབ་གྱུར་ཅིངཿ »དམ་པའི་ཕྱག་མཛུབ་རྩེ་མོ་ནསཿ བྱ་ནག་སྐད་ངན་སྒྲོགས་པ་འཕྲོསཿ གང་ལ་དམིགས་པར་ཁྲིད་པར་བསམཿ «རྗེས་ལ་གཏང་རག་བསང་སྐྱེམས་འབུལཿ ཐོག་སེར་བསྲུང་དང་འབེབས་པ་ཡིཿ གདམས་ངག་སྙིང་ལ་འཆོངས་ཤིག་གུཿ ལོ་ཐོག་འབུ་སྲིན་བསྲུང་བ་ལཿ སྲིན་བུའི་གནོད་པ་ཞི་བྱེད་ནིཿ »རང་ཉིད་དམ་པ་ནག་པོ་ཡིཿ ཞལ་ནས་འོད་ཟེར་མཐིང་ཀ་འཕྲོསཿ རྫས་ལ་ཐིམ་པས་མེ་འོད་འཕྲོསཿ ལྕགས་ཀྱི་བྱིས་ཆུང་རྡུལ་སྙེད་གྲངསཿ གྱུར་ནས་སྲིན་བུའི་ཚོགས་ཀུན་བྱེརཿ ལྷག་མ་ཟས་སུ་ཟོས་པར་བསྒོམཿ བཱ་ཀུ་ལ་ས་ཀི་ཙི་བྱེར་བྱེརཿ ཙིད་ཙིད་ལམ་ཐ་ལམ་བྷཿ «བྱེ་མ་དང་ནི་ཤུག་ཐལ་ལཿ སྔགས་འདི་བཏབ་པས་གཏོར་བ་ཡིསཿ འབུ་སྲིན་ཞི་ཞིང་ལོ་ལེགས་འགྱུརཿ སད་སྲུང་སྤྲིན་ཆེན་བསྡུ་བ་ནིཿ བ་གླང་འོ་མ་ཆུ་དང་བསྲེཿ ཤུག་པའི་མེ་ཡིས་རླངས་ཐོན་བསྐོལཿ སྤྲིན་ཆེན་བསྡུ་བའི་སྔགས་འདི་བཟླསཿ» ཨ་ཧུ་ལ་ཧྲི་ནཱ་ག་ན་འདུས་འདུས་ཕུ་ཕུ་ན་ཧི་ལི་མི་ལི་དུ་ན་འདུས་སྭཱ་ཧཱཿ «ཆུ་དཀར་དག་ལ་སྔགས་འདི་བཏབཿ མཁན་པས་བསང་བཏང་ཕྱོགས་ཀུན་གཏོརཿ» རང་མདུན་འོ་ཆབ་རྒྱ་མཚོའི་དབུསཿ ཀླུ་དབང་ཀླུ་ཆེན་བརྒྱད་ཀྱིས་བསྐོརཿ ཁ་ནས་སྨུག་རླངས་ཟིལ་ཆར་འབེབསཿ ཡུལ་ཕྱོགས་ཀུན་ཏུ་ཁྱབ་པ་ཡིསཿ ལོ་འབྲས་རྩི་བཅུད་ནུས་པ་རྒྱསཿ འགྲོ་བའི་གསོས་སུ་གྱུར་པར་བསམཿ «གོང་གི་སྤྲིན་ཆེན་གཟུངས་དང་ནིཿ »ཕུ་ཧི་ལི་མི་ལི་ཧོཿ« གྲངས་མེད་བཟླས་པས་ངེས་པར་འགྲུབཿ ཕག་གི་ཤ་དང་སྒོག་གཙོང་འཛེམཿ ཆར་པ་འབེབས་པར་བྱེད་འདོད་ནཿ མར་གྱིས་སྦལ་སྤྲུལ་གཟུགས་བཅོས་ལཿ འཁར་གཞོང་འོ་ཆབ་ནང་དུ་བཞགཿ »ནཱ་ག་དུ་ན་ཧི་ལི་མི་ལི་ཧི་འདུས་འདུས་ཆར་ཆར་ཨ་ཧུ་བྷ་ཡེ་ཧུ་ཧོཿ «བརྒྱ་སྟོང་བཟླས་ཤིང་ཕུ་བཏབ་སྟེཿ ཀླུ་དབང་སྤྲུལ་པའི་ཕོ་ཉར་བསམཿ ཆུ་མིག་གམ་ནི་ཆུ་ཆེན་བགྲམཿ ཡང་ན་མཚོ་ཡི་ཁུགས་པ་རུཿ »ཕུ་ལེ་ཧོཿ ཀླུ་ཆེན་དགའ་བོ་འཇོག་པོ་དངཿ ཉེར་དགའ་ལ་སོགས་ཀླུ་ཆེན་བརྒྱདཿ དཀར་གསུམ་མངར་གསུམ་ཀླུ་སྨན་དངཿ བཤོས་བུ་འབྲུ་སྣ་འོ་ཆབ་སྐྱེམསཿ འབུལ་ལོ་དགྱེས་པ་ཡོངས་སྐོངས་ནསཿ ཡུལ་ཁམས་སྤྱི་དང་ཁྱད་པར་དུཿ ཡུལ་འདིའི་འབྲུ་བཅུད་སྤེལ་བའི་ཕྱིརཿ བདུད་རྩི་ཆར་གྱི་དངོས་གྲུབ་སྩོལཿ ཀླུ་རྒྱལ་དགྱེས་པའི་ཁ་རླངས་ལསཿ ས་ཆ་ཡུལ་རིས་འབྱུང་བ་ལྔའིཿ བཅུད་འཕེལ་འབྲུ་ནོར་ལོངས་སྤྱོད་རྒྱསཿ བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོགཿ «བརྗོད་ཅིང་བྱང་ཆུབ་སེམས་མཆོག་གིསཿ བསྐྱར་ན་ཆར་པའི་དངོས་གྲུབ་ཐོབཿ ཡང་ན་གོང་གི་སྔགས་དེ་ཉིདཿ བརྒྱ་རྩ་བརྒྱད་དུ་བཟླས་བྱས་ལཿ རང་གི་ལག་པ་གཡས་གཡོན་བཏབཿ ལག་པ་སྦལ་སྦྲུལ་བཅུ་རུ་བསྒོམཿ ཆུ་སྟེང་ཀླུ་ཡི་ཡུལ་དུ་སོངཿ བདེ་བ་བསྐྱེད་བསམ་ལག་པ་བགྲུསཿ མྱུར་དུ་ཆར་པའི་དངོས་གྲུབ་འབྱུངཿ ས་གསོ་ཆར་འབེབས་གདམ་པའོཿ བྱི་བས་ལོ་ཏོག་གནོད་པ་ལཿ བྱི་ལ་ནག་པོའི་བྲུན་གྱི་ཆུཿ ཕྱེ་མ་དག་ལ་རབ་བསྔགས་ཤིངཿ »པུ་ར་ལི་ཙི་སྭིར་ཙི་ཤུ་ཨ་ཤུ་མེ་ཞི་མར་ཧུར་ཧུར་ཕྱེས་ཕྱེས་གཏོར་གཏོརཿ «བརྒྱ་སྟོང་བཟླ་ཞིང་ནུས་ལྡན་སྔགསཿ གང་དུ་འོང་བའི་སར་གཏོར་ཞིངཿ ཞིང་གི་མཐའ་སྐོར་ར་ཤུག་གིཿ དུད་བས་རབ་ཏུ་བདུག་བྱས་ནཿ ཡུལ་དེར་ཆགས་པར་མི་འགྱུར་རོཿ ཁ་ཆར་གཅོད་པའི་གདམ་པ་ནིཿ བག་ཟན་དག་ལ་སྤལ་པ་བཅའཿ »ནཱ་ག་རཱ་ཛ་ཕུ་ལ་ཁུགཿ« ཅེས་བྲིས་ལྟོ་རུ་གཞུག་བྱས་ལཿ རྫ་ཡི་སྣོད་བཞག་ཀླུ་བདུད་བཀུགཿ »རང་ཉིད་ཨ་ཙར་ནག་པོར་བསྒོམཿ ལག་གཡས་མེ་ཡི་འཁོར་ལོ་འཛིནཿ དེ་ལས་མེ་ཁྱུང་ཚོགས་འཕྲོས་པསཿ ཆར་བདག་ཀླུ་གཉན་ས་བདག་ཀུནཿ དཔག་ཚད་རྒྱང་གྲགས་ལམ་དུ་བྱེརཿ ནམ་མཁའ་མེ་ཁྱུང་དམར་པོས་གངཿ ཁ་རླངས་ན་བུན་བསྲེག་པར་བསམཿ རཾ་རཾ་ཤིག་ཤིག་མེ་འབར་ནཱ་ག་ཕྱེས་ཕྱེས་གཏོར་གཏོར་ག་རུ་ཊ་ཛྭ་ལ་རཾ་ཕུ་མི་ཕུ་ལ་མི་ཏི་རཾ་ཤིག་ཛྭ་ལ་རིཿ« སྔགས་འདི་བཟླ་ཞིང་ཚྭ་རམ་པརཿ བཏབ་ཅིང་མེ་ལ་བསྲེགས་པ་དངཿ དར་དམར་རྩིད་དམར་ལ་སོགས་པརཿ བཏབ་ནས་གཡབ་ཅིང་དམིགས་པས་གཅུནཿ ཁ་ཆར་གང་ལའང་ཐོགས་པ་མེདཿ ཡང་གཅིག་ཨ་ཙར་གདམ་པ་ནིཿ »ནཱ་ག་ནི་ཕུ་ཕུ་ཙིཏྟ་དུང་དུངཿ «ལྷྭམ་སྒྲོག་མདུད་པ་གསུམ་པོར་ལཿ སྔགས་འདི་བརྒྱ་རྩ་བརྒྱད་བྱས་ཏེཿ ཆར་བདག་སྦྲུལ་ནག་མགོ་དགུར་བསམཿ ལྷྭམ་གཡོན་ནང་བཙུད་མལ་འོག་བཞགཿ རང་ཉིད་མེ་དཔུང་འབར་བར་བསྒོམཿ ཉལ་བས་སྤྲིན་བྱེར་ཉི་འོད་རྒྱསཿ བཀྲོལ་ཚེ་ལྷྭམ་ཆིངས་མདུད་པ་བཤིགཿ ཆུ་ཡི་འགྲམ་ཕྱིན་ལན་གསུམ་དཀྲུགཿ ཀླུ་སྦྲུལ་རང་གནས་སོང་བར་བསམཿ འདི་ནི་ཟབ་པའི་གདམས་པའོཿ ལྟོ་འགྲོས་་སོ་བཏབ་དུག་བྱུང་ནཿ »ཨ་ཀ་ཙ་ནཱ་ག་དུ་ན་བི་ཥི་ཕྱེས་ཕྱེས་ཤཱིནྟཾ་སྭཱ་ཧཱཿ «གླ་རྩི་བཏབ་ཅིང་བྱུག་པའོཿ ཡང་ན་མཆེ་བར་བཏབ་ཅིང་བྱུགཿ ཕྲལ་དུ་སེལ་བར་ཐེ་ཚོམ་མེདཿ ལྟོ་འགྲོ་སྲུང་བར་བྱེད་པ་ལཿ ཆུ་ཆེན་འགྲམ་གྱི་བྱེ་ནག་ལཿ དུད་རལ་ཆུ་ཡིས་ངར་བཏབ་ཅིངཿ» ཨ་ཀུ་ཙི་ར་ཁ་ཐཾ་རཱེ་ཀུ་ལ་བྷེ་བྷེ་འཐུམ་བྱེར་ཅིགཿ «སྔགས་འདི་བཏབ་ཅིང་གཏོར་བས་ནཿ ཡུལ་དེར་འཁོར་བར་མི་འགྱུར་རོཿ ཡང་གཅིག་དམིགས་པ་བརྟན་པ་ཡིསཿ »རང་ཉིད་ཀླུ་སྦྲུལ་ཟས་ཟ་བའིཿ ལྕགས་བསྲེགས་ཕག་མོ་མགོ་དགུ་པཿ ཁ་ནས་ཀླུ་དུག་མེ་འོད་འཕྲོསཿ ཀླུ་སྦྲུལ་སྔངས་སྐྲག་དྲན་པ་ཉམསཿ བྲོས་ཤིང་འཁོར་ས་མེད་པར་བསམཿ ལ་ཧུ་ཙི་ཏྲ་སོདཿ« ཆ་ཤས་བཟླས་ཤིང་དམིགས་པ་བྱཿ ར་གསུར་བྱས་པས་ཐུབ་པར་ངེསཿ ས་མ་ཡཿ ཡང་གཅིག་རྣལ་འབྱོར་གདམ་པ་ལཿ བྷནྡྟ་ཚད་ལྡན་སྐྱོན་བྲལ་བཿ དུམ་བུ་ལྔ་པ་མན་ཆད་ཀྱིཿ ནང་དུ་»ཨོཾ་བྷཱུཾ་པུཥྟཾཿ «མཚལ་ལམ་ཙནྡན་གང་རུང་བྲིསཿ རྩི་མར་ཅུང་ཟད་བྱུག་བྱས་ལཿ» རང་ཉིད་དམ་པ་རྒྱ་གར་བཿ ཕྱག་གཡས་སེང་ལྡེང་ཌཱ་རུ་འཁྲོལཿ གཡོན་པས་ཡིད་བཞིན་ནོར་བུ་བསྣམསཿ མདུན་དུ་ལྷ་མོ་དཔལ་འབར་མཿ སྐུ་མདོག་བཙོ་མ་གསེར་གྱི་མདོགཿ རིན་པོ་ཆེ་ཡི་རྒྱན་ཆ་སྤྲསཿ ཕྱག་ན་བདུད་རྩིའི་ཐོད་པ་བསྣམསཿ རྩ་གསུམ་རྒྱལ་བ་རབ་འབྱམས་མཆོདཿ སླར་ཡང་ཐུགས་ཀའི་འོད་ཟེར་གྱིསཿ སྲིད་ཞིའི་དཔལ་ཡོན་ཀུན་བསྡུས་ནསཿ ཐོད་པ་ནང་ཁེངས་བཅུད་དུ་དྲིལཿ བདག་ལ་དངོས་གྲུབ་གནང་བ་ཡིསཿ ལྷ་ཀླུ་གནོད་སྦྱིན་ཚོགས་ཀུན་གྱིསཿ ཡིད་བཞིན་ནོར་བུ་ཆར་དུ་ཕབཿ ཟས་ནོར་ལོངས་སྤྱོད་འདོད་དགུ་ཡིསཿ གནས་ཁང་མེར་མེར་ཁྲིག་ཁྲིག་གང་ཿ མཆོད་སྤྱིན་འདོད་དགུའི་དཔལ་འབར་བསམཿ ཨོཾ་ཨ་པ་ར་ཎ་པུཎྱེ་མ་ཎི་རཏྣ་བསྡུས་བསྡུས་སུ་བྷ་ཝ་པིུཥྟཾ་ཀུ་རུ་ཧོཿ «དམིགས་གནད་དང་བཅས་བཟླས་པ་ཡིསཿ མཁའ་ལ་འཇའ་ཚོན་སྤྲིན་འཁྲིགས་དངཿ མེ་ཏོག་ཆར་འབབ་མཁའ་འགྲོ་འདུཿ རིན་ཆེན་གླིང་དུ་ཕྱིན་པ་སོགསཿ རྟགས་མཐོང་ཚེ་ན་འགྲུབ་པ་སྟེཿ སྐབས་སུ་ཐོད་པ་སྔགས་བྱིན་རླབསཿ དེ་ཉིད་འབྲལ་མེད་བཅང་བ་ནཿ འཛམ་བྷ་ལ་ཡི་དཔལ་ཡོན་ལྡནཿ ཡང་གཅིག་དབང་ཐང་རྒྱས་འདོད་ནཿ མར་གྱི་ཁྱེའུ་ཆུང་ཚོན་གང་བའིཿ ྅྅྅ཙནྡན་དཀར་པོའི་ཁུ་བས་བྲིསཿ གཞུག་ཅིང་འོ་ཆབ་ནང་དུ་བཞགཿ» པུ་རི་པུ་ཏྲ་ལ་ཛི་མི་ཀུ་རུ་སི་ལི་སི་ཧེ་པུཥྟིཾཧོཿ རང་ཉིད་དམ་པ་ནག་པོ་ཡིཿ ཐུགས་ལས་འོད་ཟེར་སྣ་ལྔ་འཕྲོསཿ སུམ་ཅུ་རྩ་གསུམ་ལྷ་གནས་ནསཿ ཁྱེའུ་ཆུང་གི་ལྷ་བཀུག་པསཿ རྫས་ལ་ཐིམ་པས་འོད་དུ་འབརཿ གདོན་དང་གནོད་པས་གླག་མི་རྙེདཿ བསོད་ནམས་དབང་ཐང་རྒྱས་པར་བསམཿ «ཤེལ་དུང་རིན་ཆེན་མཚོན་རྙེད་དང་ཿ གངས་རིར་འཛེགས་སོགས་རྟགས་མཐོང་ངོ་ཿ དེ་ཚེ་མར་གཟུགས་བསྲུང་བྱ་མོསཿ མིད་ཅིང་སྔགས་ཆུ་ཕོ་ཡིས་བཏུངཿ ཚོགས་བསགས་དང་ནི་སྦྱིན་པར་འབདཿ མྱུར་དུ་རྟགས་མཚན་མཐོང་བར་ངེསཿ ཆོ་རིགས་ཕོ་རུ་སྒྱུར་འདོད་ནཿ དུང་གི་ཁུུ་བ་དབང་ལག་སྦྱརཿ ྅྅྅ཐོ་རངས་དུས་སུ་ཟླ་གཅིག་བསྟེནཿ »ཕ་ཧུ་ལ་མུ་ཊཿ« རེ་རེ་སྔགས་འདི་ཉེར་གཅིག་བཏབཿ ངེས་པར་འགྱུར་བར་ཐེ་ཚོམ་མེདཿ ཞོ་ཆང་ལད་པ་བཅོས་འདོད་ནཿ མཁར་གོང་དཀར་པོ་སྐྱོན་མེད་ལཿ» མ་ཀོ་ལ་ཞིལ་ཞིལཿ «སྔགས་འདི་བརྒྱ་སྟོང་ལ་སོགས་བཏབཿ མེར་བསྲེགས་ཞོ་ཚང་རང་རང་ལཿ »སུ་ལ་སུ་ཡ་ཨ་ཀུ་བི་ཀུ་མེ་ལ་ཧོཿ ཧུ་ལ་ཧུ་ཨ་མྲྀ་ཏ་བྷ་ཝ་པིུཥྟཾ་ང་མ་རུ་ཧོཿ «ཞེས་བཏབ་ནང་དུ་གཞུག་པ་ཡིསཿ རོ་མངར་ནུས་པ་ལྡན་པར་འགྱུརཿ ཁྱིམ་དུ་ལྟོག་འགོང་བསེ་རག་ཞུགསཿ འབྲུ་ནག་སྦྲང་ཕྱེ་གོ་ཐལ་བསྲེསཿ མི་ནག་གླ་ནག་ཞོན་པ་ལཿ ཁ་ན་འཇག་མའི་སྤུ་གུ་ཐོགསཿ ལག་ན་ལན་ཆགས་ཕྱགས་མ་འཛིནཿ ཟས་ངན་ལྷག་མ་ཤ་རུས་སྤངཿ རེ་བ་གོས་ཧྲལ་གོ་ཐལ་དངཿ ར་འོ་བསྲེས་པའི་ལན་ཆགས་བརྒྱཿ ཟན་ཆང་རམ་པ་བཅས་བསྡུས་བཤམསཿ »ར་ར་མ་ལ་ཁུ་ཡ་ཁུ་ཡེ་ཨུ་ཤུ་མུཿ «སྟོང་བཟླས་རྡོ་ཐུན་དག་ལ་བསྔགསཿ» ཀྱཻཿ འདི་ནས་བྱང་གི་ཕྱོགསཿ ཐེའུ་རང་འདུ་བའི་གནསཿ མུན་པ་གླིང་དགུ་ནསཿ ལྟོག་འགོང་བསེ་རག་རྗེཿ བསོད་ནམས་དམན་ལ་གནསཿ ཟས་ནོར་བཅུད་ལ་རྔམསཿ དཀོར་ཆ་ལོངས་སྤྱོད་ལཿ བླ་ཡིད་གཅིག་ཏུ་འདྲེསཿ འཛད་པ་མེད་པ་ཡིཿ སྦྱིན་པ་འདི་ཁྱེར་ལཿ སྡང་བྱེད་དགྲ་བོའི་ཡུལཿ ཡང་ན་རང་གནས་སོངཿ གནས་འདིར་འཁོར་གྱུར་ནཿ སྟེང་ནས་རྡོ་ཆར་འབེབཿ འོག་ནས་ཁྲོ་ཆུར་ཁོལཿ བར་ན་མེ་འབར་བསཿ ལུས་སེམས་སྲེག་པར་བྱེདཿ རིམ་པ་དགུ་ཡི་འོགཿ དམྱལ་གནས་ལྕགས་མཁར་ནངཿ སྡུག་བསྔལ་ཉམས་སུ་མྱོངཿ དེ་བས་མྱུར་དུ་དེངསཿ «ཞེས་བརྗོད་ཐབ་ལ་གཡོན་དུ་བསྐོརཿ ཕྱེ་བསང་དག་གིས་སྣ་དྲང་ཞིངཿ གོམ་པ་བརྒྱ་ཡི་ཕ་མཐའ་ནསཿ ལམ་ཆེན་སྲང་མདོ་དག་ཏུ་བསྐྱལཿ ཁྱིམ་གྱི་ཕྱི་ནང་ཐམས་ཅད་དུཿ རྡོ་ཐུན་དང་ནི་ཚེར་ལྕག་བྲབཿ དྲག་པོའི་ཤིང་གི་དུད་པས་བདུགཿ སླར་ཡང་འོ་ཆབ་གཏོར་བྱེད་ཅིངཿ» ཀྱཻཿ དབང་ཐང་ལོངས་སྤྱོད་སྤེལ་མར་ལཿ ཚེ་ཡི་ལྷ་མོ་མདའ་དར་འཛིནཿ བསོད་ནམས་རྒྱས་མཛད་ནོར་བུ་བསྣམསཿ ནོར་གཏེར་ལྷ་མོ་བུམ་བ་བསྣམསཿ བཅུད་འཕེལ་ལྷ་མོ་ནོར་གཞོང་ཐོགསཿ ལྷ་ཆབ་གཙང་མས་སྐུ་ཁྲུས་གསོལཿ བཀྲག་མདངས་གཟི་བརྗིད་ནུས་པ་སྐྱེདཿ བསོད་ནམས་རྒྱས་ཤིང་དབང་ཐང་འཕེལཿ ཚེ་བསྲིང་དཔལ་སྐྱེད་ཟས་བཅུད་ལྡནཿ མཐོ་རིས་ཡོན་ཏན་བདུན་ལྡན་ཤོགཿ ཤཱིནྟཾ་ཀུ་རུ་ཧོཿ མ་ཀུ་ལ་བྷྲཱུྃཿ «འབྲུ་དཀར་གཏོར་ཞིང་བཀྲ་ཤིས་བརྗོདཿ དཀྱིལ་གྱི་ཀ་བ་ནོར་བུའི་དབུསཿ »ཨ་ཧུ་ཡེཿ «བྲིས་ཤིང་དར་དམར་བལ་ཚོན་བརྒྱནཿ ཁྱིམ་ལ་ནོར་གཡང་འཕེལ་བར་འགྱུརཿ གཞན་སྣང་ཟིལ་གྱིས་གནོན་འདོད་ནཿ མཚལ་དང་ལི་ཁྲི་ཙནྡན་དམརཿ ཞིབ་བཏུལ་དཔྲལ་བར་ཐིག་ལེ་བྱཿ གླང་སྣ་གི་ཝཾ་སིནྡྷུ་རཿ ཁབ་ལེན་གོང་གི་རྫས་གསུམ་བསྲེཿ» རང་ཉིད་ཨ་ཙར་དམར་ནག་མདོགཿ ཕྱག་གཡས་ལྕགས་ཀྱུ་འོད་འབར་བཿ གཡོན་པས་འཕྲུལ་གྱི་ཞགས་པ་བསྣམསཿ ལྟེ་བར་རིག་བྱེད་ལྷ་མོ་ནིཿ དམར་གསལ་ཞི་མ་ཁྲོའི་རྣམ་པཿ ཤིན་ཏུ་ཆགས་པའི་ཉམས་དང་ལྡནཿ ཨུཏྤ་ལ་ཡི་མདའ་གཞུ་འགེངསཿ བདག་དང་ལྷ་མོའི་ཐུགས་ཀ་ནསཿ འོད་ཟེར་བ་ཐག་འཛིངས་བཞིན་འཕྲོསཿ ཁམས་གསུམ་ལྟ་འདྲེ་མི་གསུམ་ཀུནཿ སྦུབས་ཆུས་དྲངས་བཞིན་མདུན་དུ་བཀུགཿ དགའ་ཞིང་ཆགས་པའི་སེམས་ཀྱིས་མྱོསཿ དད་གུས་གདུང་བས་ཕྱག་འཚལ་ཞིངཿ མདུན་དུ་འགྱེལ་བ་འོད་དུ་ཞུཿ གནས་ནས་དྲངས་ཏེ་ལྟེ་བ་རུཿ དབང་པོའི་ཚེ་སྲོག་བླ་ཡིད་བསྡུསཿ རང་དང་ཆོས་ཉིད་གཅིག་ཏུ་བསྲེཿ ཨཱ་པ་ར་ཎ་ཀུ་རུ་ཀུལླེ་ཨརྣྲྀ་ཏྲི་ཙིཏྟ་དུང་དུང་ལོ་ཀ་ཝ་ཤཾ་ཀུ་རུ་ཧྲཱིཿ «ཏིང་འཛིན་དམིགས་པའི་འཕྲུལ་འཁོར་གྱིསཿ རེ་འགའ་སྔགས་བཟླས་རྫས་ལའང་བཏབཿ རེ་འགའ་སྣ་ཚོགས་སྤྱོད་པ་བྱེདཿ ཞལ་ཤེས་གནད་དང་ལྡན་གྱུར་ནཿ ཁམས་གསུམ་འགུག་པར་ཐེ་ཚོམ་མེདཿ དམིགས་བྱ་དག་ལ་སྨོས་ཅི་དགོསཿ རྫས་ཉིད་གཏོར་རམ་ལྟོར་བཏང་བསཿ མྱུར་དུ་སྣང་སེམས་གཡེང་ཞིང་འགུགཿ འདི་ནི་གསང་བའི་གདམ་པའོཿ དཀར་དམར་སྔགས་བྱང་བྲིས་པ་ལཿ རྫས་ལྡན་དཀྱིལ་འཁོར་དབུས་སུ་བཀོདཿ མཐོང་ཚད་འགུགས་ཤིང་ཆུ་རུ་སྦྱང་ཿ མྱོང་ཚད་འགུགས་པར་བྱེད་པའོཿ ལྷ་འདྲེ་དུག་ཅན་གནས་པའི་སརཿ སྐྱེར་པའི་ཕུར་པ་ཁྲུ་གང་བ༔ མཚལ་གྱིས་བྱུག་ཅིང་སྔགས་བཏབ་ལཿ» ཕུར་པ་ལས་བྱུང་འོད་ཟེར་གྱིསཿ ལྷ་འདྲེ་ཀུན་ཀྱི་སྙིང་ནས་དྲངསཿ མདུན་དུ་བཀུག་ཅིང་འགྱེལ་བ་ཡིཿ སྲོག་གི་སྙིང་པོ་ཚུར་དྲངས་ཏེཿ ཞབས་ཀྱི་འོག་ཏུ་མནན་པ་ཡིསཿ དཔའ་ཞུམ་དད་ཅིང་གུས་པར་འདུདཿ སླར་ཡང་ཕུར་པ་ལས་བྱུང་བའིཿ འོད་ཀྱིས་ཁོ་ཡི་བག་ཆགས་སྦྱངསཿ བདག་གི་དམ་ལ་གནས་པར་བསམཿ ཏྲི་ཏྲི་ཀ་པཱ་ལ་ལོ་ཀ་མུ་ཀ་ཙིཏྟ་ཝ་ཤིང་བསྡུས་བསྡུས་སྟྭཾ་བྷ་ཡ་ཀུ་རུ་ཧོཿ« ནག་ཕྱོགས་དབང་དུ་འདུ་བར་འགྱུརཿ དགྲ་རྣམས་གློ་བུར་དབང་སྡུད་ནཿ ཟངས་སམ་སེང་ལྡེང་ཕུར་བུ་ནིཿ དབལ་ཟླུམ་སོར་གསུམ་པ་ཞིག་བཅོསཿ པད་རཀ་སིནྡྷུ་ར་བྱུག་ལཿ »རང་ཉིད་དམ་པ་ནག་པོ་དངཿ ཕུར་པ་དབང་སྒྱུར་མཁའ་འགྲོ་མཿ གཡས་པས་ལྕགས་ཀྱུ་གཡོན་རླུང་ཞགསཿ སྐུ་སྨད་ཕུར་བུ་སྦུབས་དབལ་ཅནཿ དེ་ལས་བྱུང་བའི་འོད་ཟེར་གྱིསཿ སྲིད་ཞིའི་དབང་གི་ནུས་པ་བསྡུསཿ དེ་ལས་རང་འདྲ་གྲངས་མེད་འཕྲོསཿ དམིགས་པའི་དགྲར་གྱུར་ཕོ་མོ་ཀུནཿ སྙིང་དང་མཚན་མར་དབལ་སོ་བཏབཿ བླ་ཡིད་ཚེ་བསོད་བཅུད་དུ་དྲངསཿ ཐ་མར་ལུས་ངག་ཡིད་གསུམ་ཀུནཿ ཞི་ཞིང་སྦུབས་ཆུས་དྲངས་པའི་མཐརཿ ཐམས་ཅད་ཚུར་འདུས་རང་ལ་ཐིམཿ དབང་མེད་གཏན་པ་ཕྲལ་བ་རུཿ ཁོ་ཡི་འགོ་བའི་ལྷ་སྲུང་བཅསཿ དཔའ་ཞུམ་སྡང་བའི་སེམས་ཞི་ཞིངཿ སྔངས་སྐྲག་དབང་དུ་འདུ་བར་བསམཿ ཨེ་ཝར་མ་ཨུ་མ་ཧེ་ནྲི་ཨ་མུ་ཀ་ཙིཏྟ་དུང་དུང་ཧུ་མ་ཧུ་མ་ཝ་ཤཾ་ཀུ་རུ་བསྡུས་བསྡུསཿ «ཞེས་བཟླས་ཕུར་བུར་སྔགས་བཏབ་ཅིངཿ དམིགས་པའི་ཕྱོགས་སམ་དངོས་སུ་ཡངཿ མ་མཐོང་བ་རུ་བརྡེག་ཚུལ་བྱཿ འདི་ནི་ཤིན་ཏུ་ཟབ་ཅིང་རྣོཿ རྨི་ལམ་གསལ་བར་བྱེད་པའི་ཐབསཿ »དཔྲལ་བར་ཟླ་བའི་དཀྱིལ་འཁོར་དབུསཿ ཨཱཿདཀར་རང་མདོག་དང་ལྡན་དམིགསཿ དེ་ལས་བྱུང་བའི་འོད་ཟེར་གྱིསཿ སྲིད་པ་གསུམ་པོ་དུས་གཅིག་གསལཿ ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱིཿ སེམས་ཀྱི་རྟོག་པ་ཀུན་གསལ་ལོཿ ཨ་ཧུ་ཡེ་ཙེཀྱུ་ཕྱེསཿ «ཐོག་མར་འབུམ་ཕྲག་བཟླས་པའི་མཐརཿ ལས་སྦྱོར་ཉལ་ཁར་བརྒྱ་ཚར་བཟླསཿ ཨཱཿཉིད་བགྲངས་ཤིང་དམིགས་པ་གཏདཿ ཐོག་མར་རྨི་ལམ་མངོན་ཤེས་འཆརཿ ཐ་མར་ཉམས་སྣང་དངོས་སུ་གསལཿ ལུས་ལ་ཤེས་པ་གསལ་འདོད་ནཿ» ལྟེ་བར་འོད་དམར་ཐིག་ལེའི་དབུསཿ རཾ་ཡིག་ཚ་དབལ་ལྡན་པར་བསམཿ དུང་ཁང་ནང་དུ་ཟླ་དཀྱིལ་ལཿ ཧཾ་ཡིག་དཀར་གསལ་བཀྲག་མདངས་ལྡནཿ རཾ་ལས་འོད་འབྱུང་ཧཾ་ལ་ཕོགཿ ཧཾ་ལས་བདུད་རྩིའི་རྒྱུན་བབ་པསཿ རྩ་གནས་མེར་གྱིས་གང་བར་དམིགསཿ རཾ་ཨཱ་ཧཾཿ «སྔགས་འདི་དངོས་སམ་ཡིད་ཀྱིས་བཟླཿ རང་ལུས་འོད་ཀྱི་རང་བཞིན་ལཿ གར་བསྒྱུར་བར་སྣང་རྒྱུ་བར་དམིགསཿ ཉམས་རྟོགས་གསལ་ཞིང་བདེ་བ་འཕེལཿ རང་ངམ་གཞན་གྱི་རླུང་རྟ་བསྐྱེདཿ ཀུན་ཀྱིས་བརྩེ་ཞིང་བྱམས་འདོད་ནཿ རླུང་རྟའི་ཁམས་དང་མཐུན་པ་ཡིཿ མདོག་ལྡན་ངོས་སུ་རྟ་མཆོག་བྲིཿ སྟེང་དུ་ནོར་བུ་འབར་བ་དངཿ རྨིག་བཞིར་རླུང་དཀྱིལ་ཡཾ་གིས་མཚནཿ དེ་ལ་སྔགས་འདི་བརྒྱ་རྩ་བརྒྱདཿ བཟླ་ཞིང་རབ་གནས་ལྡན་པར་བྱཿ» ཨི་ས་ཡེ་ཡེ་ཁ་ཁེ་པཱ་བ་ལ་ཁུ་མ་ཡེ་ཨུ་སེང་སེངཿ «བཅུ་གསུམ་མམ་ནི་ལོ་ཡི་གྲངསཿ བརྒྱ་རྩ་བརྒྱད་སོགས་རི་དབང་རྩེརཿ འཇུག་ཅིང་ཆུ་མིག་གསུམ་གྱི་ཆུསཿ ལུས་བཀྲུས་ངར་གླུད་བརྒྱ་རྩ་བྱཿ» ཨོཾ་ཨཱཿཧཱུཾཿ འབྲུ་བཅུད་ངར་གྱི་གླུདཿ བསོད་ནམས་རླུང་རྟ་ལཿ བར་དུ་གཅོད་བྱེད་པའིཿ ལྷན་ཅིག་སྐྱེས་པའི་བདུདཿ ཕ་མའི་རྒབ་འདྲེ་ཡིཿ ཚོགས་དང་བཅས་ལ་སྦྱིནཿ ངོམས་ཤིང་ཚིམ་གྱིས་ལཿ དམིགས་པའི་ཡུལ་དུ་སོངཿ སླར་ཡང་འཁོར་གྱུར་ནཿ ཡེ་ཤེས་མེ་ཡིས་བསྲེགསཿ ར་ཏྲི་བྷིགྷནཿ སམ་བྷ་ར་སམ་བྷ་ཡེཿ «རེ་རེ་བཞིན་དུ་བསྔོས་བྱས་ལཿ བདུད་ཀྱི་ཕྱོགས་སུ་གཏོར་བར་བྱཿ འགོ་ཞིང་ལྷན་ཅིག་སྐྱེས་པའི་ལྷཿ དུང་གི་རྟ་དཀར་མི་དཀར་ཅནཿ གཡས་སུ་བསྐོར་ཞིང་འཁོར་བར་བསམཿ རླུང་རྟ་དཔལ་བསྐྱེད་གདམས་པའོཿ རྩོད་པ་དག་ལས་རྒྱལ་འདོད་ནཿ »རང་ཉིད་དམ་པ་ནག་པོ་ཉིདཿ གནས་འགྱུར་འཕྲུལ་གྱི་རྒྱལ་པོ་ནིཿ མི་དཀར་དུང་གི་ལྭ་ཐོད་ཅནཿ ལྕེ་ནི་རལ་གྲིའི་རྣམ་པ་ལཿ སྟེང་དུ་ཧི་ཡིག་སེར་པོ་ལསཿ འོད་འཕྲོས་སྨྲ་བའི་དབང་ཕྱུག་གིཿ གསུང་གི་ནུས་པ་ཀུན་བསྡུས་བསམཿ ཐུགས་ཀར་རྡོ་རྗེ་གནས་པ་ལསཿ ཐ་ཡིག་མུན་པའི་མདོག་འཕྲོས་པཿ ཕ་རོལ་ལྕེ་ཡི་དབང་པོར་བབཿ མཆོད་རྟེན་མགོ་མེད་ཐུར་བསྟན་གྱུརཿ ངག་ལྐུགས་དྲན་པ་ཉམས་པར་འགྱུརཿ ཏ་ལ་ཀ་མ་ལ་བྷ་ར་ཧུ་ཧུ་ཐ་རམ་ཝཱཀྐ་ནནཿ «བརྒྱ་སྟོང་བཟླ་ཞིང་གླང་མ་ཡིཿ ཕུར་བུར་རོ་སོལ་བྱུག་བྱས་ལཿ དེ་ཉིད་ལྷྭམ་གཡོན་ནང་དུ་བསྡུསཿ རྩོད་པ་དག་ལས་རྒྱལ་བར་འགྱུརཿ སྔོན་ལས་འཕྲལ་རྐྱེན་ལས་གྱུར་པའིཿ བྱིས་སྤ་སྐྱེ་དཀའི་ནད་བྱུང་ནཿ བྱང་བུལ་ཐབ་ཀྱི་ས་དག་ལཿ »བི་ཥི་སེལ་སེལཿ ཀུ་རུ་ཨ་ཕྱེས་ཕྱེས་ཕུ་ཕུ་ཧུ་ཡེ་བྷི་མི་ཕྱུར་ཕྱུངས་ལི་འབའ་ལི་འབའ་ཧོཿ« སྔགས་འདི་བརྒྱ་སྟོང་བཟླས་བྱས་ལཿ ཁོང་དུ་བཏང་བས་འཕྲལ་དུ་འབྱིནཿ »བི་མ་སེ་སུ་རུ་ཕྱུར་ཕྱུངསཿ« རྒྱ་ཚྭར་སྔགས་བཏབ་ཁོང་དུ་བཏངཿ རོ་མ་འཕྲལ་དུ་འབྱིན་པར་འགྱུརཿ བྱིས་པར་ཆུང་སྲི་ཞུགས་པ་ལཿ སྲེ་མོང་པགས་པའི་ནང་ཉིད་དུཿ རྩྭ་ཡིས་བྱིས་པའི་གཟུགས་ཕོ་མོཿ ར་སྦུའི་སྐུད་པས་བཅིང་བྱས་ལཿ མལ་ལམ་ཁང་བའི་འོག་དག་ཏུཿ གྲུ་གསུམ་དོང་བྲུས་ནང་དུ་བཞགཿ »ཀྱེཿ ཐེའུ་རང་རིགས་སུ་གཏོགས་པ་ཡིཿ ཆུང་སྲི་ཁ་དམར་ཨུར་མོའི་རིགསཿ ཕོ་མོ་རང་རང་རིགས་ལ་སྡངཿ བྱིས་པར་ཆུང་ངུའི་སྲོག་གཅོད་ཅིངཿ གང་དུ་འཁྲུགས་པ་དེ་རུ་འཁོརཿ ཁྱོད་ནི་ལས་ངན་སྟོབས་ཆེ་བསཿ ཚེ་འདིར་གནོད་པ་སྣ་ཚོགས་བསྐྱལཿ ཕྱི་མར་ཡི་དྭགས་སྡུག་བསྔལ་མྱོངཿ དེ་བས་གནས་འདིར་མྱུར་དུ་འདུསཿ བག་ཟན་ཡུངས་ཕྱེ་རམ་པ་ཡོསཿ ར་ཡི་འོ་མ་སིང་པོའི་སྐོམཿ མི་ཟད་འདོད་ཡོན་གཏེར་ལ་སྤྱོདཿ སང་སང་སུ་ཀི་ནི་ལ་མེཿ འཐིབ་ཅིང་དབང་པོའི་སྒོ་རྣམས་འགགསཿ སེམས་ནི་བདེ་བ་བསྐྱེད་གྱུར་ཅིགཿ «བསྲུང་བྱ་མོ་ཡིས་ལན་དགུར་འགོངཿ གོང་གི་སྔགས་ཉིད་བརྒྱ་རྩ་བཟླཿ ཡེ་ཤེས་འོད་ཀྱི་དྲྭ་བས་བཅིངཿ འབྱུང་བ་བཞི་ཡིས་རྒྱས་བཏབ་པོཿ དེ་ནས་མོ་ཡི་མངལ་སྒོ་རུཿ ཐིག་དམར་རཾ་གྱིས་མཚན་པར་བསྒོམཿ ྅྅྅ཨ་རུ་ནག་ཆུང་ཙནྡན་ཆུརཿ བརྡར་བས་སྣག་གིས་བྲིས་པ་ཡིཿ ཡི་གེ་བརྒྱ་རྩ་བརྒྱད་ཉིད་དུཿ »ཨ་ཀ་ཙ་ཊ་ཏ་པ་ལ་ཨ་ཤུ་མེཿ« མར་དང་ཡི་གེ་དག་ལ་བཏབཿ ལྷན་ཅིག་ཐོ་རང་ཁོང་དུ་བཏངཿ ལྟེ་འོག་མཚལ་གྱིས་ཡིག་རྒོད་བྲིཿ ྅྅྅མཛོ་མོ་ཤིང་གི་ཕུར་བུ་ནིཿ སོར་གསུམ་པ་ལ་སྔགས་བཏབ་ཅིངཿ ཡུངས་དཀར་འབྲུ་བདུན་དང་བཅས་ཏེཿ མགུལ་དུ་བཏགས་ན་བསྲུང་བའི་མཆོགཿ བྱིས་པ་བཙས་པའི་དུས་ཀྱི་ཚེཿ མཚལ་གྱིས་ཡིག་རྒོད་སྙིང་གར་བྲིཿ འཕྲུལ་ཡིག་སྔགས་བཏབ་མ་ཡིས་ཟཿ རེ་འགའ་སྔགས་མར་བྱིས་པར་བྱུགཿ བྱིས་གདོན་གསོ་བའི་གདམས་བའོཿ ཡང་གཅིག་འཕྲུལ་གྱིས་གསོ་བ་ནིཿ ཚར་བུའི་ཤིང་བྱང་དགུ་དག་ལཿ བྱིས་པའི་གཟུགས་བྲིས་མེ་བུས་ལཿ ལོ་གྲངས་བསྐོར་ཞིང་བྱང་ཕྱོགས་སུཿ ཕ་ཝཾ་ཁེར་སྐྱེས་རྩ་བར་མནནཿ ཕ་ཡི་གདོང་པར་མཚལ་བྱུག་ལཿ ཐོ་རང་ལྷོ་ཡི་ཕྱོགས་སུ་བལྟཿ འོ་དོད་ཐང་གསུམ་འབོད་བྱེད་ཅིངཿ སྟག་ལོ་བ་ཡི་བྱིས་པ་ཡིསཿ ནུབ་ཏུ་འུར་རྡོ་དགུ་བོར་ནསཿ བྱིས་པ་གདོན་ལས་ཐར་བར་གྱུརཿ རྒྱལ་པོའི་གནོད་པའི་གྲིབ་བྱུང་ནཿ སྤྲེའུའི་པགས་པ་དངོས་སམ་ནིཿ ཡང་ན་གཟུགས་སུ་བྲིས་པ་ཡིཿ སྟེང་དུ་མཁར་གོང་དགུ་བཞག་ཅིངཿ ནད་པར་སྐྱེར་ཤུན་དུད་པས་བདུགཿ ལུས་བཀྲུས་ཁུ་བས་ངར་མི་ནིཿ སྤྲེལ་གྱི་གཟུགས་ཅན་དགུ་བྱས་ལཿ འཁོར་གོང་རེ་རེའི་རྩ་བར་བཞགཿ ནད་པའི་ལུས་ལ་རོ་སོལ་བྱུགཿ བུད་མེད་ཁ་སོ་མི་གཙང་བསཿ ལག་ནས་བྱུང་བའི་ཕྱེ་དང་ནིཿ སྤེན་མའི་དུད་པས་བདུག་བྱས་ལཿ »རང་ཉིད་དམ་པ་ནག་པོ་ནིཿ སྐུ་ལས་འོད་ཟེར་འཕྲོས་པ་ཡིསཿ བསྲུང་བྱའི་ནད་གདོན་ཀུན་བཀུག་ནསཿ མདུན་གྱི་རྫས་ལ་ཡང་ཡང་བསྟིམཿ དུ་དུ་ན་ཨ་ཤུ་རཱ་ཛ་ཁུག་ཛཿ «ཅི་ནུས་དངོས་སམ་ཡིད་ཀྱིས་བཟླཿ ནད་པ་གཡའ་ཆིལ་བྱུང་བའི་ཚེཿ མདུན་གྱི་རྫས་རྣམས་ཐམས་ཅད་ཀུནཿ དགོན་པའམ་ནི་མཆོད་རྟེན་དྲུངཿ ཡང་ན་སྲང་མདོར་བསྐྱལ་བར་བྱཿ ནད་པ་ཐང་ཆེན་དཀྱིལ་དུ་བསྙལཿ རང་ཉིད་ཞག་བདུན་ཨཱཿདམིགས་བྱཿ རྒྱལ་པོའི་གདོན་ལས་ཐར་པར་ངེསཿ བཙན་གྲིབ་སེལ་བར་བྱེད་པའངཿ ལུག་གི་པགས་པ་གཅལ་དུ་བཀྲམཿ རྡོ་དམར་ས་དམར་བྱུག་བ་བདུནཿ སིང་པོའམ་ཆུར་ཁུས་ལུས་བཀྲུས་ཤིངཿ མི་དམར་རྟ་དམར་ཞོན་པ་བདུནཿ ཁྲག་ཀོང་བདུན་དང་ཤ་ཚིལ་བསྐོརཿ »རང་ཉིད་དམ་པ་གནས་གྱུར་པསཿ ཨ་ཙར་དཀར་པོ་བེ་ཅོན་གཡསཿ གཡོན་པས་མི་རྐང་གླིང་བུ་སྒྲོགསཿ བརྟུལ་ཞུགས་ཉམས་དང་ལྡན་པ་ཡིཿ གླིང་བུའི་སྒྲ་ལས་འོད་བྱུང་ཞིང་ཿ བསྲུང་བྱར་གནོད་པའི་བཙན་རྣམས་ཀུནཿ རང་དབང་བརྟན་པ་བྲལ་བར་འདུསཿ ཙ་ཏྲི་ཧུ་ར་ཨ་ཀུ་ཤ་འདུས་འདུསཿ «བརྒྱ་སྟོང་བཟླ་ཞིང་དམིགས་པས་གཅུནཿ གླིང་བུ་དྲག་ཏུ་སྒྲོགས་བྱེད་ཅིངཿ ནད་པའི་ལུས་འདར་སེམས་འཁྲུགས་ཚེཿ བཙན་དམག་འཁོར་དང་བཅས་པ་ཀུནཿ ལུས་འདར་མགོ་བོ་འཁོར་བ་ཡིཿ རང་དབང་བརྟན་པ་བྲལ་བར་བསམཿ» ཙ་པཱ་ལ་ཧུ་ར་ཧུ་ར་ཤིག་ཤིག་ཡཾ་ཡཾ་ཕྱེས་ཕྱེསཿ «རྫས་རྣམས་མྱུར་བསྡུས་ནད་པ་ལཿ གཡོན་དུ་ལོ་གྲངས་བསྐོར་བྱས་ཤིངཿ མྱུར་བར་གནོད་པ་བྱུང་བའམཿ རི་དམར་རྩེ་རུ་བསྐྱལ་པར་བྱཿ ནད་པ་ཆུ་ཆེན་ཁ་རུ་བསྙལཿ རང་ཉིད་ཨཱཿདམིགས་ལ་གནས་ཤིངཿ སྐབས་སུ་ཆུ་ལྕག་དག་གིས་བྲབཿ བཙན་གྱི་གནོད་ལས་གྲོལ་བར་འགྱུརཿ ཀླུ་གཉན་ས་བདག་གདོན་གྱིས་ཐེབསཿ ངན་བཟློག་སྔགས་གྱིས་སེལ་འདོད་ནཿ ཆུ་སྣ་དགུ་བླང་ར་དཀར་གྱིཿ འོ་མ་ཅུང་ཟད་དག་དང་་བསྲེསཿ »ནཱ་ག་ཕུ་ལ་བྷི་ཥི་ཕྱུང་ངུ་ན་ཙ་དཱ་མི་ལི་ཧ་ཕྱེས་ཧུབ་ཕྱུངས་ཕུ་ལིང་ཧོཿ «བརྒྱ་སྟོང་ནུས་ལྡན་སྔགས་ཀྱིས་བཏབཿ ཕྱིང་དཀར་གདན་ལ་སྦལ་ལྕགས་བྲིཿ རྡོ་སྔོན་བརྒྱད་དང་བྲ་མའི་ཤིངཿ འོ་མ་མངར་གསུམ་བཏབ་པ་བཤམསཿ» རང་ཉིད་དམ་པ་གནས་གྱུར་བསཿ ཀླུ་ཡི་སེམས་དཔའ་སྟོབས་པོ་ཆེཿ སྡོ་གསང་གཡུ་ཡི་ལྭ་ཐོད་ཅནཿ གཡས་པས་བདུད་རྩིའི་བུམ་པ་དངཿ གཡོན་པ་སྨན་ཕོར་བསྣམས་པ་ཡིཿ སྐུ་ལས་བྱུང་བའི་འོད་ཟེར་གྱིསཿ ཀླུ་གཉན་ས་བདག་འཁོར་ཚོགས་བཀུགཿ རྟེན་ལ་ཡང་ཡང་བསྟིམ་པར་བསམཿ ནཱ་ག་གུ་ལ་གུ་མིཀུ་རུ་ཨཾ་ཀུ་ཤ་ཡ་འདུས་འདུསཿ «བརྒྱ་རྩ་བཟླས་ཤིང་འོ་ཆབ་ཀྱིསཿ ལུས་བཀྲུས་གླུད་གཟུགས་སྦྲུལ་མཇུག་བརྒྱདཿ སྦལ་སྤྲུལ་སྡོམ་ལྕོང་འབུ་སྲིན་གཟུགསཿ གྲངས་མེད་དང་བཅས་མཐའ་མར་བསྐོརཿ རྩ་བའི་སྔགས་བཟླས་བྱེ་མས་བྲབཿ ནད་པ་སྐྱུག་ལོག་འཐིབ་ཉམས་བྱུངཿ དེ་ཚེ་རྫས་བསྡུས་ལོ་གྲངས་བསྐོརཿ ཆུ་མིག་མཚོ་འགྲམ་ནེའུ་སེང་སོགསཿ གནོད་པ་བྱུང་བའི་གནས་སུ་བསྐྱལཿ ནད་པ་གྲམ་ཐང་ཆེན་པོར་བསྙལཿ རང་ཉིད་མི་དམིགས་ལ་གནས་ཤིངཿ སྐབས་སུ་བྱེ་ཚན་དག་གིས་བྲབཿ ངེས་པར་སེལ་བར་ཐེ་ཚོམ་མེདཿ» རང་ལུས་ཉི་ཟླའི་དཀྱིལ་འཁོར་དབུསཿ ཨཱཿཡིག་མཐིང་གསལ་གྲངས་མེད་པཿ བུང་བའི་ཚང་ཞིག་ལྟ་བུར་བསམཿ བསྲུང་བྱའི་ལུས་ལ་བརྒྱན་པ་ཡིསཿ རྩཱ་ཕུང་མེ་ཡིས་བསྲེགས་པ་བཞིནཿ སྟོང་པར་སྦྱངས་ཤིང་རྣམ་ཤེས་ཀྱིཿ ངོ་བོ་ཨཱཿདཀར་གྲངས་མེད་ཅིགཿ དེ་ཡང་མཁའ་དབྱིངས་འདྲེས་པ་ཡིསཿ སྤྲོས་བྲལ་མ་བཅོས་རྒྱུན་སྐྱོང་ངོཿ «འདི་ནི་གནད་ཀྱི་གདམས་པ་སྟེཿ ཡིད་བཞིན་ནོར་ལས་དཀོན་པའོཿ རང་གི་ཟ་ཐོད་དག་ལ་ནིཿ སིནྡྷུ་ར་ཡིས་ཏྲྃཿ བྲིས་ལཿ བ་གླང་དཀར་མཚན་ཅན་དག་གིཿ འོ་མ་མངར་གསུམ་བཏབ་པ་ཡིསཿ སུམ་གཉིས་བཀང་ཞིང་གསེར་གཡུ་དུངཿ ནང་དུ་གཞུགས་ཤིང་དར་དམར་བཀབཿ» མདུན་དུ་ཀླུ་ཡི་ཐོད་པ་ནིཿ ཡངས་ཤིང་རྒྱ་ཆེ་འོ་ཆབ་དབུསཿ ཡིད་བཞིན་ནོར་བུ་འབར་བའི་ཀློངཿ ཡིད་བཞིན་ལྷ་མོ་དཔལ་འབར་མཿ སྐུ་མདོག་བྱུ་རུ་སྣུམ་བྱུག་ལྟརཿ གཡས་པ་དབང་གི་ལྕགས་ཀྱུ་དངཿ གཡོན་པ་གཏེར་གྱི་བུམ་པ་བསྣམསཿ དར་དང་རིན་ཆེན་རུས་རྒྱན་གསོལཿ ཐུགས་ཀར་དགའ་བ་འཁྱིལ་པའི་དབུསཿ ཏྲཾ་ཡིག་གསེར་གྱི་མདོག་ཅན་གསལཿ དེ་ལས་བྱུང་བའི་འོད་ཟེར་གྱིསཿ ཞིང་བཞུགས་རྒྱལ་བའི་བྱིན་རླབས་དངཿ ཁྲོ་བོ་ཁྲོ་མོའི་མངོན་སྤྱོད་སྟོབསཿ སྲིད་གསུམ་བསོད་ནམས་ཟས་ནོར་བཅུདཿ མེར་མེར་བསྡུས་ཤིང་ལྷ་མོ་ཡིཿ སྐུ་ལ་ཐིམ་ཞིང་ཐུགས་ཀར་བསྡུསཿ ཕྲིན་ལས་རྣམ་བཞིར་རང་དབང་བསྒྱུརཿ བྱིན་རླབས་ནུས་སྟོབས་ལྡན་པར་དམིགསཿ ཨ་བཱ་ར་ཎི་དཱེ་ལི་མེལ་མེལ་ཀི་ཝི་རི་སིདྡྷི་ཀུ་རུ་ཧོཿ «དམིགས་གནད་ལྡན་པས་འབུམ་བཟླས་ནཿ ཐོད་པར་འཇའ་འོད་འཁྱིལ་བ་དངཿ བཅུད་འཕེལ་འོད་དང་དྲི་བཟང་ཁྱབཿ རྨི་ལམ་མེ་ཏོག་རིན་ཆེན་ཆརཿ འོ་མའི་རྒྱ་མཚོ་ཕྱུར་བ་དངཿ ཡིད་བཞིན་ནོར་བུ་རྙེད་པ་སོགསཿ རྟགས་མཚན་མངོན་དུ་གྱུར་པའི་ཚེཿ མཁའ་འགྲོ་འོད་ཞུ་ཐོད་པར་ཐིམཿ གསེར་མདོག་འོད་ཟེར་ལྔ་ལྡན་གྱུརཿ ནང་བཅུད་དངོས་གྲུབ་ཚུལ་དུ་རོལཿ རྟེན་འབྲེལ་སྙིང་པོ་ཉེར་གཅིག་གིསཿ བརྟན་པར་བྱ་ཞིང་ཤིས་པ་བརྗོདཿ བྷནྡྷ་ཡིད་བཞིན་དབང་གི་རྒྱལཿ རང་ངམ་གཞན་ལ་དངོས་གྲུབ་སྟེརཿ མཐོང་རེག་བཅུད་མྱོང་རྣལ་འབྱོར་བསཿ དམིགས་པའི་ཁ་ལོ་བསྒྱུར་བ་ནཿ ལས་གང་འགྲུབ་པར་ཐེ་ཚོམ་མེདཿ ཞི་རྒྱས་དབང་དང་དྲག་པོའི་ལས༔ འོ་མ་ཟས་དང་ཞིམ་མངར་ཆང་ཿ ཧཾ་སཾ་མཾ་རཾ་སྔགས་ཀྱིས་བསྒྱུརཿ དགོས་འདོད་ཀུན་འབྱུང་ཐོད་པ་ཡིཿ མན་ངག་ཡིད་བཞིན་ནོར་བུའོཿ སྣ་ཚོགས་མཁའ་འགྲོ་སྦྲུལ་སྒྱུར་མའིཿ ཐུགས་སུ་གབ་པའི་མན་ངག་ཆོསཿ འཕྲུལ་དཔྱད་ཁྲ་བོའི་གདམས་པ་འདིཿ ལྕགས་སྒྲོམ་སྨུག་པོའི་བརྡ་རིས་ལསཿ ཨ་ཙར་དམ་པ་ནག་པོ་ཡིཿ དག་པར་མཛད་ནས་བསྒྱུར་བ་བཞིནཿ ཌཱཀྐིའི་བཞེད་དོན་བསྐང་ཕྱིར་ཕུལཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཁ་ཐཾ༔ ྅ཨྱྃཿ྅ དྲག་པོ་ཐོད་ཕྲེང་རྩལ་ལ་འདུདཿ གསང་བ་ལས་ཀྱང་ཆེས་གསང་བཿ ཨ་ཙར་དམ་པ་ནག་པོ་ཡིཿ ངན་སྔགས་འཕྲུལ་དཔྱད་ནག་པོ་ནིཿ »ཐོག་མར་རང་ཉིད་སྟོབས་ཀྱི་ལྷཿ གུ་རུ་ནག་པོར་གནས་བསྒྱུར་བཿ རང་གི་སྙིང་དབུས་མཁའ་འགྲོ་མཿ ཟ་བྱེད་འབར་མ་ནག་མོ་ནིཿ མཐིང་གསལ་འབར་བའི་ཕྱག་རྒྱ་ཅནཿ དེ་ལས་བྱུང་བའི་འོད་ཟེར་གྱིསཿ རང་ལུས་ཤ་ཁྲག་དངོས་འཛིན་བསྲེགསཿ སྟོང་པ་ཆེན་པོའི་རང་མདངས་ལསཿ འདོད་ཆགས་ཞེ་སྡང་འབར་བའི་རྩལཿ ཨ་ཙར་པདྨ་བདུད་འདུལ་ནགཿ ཁྲོས་པ་ལས་ཀྱང་ཆེར་ཁྲོས་པཿ མིག་གསུམ་སྡང་མིག་མེ་འོད་འཕྲོཿ ཞལ་གདངས་མཆེ་གཙིགས་ལྗགས་བརྐྱང་བཿ ཁྲོ་ཆུ་ཁོལ་མའི་མཆིལ་མ་འབེབསཿ རལ་པ་གཡུ་མདོག་ཐོར་ཚུགས་ཀྱིཿ རྩེ་མོར་རྡོ་རྗེ་ཕྱེད་པས་མཚནཿ སྨིན་མ་སྨ་ར་ཨག་ཚོམ་ནིཿ དམར་སེར་མེ་ཡི་རང་བཞིན་འབརཿ ཕྱག་གཡས་ཐོ་ཆེན་འབར་བ་ཕྱརཿ ལྷ་འདྲེ་མི་གསུམ་རྡུལ་དུ་འཐགསཿ གཡོན་པས་ལྕགས་ཀྱུ་འབར་བ་ཡིསཿ ཁམས་གསུམ་སྙིང་ནས་འདྲེན་པར་བྱེདཿ སྐུ་སྟོད་མི་ལྤགས་གཡང་གཞི་དངཿ སྐུ་སྨད་སྤྲིན་གྱི་ཤམ་ཐབས་གསོལཿ ཞབས་གཉིས་རླུང་གི་འཁོར་ལོ་ཆིབསཿ སྤྲུལ་པ་བདུད་འདུལ་མཁའ་འགྲོ་མཿ སེང་གེ་གཡུ་མདོག་རྫུ་འཕྲུལ་ལྡནཿ རལ་མཇུག་དམར་སེར་མེ་རུ་འབརཿ སྤལ་སྤྲུལ་སྡིག་པ་ཟས་སུ་ཟཿ ས་བདག་ཀླུ་གཉན་དམྱལ་ཐག་གཅོདཿ སྡེ་བརྒྱད་དྲེགས་བའི་སྲོག་སྙིང་ཕྲོགཿ ཡང་སྤྲུལ་འབར་མ་ཆེན་མོ་ནིཿ ཁམས་གསུམ་སྲོག་ལ་དབང་ཟ་མཿ ཁྲག་རལ་མདོག་ལ་དུག་རླངས་ཕྱུརཿ ཁྲག་མིག་མཆེ་བ་ཟངས་ཡག་གཙིགསཿ སྤུ་གྲི་གཡས་ལ་ནད་རྐྱལ་གཡོནཿ ནུ་མ་འཕྱང་ཞིང་མཚན་མ་བསྒྲདཿ ནད་སྣ་དགུ་ཡི་ཆུ་རྒྱུན་འབེབསཿ མེ་རླུང་འཁྲུགས་ཤིང་རྟ་ལ་ཞོནཿ སྡང་བར་བྱེད་པའི་དགྲ་བོ་ཀུནཿ མཐོང་བ་ཙམ་གྱིས་རྡུལ་དུ་རློགཿ བདུད་འདུལ་དྲག་པོ་གཙོ་འཁོར་གསུམཿ བསྐྱེད་པ་ཙམ་གྱིས་བྱོན་པ་དངཿ དྲན་པ་ཙམ་གྱིས་དབྱེར་མེད་འདྲེསཿ དགྲ་གདོན་ཤ་རུས་ནང་རོལ་ཟོཿ བསད་ཁྲག་དྲོད་མོར་སྐྱེམས་ཕུད་འབུལཿ གདོན་བགེགས་ས་བདག་ཀླུ་གཉན་དངཿ དམིགས་པའི་ཡུལ་གྱི་དམ་ཉམས་དགྲཿ སྔ་དགྲ་བྱས་དང་ད་དགྲ་བྱེདཿ ཕྱི་དགྲ་ཡིད་ལ་བརྣག་པ་ཀུནཿ སྲོག་ཅོད་དབུགས་ལོངས་ལུས་སེམས་ཕྲོགཿ ལུས་ངག་ཡིད་གསུམ་བརླག་པར་མཛོདཿ ཨ་ཎ་ག་རུ་སིང་ཧ་ཙནྚི་སི་པཱ་ར་མུ་ཁེ་ཙ་ཧྲཱིཿ «བསྐྱེད་ཅིང་སྔགས་འདི་འབུམ་བཟླས་ནཿ ཧེ་རུ་ཀ་ཡི་བརྟུལ་ཞུགས་རྟོགསཿ དྲག་པོ་སྔགས་ལ་རང་དབང་བསྒྱུརཿ ཁམས་གསུམ་བརླག་པའི་མཐུ་ལྡན་འགྱུརཿ ལུས་ཀྱི་ན་ཚ་ཞི་བ་དངཿ ས་བདག་ཀླུ་གཉན་སྦལ་སྦྲུལ་དུགཿ འདི་ཡིས་འཇོམས་པར་ཐེ་ཚོམ་མེདཿ རྩ་བའི་སྒྲུབ་པ་འདི་སོང་ནཿ ལས་སྦྱོར་གང་དང་གང་ལ་ཡངཿ དམིགས་པ་སྔགས་དང་རྟེན་འབྲེལ་ལསཿ རྫས་དང་ཡོ་བྱད་སྒྲུབ་མི་དགོསཿ ས་བདག་ཀླུ་གཉན་འཇོམས་པ་ལཿ» ལས་མཁན་མཁའ་འགྲོ་སེང་ཧ་མཿ རྡོ་རྗེའི་ཆོས་བདུན་ལུས་གྱུར་ནསཿ གནོད་བྱེད་ས་བདག་ཀླུ་གཉན་ཀུནཿ སྦལ་སྦྲུལ་སྡོམ་སྡིག་རྣམ་པ་ཅནཿ ལྷག་མ་མེད་པར་ཟོས་པར་བསམཿ སིང་ཧ་ནཱ་ག་ནི་ཧི་ཀ་ཝ་ཙི་བརླག་བརླག་ཆོམཿ «བཟླ་ཞིང་སོར་མོ་བཅུ་བརྐྱང་བསྐུམཿ སྣ་ཚོགས་བྱས་པས་རྟགས་མཐོང་ངོཿ གདོན་ཆེན་བརླག་པར་བྱེད་འདོད་ནཿ »རང་ཉིད་ཨ་ཙར་བདུད་འདུལ་ནགཿ གནོད་བྱེད་ལྕགས་ཀྱུས་སྙིང་ནས་དྲོངསཿ གཡས་པའི་ཐོ་བས་ཕྱི་མར་བརྡུངཿ ལས་མཁན་སེང་ཧ་གྲངས་མེད་ཀྱིསཿ ལྷག་མ་མེད་པར་ཟོས་པར་བསམཿ ཨ་ཀ་ར་ཎ་མ་ར་ཡཿ «བཟླ་ཞིང་རྡོ་རྗེའི་ཁུ་ཚུར་གཉིསཿ མཁའ་ལ་བརྡེག་པས་ལས་འགྲུབ་བོཿ དགྲ་བོ་ཕུང་བར་བྱེད་པ་ལཿ རྩ་བའི་བསྒོམ་བཟླས་ཐ་མ་རུཿ» རང་ཉིད་ཕུང་བྱེད་ནག་པོ་ནིཿ དགྲ་བོའི་མགོན་སྐྱབས་ལྷ་སྲུང་ཀུནཿ ཕྱག་གཡོན་ལྕགས་ཀྱུས་སྙིང་ནས་དྲོངསཿ གཡས་པའི་ཐོ་བས་ཚད་ཙམ་གྱིསཿ སྔངས་སྐྲག་འདར་ཞིང་སྲོག་སྙིང་ཕུལཿ བྱེའུ་ཆུང་ཁྲ་ཡིས་དེད་བཞིན་དུཿ ལྷན་སྐྱེས་འགོ་བའི་ལྷ་ལྔ་བྱེརཿ སྲུང་མ་ཁོ་ཡི་རང་གཤེད་བབཿ ལས་མཁན་འབར་མ་སྲོག་ཕྲོག་མསཿ སྤུ་གྲིས་དགྲ་བོའི་སྙིང་ལ་རྒྱོབཿ བླ་ཚེ་སྲོག་དབུགས་རྔམས་ཟས་གྱིསཿ རྣམ་ཤེས་རྟེན་དང་ཕྲལ་བྱས་ཤིངཿ ལྷག་མ་མེད་པར་ཟོས་པར་བསམཿ བྷྱོཿ དམར་ནག་བདུད་མོ་ཁྲག་མིག་མཿ ཨོ་རྒྱན་ཡུལ་གྱི་དུར་ཁྲོད་དུཿ མནའ་ཐོ་བཅད་ཅིང་དམ་བཅས་བཞིནཿ དམ་ཉམས་དགྲ་བོ་ལས་ངན་པོཿ དམིགས་པའི་ཡུལ་དུ་གྱུར་པ་འདིཿ དོ་ནུབ་ནམ་གྱི་གུང་ཐུན་ལཿ སྲོག་ཆོད་དབུགས་ལོངས་བླ་ཚེ་བསྡུསཿ རྣམ་པར་ཤེས་པ་རྟེན་མེད་ཐོངསཿ ལྷག་མ་མེད་པར་བརླག་པར་གྱིསཿ མ་ཙ་ལ་རུ་ཨ་ཤུ་རྒྱུག་ཨ་མུ་ཀ་ཆེ་གེ་མོ་རྦད་སོདཿ ཆོམ་ཆོམ་ཧབ་ཚལ་རྔུབཿ «དྲག་ཏུ་བཟླ་ཞིང་ཨ་ཙ་རའིཿ ཐུགས་ཀའི་འོད་ཟེར་འབར་མར་ཕོགཿ རབ་ཁྲོས་དགྲ་བོའི་ཡུལ་དུ་སོངཿ སྲོག་གཅོད་ལས་ལ་རྔམ་པར་བསམཿ སྐབས་སུ་མགོ་མཇུག་ཟློག་སྟེ་»«ཉལཿ ནམ་མཁའ་ས་གཞི་རུ་ལོག་བསམཿ ཤཱཀ་ཐུབ་ནག་པོ་རི་ལོག་ཙམཿ དགྲ་བཅོམ་འབུམ་གྱིས་བསྐོར་བ་ཡིསཿ ཁོ་ཡི་འོག་ཏུ་མགོ་མཇུག་ལྡོགཿ ཀུན་ཀྱང་རབ་ཏུ་ཁྲོས་བྱུང་ནསཿ དམོད་པས་ཐལ་མོ་བརྡེབ་པ་ཡིསཿ དགྲ་བོ་བསོད་ཟད་ཁྲག་ཏུ་སྐྱུགཿ འབར་མས་ལྷག་མེད་ཟོས་པར་བསམཿ འདི་ཡིས་དགྲ་བོ་ཞག་བདུན་ནསཿ ཟླ་གཅིག་ཚུན་ཆད་འཆི་བར་ངེསཿ ༈ གཟའ་རྒོད་དྲག་པོའི་ལས་སྦྱོར་ནིཿ དབེན་པའི་གནས་སམ་དྲག་པོའི་སརཿ དགྲ་བོ་ཕོ་མོ་གང་ཡིན་ཡངཿ ཁོ་ཡི་མིང་ངམ་རུས་བྲིས་ལཿ ཤོག་གུས་དྲིལ་བ་སྡོང་བལ་དྲིལཿ ཟན་ཀོང་བཅུག་ཅིང་ཚིལ་ཞུན་བླུགཿ རྟ་ནག་ཁྱི་ནག་ར་ནག་ཁྲགཿ དུག་ཆུར་བསྲེ་ཞིང་ཕོར་གང་བཞགཿ »རང་ཉིད་བདུད་འདུལ་ཨ་ཙར་ནག་པོ་རི་རབ་ཙམ་དུ་གྱུར་པའི་མདུན་དུ་དུག་ཁྲག་རྦ་ཀློང་འཁྲུག་པའི་དབུས་སུ་གཟའ་རྒོད་དྲག་པོ་ཐོག་རྒྱུག་སྐུ་མདོག་ཁྲག་ལྟར་དམར་བ་ཞལ་དགུ་མུན་པའི་མདོག་ཅན་ཁ་ནས་དུག་ཁྲག་དང་ལུས་ལ་དུག་རླངས་ཕྱུར་བ་སྦྲུལ་མཇུག་ནག་པོ་ཁྱུག་ཁྱུག་བྱེད་པ་གྲུ་གང་བ་གཅིག་གསལ་བའི་བདག་གི་ཐུགས་ཀའི་འོད་ཀྱིས་འཇིག་རྟེན་ཁམས་ཀྱི་དྲེགས་པའི་གཟའ་ཐམས་ཅད་བཀུག་ཅིང་ཐིམ་པར་བསམཿ རུ་ར་ཙ་རཱ་ཧུ་ལ་ཀེ་ཏ་ཀེ་ཏ་ཏྲི་ཛཿ «ཞག་གཅིག་བཟླས་པས་འོད་དུ་འཁྱིལཿ» གཟའ་རྒོད་གཟི་བརྗིད་རབ་རྒྱས་ཤིངཿ ཁ་རླངས་མཐོང་རེག་དུག་རྒྱས་པའིཿ དུག་ཁྲག་རབ་ཏུ་ཁོལ་བ་ཡིསཿ དགྲ་བོ་བརླག་པའི་ནུས་ལྡན་གྱུརཿ དགྲ་བོ་གཏན་པ་བྲལ་བར་བཀུགཿ རྟེན་ལ་བསྟིམ་ཞིང་བརྒྱལ་བར་གྱུརཿ ཨ་རུ་བི་ཥི་ཀ་ལ་ཕོ་ཎ་ཕོ་ཎ་ཧ་ལ་ཁོལ་ཁོལ་དགྲ་བོ་རྣྲྀ་ཛ་ཁུགཿ «སྔགས་འདི་ཞག་གསུམ་བཟླས་པ་ཡིསཿ དུག་ཁྲག་རབ་ཏུ་ཁོལ་བར་འགྱུརཿ དེ་ཚེ་དྲག་པོ་ངར་ལྡན་པསཿ མེ་སྦར་དགྲ་བོའི་རྣམ་ཤེས་རྟེནཿ ཁོ་ཉིད་དངོས་སུ་གསལ་བར་དམིགསཿ »རྦད་རྦད་གཟའ་རྒོད་དྲག་པོ་ཐོག་རྒྱུག་དམ་ཉམས་པའི་དགྲ་བོ་འདི་ལ་དྲག་པོ་དུག་སྣ་དགུ་ཡིས་སྐད་ཅིག་ཉིད་ལ་སོད་ཅིག་གཟིར་ཞིགཿ སྲོག་གི་མེ་སོདཿ ཚེ་ཡི་ཀ་བ་བསྒྱེལཿ རྣམ་ཤེས་དུག་མུན་འཐིབསཿ ལུས་སེམས་ཕྲོལ་ལ་ཧུར་ཐུམ་ཐོང་ཞིགཿ «ཅེས་བརྗོད་པ་དང་ཆབ་གཅིག་ར་ཧུ་ལས་ཁོ་ལྷག་མེད་དུ་ཟོས་པར་བསམཿ དུག་ཁྲག་མར་མེའི་ནང་དུ་སྦུབཿ འོ་དོད་དྲག་པོ་འབོད་ཅིང་རོ་མ་ལམ་རྒྱ་གྲམ་གྱི་ཞབས་སམ་བྲག་སྣར་མནན་ནོཿ འདིས་ནི་ཉམས་པ་ཅན་གྱི་དགྲཿ མྱུར་དུ་ཧུར་ཐུམ་ཐེ་ཚོམ་མེདཿ གཟའ་རྒོད་མར་མེ་ཁྲག་གསོད་ཀྱིཿ མན་ངག་རྣོ་མྱུར་ལྡན་པ་སྟེཿ དྲོད་ཚད་གོང་གནོན་ཏིང་འཛིན་ལྡནཿ ལས་སྦྱོར་དུས་སུ་དགྲ་བོ་འཆིཿ ༈ ཡང་གཅིག་ཤིན་ཏུ་གསང་བ་ཡིཿ ལྟ་བ་རྟོགས་པའི་རྣལ་འབྱོར་པསཿ སྤྲོས་མེད་དམིགས་པའི་ཆོ་འཕྲུལ་གྱིསཿ དགྲ་བོ་ཧུར་ཐུམ་གདམས་པ་ནིཿ »རང་ཉིད་ཨ་ཙར་ཧེ་རུ་ཀའིཿ མདུན་དུ་གཟའ་བདུད་དུད་སོལ་མདོགཿ མགོ་དགུ་དུག་གི་ཁ་རླངས་འཕྱུརཿ སྦྱི་བོར་བྱ་མགོས་ཐན་སྐད་སྒྲོགསཿ ཁོག་སྨད་དུག་སྦྲུལ་མཇུག་མ་འཁྱུགཿ ལུས་ལ་ནད་མཚོན་མེ་རླུང་འཕྲོཿ ལག་གཉིས་དུག་མེ་འཁྲུག་པའི་འབརཿ དམིགས་པའི་དགྲ་བོ་གཞོབ་ཐུལ་བསྲེགསཿ ཚེ་བསོད་སྲོག་དབུགས་ཤ་ཁྲག་རུསཿ ལྷག་མ་མེད་པར་རྡུལ་དུ་རློགཿ རྣམ་པར་ཤེས་པ་གཤིན་རྗེའི་གྲོངཿ མུན་པ་གླིང་དགུའི་ནང་དུ་འཐུམསཿ རྟེན་དང་བརྟེན་པ་བྲལ་བར་བརླགཿ ཀེ་ཏ་ཀ་ཏ་ར་ཧུ་ལ་ནྲྀ་འུར་འུར་དགྲ་བོའི་ལུས་ལ་མེ་སྦོར་དུག་ཕྱུར་ཀུམ་ཀུམ་རམ་ཤིག་རྨུག་སོདཿ «བརྒྱ་རྩ་བརྒྱད་སོགས་བཟླས་པའི་མཐརཿ རང་གི་ལུས་པོ་སྤྲིད་ཆིལ་འོངཿ དེ་ཚེ་ཁྲག་ཆང་ཕུད་བཤམས་ཤིངཿ» ཨོཾ་ཨཱཿམ་ཧཱ་རཀྟ་ཧཱུྃཿ བྷྱོཿ གཟའ་བདུད་དུག་སྦུར་ནག་པོ་ཁྱོདཿ དྲེགས་ལྡན་ཀུན་ཀྱི་སྟོབས་འདུས་ཤིངཿ དགྲ་གདོན་ཤན་པར་ཁས་བླངས་བཞིནཿ མྱུར་བར་མྱུར་བར་ལས་ལ་ཆོསཿ བདག་ལ་སྡང་བར་བྱེད་པའི་དགྲཿ དམིགས་པའི་ཡུལ་དུ་གྱུར་པ་འདིཿ སྐད་ཅིག་ད་ལྟ་ཡུད་ཙམ་ལཿ གང་དུ་གནས་ཀྱང་ཧུར་ཐུམ་ཐོངཿ མིང་དང་མཚན་མ་མ་ནོར་ཞིགཿ འབྲས་ཆན་ཁྲག་ཆང་བདུད་རྩི་འདིཿ དཔའ་ཟས་ངར་ཆང་ཚུལ་དུ་སྦྱིནཿ འདི་དང་དགྲ་བོའི་ཤ་ཁྲག་རུསཿ མཉམ་པོར་བཞེས་ལ་མེད་པར་མཛོདཿ འུར་བ་འུར་བ་ཐུན་ཐུན་བྷྱོཿ ཞག་དང་ཟླ་བ་ལས་འགྱངས་ནཿ བདག་ཉིད་གཏུམ་ཆེན་ཧེ་རུ་ཀཿ རབ་ཁྲོས་སྐུ་ལས་མེ་འོད་འབརཿ ཕྱག་མཚན་ཐོ་ཆེན་འབར་བ་ཡིསཿ ཁྱོད་ཀྱི་ཀླད་ཁྲག་དཀྲུགས་བྱེད་ཅིངཿ ལུས་ངག་ཡིད་གསུམ་གཞོབ་ཐུལ་བསྲེགསཿ སེང་ཧའི་ཚོགས་ཀྱིས་རྔམ་ཟས་བྱེདཿ རྣམ་ཤེས་ན་རག་སྡུག་བསྔལ་མྱོངཿ དེ་བས་བདག་ལ་སྡང་བའི་དགྲ༔ སྐད་ཅིག་ཡུད་ལ་རྦད་ཁམ་ཐོང༔ ལས་འགྲུབ་ཁྱོད་ལ་གཏང་རག་གཏོང༔ སྟོབས་ནུས་དྲག་རྩལ་ཡོན་ཏན་རྒྱས༔ ལྕང་ལོ་ཅན་དུ་འཚང་རྒྱའོ༔ ས་མ་ཡ་ཧོ་ན་རཀྐན༔ འུར་འུར་ཆེམ་ཆེམ་ལས་ལ་ཡ༔ «ཅེས་བརྗོད་ཁྲག་ཆང་དགྲ་ཕྱོགས་གཏོར༔ སྐར་མདའ་ཆད་བཞིན་སོང་བར་བསམ༔ རང་གི་ཁྱིམ་དུ་འོད་འཕྲོ་ན༔ གུ་གུལ་རྟ་བོན་དུད་པ་བདུག༔ ཞག་གསུམ་བདུན་ལ་ངེས་པར་འཆི༔ མུ་སྟེགས་ཁ་མཐུ་ནག་པོ་སྟེ༔ དགྲ་བོ་ཁྲག་སྐྱུག་ཧུར་ཐུམ་གསོད༔ རྣམ་པར་ཤེས་པ་མུན་པར་འཁྱམས༔ སྡིག་ཆེ་ལས་མྱུར་ཤིན་ཏུ་གསང༔ གལ་མ་མ་ཐུག་པར་མི་བྱ༔ ཁྱབ་འཇུག་གསང་བའི་མན་ངག་གོ༔ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཀླུ་བདུད་ནག་པོའི་མན་ངག་ནི༔ གོང་གནོན་སྒོམ་བཟླས་ལྡན་པ་ཡིས༔ བསྲུང་བྱ་ཐུགས་སྲོག་མདུན་དུ་སྦ༔» རང་ཉིད་ཨ་ཙརྱ་ནག་པོ་ནག་པོ་པདྨ་བདུད་འདུལ་རབ་ཏུ་ཁྲོས་པའི་མདུན་དུ་ཀླུ་བདུད་ཏི་པ་ར་ཙ་ལུས་མི་ལ་སྲིན་པོའི་གདོང་པ་ཅན་སྦྲུལ་ནག་དགུའི་གདེང་ཀ་ཁ་རླངས་མུན་ལྟར་འཐིབས་པ་ཁོག་སྨད་སྦྲུལ་གྱི་མཇུག་མ་ནག་པོ་འཁྱིལ་ཞིང་ལག་གཡས་སྤྲུལ་ནག་ཞགས་པ་འཕེན་ཞིང་གཡོན་པས་ནད་རྐྱལ་ཐོགས་པ་ལུས་ལ་མིག་བརྒྱ་བསྒྲད་ཅིང་ཁ་གདང་བཿ དེ་ཡི་སྔོན་དུ་ཀླུ་ཡི་བུ་མོ་བདུད་སྲིན་མོ་བུད་མེད་ལུས་ལ་སྦྲུལ་མགོ་ལྔ་པ་མཇུག་མ་སྦྲུལ་དུ་འཁྱིལ་ཞིང་ལག་གཡས་སྤུ་གྲི་ཟོར་བ་དངཿ གཡོན་པས་ཐན་གྱི་རྐྱལ་པ་འཛིན་པ་གཉིས་ཀའང་ལུས་ལ་དུག་གི་རླངས་པ་ཕྱུར་ཞིང་ནད་ཀྱིན་བུན་འཐིབས་པཿ སྦལ་སྦྲུལ་སྡོམ་སྡིག་ཆོ་འཕྲུལ་འགྱེད་ཅིང་དགྲ་བོ་གསོད་པའི་ལས་ལ་རྔམས་སྟབས་སུ་དུག་མཚོ་ཁོལ་མའི་ནང་ནས་གློག་ལྟར་མྱུར་བར་འོང་ཞིང་མདུན་དུ་དམ་ལ་འདུས་ནས་དགྲ་བོ་གསོད་པའི་ལས་ལ་ཆས་པར་བསམཿ ཕེ་ལིང་ཕཾ་ཏི་ནཱ་ག་དུ་ན་ར་ལ་ཧུཿ ཆེ་གེ་མོའི་སྲོག་ལ་ཧུར་ཧུར་བྲེང་བྲེང་ཀུ་ན་ཡ་མ་འབི་འབི་ཁེ་ཧ་ལ་རྣྲྀ་ཙིཏྟ་ཧུར་ཆོདཿ «སྔགས་འདི་བརྒྱའམ་སྟོང་བཟླས་ནཿ ཀླུ་བདུད་དངོས་སམ་གཟུགས་སྟོན་པའོཿ ཡང་ན་སྤལ་སྤྲུལ་སྡོམ་སྡིག་མཐོངཿ ཁྱིམ་དུ་དྲི་ངན་འཐུལ་བའི་ཚེཿ འོ་ཆབ་ཁྲག་དང་བསྲེས་པར་བཤམསཿ» ཧཱུྃ་བྷྱོཿ ང་ནི་སྲིད་པ་གསུམ་ལ་དབར་བསྒྱུར་བའིཿ ཨ་ཙར་པདྨ་བདུད་འདུལ་ཆེ་བའི་མཆོགཿ ཁྱོད་ནི་ཀླུ་བདུད་མིང་སྲིང་དམ་ཚིག་ཅནཿ སྡོན་ཚེ་ཟངས་གླིང་བྲག་དམར་འབར་བ་རུཿ བཀའ་བཞིན་སྒྲུབ་པར་དམ་བཅའ་མི་དྲན་ནམཿ རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁུ་ལང་ཡུལཿ དཀྱིལ་འཁོར་དྲུང་དུ་ཇི་ལྟར་དམ་བཅས་སམཿ ཁྱོད་ནི་དམ་ལ་གནས་ཤིང་ཐ་ཚིག་ཅནཿ དགྲ་བོ་མཐོང་བ་ཙམ་གྱིས་གསོད་བྱེད་ནཿ དགྲ་འདིས་བདག་ལ་བརྙས་པ་ཅིས་མི་མཐོངཿ འདུན་པ་དཀར་དམར་སྐྱེམས་ཕུད་འདི་ལ་རོལཿ ད་ལྟ་ཉིད་དུ་དགྲ་བོའི་གནས་སུ་རྒྱུགསཿ སྦལ་སྦྲུལ་སྡོམ་སྡིག་ཚོགས་ཀྱི་ལྟས་ངན་ཐོངསཿ དུག་རླངས་མུན་པ་འཐིབས་པས་རྨོངས་སུ་ཆུགཿ ནད་སྣ་དགུ་ཡིས་སྲོག་ལ་ཧུར་ཐུམ་སོདཿ སྦྲུལ་ནག་ཞགས་པ་ནག་པོས་ལུས་ཆིངས་ལཿ ཟོར་བ་སྤུ་གྲི་རྣོན་པོས་སྲོག་རྩ་ཆོདཿ དབུགས་ཐུམ་ཚེ་ལོངས་མདངས་འཕྲོག་ཤ་ཁྲག་རོལཿ ལོ་དང་ཟླ་བ་ལྟ་ཅི་ཞག་མ་འགྱངསཿ ལས་མྱུར་གནམ་ལྕགས་ཐོག་ལྟར་རྦད་ཆོད་ཐོངསཿ གཡེལ་བར་གྱུར་ན་རྡོ་རྗེའི་ཐ་ཚིག་ཉམསཿ ང་ཉིད་ཁྲོས་ལས་ཁྱོད་ཀྱི་སྲོག་སྙིང་འགསཿ དེ་བས་མ་ཐོགས་མྱུར་དུ་ལས་ལ་རྒྱུགསཿ ཐོ་རངས་སྐྱ་རིང་ཉི་ཤར་ཟེར་ལ་ཞོནཿ ཉིན་གུང་ཟས་དང་དགུང་མོར་གྲིབ་སོར་བསྐུངཿ སྲོག་ལ་སྐར་མདའ་ནམ་གུང་མུན་པའི་སྨགཿ འགྲོགས་ཤིང་སྲོག་དབུགས་བླ་ཡིད་ཕྲོལ་གྱིས་ལཿ ཀླུ་བདུད་ནག་པོ་འཛིན་ཤེས་གཏོང་མི་ཤེསཿ དམིགས་པའི་དགྲ་བོ་མི་ཤོར་སྲོག་ཆོད་ཅིགཿ གཏང་རག་རྡོ་རྗེ་ཅན་གྱི་རྗེས་འཛིན་ཅིངཿ ཡེ་ཤེས་མཁའ་འགྲོ་དབུགས་དབྱུང་གཟེང་བསྟོད་དོཿ ཏྲི་ལང་གུམ་བྷ་ཨ་ཤུ་ས་མ་ཧཿ ཝ་ར་ཧུར་ཝ་བྲེང་ཨ་ས་རྦདཿ« ཁྲག་སྐྱེམས་འཐོར་ཞིང་དམོད་བཅོལ་བྱཿ གུ་གུལ་མུ་ཟིའི་དུད་པས་བདུགཿ དགྲ་བོ་མྱུར་དུ་བརླག་པར་འགྱུརཿ དགྲ་བོ་དྲུང་དུ་འདུད་གྱུར་ནཿ »ཨ་ཤུ་ཀ་ལ་ཙི་ཏ་སྲོག་ལ་རྦདཿ« སྔགས་འདི་བཟླ་ཞིང་སྦྲུལ་ནག་གིཿ ཞགས་པས་ཁོ་ཡི་ལུས་བཅིང་ཞིངཿ ལུས་ཀྱི་རེག་ཚེ་སྦྲུལ་ལྕེ་ཡིསཿ ཁོ་ཡི་ཀླད་ཁྲག་དཀྲུགས་པར་བསམཿ ཟས་ལ་བཏབ་ཅིང་དུག་ཏུ་བསྒྱུརཿ ཡོ་བྱད་སྦལ་སྦྲུལ་སྡོམ་སྡིག་བསྒྱུརཿ བྱ་སླ་མཐུ་ཆེ་རྣོ་དར་ལྡནཿ དགྲ་བོའི་ཟས་ནོར་ལོངས་སྤྱོད་ཀུནཿ རང་གི་གནས་སུ་བླངས་བྱས་ཤིངཿ མལ་གོས་གཅིག་ཀྱང་དམིགས་པ་ཡིསཿ འཕྲུལ་འཁོར་དག་གིས་རྣོ་མི་ཞུདཿ རང་ལ་ལྡོག་པར་མི་སྲིད་དོཿ འདི་ནི་བརྒྱ་བྱིན་རྡོ་རྗེ་བཞིནཿ གང་ལ་གཏད་པར་མི་ལྡོག་རྣོཿ གཞན་ལ་ཟེར་ཕོག་མི་སྲིད་དོཿ མུ་སྟེགས་ཕུང་བྱེད་ནག་པོ་ཡིཿ གདམས་པ་སྙིང་དང་འདྲ་བ་སྟེཿ མཁའ་འགྲོའི་བཀའ་རྒྱ་མ་ཁྲོལ་བརཿ འདི་བསྟན་སྲོག་གི་གཤེད་མར་འགྱུརཿ མཁའ་འགྲོ་མ་ཡི་སྲོག་གི་རྒྱཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཁ་ཐམཿ དམུ་རྒོད་ཇག་རྐུན་འཆིང་བྱེད་ནཿ རི་བོང་འཕར་བ་སྲེ་མོང་སྦུརཿ» རྣྲྀ་ཝཱ་ཀུ་ཙོ་ར་ཀ་ཝཱ་ཙི་མུ་ཁི་ཆིང་ཆིངསཿ «སྔགས་འདི་བརྒྱའམ་སྟོང་དུ་གདབཿ རྒྱ་གྲམ་ས་ཡི་ནང་དུ་བྲིསཿ མལ་འོག་གམ་ནི་ལྷྭམ་ནང་བཅུགཿ རང་གི་བརླ་གཡོན་འདི་྅྅྅བྲིས་ཤིངཿ» རྣྲྀ་ཙོ་ར་ཀུམ་བྷ་ཀུམ་བྷ་ཆིང་ཆིངསཿ «ཞེས་བཟླས་འཆིང་བར་ཐེ་ཚོམ་མེདཿ གཅན་གཟན་གདུག་པའི་ཁ་འཆིང་ནཿ དུག་ཤོག་ངོས་ལ་ཁོ་ཡི་གཟུགསཿ སྤྲུལ་ནག་ཞགས་པས་བཅིང་པ་བྲིསཿ ཁ་ཤུལ་ལམ་ནི་རྗེས་ས་བསྲེསཿ ཤི་སྐྲས་བཅིངས་ཤིང་རེ་བས་དྲིལཿ» རཾ་པཱ་ར་ཧུ་ཤུ་ལ་ཁུ་ཥེ་མུ་རུ་ཧུ་ཀཱ་ཝ་ཙི་ནྲི་ཏི་ཨ་པ་ཡ་ཆིང་ཆིངསཿ «བརྒྱ་སྟོང་བཟླ་ཞིང་སྔགས་ཀྱིས་བཏབཿ གང་ལ་དམིགས་པའི་ཡུལ་གྱུར་ཀུནཿ བསྲུང་བར་ཐེ་ཚོམ་ཡོད་རེ་ཀནཿ ལུས་སེམས་གདོན་དབང་གྱུར་པ་ནཿ སྨྱོན་པ་འཆིང་ཞིང་འདུལ་བ་ནིཿ »རང་ཉིད་ཁམས་གསུམ་དབང་སྒྱུར་བཿ ཨ་ཙར་པདྨ་བདུད་འདུལ་གྱིཿ ཕྱག་གཡོན་འོད་ཟེར་ཞགས་པ་ཡིསཿ ཁོ་ཡི་ལུས་ཀུན་རབ་བཅིང་ཞིངཿ ཐུགས་ལས་རཾ་འཕྲོས་སྙིང་དབུས་ཕོགཿ མེ་འབར་ལུས་ཀུན་བསྲེགས་པར་བསྒོམཿ ཨ་སུ་ཀུ་པཱ་རཾ་ཤིག་རཾ་ཕཊཿ «བཟླ་ཞིང་བྱེ་མར་སྔགས་བཏབ་གཏོརཿ འགུལ་བསྐྱོད་བྲལ་བར་འཆིང་བར་ངེསཿ དེས་ཀྱང་ཞི་བར་མ་ཐུལ་ནཿ དྲག་པོས་ཕཊཿདགུ་བརྗོད་པ་ཡིསཿ བསྲུང་བྱའི་རྣམ་ཤེས་དབྱིངས་སུ་སྤརཿ »རང་ཉིད་བདུད་འདུལ་ཧེ་རུ་ཀའིཿ ཕྱག་གཡས་མེ་ཡི་ཐོ་ཆེན་གྱིསཿ བེམ་པོ་ལུས་གདོན་དང་བཅས་པཿ ཤ་མྱོགས་རུས་མྱོགས་རྡུལ་ཕྲན་བསྲེགསཿ སྤྲུལ་པའི་སེང་ཧ་གྲངས་མེད་ཀྱིསཿ ལྷག་མ་མེད་པར་ཟོས་པར་བསམཿ« »གདོན་གྱི་རྣམ་པར་ཤེས་པ་དེཿ རང་རིག་སྐྱེ་མེད་ཀློང་དུ་བསྲེསཿ ཨ་ཤ་ཀ་ལ་ཕཊཿ« བརྒྱ་རྩ་བརྒྱད་བཟླས་དམིགས་པས་གཅུནཿ ཐ་མར་ཕཊཿབརྒྱ་བརྗོད་པ་ཡིསཿ ངེས་པར་ཐུལ་བར་ཐེ་ཚོམ་མེདཿ »ཨེ་མ་ཧོཿ མཆོག་ཆེན་མི་རྐང་གླིང་བུ་ཉིདཿ ཞོ་འཐུང་རུས་པའི་རང་བཞིན་བསྒོམཿ ནང་དབྱིངས་འོད་ཀྱི་རང་བཞིན་ལཿ མཁའ་འགྲོ་རྡུལ་ཕྲན་འཁྲིགས་བཞིན་གསལཿ དེ་ལས་འོད་ཟེར་འཕྲོས་པ་ཡིསཿ དཔའ་བོ་མཁའ་འགྲོའི་ཐུགས་རྒྱུད་བསྐུལཿ བྱིན་རླབས་འོད་ཀྱི་རྣམ་པར་བསྡུསཿ རྟེན་དང་བརྟེན་པར་སིབ་སིམ་ཐིམཿ ཐམས་ཅད་དགྱེས་པའི་བྲོ་གར་འཁྲབཿ འོད་ཞུ་རྟེན་ལ་ཐིམ་པ་ཡིསཿ རྫས་ནི་ཞོ་འཐུང་རུས་པའི་རྐངཿ སྒྲ་ནི་མཁའ་འགྲོའི་བརྡ་སྐད་བསྒྱུརཿ ཐུགས་དམ་བསྐུལ་དང་ལས་བཞི་འགྲུབཿ འགུགས་འདྲེན་སྤར་བའི་ལས་འགྲུབ་ཅིངཿ མཐོང་རེག་ཐོས་གྲོལ་ནུས་ལྡན་གྱུརཿ ཨ་པཱ་ར་ཊ་ཀ་ཌཱཀྐི་སརྦ་གྷནྡྷེ་སིདྡྷི་ཧོཿ« བརྒྱ་རྩ་བཅུ་གསུམ་བཟླས་པའི་མཐརཿ» «རྟེན་འབྲེལ་སྙིང་པོ་ཉེར་གཅིག་གིསཿ» «རབ་ཏུ་གནས་ཤིང་ཤིས་པ་བརྗོདཿ མཁའ་འགྲོའི་བླ་རྡོ་ཉིད་དུ་འགྱུརཿ» ཨ་ལ་ལ་ཧོཿ ༈ «ལས་ཕྲན་རྩ་འགགས་སེལ་འདོད་ནཿ ལྕིམ་རྩ་མེས་ཚིག་ས་དང་སྦྱརཿ »པཱི་ལ་ཀུ་ཧེ་བ་ཀོ་ཡཾ་ཤུག་ཁྲོལ་ཁྲོལཿ «སྔགས་བཏབ་ཁོང་དུ་བཏང་བས་སེལཿ ཕྲན་བུ་དག་ལ་གཡེར་མའི་ཆུརཿ སྔགས་བཏབ་བཏང་བས་མྱུར་དུ་གྲོལཿ ཆུ་འགགས་ཆང་ལ་རྒྱ་ཚྭ་བཏབཿ» ཨུ་ཤ་ཨུ་ཆུ་སི་མི་སི་མི་ལི་ཁྲོལ་ཁྲོལཿ« སྔགས་འདི་ནུས་ལྡན་བཏབ་བྱས་ཤིངཿ འོད་དམར་ཐིག་ལེ་ཡུངས་འབྲུ་ཙམཿ ལམ་ཕྱེ་ཕྱི་རུ་འབྱིན་པར་དམིགསཿ རྫས་ཉིད་ཁོང་དུ་བཏང་བས་སེལཿ ༈ མིག་གི་ལིང་ཏོག་འབྱིན་པ་ལཿ» ཏྲ་ཙ་ཧུར་ཧུར་མི་ཉི་སོདཿ ཕུ་མི་ཕྱེས་བྱེསཿ «སྔགས་འདི་ཁོང་དུ་བཏང་བའམཿ གྲོ་ག་མེར་བསྲེགས་ཐལ་བ་བཏབཿ བལ་ལ་བཏབ་ཅིང་བྱུག་པས་སེལཿ ༈ ནོར་ལ་འགོང་པོ་ཞུགས་གྱུར་ནཿ» ཡ་མ་ནཱ་ག་ཕུ་མི་སོད་ཨ་སུ་མ་ལ་ཕྱེས་ཕྱེསཿ «ཆུ་ནག་ལ་བཏབ་ཁོང་དུ་བཏངཿ བྱེ་མར་བཏབ་ཅིང་བྲབ་པས་སེལཿ ཨེ་མཿ པདྨ་འདུད་འདུལ་དམ་པ་རྒྱ་གར་བཿ འཛམ་གླིང་ལྡོག་པས་མ་བཅག་ས་མེད་པཿ སངས་རྒྱས་བྱང་སེམས་རིག་འཛིན་མཁའ་འགྲོ་མཿ དྲང་སྲོང་མུ་སྟེགས་ཀུན་ཀྱི་བྱིན་རླབས་ཞུསཿ ཟབ་གསང་གདམ་པ་ཀུན་ཀྱི་སྙིང་བཅུད་ལོནཿ ཟབ་པའི་མན་ངག་ཀུན་ཀྱི་ཉིང་ཁུ་བསྡུསཿ རྒྱ་བོད་འགྲོ་བ་མང་པོའི་དོན་བྱས་ཤིངཿ སླར་ཡང་ཕན་གནོད་གསང་བའི་མན་ངག་གནདཿ འཕྲུལ་དཔྱད་དཀར་ནག་ཁྲ་གསུམ་ལ་བསྡུས་ཤིངཿ མཁའ་འགྲོའི་གསང་བའི་བརྡ་རིས་ཆེན་པོར་བཏབཿ མཁའ་དབྱིངས་ལྕགས་སྒྲོམ་འབར་བའི་ནང་དུ་གཏམཿ མཁའ་འགྲོ་བདུད་འདུལ་མ་ཡི་ཐུགས་ཀློང་སྦསཿ འདི་ནས་མ་འོངས་བསྐལ་བའི་ཐ་མ་ལཿ བྱང་ཕྱོགས་བྷོ་ཊ་པྲེ་ཏ་པུ་རིའི་ཡུལཿ རྡོ་རྗེ་ཕག་མོ་ལྷ་ལྕམ་མནྡ་རའིཿ སྤྲུལ་བསྒྱུར་ཡེ་ཤེས་མཁའ་འགྲོ་ལེགས་འདུས་མཿ སླར་ཡང་སྔོན་ལས་དྲག་པོའི་མཚམས་སྦྱར་གྱིསཿ ཡང་གསངཐུགས་ཐིག་གདམ་པ་སྤེལ་པའི་ཕྱིརཿ ཤ་ཟའི་རུམ་དུ་ཌཱཀྐི་མི་མོའི་གཟུགསཿ གཟུགས་ཅན་གཟུགས་མེད་འགྲོ་དོན་སྤྱོད་པའི་ཚེཿ ནག་ཕྱོགས་ཁ་དར་འདྲེ་སྲིན་འབྱུང་པོས་འཚེཿ དུག་ལྔ་རགས་ཤིང་སྨོན་ལམ་ལོག་པ་ཡིསཿ གཟུགས་ཅན་དགྲ་ཡིས་སངས་རྒྱས་བསྟན་ལ་སྡངཿ སེམས་ཅན་མནར་ཞིང་ཆོས་བཞིན་སྤྱོད་ལ་སྡངཿ དེ་ཚེ་མན་ངག་བསྟན་པའི་ལྕགས་རི་འདིཿ ཡང་གསང་ཐུགས་ཐིག་གདམ་བ་བསྲུང་བའི་མཚོནཿ བརྩེ་བའི་སེམས་ཀྱིས་བུ་མོར་སྨོན་ལམ་བཏབཿ རྟེན་འབྲེལ་ཟབ་མོ་དུས་ལ་བབ་པའི་ཚེཿ ཕ་ནོར་བུ་ཡི་ལག་ཏུ་འཕྲོད་ནས་ཀྱངཿ ཚེ་ཆོས་སྲུང་ཞིང་འགྲོ་དོན་མཐར་ཕྱིན་པའིཿ རྡོ་རྗེ་གོ་ཁྲབ་ཆེན་པོའི་རྒྱས་བཏབ་པོཿ བཀའ་འདི་གཟའ་རྒོད་ཁྱབ་འཇུག་ཆེན་པོ་དངཿ ཀླུ་བདུད་དུག་སྤུར་མིང་སྲིང་ལག་ཏུ་གཏདཿ བླ་མ་མཁའ་འགྲོའི་བཀའ་ལུང་མ་ནོད་ཅིང་ཿ དམ་ཚིག་མི་བསྲུང་རང་འདོད་ཕོ་ཚོད་ཆེཿ ཆོས་ཉིད་ལྟ་བ་མ་རྟོགས་གང་ཟག་ནིཿ གདམ་པ་འདི་ནི་རླུང་ཕྱོགས་ཙམ་ཐོས་ནཿ སྲོག་གི་གཤེད་མར་གྱུར་ཅིང་སྙིང་ཁྲག་འཕོསཿ གཅིག་བརྒྱུད་ལས་གཞན་དམ་ཚིག་སྲོག་གི་རྒྱཿ ས་མ་ཡཿ ཙིཏྟ་རཀྵནྟུཿ རྒྱ་རྒྱ་རྒྱཿ ཁ་ཐཾཿ གུ་ཧྱཿ བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་དཔའ་བོར་བརྡ་རྟགས་ཤར་ཡང་བཀའ་འདི་གཉན་པས་ཕབ་པར་མ་ནུས་པ་ཆོས་བདག་གསང་བའི་མཛོད་འཛིན་ཌཱཀྐི་བློ་གསལ་དབང་མོའི་སྙིང་སྟོབས་དྲག་པོའི་རྟེན་འབྲེལ་སྣ་ཚོགས་བསྒྲིགས་ནས་བརྡ་བཀྲོལ་སྣ་ཚོགས་མཛད་པ་བཞིན་ཨ་ཙར་ནག་པོའི་རིག་པའི་ཀློང་དུ་དབྱེར་མེད་འདྲེས་ཏེ་དག་པར་ཕབ་པ་མཁའ་འགྲོ་འཁྲེན་ཅིང་གཏེར་བདག་འཕྲེང་བའི་རྒྱུས་འཚུབས་སློང་སྣ་ཚོགས་བྱུང་ཡང་ཡང་དག་ལྟ་བས་ཟིལ་གྱིས་མནན་ཞིང་སྙིང་སྟོབས་གཉན་པོས་འགྲུབ་པར་བྱས་པ་སྟེ་ཡི་གེའི་འདུ་བྱེད་རང་སློབ་ཉེ་བར་གནས་པ་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པས་གཅིག་བརྒྱུད་དུ་གུ་ཧྱཿ ཞལ་དྲོ་བྱིན་ཆགས་རྣོ་མྱུར་ཐོག་མེད་ཤོགཿ དགེའོ།། །། | «྅྅྅སངས་རྒྱས་ཐམས་ཅད་འདུས་པའི་སྐུཿ བདག་ཉིད་པདྨ་ཐོད་ཕྲེང་རྩལཿ སྙིང་དབུས་མི་ཤིགས་ཐིག་ལེ་རུཿ འབྲལ་མེད་བཞུགས་ལ་གུས་བཏུད་དེཿ བདག་ཉིད་དམ་བ་ནག་པོ་ཡིཿ མན་ངག་གསང་བ་གཅིག་བརྒྱུད་ལསཿ ཐོག་མར་རང་ཉིད་བསྲུང་བའི་ཐབསཿ གདམས་པ་འདི་ནི་སྙིང་འདྲ་སྟེཿ »རང་རིག་དོན་གྱི་བླ་མ་ལཿ འདུ་འབྲལ་མེད་པར་སྐྱབས་སུ་མཆིཿ འཁོར་བ་དོང་ནས་མ་སྤྲུགས་པརཿ བརྟུལ་ཞུགས་ཆེན་པོའི་སེམས་བསྐྱེད་དོཿ མ་བཅོས་གཉུག་མའི་རང་གདངས་ལསཿ རང་ཉིད་དམ་པ་ནག་པོ་ནིཿ སྐུ་ཆེ་སྦོམ་ཐུང་ཡན་ལག་རགསཿ དབུ་སྐྲ་ནག་སྣུམ་གྱེན་དུ་གཡེངཿ སྦྱན་གསུམ་དམར་ཟླུམ་མེ་འོད་འཕྲོཿ ཁྲོ་ཚུལ་ཉམས་ལྡན་གཡས་གཡོན་ཕྱགཿ མེ་ཡི་ཐོ་བ་རླུང་འཁོར་བསྣམསཿ སྐུ་ཡི་བ་སྤུའི་བུ་ག་ལཿ ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་གཏམསཿ སྐུ་ལ་རྡོ་རྗེའི་གོ་ཁྲབ་གསོལཿ མི་ལྤགས་གཡང་གཞིས་སྨད་དཀྲིས་ཤིངཿ ཞབས་གཉིས་ཉི་མ་ཟླ་བ་གནོནཿ རྫུ་འཕྲུལ་སྟོབས་དང་ལྡན་པ་ཡིཿ སེང་ཕྲུག་སྔོན་པོ་ལས་ལ་འགྱེདཿ ཐུགས་ཀར་མཆོང་གུར་སྨུག་པོ་ནིཿ རྡོ་རྗེའི་ཆོས་བདུན་དང་ལྡན་པཿ དབུས་སུ་རྣམ་པར་ཤེས་པའི་རྟེནཿ གསེར་གྱི་རྡོ་རྗེ་རྩེ་ལྔ་ཡིཿ ལྟེ་བར་ཧཱུྃ་གིས་མཚན་པར་བསྒོམཿ འཁོར་འདས་ཀུན་ཀྱི་དྭངས་བཅུད་བསྡུསཿ ཅིས་ཀྱང་གླག་མི་རྙེད་པ་ཡིཿ རེག་འཇོམས་རྡོ་རྗེ་འབར་བའི་ལུསཿ སྲིད་གསུམ་བརླག་པའི་མཐུ་ལྡན་གྱུརཿ ཨ་པཱ་ར་ཎ་ཙ་པཱ་ལ་སིདྷཱ་ཧུ་མ་ཕ྄ཊཿ «སྔགས་འདི་འབུམ་དུ་བཟླས་པ་ཡིསཿ» «དངོས་ཉམས་རྨི་ལམ་གང་རུང་ལཿ རང་ལུས་མེ་རུ་འབར་བ་དངཿ རྡོ་རྗེའི་རང་བཞིན་གྱུར་ནས་ཀྱང༔ ནམ་མཁར་འཕུར་ཞིང་མཁའ་ལ་འགྲོཿ རི་བྲག་ཟང་ཐལ་ཐོགས་མེད་དུཿ ནམ་མཁའ་རྒྱུ་རྣམས་གུས་ཕྱག་འཚལཿ བླ་མའི་ཞལ་མཐོང་བྱིན་གྱིས་རློབསཿ དེ་ཚེ་དངོས་གྲུབ་ཐོབ་པ་སྟེཿ ལས་ཕྲན་གང་ལའང་ཐེ་ཚོམ་མེདཿ ས་མ་ཡཿ རྒྱ་རྒྱ་རྒྱཿ འགོ་བའི་ནད་རིམས་བསྲུང་བ་ལཿ རང་གི་དྲི་ཆུ་བར་བ་དངཿ ཆུ་གཙང་བཙན་དུག་ཅུང་ཟད་བསྲེཿ »རང་ཉིད་དམ་པ་ནག་པོ་ཡིཿ ཞལ་ནས་བདུད་རྩིའི་མེ་འོད་འཕྲོསཿ སྔགས་ཆུར་བཏབ་པས་ཁྲོ་ཆུར་ཁོལཿ གང་ལ་བཏབ་པ་ལྷག་མེད་བསྲེགསཿ ནད་རིམས་བདག་པོ་བདག་མོ་བཅསཿ མཐར་བསྐྲད་དམིགས་མེད་སྦྱངས་བར་བསམཿ ཨ་ཀ་རེ་ཛྭཱ་རེ་རམ་པཱ་སོདཿ «བརྒྱ་སྟོང་བཟླས་པའི་སྔགས་ཆུ་ནིཿ ཁོང་དུ་བཏང་ངམ་བུ་གར་བཏབཿ འགོ་ནད་སྲུང་དང་ཞི་བའི་མཆོགཿ འདུ་བ་རླུང་ལས་གྱུར་པ་ནིཿ »ལཾ་བྷ་དྷ་ར་ནན་སེཿ «མར་ལ་བཏབ་ཅིང་ལུས་ལ་བྱུགཿ མཁྲིས་པར་གྱུར་པའི་རིགས་རྣམས་ལཿ» ཨ་ས་པཱཾ་ལ་དྷ་ཧྲཱིཿ« སྲན་ཕྱེར་བཏབ་ཅིང་ལྟོར་བཏང་སེལཿ བད་ཀན་རིགས་སུ་གྱུར་རྣམས་ལཿ »ཕི་ལ་ཕི་ནི་ཀུམ་བྷ་ཡེཿ «ཅོང་ཞི་ལ་བཏབ་ལྟོར་བྱིན་སེལཿ ཚ་བའི་རིགས་སུ་གཏོགས་པ་ལཿ མེ་ལོང་དངས་མར་ཧ་བཏབ་ཅིང་ཿ མཚལ་གྱིས་རཱ་ཡིག་དགུ་བྲིས་ལཿ »བཾ་ཡ་ཧོཿ«ཞེས་བརྗོད་ཆུ་ཡིས་དལ་གྱིས་བཀྲུཿ ལན་བདུན་དག་གིས་སེལ་བར་ངེསཿ གྲང་བའི་ནད་ལ་གཞོང་པའི་མཐིལཿ འོ་མས་བཾཿལྔ་བྲི་བྱས་ལཿ» རཾ་ཡཾ་ཤིག་ཤིགཿ «ཚ་ཆུར་བཏབ་ཅིང་རབ་དུ་བྱུགཿ མེ་ཉིར་བསྲོས་པས་སེལ་བར་ངེསཿ མིག་གི་དབང་པོ་གསལ་བའི་ཐབསཿ» ཧུ་ཡ་ཧུ་དུ་ཀི་ལི་མི་ལི་ཙཀྵུ་ཕི་ཡ་ས་ལ་ལཿ «ལྕགས་ནག་གཡའ་ཡི་ཁུུ་བ་དངཿ ཨ་རུ་འཇིགས་མེད་གུར་གུམ་གསུམཿ ཆུ་གཙང་ལ་སྦྱར་མིག་བྱུག་ནཿ མྱུར་དུ་གྲོལ་བར་ཐེ་ཚོམ་མེདཿ རྣ་བ་རླུང་གིས་འོན་པ་ནཿ» ཁུ་ཡ་ཨུ་མ་ན་ལ་སང་སངཿ «མར་དང་ཛ་ཏི་བསྲེས་པར་བཏབཿ རྣ་བར་བླུགས་པས་སེལ་བར་ངེསཿ ལྕེ་ཡི་དབང་པོར་ནད་བྱུང་ནཿ »བྷི་ཥ་ཨ་ཤུ་ཙ་ཝ་ཊ་ས་ལཿ« རྒྱ་ཚ་ལྕེ་འབིག་ཆུར་བཏབ་བཏངཿ བེར་རྒ་ལུས་ཚད་ཁའི་ཐད་དུཿ མེ་བཙའ་བཏབ་ན་སེལ་བར་ངེསཿ སྣ་ལ་སྲིན་གྱི་ནད་བྱུང་ནཿ »ཤྲྀ་བྲཾ་མུ་རི་བྲཾ་རུ་རུ་སོད་སོདཿ «ཤ་ཚིལ་ཐང་ཕྲོམ་བསྲེས་བྱས་ལཿ སྔགས་འདི་ནུས་ལྡན་བཏབ་བྱས་ལཿ བྱུག་ཅིང་ཤུག་པའི་བྱང་བུ་ནིཿ སྣ་ཡི་ཚད་ཙམ་དྲི་མ་བྱུགཿ རླུང་བདུན་འབུད་ཅིང་རྩེ་མོ་ཡིཿ གཡས་གཡོན་མཚལ་གྱིས་རཾཿགཉིས་བྲིསཿ» ཀུམ་བྷ་ཀུམ་བྷ་ཧོཿ «ཉེར་གཅིག་སྔགས་བཏབ་མེ་ཡིས་བསྲེགསཿ སོ་ལ་ཚ་གྲང་ནད་བྱུང་ནཿ» བི་ཙུ་ཀུ་ལུ་ཕི་ལ་ཕི་ཧེ་ཨརྦ་སྭཱ་ཧཱཿ «ཚ་ཆུར་བཏབ་ཅིང་ཁ་བཤལ་ལཿ དྲི་ཁུས་སྲིན་འབུམ་གོ་དགུ་བཟོསཿ ཁྱི་དམར་དག་ལ་བྱིན་པས་སེལཿ སྙིང་ལ་རླུང་ནད་ཞུགས་པ་ནཿ ཆུ་དཀར་དག་གིས་ལུས་བཀྲུས་ཤིངཿ སྤྲེའུའི་མགོ་ཅན་གླུད་བརྒྱ་བྱཿ ཟས་སྣ་དང་ནི་ཤ་དུམ་རེཿ བཞག་ཅིང་ནད་པའི་མདུན་དུ་བཀོདཿ རང་ཉིད་དམ་པ་ནག་པོར་བསྐྱེདཿ» ཀྱཻཿ སྐྱེ་འགྲོའི་སྲོག་ལ་རྔམ་པ་ཡིཿ ཕོ་གདོན་མོ་གདོན་འགོང་པོའི་རིགསཿ བསྲུང་བྱ་འདི་དང་ཁྱོད་གཉིས་པོཿ སྔོན་གྱི་ལས་ཀྱིས་འབྲེལ་སྲིད་ཀྱངཿ གདོན་གཟུགས་གླུད་གཏོར་འདི་ཡིས་དབྱེཿ འཕྲལ་རྐྱེན་དྲག་པོ་འཁོར་ན་ཡང་ཿ གདོན་གཟུགས་གླུད་གཏོར་འདི་ཡིས་དབྱེཿ བགོ་བར་བྱེད་པ་གོས་ཀྱི་རྐྱེནཿ ལོངས་སུ་སྤྱོད་པ་ཟས་སྐོམ་རྐྱེནཿ བདག་ཏུ་བཟུང་བ་ནོར་རྫས་རྐྱེནཿ མཐུན་ཞིང་འགྲོགས་པ་གྲོགས་ཀྱི་རྐྱེནཿ གོ་མཚོན་ཡོ་བྱད་སྣ་ཚོགས་རྐྱེནཿ ལ་སོགས་རྐྱེན་ལས་བྱུང་བ་ཡིཿ སྙིང་ལ་རླུང་དུ་འཇུག་པའི་ནདཿ གདོན་གཟུགས་གླུད་གཏོར་འདི་ཡིས་དབྱེཿ སྨྱོ་ཞིང་འབོགས་པ་རྒྱལ་པོའི་ནདཿ དགོད་ཅིང་འཕྱོ་བ་མ་མོའི་ནདཿ རྨོངས་ཤིང་འཐིབས་པ་བདུད་ཀྱི་ནདཿ སྡུག་བསྔལ་ངུ་འབོད་སྨན་སྲིན་ནདཿ གློ་བུར་གྲིར་གསོད་ཤི་འདྲེའི་ནདཿ གདོན་གཟུགས་གླུད་གཏོར་འདི་ཡིས་དབྱེཿ ནད་ཀྱི་བདག་པོ་ནད་ལོངས་ཤིགཿ གདོན་གྱི་བདག་པོ་གདོན་ལོངས་ཤིགཿ དུག་གི་བདག་པོ་དུག་ལོངས་ཤིགཿ ཕྱིན་ཆད་འཁོར་བར་མ་བྱེད་ཅིགཿ ནཱ་ཤ་ལ་འདུ་ན་འདུ་ན་སེང་སེང་ཕྱེས་ཕྱེསཿ «སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ཤིངཿ དར་དམར་གཡབ་ཀྱིས་དོར་བྱའོཿ ལན་རེ་བཞིན་དུ་གླུད་རེ་བསྐོརཿ རྫོགས་ནས་འདྲེ་བདུད་ཕྱོགས་སུ་བསྐྱལཿ རང་གི་དྲི་ཆུ་བར་པ་དངཿ འབྲུ་བཅུད་ཛ་ཏིའི་ཁུ་བ་བཅསཿ »ཙིཏྟ་ཀུ་ལ་ཨ་ཤུ་པཱ་ཧུ་ལ་མ་ཀུམ་བྷ་ཀུམ་བྷ་སྭཱ་ཧཱཿ «སྔགས་འདི་བརྒྱ་སྟོང་བཏབ་བྱས་ལཿ ཐོ་རངས་དུས་སུ་ལྟོར་བཏང་ཞིངཿ ཙིཏྟ་འོད་ཀྱི་དྲྭ་བས་བཅིངཿ ྅྅྅རྒྱ་སྣག་ཁྲག་ཆེན་བསྲེས་པས་བྲིཿ ཁོང་དུ་བཏང་ན་ངེས་པར་སེལཿ གློ་བའི་ནད་ཀྱིས་ཟིན་པ་ནཿ »ཨ་ཀ་ཌ་ཏུ་ཏྲི་མ་ཧུ་ཤུདྡྷེ་ཛྭ་ར་དྲོང་དྲོང་ས་ལ་སུཿ «འོ་མར་སྔགས་ཀྱིས་ནུས་ལྡན་བཏབཿ» རང་ཉིད་དམ་པའི་ཞལ་ནས་འོདཿ དཀར་དམར་སྨན་གྱི་རང་བཞིན་བྱུངཿ རྫས་ལ་ཐིམ་ཞིང་ཁོལ་བར་བསམཿ« ཁོང་དུ་ལན་གྲ་མང་བཏང་ཞིངཿ མེ་ལོང་དག་ལ་ཁྱི་དམར་གཟུགསཿ བྲིས་ཤིང»་ ཨ་ཙ་ཏྲི་ཕྱེས་ཕྱེསཿ «བཟླས་ཤིང་ཧུ་ཡིས་སྐབས་སུ་གདབཿ ཐ་མར་རྒྱུན་འབབ་ཆུ་ཡིས་བཀྲུསཿ ངར་མི་དམར་པོ་ནུབ་ཕྱོགས་བསྐྱལཿ ཟས་བཅུད་བསྟེན་པས་སེལ་བར་ངེསཿ ཟས་ཀྱི་དུག་རིགས་གང་ལ་ཡངཿ» ཨརྦ་བི་ཥི་སི་ལ་སུ་བི་ཨུ་རུ་བྷ་ཝཱ་སེང་སེངཿ «སྔགས་འདི་ནུས་ལྡན་བཟླས་བྱས་ལཿ ཨ་རུའམ་ནི་འོམ་བུ་དངཿ ཤུག་པའི་ཁུ་བར་དྲི་ཆུ་བསྲེསཿ» རང་ཉིད་དམ་པ་ནག་པོ་ཡིཿ ཞལ་ནས་བྱིན་རླབས་འོད་དམར་བྱུངཿ བསྲུང་བྱའི་ལུས་ཀྱི་ནང་ཁོང་སོངཿ དུག་རིགས་ལས་བྱུང་ནད་རྣམས་ཀུནཿ བ་མོར་ཉི་ཟེར་ཕོག་བཞིན་ཞུཿ ཤྭ་འུད་ཇི་བཞིན་འོག་སྒོ་ནསཿ ཕྱི་དེད་ལུས་ཀུན་སྨན་བཅུད་ཀྱིསཿ གང་ཞིང་བདེ་བ་མཆོག་ལྡན་བསམཿ «སྔགས་ཆུ་ཁོང་དུ་བཏང་བྱས་ལཿ ཡུངས་ཀར་ཡུངས་ནག་བྲབ་པས་སེལཿ མཁལ་མས་གཙོར་གྱུར་སྣོད་ཀྱི་ནདཿ» ཨུ་ཏྲི་ར་ཧ་ལ་དྷུ་རུ་སུ་རུ་ཕེ་ཕེ་མུ་ལ་ཧོཿ «སྔགས་འདི་བརྒྱ་སྟོང་བཟླས་བྱས་ལཿ »དམ་པའི་སྐུ་ལས་མེའི་ཚྭ་ཚཱཿ འཕྲོ་ཞིང་ནད་པའི་ནང་རོལ་བསྲེགསཿ ལྕགས་བསྲེགས་ལྟ་བུར་ལུས་འགྱུར་ཞིངཿ ཁོག་སྨད་བ་སྤུའི་བུ་ག་ནསཿ དུག་རླངས་རྣམ་པར་ཕྱིར་ཐོན་བསམཿ «ཆུ་དཀར་ཐབ་སར་སྔགས་བཏབ་ལཿ ལྟོར་བཏང་ངེས་པར་སེལ་བར་འགྱུརཿ ཆུ་སེར་ནད་རིགས་གང་ལ་ཡངཿ» ཨ་པ་ར་ཙི་ཊ་ཛྭ་རེ་ཙི་མུན་ཏྲ་ཀུ་རཾ་ཀུ་རཾ་ས་ལ་སྭཱ་ཧཱཿ« སྔགས་འདི་ནུས་ལྡན་དག་ཏུ་བཟླཿ བཙན་དུག་མི་རུས་ཕྱེ་མ་དངཿ ཀླུ་བདུད་རྡོ་རྗེ་གསུམ་ལ་བཏབཿ མར་དང་བསྲེ་ཞིང་ལུས་ལ་བྱུགཿ འོ་མར་བཏབ་ཅིང་ལྟོ་རུ་བཏངཿ ལ་བཅོས་བྱས་ན་ངེས་པར་སེལཿ ལུས་ལ་སྐྲངས་བའི་ནད་བྱུང་ནཿ» ཀཱ་པ་ལ་པུ་རུ་མུ་ཁ་ཨརྦད་སོདཿ «པི་ལིང་དུད་རལ་མར་རྙིང་བསྲེཿ སྔགས་བཏབ་བྱུག་པས་སེལ་བར་ངེསཿ རྨ་དང་ཤུ་བ་གང་ལ་ཡངཿ »ཨ་ཀ་ཙེ་པྲ་མུ་ལ་བག་ཙེ་བག་ཆོདཿ «ཐར་ནུ་དུད་རལ་འབྲི་མོག་གསུམཿ མར་རྙིང་བསྲེ་ཞིང་སྔགས་བཏབ་བྱུགཿ མྱུར་དུ་སེལ་བར་ཐེ་ཚོམ་མེདཿ མེས་ཚིག་རྨ་ལ་སྔགས་འདི་བཏབཿ »ནེ་རཾ་སོདཿ པཾ་སི་ལ་སུ་མུ་སུ་མུ་ཧོཿ «རྟ་ཡི་ཕྲུ་མ་རྙིང་བ་དངཿ གླ་རྩི་ཆུར་སྦྱར་སྔགས་བཏབ་བྱུགཿ ཁོང་དུ་བཏང་ན་སེལ་བར་ངེསཿ ས་བདག་གཉན་རིགས་གང་ལ་ཡངཿ» ཨ་རྦད་སོདཿ ཀ་ལ་སོདཿ ར་མ་སོདཿ ཆུ་མ་ཏི་སོདཿ མེ་དཔལ་སིབ་སིབ་ཞི་ཞི་མལ་སྭཱ་ཧཱཿ «འདི་ཉིད་གང་ལ་ཐེ་ཚོམ་མེདཿ དུས་ངན་སྟོབས་ཀྱིས་བྱུང་བ་ཡིཿ གྲེ་ཐོག་ནད་ཀྱིས་ཐེབས་པ་ལཿ ཐོག་མར་ལུས་བཀྲུས་ཁུ་བ་ཡིསཿ ངར་མི་སྤྲུལ་མགོ་བརྒྱ་བྱས་ལཿ ཆང་བུ་ཏིང་ལོའང་དེ་ཡི་གྲངསཿ ནད་པའི་སྐྲ་སེན་དྲི་མ་བསྲེཿ »རཾ་ཡཾ་ཁཾཿ གདོན་གཟུགས་གླུད་གཏོར་ནད་བདག་དངོས་སུ་གྱུརཿ ཨ་ཀ་ལ་མྲྀ་ཏ་ཧོཿ« ཉི་ཤུ་རྩ་གཅིག་བགྲངས་བྱས་ལཿ» ཧོཿ དམ་སྲི་ཐེའུ་རང་ནད་ཀྱི་བདག་པོ་བདག་མོ་ཁ་ཆེ་མིག་འབུར་མགྲིན་པ་ཕྲ་བ་ཡན་ལག་རགས་ཤིང་ཟས་ལ་རྔམ་ཡང་ཟ་བདག་མེད་པར་སྐྱེ་འགྲོ་ཡོངས་ལ་གནོད་པའི་བསམ་སྦྱོར་སྣ་ཚོགས་བརྩོན་ཞིང་དུག་དང་ནད་ཀྱི་སྣ་འདྲེན་པ་ལུས་རིད་ཅིང་ཉམ་ཐག་གཟུགས་ཅན་བུ་ལོན་དང་ལན་ཆགས་ཀྱི་དབང་གིས་སྲོག་ལ་རྔམས་པའི་རང་གཟུགས་གླུད་གཏོར་འདི་གདོན་གྱི་གདོན་ཆེན་ཟ་བྱེད་ཁྱུང་རྒོད་འབར་བའི་ཚོགས་ལ་སྦྱིན་ནོཿ བསྔོའོཿ ཞལ་དུ་བསྟབ་བོཿ ཀླུ་སྲིན་གདུག་པ་ནད་ཀྱི་བདགཿ བདུད་ཀྱི་བདུད་དགྲ་མྱུར་མགྱོགས་དཔལཿ ཁྱུང་རྒོད་འབར་བའི་ཞལ་དུ་བསྟབཿ ནད་གདོན་བགེགས་ལས་གྲོལ་བར་མཛོདཿ ཨ་ཀ་ཙེ་ཁྱུང་རམ་ཕུ་ཕུ་ཁ་རཾ་ཁཱ་ཧིཿ «གླུད་རྣམས་རེ་རེ་ནས་བསྔོ་ཞིང་ཆུ་ཆེན་འགྲམ་དུ་དོར་བར་བྱཿ» ཨ་ཊ་ཀ་ལ་པྲ་མ་ན་ས་སྲིན་ཕུ་ལ་ཨ་རྦད་སོདཿ« ཁྱུང་ལྔ་ཆང་དང་དྲི་ཆུར་སྦྱརཿ དྲག་པོའི་སྔགས་འདི་ནུས་ལྡན་བཏབཿ» དམ་པའི་ཞལ་ནས་མེ་དཔུང་འཕྲོསཿ ནད་པའི་ལུས་ལ་ཕོག་པ་ཡིསཿ ནད་བདག་འབུ་སྲིན་ཀུན་བསྲེགས་ཤིངཿ བསྲུང་བྱའི་ལུས་ཀུན་མེ་རུ་འབརཿ ནད་གདོན་གཞོབ་ཐུལ་བསྲེགས་པར་བསྒོམཿ «ལས་ཀྱི་རྣམ་སྨིན་མ་གཏོགས་པཿ འདི་ཡིས་ཐུབ་པར་ཐེ་ཚོམ་མེདཿ ཁོག་པར་སྐྲན་གྱི་ནད་བྱུང་ནཿ» ཀ་ཏ་ཙ་པཱ་རུ་ལ་རུ་ཁུ་འབིག་འབིག་ཨུར་མུ་ཞི་ཞི་མལ་མལཿ «མེ་ལོང་དག་ལ་སྔགས་བཏབ་ལཿ མེ་ལ་བསྲོ་ཞིང་སྐྲན་སྟེང་བྱུགཿ རྒྱ་ཚྭ་ཅོང་ཞི་དྲི་ཆུར་སྦྱརཿ ཁོང་དུ་བཏང་ཞིང་ཟ་ཡིག་སྦྱིནཿ ྅྅྅སྨན་གྱི་བླ་མའི་གཟུང་བཟླས་སེལཿ ཚེ་ཟད་ལས་གྱུར་མ་གཏོགས་པའིཿ གློ་བུར་དམུ་ཆུའི་ནད་བྱུང་ནཿ» ཁི་ཊ་པཱ་ལ་ཨ་སུ་མེཿ «སྔགས་འདི་བརྒྱ་སྟོང་བཏབ་བྱས་ལཿ ཐོག་མར་སྤོས་དཀར་དུད་པས་བདུགཿ ལུས་ལ་སྐྲང་བ་ཅུང་ཟད་འབྱུངཿ བ་དམར་སེང་ལྡེང་ཁཎྜ་དངཿ ཕྱེ་དང་བཅས་པར་སྔགས་བཏབ་བྱུགཿ སྐྲང་ཞི་ཨ་རུ་ལྕུམ་རྩ་དངཿ རྒྱ་ཚྭ་ཐར་ནུ་ཕྱེ་མར་འཐགཿ ཆུ་ཁོལ་སྦྱར་བ་སྔགས་གོང་བཏབཿ ལྟོར་བཏང་ཁོང་ཆུ་ཀུན་བཤལ་ཚེཿ ཟས་དང་སྤྱོད་ལམ་གཟབ་བྱས་ལཿ ར་འོ་ལི་ཤི་དང་སྦྱར་བརཿ» ཀུ་ཊ་མ་ཧུ་ཏ་ཨ་ཧུ་སྭཱ་ཧཱཿ «བཏབ་ཅིང་ཁོང་དུ་བཏང་བ་ཡིསཿ རྐྱེན་ལས་གྱུར་བ་སེལ་བར་ངེསཿ དུས་ངན་སྙིགས་མའི་འགྲོ་བ་ལཿ སྨན་དཔྱད་རིམ་གྲོས་ཕན་དཀའ་བས༔ གློ་བུར་ཧུར་ཐུམ་འབྱུང་བའི་ནདཿ གཉན་ནད་ཧུར་བ་ཞེས་ཀྱང་བྱཿ འགོ་བའི་ནད་ཀྱི་རིགས་སུའང་གཏོགསཿ མ་མོ་རྒྱལ་གཉན་གནོད་པའི་རྐྱེནཿ སྨོན་ལམ་ལོག་པའི་དམ་སྲི་ཡིསཿ སར་གནས་བྱང་ཆུབ་སེམས་དཔའ་འགའིཿ སྲོག་ལ་ཧུར་ཐུམ་བྱས་པའི་མཐརཿ ཁོ་ཉིད་གཉན་དང་བསྔོངས་གྱུར་ནསཿ དེ་ཡིས་འགྲོ་བ་འགའ་འགའ་མནརཿ དེ་ལ་ཕན་པའི་གདམས་པ་ནིཿ ཐོག་རང་མར་བསྲུང་བསྒོམ་བཟླས་བྱཿ ནད་པའི་དྲི་ཁུ་དག་ལ་ནིཿ མི་ནག་མགོ་དགུའི་གཟུགས་བྱས་ལཿ» ཕཊཿ རང་ཉིད་དམ་པ་ནག་པོ་ནིཿ རི་རབ་ཙམ་དུ་གྱུར་པ་ཡིཿ སྐུ་ལས་མེ་ཡི་ཚ་ཚ་འཕྲོསཿ ནད་གདོན་ལུས་དང་བཅས་པ་བསྲེགསཿ ཐུགས་ཀའི་འོད་ཟེར་འཕྲོས་པ་ཡིསཿ ས་བདག་ཀླུ་གཉན་ཀུན་བསྡུས་ཤིངཿ གྲིབ་གླུད་རྟེན་དང་གཉིས་མེད་བསྟིམཿ ཟ་ཁ་དགྲ་བོའི་ཡུལ་དུ་གཏོདཿ གནམ་ལྕགས་བྱ་ཁྱུང་དམག་ཚོགས་དངཿ མེ་ཡི་ཚ་ཚས་དེད་པར་བསམཿ ཀ་ལ་ཡཀྴ་བྱེར་བྱེར་ཁུ་ལ་ཁུ་ཧེ་ཨེ་བྷྱོ་ཛ་བྷྱོཿ« བཟླ་ཞིང་ནུབ་ཀྱི་ཕྱོགས་སུ་བསྐྱལཿ ཕ་ཝཾ་ལོང་བུའི་ཕྱེ་མ་དངཿ བཙན་དུག་འཛིན་པ་དྲི་ཆུར་སྦྱརཿ» ཁྲོ་གྷར་ཎ་ཨ་ཊ་ཧ་ཏ་སུ་ཀ་ལ་ཕྱེས་ཕྱེས་བཾ་ཧ་རཾ་ཛྭ་ལ་རཾཿ «སྔགས་འདི་བཟླས་ཤིང་རྫས་ལ་བཏབཿ ཁོང་དུ་བཏང་བས་ཟུག་རྔུ་ཆགཿ རྣག་ཁྲག་བརྡོལ་ཞིང་བདེ་ཉམས་འབྱུངཿ» བཱི་ཙ་བི་མུ་ལེ་སཾ་ཀ་ར་ཧོཿ «སྔགས་འདི་གུ་གུལ་ནག་པོར་བཏབཿ ཡང་ཡང་བདུག་པས་ནད་མཇུག་སེལཿ ཡུངས་ཀར་འབྲུ་བདུན་དག་ལ་བཏབཿ ཐོ་རང་ལན་གསུམ་ཁོང་དུ་བཏངཿ རྗེས་གཅོད་གདམས་པ་ཟབ་མོའོཿ ཏིང་འཛིན་སྔགས་ནུས་ལྡན་པ་ཡིསཿ ཐེང་ཆོག་དམ་པ་འདི་ཁོ་ནཿ འབྲུམ་ནད་སྲུང་བར་བྱེད་པ་ལཿ» ཀུ་ཀུ་ཧུ་ཡ་ཙི་ ན་སུ་ཙི་རཾ་ཤིག་རཾ་རྦདཿ «དུང་དང་སྲན་མ་འབྲུ་བདུན་ལཿ སྔགས་འདི་ནུས་ལྡན་འདེབས་བྱས་ཏེཿ ྅྅྅ཟ་ཡིག་བྱིན་པས་ངེས་པར་ཐུབཿ ཨ་ཙར་དམ་པ་ནག་པོ་ལཿ མཁའ་འགྲོ་ཞི་བ་འོད་ལྡན་མསཿ གནང་བའི་གཞན་ཕན་ཞི་བྱེད་ཀྱིཿ འཕྲུལ་དཔྱད་དཀར་པོའི་རིམ་པ་འདིཿ ལྕགས་སྒྲོམ་བརྡ་རིས་དགོངས་པའི་དོནཿ འཁྲུལ་མེད་གསལ་པར་བྱས་པའོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གུ་ཧྱཿ ཨྱྃཿ བདག་ཉིད་དམ་པ་ནག་པོ་ཡིཿ སྣ་ཚོགས་འཕྲུལ་དཔྱད་ཁྲ་བོ་ནིཿ རྟེན་འབྲེལ་ཐབས་ལ་མཁས་པ་ཡིཿ རྣལ་འབྱོར་པ་ཡི་ཁྱད་ནོར་ཏེཿ ཟོལ་ཟོག་མཁན་གྱི་སྤྱོད་ཡུལ་མིནཿ བྱང་ཆུབ་སེམས་ཀྱིས་རྒྱུད་བསླངས་ཏེཿ བླ་མར་མོས་གུས་རྩེ་གཅིག་ལྡནཿ སྟོང་ཉིད་སྙིང་རྗེ་དབྱེར་མེད་ངངཿ རྣལ་འབྱོར་གྲུབ་རྟགས་ལྡན་གྱུར་ནཿ ཀུན་ཀྱིས་འདུད་ཅིང་དཔའ་ཞུམ་མོཿ »བདག་ཉིད་དམ་པ་ནག་པོ་ནིཿ ལྗགས་དམར་རྡོ་རྗེ་རྩེ་གསུམ་པཿ ལྟེ་བར་ཨཾ་དམར་གྱིས་མཚན་པཿ གཟི་བརྗིད་ལྡན་བ་གོང་ལྟར་བསྐྱེདཿ སྣ་ཚོགས་སྤྲུལ་སྒྱུར་མཁའ་འགྲོ་ནིཿ གང་ཡང་ཐོགས་མེད་དཔའ་ངར་ལྡནཿ སེངྒེ་སྔོན་མོའི་ཚུལ་ཉིད་དུཿ གཏུམ་ཆེན་འབར་མ་ཟ་བྱེད་མཿ ལུས་དང་གྲིབ་བཞིན་འབྲལ་མེད་འགྲོགསཿ གསལ་གདབ་སྟོང་ཆེན་བདེ་བའི་ངངཿ ཨ་ཧྲཱི་ཧཱུྃཿ «འབུམ་ཕྲག་གྲངས་ཀྱི་བསྙེན་པ་སྟེཿ ཞལ་མཐོང་བདུད་རྩི་གནང་བ་དངཿ རང་ཉིད་དམ་པ་ཉིད་དུ་སྣངཿ མཁའ་ལ་འཕུར་ཞིང་ཉི་ཟླ་གཉིསཿ གདན་དུ་བཏིང་ཞིང་རི་རབ་རྩེརཿ གར་བྱེད་འོད་ལུས་གྱུར་པ་སོགསཿ འགྲུབ་པར་རྟགས་མཚན་མཐོང་བ་སྟེཿ ལས་ཀུན་འགྲུབ་པར་ཐེ་ཚོམ་མེདཿ རང་ཉིད་ཚེ་བསྲིང་གདམས་པ་ནིཿ» རང་ཉིད་གསེར་གྱི་རྡོ་རྗེར་བསྒོམཿ ལྟེ་བར་ཉི་ཟླའི་གའུའི་དབུསཿ ཧྲཱིཿ ཡིག་སྲོག་གི་མདོག་མཐུན་པཿ རིང་ཆ་ཚེགས་དྲག་བཅས་པ་གསལཿ སྣང་སྲིད་འཁོར་འདས་དྭངས་བཅུད་ཀུནཿ འོད་ཞུ་ཉི་ཟླའི་གྭའུའི་དབུསཿ སྲོག་གི་ཡི་གེ་དག་ལ་ཐིམཿ གའུ་དྭངས་མ་ལྔ་ཡིས་ཁེངསཿ རྡོ་རྗེ་ཐུགས་སྲོག་དང་བཅས་ལཿ བཀྲག་མདངས་གཟི་བརྗིད་རབ་རྒྱས་ནསཿ རྩ་གསུམ་རྒྱལ་བ་རབ་འབྱམས་དངཿ དྲང་སྲོང་རིག་འཛིན་མཁའ་འགྲོ་མཿ རྡོ་རྗེའི་སྐུ་བརྙེས་བདེན་ཚིག་གྲུབཿ ཤོག་སྐྱ་རླུང་གིས་བསྐྱོད་བཞིན་བྱོནཿ རང་ལུས་རྡོ་རྗེར་སིབ་སིབ་ཐིམཿ ཆོས་བདུན་དང་ལྡན་གང་ལ་ཡངཿ ཐོགས་པ་མེད་པའི་རྩལ་ལྡན་གྱུརཿ ཧྲཱིཿ «ཡིག་འབུམ་ཕྲག་བཟླས་བྱེད་ཅིངཿ ཉམ་ཐག་འགྲོ་ལ་སྦྱིན་པ་དངཿ ཉེས་མེད་སྲོག་བསླུ་བྱས་པས་འགྲུབཿ དམིགས་བྱར་གྱུར་པའི་ཚེ་བསྲིང་ནཿ ཧྲཱིཿཡིག་ཁོག་པར་བསྒྲུབ་བྱ་གསལཿ མཆོག་སྟེ་ཐུན་མོང་དག་ལ་ཡང་ཿ རྡོ་རྗེའི་ལྟེ་བར་ཕལ་བ་ལཿ རྡོ་རྗེ་ལས་བྱུང་འོད་ཟེར་གྱིསཿ ཚེ་སྲོག་ཡར་བརྐུས་འཕྲོག་པ་བསྡུསཿ དྭངས་མ་བཅུད་དུ་དྲིལ་བས་འགྲུབཿ སྙིང་པོ་ཡིད་ཀྱིས་བཟླས་པ་མཆོགཿ» ཧྲཱིཿ ཨ་ཡུར་ནྲྀ་བྷཱུྃཿ «བརྒྱ་རྩ་བཟླས་ཤིང་དམིགས་གནད་ཀྱིཿ སྲོག་གི་གྲོགས་གྱུར་མདོག་མཚུངས་པའིཿ སྲད་བུར་རྡོ་རྗེའི་མདུད་གསུམ་བོརཿ མགུལ་དུ་བཏགས་པས་བར་ཆད་སེལཿ ཟད་པའང་ཟླ་བ་གསུམ་དུ་བསྲིངཿ རང་གཞན་ཚེ་འཕེལ་གདམས་པ་མཆོགཿ ཤིན་ཏུ་ཟབ་ཅིང་ནུས་པར་ལྡནཿ ས་མ་ཡཱཿ» «ཕ་རོལ་བྱད་ཕུར་བསྲུང་བ་ནིཿ »རང་ལུས་རྡོ་རྗེ་སྔོན་པོར་བསྒོམཿ ལྟེ་བར་མཆོང་ལྕགས་ཧཱུྃ་མཐིང་གསལཿ རྡོ་རྗེ་མེ་ཡི་ཚྭ་ཚྭ་འཕྲོསཿ བྱད་མའི་བསམ་སྦྱོར་ངན་པ་བསྲེགསཿ ར་ལུག་སེར་བས་དེད་པ་བཞིནཿ ཁོ་ཡི་ལྷ་སྲུང་གཟིར་བ་ཡིསཿ རང་གཤེད་རང་དུ་དབབ་པར་བསམཿ ཨཱཿཧཱུྃ་ཨཱཿཕཊ་ནྲྀ་ཏྲི་ཤ་ཏྲུན་བྷྱོ་བྷྱོ་ཟློག་ཟློགཿ «བསྲུང་བྱ་རྡོ་རྗེའི་ལྟེ་བར་ཚུདཿ སྲིད་ཞིའི་སྟོབས་རྩལ་ནུས་བཅུད་ཀུནཿ འོད་ཀྱི་རྡོ་རྗེ་རྡུལ་ཕྲ་རབཿ རྣམ་པར་བསྡུས་ཤིང་རང་ལུས་དངཿ བསྲུང་བྱའི་ལུས་ལ་གོ་ཁྲབ་ཀྱིཿ རྣམ་པར་གྱུར་པས་བགོས་པ་ཡིསཿ ཅིས་ཀྱང་གླག་མི་རྙེད་པར་གྱུརཿ »ཧཱུྃ་བཛྲ་རཀྵ་ཧོཿ «སྲད་བུ་མཐིང་གར་རྡོ་རྗེ་ཡིཿ མདུད་པ་དགུ་བོར་སྔགས་སྟོང་བཏབཿ མགུལ་དུ་བཏགས་ན་བྱད་བསྲུང་མཆོགཿ གནམ་ལྕགས་ཐོག་སྲུང་ཟབ་མོ་ནིཿ» གནམ་ལྕགས་རྡོ་རྗེ་རྩེ་དགུ་བའིཿ ལྟེ་བར་དམ་པ་ནག་པོ་བཞུགསཿ ཡར་གྱི་རྭ་རྩེ་ཁྱུང་ནག་དགུཿ མར་གྱི་རྭ་རྩེ་སྡིག་ནག་དགུཿ ཆང་ཟུང་མེ་ཡི་འཁོར་ལོ་ནིཿ གཡོན་འཁོར་མེ་སྟག་འཕྲོ་བར་བསྒོམཿ ས་གཞི་གཡུ་ཡི་གྲོད་པར་བསྒོམཿ ཐོག་སེར་བདག་པོ་རྡོ་རྗེ་ཡིཿ མར་རྩེའི་སྡིག་ནག་ཁ་བར་ཚུདཿ རྡོ་རྗེའི་ཆར་དང་སེང་གེའི་དམགཿ སེར་བའི་གདོང་དུ་བརྒྱབ་པ་ཡིསཿ རྩ་ཕུང་མེ་ལ་བསྲེག་བཞིན་བསྲེགསཿ ཨ་རྦད་དུ་ནཱ་ག་ཙ་མུ་ཏྲི་ཕྱེས་ཕྱེས་གཏོར་གཏོར་རཾ་ཤིགཿ« ཡུངས་ཀར་དག་ལ་སྔགས་འདི་བཏབཿ སེར་བའི་གདོང་དུ་གཏོར་བར་བྱཿ འདི་ཡིས་ངེས་པར་བཟློག་གྱུར་ཅིངཿ སྡེ་བརྒྱད་གནད་ལ་འབེབ་པའོཿ སེར་བསྲུང་ཕྲན་བུ་དག་ལ་ནིཿ» རང་ཉིད་དམ་པ་ནག་པོའི་སྐུཿ རི་རབ་ཙམ་དུ་གྱུར་པ་ཡིཿ ཕྱག་གཡས་རླུང་གི་འཁོར་ལོ་ཡིསཿ སྡེ་བརྒྱད་བཅིང་ཞིང་ཐོག་སེར་ཀུནཿ ཡུལ་གཞན་དག་ཏུ་ཁ་གཏད་ཅིངཿ རང་འདྲ་དཔག་ཏུ་མེད་པ་ཡིསཿ ཧཱུྃ་ཕཊ་གད་རྒྱང་རབ་ཏུ་སྒྲོགསཿ སྡེ་བརྒྱད་ཐོག་དང་སེར་བའི་བདགཿ སྔངས་ཤིང་ཕྱག་འཚལ་བྲོ་བོར་ནསཿ མཛུབ་རྩེར་འོད་ཀྱི་བྱ་དཀར་འཕྲོསཿ དེ་ཡི་རྗེས་སུ་ཁྱི་བཞིན་དུཿ ཁྲིད་ཅིང་འདོད་དོན་སྒྲུབ་པར་དམིགསཿ ཨ་ཡ་མ་དུ་རུ་ཙ་ཤ་ན་སྙིང་གཟིར་ཙིཏྟ་འདུས་རུ་ལུ་རུ་ཥི་ཨ་རྦད་རྒྱུགཿ «སྔགས་འདི་བཟླས་པས་སེར་ལས་འགྲུབཿ གློ་བུར་དགྲ་ལ་ཐོག་སེར་འབེབསཿ གཞི་བདག་མཐོང་བའི་རི་རྩེར་ཕྱིནཿ ཁྱི་སྤྱང་བྲུན་གྱི་ཆུ་བསྐོལ་ལཿ རང་ཉིད་དམ་པ་ནག་པོར་བསྐྱེདཿ དམིགས་པས་ཡུལ་མི་དེ་དག་གིཿ སྡེ་བརྒྱད་ཡུལ་དུ་རྫས་ངན་གཏོརཿ ས་བདག་ཀླུ་གཉན་ཀུན་དཀྲུགས་ཅིངཿ» དམ་པའི་ཐུགས་ལས་འོད་ནག་པོཿ ས་བདག་ཟོ་དོར་ལ་ཕོག་པསཿ སྐད་ཅིག་ཉིད་ལ་ཐོག་སེར་གཡོཿ དམིགས་པའི་ཡུལ་དུ་གྱུར་པ་ཀུནཿ ཐལ་བ་རྡུལ་དུ་བརླག་པར་དམིགསཿ ཨ་ཀྲོ་ཨ་ཧུ་གཞོབ་ཐུལ་ཐུལཿ «ཞེས་བཟླས་ཆུ་བསྐོལ་མེ་ནང་གཏོརཿ »ནཱ་ག་དུ་དུ་སེ་ན་ཏ་ཀུ་ཊ་ཕྱུར་ཕྱུར་ཧུ་རུ་ཕི་ཕིཿ «བཟླ་ཞིང་མཆོང་རྒྱུག་སྣ་ཚོགས་བྱཿ འཕྲལ་དུ་སེར་བ་འབེབ་གྱུར་ཅིངཿ »དམ་པའི་ཕྱག་མཛུབ་རྩེ་མོ་ནསཿ བྱ་ནག་སྐད་ངན་སྒྲོགས་པ་འཕྲོསཿ གང་ལ་དམིགས་པར་ཁྲིད་པར་བསམཿ «རྗེས་ལ་གཏང་རག་བསང་སྐྱེམས་འབུལཿ ཐོག་སེར་བསྲུང་དང་འབེབས་པ་ཡིཿ གདམས་ངག་སྙིང་ལ་འཆོངས་ཤིག་གུཿ ལོ་ཐོག་འབུ་སྲིན་བསྲུང་བ་ལཿ སྲིན་བུའི་གནོད་པ་ཞི་བྱེད་ནིཿ »རང་ཉིད་དམ་པ་ནག་པོ་ཡིཿ ཞལ་ནས་འོད་ཟེར་མཐིང་ཀ་འཕྲོསཿ རྫས་ལ་ཐིམ་པས་མེ་འོད་འཕྲོསཿ ལྕགས་ཀྱི་བྱིས་ཆུང་རྡུལ་སྙེད་གྲངསཿ གྱུར་ནས་སྲིན་བུའི་ཚོགས་ཀུན་བྱེརཿ ལྷག་མ་ཟས་སུ་ཟོས་པར་བསྒོམཿ བཱ་ཀུ་ལ་ས་ཀི་ཙི་བྱེར་བྱེརཿ ཙིད་ཙིད་ལམ་ཐ་ལམ་བྷཿ «བྱེ་མ་དང་ནི་ཤུག་ཐལ་ལཿ སྔགས་འདི་བཏབ་པས་གཏོར་བ་ཡིསཿ འབུ་སྲིན་ཞི་ཞིང་ལོ་ལེགས་འགྱུརཿ སད་སྲུང་སྤྲིན་ཆེན་བསྡུ་བ་ནིཿ བ་གླང་འོ་མ་ཆུ་དང་བསྲེཿ ཤུག་པའི་མེ་ཡིས་རླངས་ཐོན་བསྐོལཿ སྤྲིན་ཆེན་བསྡུ་བའི་སྔགས་འདི་བཟླསཿ» ཨ་ཧུ་ལ་ཧྲི་ནཱ་ག་ན་འདུས་འདུས་ཕུ་ཕུ་ན་ཧི་ལི་མི་ལི་དུ་ན་འདུས་སྭཱ་ཧཱཿ «ཆུ་དཀར་དག་ལ་སྔགས་འདི་བཏབཿ མཁན་པས་བསང་བཏང་ཕྱོགས་ཀུན་གཏོརཿ» རང་མདུན་འོ་ཆབ་རྒྱ་མཚོའི་དབུསཿ ཀླུ་དབང་ཀླུ་ཆེན་བརྒྱད་ཀྱིས་བསྐོརཿ ཁ་ནས་སྨུག་རླངས་ཟིལ་ཆར་འབེབསཿ ཡུལ་ཕྱོགས་ཀུན་ཏུ་ཁྱབ་པ་ཡིསཿ ལོ་འབྲས་རྩི་བཅུད་ནུས་པ་རྒྱསཿ འགྲོ་བའི་གསོས་སུ་གྱུར་པར་བསམཿ «གོང་གི་སྤྲིན་ཆེན་གཟུངས་དང་ནིཿ »ཕུ་ཧི་ལི་མི་ལི་ཧོཿ« གྲངས་མེད་བཟླས་པས་ངེས་པར་འགྲུབཿ ཕག་གི་ཤ་དང་སྒོག་གཙོང་འཛེམཿ ཆར་པ་འབེབས་པར་བྱེད་འདོད་ནཿ མར་གྱིས་སྦལ་སྤྲུལ་གཟུགས་བཅོས་ལཿ འཁར་གཞོང་འོ་ཆབ་ནང་དུ་བཞགཿ »ནཱ་ག་དུ་ན་ཧི་ལི་མི་ལི་ཧི་འདུས་འདུས་ཆར་ཆར་ཨ་ཧུ་བྷ་ཡེ་ཧུ་ཧོཿ «བརྒྱ་སྟོང་བཟླས་ཤིང་ཕུ་བཏབ་སྟེཿ ཀླུ་དབང་སྤྲུལ་པའི་ཕོ་ཉར་བསམཿ ཆུ་མིག་གམ་ནི་ཆུ་ཆེན་བགྲམཿ ཡང་ན་མཚོ་ཡི་ཁུགས་པ་རུཿ »ཕུ་ལེ་ཧོཿ ཀླུ་ཆེན་དགའ་བོ་འཇོག་པོ་དངཿ ཉེར་དགའ་ལ་སོགས་ཀླུ་ཆེན་བརྒྱདཿ དཀར་གསུམ་མངར་གསུམ་ཀླུ་སྨན་དངཿ བཤོས་བུ་འབྲུ་སྣ་འོ་ཆབ་སྐྱེམསཿ འབུལ་ལོ་དགྱེས་པ་ཡོངས་སྐོངས་ནསཿ ཡུལ་ཁམས་སྤྱི་དང་ཁྱད་པར་དུཿ ཡུལ་འདིའི་འབྲུ་བཅུད་སྤེལ་བའི་ཕྱིརཿ བདུད་རྩི་ཆར་གྱི་དངོས་གྲུབ་སྩོལཿ ཀླུ་རྒྱལ་དགྱེས་པའི་ཁ་རླངས་ལསཿ ས་ཆ་ཡུལ་རིས་འབྱུང་བ་ལྔའིཿ བཅུད་འཕེལ་འབྲུ་ནོར་ལོངས་སྤྱོད་རྒྱསཿ བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོགཿ «བརྗོད་ཅིང་བྱང་ཆུབ་སེམས་མཆོག་གིསཿ བསྐྱར་ན་ཆར་པའི་དངོས་གྲུབ་ཐོབཿ ཡང་ན་གོང་གི་སྔགས་དེ་ཉིདཿ བརྒྱ་རྩ་བརྒྱད་དུ་བཟླས་བྱས་ལཿ རང་གི་ལག་པ་གཡས་གཡོན་བཏབཿ ལག་པ་སྦལ་སྦྲུལ་བཅུ་རུ་བསྒོམཿ ཆུ་སྟེང་ཀླུ་ཡི་ཡུལ་དུ་སོངཿ བདེ་བ་བསྐྱེད་བསམ་ལག་པ་བགྲུསཿ མྱུར་དུ་ཆར་པའི་དངོས་གྲུབ་འབྱུངཿ ས་གསོ་ཆར་འབེབས་གདམ་པའོཿ བྱི་བས་ལོ་ཏོག་གནོད་པ་ལཿ བྱི་ལ་ནག་པོའི་བྲུན་གྱི་ཆུཿ ཕྱེ་མ་དག་ལ་རབ་བསྔགས་ཤིངཿ »པུ་ར་ལི་ཙི་སྭིར་ཙི་ཤུ་ཨ་ཤུ་མེ་ཞི་མར་ཧུར་ཧུར་ཕྱེས་ཕྱེས་གཏོར་གཏོརཿ «བརྒྱ་སྟོང་བཟླ་ཞིང་ནུས་ལྡན་སྔགསཿ གང་དུ་འོང་བའི་སར་གཏོར་ཞིངཿ ཞིང་གི་མཐའ་སྐོར་ར་ཤུག་གིཿ དུད་བས་རབ་ཏུ་བདུག་བྱས་ནཿ ཡུལ་དེར་ཆགས་པར་མི་འགྱུར་རོཿ ཁ་ཆར་གཅོད་པའི་གདམ་པ་ནིཿ བག་ཟན་དག་ལ་སྤལ་པ་བཅའཿ »ནཱ་ག་རཱ་ཛ་ཕུ་ལ་ཁུགཿ« ཅེས་བྲིས་ལྟོ་རུ་གཞུག་བྱས་ལཿ རྫ་ཡི་སྣོད་བཞག་ཀླུ་བདུད་བཀུགཿ »རང་ཉིད་ཨ་ཙར་ནག་པོར་བསྒོམཿ ལག་གཡས་མེ་ཡི་འཁོར་ལོ་འཛིནཿ དེ་ལས་མེ་ཁྱུང་ཚོགས་འཕྲོས་པསཿ ཆར་བདག་ཀླུ་གཉན་ས་བདག་ཀུནཿ དཔག་ཚད་རྒྱང་གྲགས་ལམ་དུ་བྱེརཿ ནམ་མཁའ་མེ་ཁྱུང་དམར་པོས་གངཿ ཁ་རླངས་ན་བུན་བསྲེག་པར་བསམཿ རཾ་རཾ་ཤིག་ཤིག་མེ་འབར་ནཱ་ག་ཕྱེས་ཕྱེས་གཏོར་གཏོར་ག་རུ་ཊ་ཛྭ་ལ་རཾ་ཕུ་མི་ཕུ་ལ་མི་ཏི་རཾ་ཤིག་ཛྭ་ལ་རིཿ« སྔགས་འདི་བཟླ་ཞིང་ཚྭ་རམ་པརཿ བཏབ་ཅིང་མེ་ལ་བསྲེགས་པ་དངཿ དར་དམར་རྩིད་དམར་ལ་སོགས་པརཿ བཏབ་ནས་གཡབ་ཅིང་དམིགས་པས་གཅུནཿ ཁ་ཆར་གང་ལའང་ཐོགས་པ་མེདཿ ཡང་གཅིག་ཨ་ཙར་གདམ་པ་ནིཿ »ནཱ་ག་ནི་ཕུ་ཕུ་ཙིཏྟ་དུང་དུངཿ «ལྷྭམ་སྒྲོག་མདུད་པ་གསུམ་པོར་ལཿ སྔགས་འདི་བརྒྱ་རྩ་བརྒྱད་བྱས་ཏེཿ ཆར་བདག་སྦྲུལ་ནག་མགོ་དགུར་བསམཿ ལྷྭམ་གཡོན་ནང་བཙུད་མལ་འོག་བཞགཿ རང་ཉིད་མེ་དཔུང་འབར་བར་བསྒོམཿ ཉལ་བས་སྤྲིན་བྱེར་ཉི་འོད་རྒྱསཿ བཀྲོལ་ཚེ་ལྷྭམ་ཆིངས་མདུད་པ་བཤིགཿ ཆུ་ཡི་འགྲམ་ཕྱིན་ལན་གསུམ་དཀྲུགཿ ཀླུ་སྦྲུལ་རང་གནས་སོང་བར་བསམཿ འདི་ནི་ཟབ་པའི་གདམས་པའོཿ ལྟོ་འགྲོས་་སོ་བཏབ་དུག་བྱུང་ནཿ »ཨ་ཀ་ཙ་ནཱ་ག་དུ་ན་བི་ཥི་ཕྱེས་ཕྱེས་ཤཱིནྟཾ་སྭཱ་ཧཱཿ «གླ་རྩི་བཏབ་ཅིང་བྱུག་པའོཿ ཡང་ན་མཆེ་བར་བཏབ་ཅིང་བྱུགཿ ཕྲལ་དུ་སེལ་བར་ཐེ་ཚོམ་མེདཿ ལྟོ་འགྲོ་སྲུང་བར་བྱེད་པ་ལཿ ཆུ་ཆེན་འགྲམ་གྱི་བྱེ་ནག་ལཿ དུད་རལ་ཆུ་ཡིས་ངར་བཏབ་ཅིངཿ» ཨ་ཀུ་ཙི་ར་ཁ་ཐཾ་རཱེ་ཀུ་ལ་བྷེ་བྷེ་འཐུམ་བྱེར་ཅིགཿ «སྔགས་འདི་བཏབ་ཅིང་གཏོར་བས་ནཿ ཡུལ་དེར་འཁོར་བར་མི་འགྱུར་རོཿ ཡང་གཅིག་དམིགས་པ་བརྟན་པ་ཡིསཿ »རང་ཉིད་ཀླུ་སྦྲུལ་ཟས་ཟ་བའིཿ ལྕགས་བསྲེགས་ཕག་མོ་མགོ་དགུ་པཿ ཁ་ནས་ཀླུ་དུག་མེ་འོད་འཕྲོསཿ ཀླུ་སྦྲུལ་སྔངས་སྐྲག་དྲན་པ་ཉམསཿ བྲོས་ཤིང་འཁོར་ས་མེད་པར་བསམཿ ལ་ཧུ་ཙི་ཏྲ་སོདཿ« ཆ་ཤས་བཟླས་ཤིང་དམིགས་པ་བྱཿ ར་གསུར་བྱས་པས་ཐུབ་པར་ངེསཿ ས་མ་ཡཿ ཡང་གཅིག་རྣལ་འབྱོར་གདམ་པ་ལཿ བྷནྡྟ་ཚད་ལྡན་སྐྱོན་བྲལ་བཿ དུམ་བུ་ལྔ་པ་མན་ཆད་ཀྱིཿ ནང་དུ་»ཨོཾ་བྷཱུཾ་པུཥྟཾཿ «མཚལ་ལམ་ཙནྡན་གང་རུང་བྲིསཿ རྩི་མར་ཅུང་ཟད་བྱུག་བྱས་ལཿ» རང་ཉིད་དམ་པ་རྒྱ་གར་བཿ ཕྱག་གཡས་སེང་ལྡེང་ཌཱ་རུ་འཁྲོལཿ གཡོན་པས་ཡིད་བཞིན་ནོར་བུ་བསྣམསཿ མདུན་དུ་ལྷ་མོ་དཔལ་འབར་མཿ སྐུ་མདོག་བཙོ་མ་གསེར་གྱི་མདོགཿ རིན་པོ་ཆེ་ཡི་རྒྱན་ཆ་སྤྲསཿ ཕྱག་ན་བདུད་རྩིའི་ཐོད་པ་བསྣམསཿ རྩ་གསུམ་རྒྱལ་བ་རབ་འབྱམས་མཆོདཿ སླར་ཡང་ཐུགས་ཀའི་འོད་ཟེར་གྱིསཿ སྲིད་ཞིའི་དཔལ་ཡོན་ཀུན་བསྡུས་ནསཿ ཐོད་པ་ནང་ཁེངས་བཅུད་དུ་དྲིལཿ བདག་ལ་དངོས་གྲུབ་གནང་བ་ཡིསཿ ལྷ་ཀླུ་གནོད་སྦྱིན་ཚོགས་ཀུན་གྱིསཿ ཡིད་བཞིན་ནོར་བུ་ཆར་དུ་ཕབཿ ཟས་ནོར་ལོངས་སྤྱོད་འདོད་དགུ་ཡིསཿ གནས་ཁང་མེར་མེར་ཁྲིག་ཁྲིག་གང་ཿ མཆོད་སྤྱིན་འདོད་དགུའི་དཔལ་འབར་བསམཿ ཨོཾ་ཨ་པ་ར་ཎ་པུཎྱེ་མ་ཎི་རཏྣ་བསྡུས་བསྡུས་སུ་བྷ་ཝ་པིུཥྟཾ་ཀུ་རུ་ཧོཿ «དམིགས་གནད་དང་བཅས་བཟླས་པ་ཡིསཿ མཁའ་ལ་འཇའ་ཚོན་སྤྲིན་འཁྲིགས་དངཿ མེ་ཏོག་ཆར་འབབ་མཁའ་འགྲོ་འདུཿ རིན་ཆེན་གླིང་དུ་ཕྱིན་པ་སོགསཿ རྟགས་མཐོང་ཚེ་ན་འགྲུབ་པ་སྟེཿ སྐབས་སུ་ཐོད་པ་སྔགས་བྱིན་རླབསཿ དེ་ཉིད་འབྲལ་མེད་བཅང་བ་ནཿ འཛམ་བྷ་ལ་ཡི་དཔལ་ཡོན་ལྡནཿ ཡང་གཅིག་དབང་ཐང་རྒྱས་འདོད་ནཿ མར་གྱི་ཁྱེའུ་ཆུང་ཚོན་གང་བའིཿ ྅྅྅ཙནྡན་དཀར་པོའི་ཁུ་བས་བྲིསཿ གཞུག་ཅིང་འོ་ཆབ་ནང་དུ་བཞགཿ» པུ་རི་པུ་ཏྲ་ལ་ཛི་མི་ཀུ་རུ་སི་ལི་སི་ཧེ་པུཥྟིཾཧོཿ རང་ཉིད་དམ་པ་ནག་པོ་ཡིཿ ཐུགས་ལས་འོད་ཟེར་སྣ་ལྔ་འཕྲོསཿ སུམ་ཅུ་རྩ་གསུམ་ལྷ་གནས་ནསཿ ཁྱེའུ་ཆུང་གི་ལྷ་བཀུག་པསཿ རྫས་ལ་ཐིམ་པས་འོད་དུ་འབརཿ གདོན་དང་གནོད་པས་གླག་མི་རྙེདཿ བསོད་ནམས་དབང་ཐང་རྒྱས་པར་བསམཿ «ཤེལ་དུང་རིན་ཆེན་མཚོན་རྙེད་དང་ཿ གངས་རིར་འཛེགས་སོགས་རྟགས་མཐོང་ངོ་ཿ དེ་ཚེ་མར་གཟུགས་བསྲུང་བྱ་མོསཿ མིད་ཅིང་སྔགས་ཆུ་ཕོ་ཡིས་བཏུངཿ ཚོགས་བསགས་དང་ནི་སྦྱིན་པར་འབདཿ མྱུར་དུ་རྟགས་མཚན་མཐོང་བར་ངེསཿ ཆོ་རིགས་ཕོ་རུ་སྒྱུར་འདོད་ནཿ དུང་གི་ཁུུ་བ་དབང་ལག་སྦྱརཿ ྅྅྅ཐོ་རངས་དུས་སུ་ཟླ་གཅིག་བསྟེནཿ »ཕ་ཧུ་ལ་མུ་ཊཿ« རེ་རེ་སྔགས་འདི་ཉེར་གཅིག་བཏབཿ ངེས་པར་འགྱུར་བར་ཐེ་ཚོམ་མེདཿ ཞོ་ཆང་ལད་པ་བཅོས་འདོད་ནཿ མཁར་གོང་དཀར་པོ་སྐྱོན་མེད་ལཿ» མ་ཀོ་ལ་ཞིལ་ཞིལཿ «སྔགས་འདི་བརྒྱ་སྟོང་ལ་སོགས་བཏབཿ མེར་བསྲེགས་ཞོ་ཚང་རང་རང་ལཿ »སུ་ལ་སུ་ཡ་ཨ་ཀུ་བི་ཀུ་མེ་ལ་ཧོཿ ཧུ་ལ་ཧུ་ཨ་མྲྀ་ཏ་བྷ་ཝ་པིུཥྟཾ་ང་མ་རུ་ཧོཿ «ཞེས་བཏབ་ནང་དུ་གཞུག་པ་ཡིསཿ རོ་མངར་ནུས་པ་ལྡན་པར་འགྱུརཿ ཁྱིམ་དུ་ལྟོག་འགོང་བསེ་རག་ཞུགསཿ འབྲུ་ནག་སྦྲང་ཕྱེ་གོ་ཐལ་བསྲེསཿ མི་ནག་གླ་ནག་ཞོན་པ་ལཿ ཁ་ན་འཇག་མའི་སྤུ་གུ་ཐོགསཿ ལག་ན་ལན་ཆགས་ཕྱགས་མ་འཛིནཿ ཟས་ངན་ལྷག་མ་ཤ་རུས་སྤངཿ རེ་བ་གོས་ཧྲལ་གོ་ཐལ་དངཿ ར་འོ་བསྲེས་པའི་ལན་ཆགས་བརྒྱཿ ཟན་ཆང་རམ་པ་བཅས་བསྡུས་བཤམསཿ »ར་ར་མ་ལ་ཁུ་ཡ་ཁུ་ཡེ་ཨུ་ཤུ་མུཿ «སྟོང་བཟླས་རྡོ་ཐུན་དག་ལ་བསྔགསཿ» ཀྱཻཿ འདི་ནས་བྱང་གི་ཕྱོགསཿ ཐེའུ་རང་འདུ་བའི་གནསཿ མུན་པ་གླིང་དགུ་ནསཿ ལྟོག་འགོང་བསེ་རག་རྗེཿ བསོད་ནམས་དམན་ལ་གནསཿ ཟས་ནོར་བཅུད་ལ་རྔམསཿ དཀོར་ཆ་ལོངས་སྤྱོད་ལཿ བླ་ཡིད་གཅིག་ཏུ་འདྲེསཿ འཛད་པ་མེད་པ་ཡིཿ སྦྱིན་པ་འདི་ཁྱེར་ལཿ སྡང་བྱེད་དགྲ་བོའི་ཡུལཿ ཡང་ན་རང་གནས་སོངཿ གནས་འདིར་འཁོར་གྱུར་ནཿ སྟེང་ནས་རྡོ་ཆར་འབེབཿ འོག་ནས་ཁྲོ་ཆུར་ཁོལཿ བར་ན་མེ་འབར་བསཿ ལུས་སེམས་སྲེག་པར་བྱེདཿ རིམ་པ་དགུ་ཡི་འོགཿ དམྱལ་གནས་ལྕགས་མཁར་ནངཿ སྡུག་བསྔལ་ཉམས་སུ་མྱོངཿ དེ་བས་མྱུར་དུ་དེངསཿ «ཞེས་བརྗོད་ཐབ་ལ་གཡོན་དུ་བསྐོརཿ ཕྱེ་བསང་དག་གིས་སྣ་དྲང་ཞིངཿ གོམ་པ་བརྒྱ་ཡི་ཕ་མཐའ་ནསཿ ལམ་ཆེན་སྲང་མདོ་དག་ཏུ་བསྐྱལཿ ཁྱིམ་གྱི་ཕྱི་ནང་ཐམས་ཅད་དུཿ རྡོ་ཐུན་དང་ནི་ཚེར་ལྕག་བྲབཿ དྲག་པོའི་ཤིང་གི་དུད་པས་བདུགཿ སླར་ཡང་འོ་ཆབ་གཏོར་བྱེད་ཅིངཿ» ཀྱཻཿ དབང་ཐང་ལོངས་སྤྱོད་སྤེལ་མར་ལཿ ཚེ་ཡི་ལྷ་མོ་མདའ་དར་འཛིནཿ བསོད་ནམས་རྒྱས་མཛད་ནོར་བུ་བསྣམསཿ ནོར་གཏེར་ལྷ་མོ་བུམ་བ་བསྣམསཿ བཅུད་འཕེལ་ལྷ་མོ་ནོར་གཞོང་ཐོགསཿ ལྷ་ཆབ་གཙང་མས་སྐུ་ཁྲུས་གསོལཿ བཀྲག་མདངས་གཟི་བརྗིད་ནུས་པ་སྐྱེདཿ བསོད་ནམས་རྒྱས་ཤིང་དབང་ཐང་འཕེལཿ ཚེ་བསྲིང་དཔལ་སྐྱེད་ཟས་བཅུད་ལྡནཿ མཐོ་རིས་ཡོན་ཏན་བདུན་ལྡན་ཤོགཿ ཤཱིནྟཾ་ཀུ་རུ་ཧོཿ མ་ཀུ་ལ་བྷྲཱུྃཿ «འབྲུ་དཀར་གཏོར་ཞིང་བཀྲ་ཤིས་བརྗོདཿ དཀྱིལ་གྱི་ཀ་བ་ནོར་བུའི་དབུསཿ »ཨ་ཧུ་ཡེཿ «བྲིས་ཤིང་དར་དམར་བལ་ཚོན་བརྒྱནཿ ཁྱིམ་ལ་ནོར་གཡང་འཕེལ་བར་འགྱུརཿ གཞན་སྣང་ཟིལ་གྱིས་གནོན་འདོད་ནཿ མཚལ་དང་ལི་ཁྲི་ཙནྡན་དམརཿ ཞིབ་བཏུལ་དཔྲལ་བར་ཐིག་ལེ་བྱཿ གླང་སྣ་གི་ཝཾ་སིནྡྷུ་རཿ ཁབ་ལེན་གོང་གི་རྫས་གསུམ་བསྲེཿ» རང་ཉིད་ཨ་ཙར་དམར་ནག་མདོགཿ ཕྱག་གཡས་ལྕགས་ཀྱུ་འོད་འབར་བཿ གཡོན་པས་འཕྲུལ་གྱི་ཞགས་པ་བསྣམསཿ ལྟེ་བར་རིག་བྱེད་ལྷ་མོ་ནིཿ དམར་གསལ་ཞི་མ་ཁྲོའི་རྣམ་པཿ ཤིན་ཏུ་ཆགས་པའི་ཉམས་དང་ལྡནཿ ཨུཏྤ་ལ་ཡི་མདའ་གཞུ་འགེངསཿ བདག་དང་ལྷ་མོའི་ཐུགས་ཀ་ནསཿ འོད་ཟེར་བ་ཐག་འཛིངས་བཞིན་འཕྲོསཿ ཁམས་གསུམ་ལྟ་འདྲེ་མི་གསུམ་ཀུནཿ སྦུབས་ཆུས་དྲངས་བཞིན་མདུན་དུ་བཀུགཿ དགའ་ཞིང་ཆགས་པའི་སེམས་ཀྱིས་མྱོསཿ དད་གུས་གདུང་བས་ཕྱག་འཚལ་ཞིངཿ མདུན་དུ་འགྱེལ་བ་འོད་དུ་ཞུཿ གནས་ནས་དྲངས་ཏེ་ལྟེ་བ་རུཿ དབང་པོའི་ཚེ་སྲོག་བླ་ཡིད་བསྡུསཿ རང་དང་ཆོས་ཉིད་གཅིག་ཏུ་བསྲེཿ ཨཱ་པ་ར་ཎ་ཀུ་རུ་ཀུལླེ་ཨརྣྲྀ་ཏྲི་ཙིཏྟ་དུང་དུང་ལོ་ཀ་ཝ་ཤཾ་ཀུ་རུ་ཧྲཱིཿ «ཏིང་འཛིན་དམིགས་པའི་འཕྲུལ་འཁོར་གྱིསཿ རེ་འགའ་སྔགས་བཟླས་རྫས་ལའང་བཏབཿ རེ་འགའ་སྣ་ཚོགས་སྤྱོད་པ་བྱེདཿ ཞལ་ཤེས་གནད་དང་ལྡན་གྱུར་ནཿ ཁམས་གསུམ་འགུག་པར་ཐེ་ཚོམ་མེདཿ དམིགས་བྱ་དག་ལ་སྨོས་ཅི་དགོསཿ རྫས་ཉིད་གཏོར་རམ་ལྟོར་བཏང་བསཿ མྱུར་དུ་སྣང་སེམས་གཡེང་ཞིང་འགུགཿ འདི་ནི་གསང་བའི་གདམ་པའོཿ དཀར་དམར་སྔགས་བྱང་བྲིས་པ་ལཿ རྫས་ལྡན་དཀྱིལ་འཁོར་དབུས་སུ་བཀོདཿ མཐོང་ཚད་འགུགས་ཤིང་ཆུ་རུ་སྦྱང་ཿ མྱོང་ཚད་འགུགས་པར་བྱེད་པའོཿ ལྷ་འདྲེ་དུག་ཅན་གནས་པའི་སརཿ སྐྱེར་པའི་ཕུར་པ་ཁྲུ་གང་བ༔ མཚལ་གྱིས་བྱུག་ཅིང་སྔགས་བཏབ་ལཿ» ཕུར་པ་ལས་བྱུང་འོད་ཟེར་གྱིསཿ ལྷ་འདྲེ་ཀུན་ཀྱི་སྙིང་ནས་དྲངསཿ མདུན་དུ་བཀུག་ཅིང་འགྱེལ་བ་ཡིཿ སྲོག་གི་སྙིང་པོ་ཚུར་དྲངས་ཏེཿ ཞབས་ཀྱི་འོག་ཏུ་མནན་པ་ཡིསཿ དཔའ་ཞུམ་དད་ཅིང་གུས་པར་འདུདཿ སླར་ཡང་ཕུར་པ་ལས་བྱུང་བའིཿ འོད་ཀྱིས་ཁོ་ཡི་བག་ཆགས་སྦྱངསཿ བདག་གི་དམ་ལ་གནས་པར་བསམཿ ཏྲི་ཏྲི་ཀ་པཱ་ལ་ལོ་ཀ་མུ་ཀ་ཙིཏྟ་ཝ་ཤིང་བསྡུས་བསྡུས་སྟྭཾ་བྷ་ཡ་ཀུ་རུ་ཧོཿ« ནག་ཕྱོགས་དབང་དུ་འདུ་བར་འགྱུརཿ དགྲ་རྣམས་གློ་བུར་དབང་སྡུད་ནཿ ཟངས་སམ་སེང་ལྡེང་ཕུར་བུ་ནིཿ དབལ་ཟླུམ་སོར་གསུམ་པ་ཞིག་བཅོསཿ པད་རཀ་སིནྡྷུ་ར་བྱུག་ལཿ »རང་ཉིད་དམ་པ་ནག་པོ་དངཿ ཕུར་པ་དབང་སྒྱུར་མཁའ་འགྲོ་མཿ གཡས་པས་ལྕགས་ཀྱུ་གཡོན་རླུང་ཞགསཿ སྐུ་སྨད་ཕུར་བུ་སྦུབས་དབལ་ཅནཿ དེ་ལས་བྱུང་བའི་འོད་ཟེར་གྱིསཿ སྲིད་ཞིའི་དབང་གི་ནུས་པ་བསྡུསཿ དེ་ལས་རང་འདྲ་གྲངས་མེད་འཕྲོསཿ དམིགས་པའི་དགྲར་གྱུར་ཕོ་མོ་ཀུནཿ སྙིང་དང་མཚན་མར་དབལ་སོ་བཏབཿ བླ་ཡིད་ཚེ་བསོད་བཅུད་དུ་དྲངསཿ ཐ་མར་ལུས་ངག་ཡིད་གསུམ་ཀུནཿ ཞི་ཞིང་སྦུབས་ཆུས་དྲངས་པའི་མཐརཿ ཐམས་ཅད་ཚུར་འདུས་རང་ལ་ཐིམཿ དབང་མེད་གཏན་པ་ཕྲལ་བ་རུཿ ཁོ་ཡི་འགོ་བའི་ལྷ་སྲུང་བཅསཿ དཔའ་ཞུམ་སྡང་བའི་སེམས་ཞི་ཞིངཿ སྔངས་སྐྲག་དབང་དུ་འདུ་བར་བསམཿ ཨེ་ཝར་མ་ཨུ་མ་ཧེ་ནྲི་ཨ་མུ་ཀ་ཙིཏྟ་དུང་དུང་ཧུ་མ་ཧུ་མ་ཝ་ཤཾ་ཀུ་རུ་བསྡུས་བསྡུསཿ «ཞེས་བཟླས་ཕུར་བུར་སྔགས་བཏབ་ཅིངཿ དམིགས་པའི་ཕྱོགས་སམ་དངོས་སུ་ཡངཿ མ་མཐོང་བ་རུ་བརྡེག་ཚུལ་བྱཿ འདི་ནི་ཤིན་ཏུ་ཟབ་ཅིང་རྣོཿ རྨི་ལམ་གསལ་བར་བྱེད་པའི་ཐབསཿ »དཔྲལ་བར་ཟླ་བའི་དཀྱིལ་འཁོར་དབུསཿ ཨཱཿདཀར་རང་མདོག་དང་ལྡན་དམིགསཿ དེ་ལས་བྱུང་བའི་འོད་ཟེར་གྱིསཿ སྲིད་པ་གསུམ་པོ་དུས་གཅིག་གསལཿ ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱིཿ སེམས་ཀྱི་རྟོག་པ་ཀུན་གསལ་ལོཿ ཨ་ཧུ་ཡེ་ཙེཀྱུ་ཕྱེསཿ «ཐོག་མར་འབུམ་ཕྲག་བཟླས་པའི་མཐརཿ ལས་སྦྱོར་ཉལ་ཁར་བརྒྱ་ཚར་བཟླསཿ ཨཱཿཉིད་བགྲངས་ཤིང་དམིགས་པ་གཏདཿ ཐོག་མར་རྨི་ལམ་མངོན་ཤེས་འཆརཿ ཐ་མར་ཉམས་སྣང་དངོས་སུ་གསལཿ ལུས་ལ་ཤེས་པ་གསལ་འདོད་ནཿ» ལྟེ་བར་འོད་དམར་ཐིག་ལེའི་དབུསཿ རཾ་ཡིག་ཚ་དབལ་ལྡན་པར་བསམཿ དུང་ཁང་ནང་དུ་ཟླ་དཀྱིལ་ལཿ ཧཾ་ཡིག་དཀར་གསལ་བཀྲག་མདངས་ལྡནཿ རཾ་ལས་འོད་འབྱུང་ཧཾ་ལ་ཕོགཿ ཧཾ་ལས་བདུད་རྩིའི་རྒྱུན་བབ་པསཿ རྩ་གནས་མེར་གྱིས་གང་བར་དམིགསཿ རཾ་ཨཱ་ཧཾཿ «སྔགས་འདི་དངོས་སམ་ཡིད་ཀྱིས་བཟླཿ རང་ལུས་འོད་ཀྱི་རང་བཞིན་ལཿ གར་བསྒྱུར་བར་སྣང་རྒྱུ་བར་དམིགསཿ ཉམས་རྟོགས་གསལ་ཞིང་བདེ་བ་འཕེལཿ རང་ངམ་གཞན་གྱི་རླུང་རྟ་བསྐྱེདཿ ཀུན་ཀྱིས་བརྩེ་ཞིང་བྱམས་འདོད་ནཿ རླུང་རྟའི་ཁམས་དང་མཐུན་པ་ཡིཿ མདོག་ལྡན་ངོས་སུ་རྟ་མཆོག་བྲིཿ སྟེང་དུ་ནོར་བུ་འབར་བ་དངཿ རྨིག་བཞིར་རླུང་དཀྱིལ་ཡཾ་གིས་མཚནཿ དེ་ལ་སྔགས་འདི་བརྒྱ་རྩ་བརྒྱདཿ བཟླ་ཞིང་རབ་གནས་ལྡན་པར་བྱཿ» ཨི་ས་ཡེ་ཡེ་ཁ་ཁེ་པཱ་བ་ལ་ཁུ་མ་ཡེ་ཨུ་སེང་སེངཿ «བཅུ་གསུམ་མམ་ནི་ལོ་ཡི་གྲངསཿ བརྒྱ་རྩ་བརྒྱད་སོགས་རི་དབང་རྩེརཿ འཇུག་ཅིང་ཆུ་མིག་གསུམ་གྱི་ཆུསཿ ལུས་བཀྲུས་ངར་གླུད་བརྒྱ་རྩ་བྱཿ» ཨོཾ་ཨཱཿཧཱུཾཿ འབྲུ་བཅུད་ངར་གྱི་གླུདཿ བསོད་ནམས་རླུང་རྟ་ལཿ བར་དུ་གཅོད་བྱེད་པའིཿ ལྷན་ཅིག་སྐྱེས་པའི་བདུདཿ ཕ་མའི་རྒབ་འདྲེ་ཡིཿ ཚོགས་དང་བཅས་ལ་སྦྱིནཿ ངོམས་ཤིང་ཚིམ་གྱིས་ལཿ དམིགས་པའི་ཡུལ་དུ་སོངཿ སླར་ཡང་འཁོར་གྱུར་ནཿ ཡེ་ཤེས་མེ་ཡིས་བསྲེགསཿ ར་ཏྲི་བྷིགྷནཿ སམ་བྷ་ར་སམ་བྷ་ཡེཿ «རེ་རེ་བཞིན་དུ་བསྔོས་བྱས་ལཿ བདུད་ཀྱི་ཕྱོགས་སུ་གཏོར་བར་བྱཿ འགོ་ཞིང་ལྷན་ཅིག་སྐྱེས་པའི་ལྷཿ དུང་གི་རྟ་དཀར་མི་དཀར་ཅནཿ གཡས་སུ་བསྐོར་ཞིང་འཁོར་བར་བསམཿ རླུང་རྟ་དཔལ་བསྐྱེད་གདམས་པའོཿ རྩོད་པ་དག་ལས་རྒྱལ་འདོད་ནཿ »རང་ཉིད་དམ་པ་ནག་པོ་ཉིདཿ གནས་འགྱུར་འཕྲུལ་གྱི་རྒྱལ་པོ་ནིཿ མི་དཀར་དུང་གི་ལྭ་ཐོད་ཅནཿ ལྕེ་ནི་རལ་གྲིའི་རྣམ་པ་ལཿ སྟེང་དུ་ཧི་ཡིག་སེར་པོ་ལསཿ འོད་འཕྲོས་སྨྲ་བའི་དབང་ཕྱུག་གིཿ གསུང་གི་ནུས་པ་ཀུན་བསྡུས་བསམཿ ཐུགས་ཀར་རྡོ་རྗེ་གནས་པ་ལསཿ ཐ་ཡིག་མུན་པའི་མདོག་འཕྲོས་པཿ ཕ་རོལ་ལྕེ་ཡི་དབང་པོར་བབཿ མཆོད་རྟེན་མགོ་མེད་ཐུར་བསྟན་གྱུརཿ ངག་ལྐུགས་དྲན་པ་ཉམས་པར་འགྱུརཿ ཏ་ལ་ཀ་མ་ལ་བྷ་ར་ཧུ་ཧུ་ཐ་རམ་ཝཱཀྐ་ནནཿ «བརྒྱ་སྟོང་བཟླ་ཞིང་གླང་མ་ཡིཿ ཕུར་བུར་རོ་སོལ་བྱུག་བྱས་ལཿ དེ་ཉིད་ལྷྭམ་གཡོན་ནང་དུ་བསྡུསཿ རྩོད་པ་དག་ལས་རྒྱལ་བར་འགྱུརཿ སྔོན་ལས་འཕྲལ་རྐྱེན་ལས་གྱུར་པའིཿ བྱིས་སྤ་སྐྱེ་དཀའི་ནད་བྱུང་ནཿ བྱང་བུལ་ཐབ་ཀྱི་ས་དག་ལཿ »བི་ཥི་སེལ་སེལཿ ཀུ་རུ་ཨ་ཕྱེས་ཕྱེས་ཕུ་ཕུ་ཧུ་ཡེ་བྷི་མི་ཕྱུར་ཕྱུངས་ལི་འབའ་ལི་འབའ་ཧོཿ« སྔགས་འདི་བརྒྱ་སྟོང་བཟླས་བྱས་ལཿ ཁོང་དུ་བཏང་བས་འཕྲལ་དུ་འབྱིནཿ »བི་མ་སེ་སུ་རུ་ཕྱུར་ཕྱུངསཿ« རྒྱ་ཚྭར་སྔགས་བཏབ་ཁོང་དུ་བཏངཿ རོ་མ་འཕྲལ་དུ་འབྱིན་པར་འགྱུརཿ བྱིས་པར་ཆུང་སྲི་ཞུགས་པ་ལཿ སྲེ་མོང་པགས་པའི་ནང་ཉིད་དུཿ རྩྭ་ཡིས་བྱིས་པའི་གཟུགས་ཕོ་མོཿ ར་སྦུའི་སྐུད་པས་བཅིང་བྱས་ལཿ མལ་ལམ་ཁང་བའི་འོག་དག་ཏུཿ གྲུ་གསུམ་དོང་བྲུས་ནང་དུ་བཞགཿ »ཀྱེཿ ཐེའུ་རང་རིགས་སུ་གཏོགས་པ་ཡིཿ ཆུང་སྲི་ཁ་དམར་ཨུར་མོའི་རིགསཿ ཕོ་མོ་རང་རང་རིགས་ལ་སྡངཿ བྱིས་པར་ཆུང་ངུའི་སྲོག་གཅོད་ཅིངཿ གང་དུ་འཁྲུགས་པ་དེ་རུ་འཁོརཿ ཁྱོད་ནི་ལས་ངན་སྟོབས་ཆེ་བསཿ ཚེ་འདིར་གནོད་པ་སྣ་ཚོགས་བསྐྱལཿ ཕྱི་མར་ཡི་དྭགས་སྡུག་བསྔལ་མྱོངཿ དེ་བས་གནས་འདིར་མྱུར་དུ་འདུསཿ བག་ཟན་ཡུངས་ཕྱེ་རམ་པ་ཡོསཿ ར་ཡི་འོ་མ་སིང་པོའི་སྐོམཿ མི་ཟད་འདོད་ཡོན་གཏེར་ལ་སྤྱོདཿ སང་སང་སུ་ཀི་ནི་ལ་མེཿ འཐིབ་ཅིང་དབང་པོའི་སྒོ་རྣམས་འགགསཿ སེམས་ནི་བདེ་བ་བསྐྱེད་གྱུར་ཅིགཿ «བསྲུང་བྱ་མོ་ཡིས་ལན་དགུར་འགོངཿ གོང་གི་སྔགས་ཉིད་བརྒྱ་རྩ་བཟླཿ ཡེ་ཤེས་འོད་ཀྱི་དྲྭ་བས་བཅིངཿ འབྱུང་བ་བཞི་ཡིས་རྒྱས་བཏབ་པོཿ དེ་ནས་མོ་ཡི་མངལ་སྒོ་རུཿ ཐིག་དམར་རཾ་གྱིས་མཚན་པར་བསྒོམཿ ྅྅྅ཨ་རུ་ནག་ཆུང་ཙནྡན་ཆུརཿ བརྡར་བས་སྣག་གིས་བྲིས་པ་ཡིཿ ཡི་གེ་བརྒྱ་རྩ་བརྒྱད་ཉིད་དུཿ »ཨ་ཀ་ཙ་ཊ་ཏ་པ་ལ་ཨ་ཤུ་མེཿ« མར་དང་ཡི་གེ་དག་ལ་བཏབཿ ལྷན་ཅིག་ཐོ་རང་ཁོང་དུ་བཏངཿ ལྟེ་འོག་མཚལ་གྱིས་ཡིག་རྒོད་བྲིཿ ྅྅྅མཛོ་མོ་ཤིང་གི་ཕུར་བུ་ནིཿ སོར་གསུམ་པ་ལ་སྔགས་བཏབ་ཅིངཿ ཡུངས་དཀར་འབྲུ་བདུན་དང་བཅས་ཏེཿ མགུལ་དུ་བཏགས་ན་བསྲུང་བའི་མཆོགཿ བྱིས་པ་བཙས་པའི་དུས་ཀྱི་ཚེཿ མཚལ་གྱིས་ཡིག་རྒོད་སྙིང་གར་བྲིཿ འཕྲུལ་ཡིག་སྔགས་བཏབ་མ་ཡིས་ཟཿ རེ་འགའ་སྔགས་མར་བྱིས་པར་བྱུགཿ བྱིས་གདོན་གསོ་བའི་གདམས་བའོཿ ཡང་གཅིག་འཕྲུལ་གྱིས་གསོ་བ་ནིཿ ཚར་བུའི་ཤིང་བྱང་དགུ་དག་ལཿ བྱིས་པའི་གཟུགས་བྲིས་མེ་བུས་ལཿ ལོ་གྲངས་བསྐོར་ཞིང་བྱང་ཕྱོགས་སུཿ ཕ་ཝཾ་ཁེར་སྐྱེས་རྩ་བར་མནནཿ ཕ་ཡི་གདོང་པར་མཚལ་བྱུག་ལཿ ཐོ་རང་ལྷོ་ཡི་ཕྱོགས་སུ་བལྟཿ འོ་དོད་ཐང་གསུམ་འབོད་བྱེད་ཅིངཿ སྟག་ལོ་བ་ཡི་བྱིས་པ་ཡིསཿ ནུབ་ཏུ་འུར་རྡོ་དགུ་བོར་ནསཿ བྱིས་པ་གདོན་ལས་ཐར་བར་གྱུརཿ རྒྱལ་པོའི་གནོད་པའི་གྲིབ་བྱུང་ནཿ སྤྲེའུའི་པགས་པ་དངོས་སམ་ནིཿ ཡང་ན་གཟུགས་སུ་བྲིས་པ་ཡིཿ སྟེང་དུ་མཁར་གོང་དགུ་བཞག་ཅིངཿ ནད་པར་སྐྱེར་ཤུན་དུད་པས་བདུགཿ ལུས་བཀྲུས་ཁུ་བས་ངར་མི་ནིཿ སྤྲེལ་གྱི་གཟུགས་ཅན་དགུ་བྱས་ལཿ འཁོར་གོང་རེ་རེའི་རྩ་བར་བཞགཿ ནད་པའི་ལུས་ལ་རོ་སོལ་བྱུགཿ བུད་མེད་ཁ་སོ་མི་གཙང་བསཿ ལག་ནས་བྱུང་བའི་ཕྱེ་དང་ནིཿ སྤེན་མའི་དུད་པས་བདུག་བྱས་ལཿ »རང་ཉིད་དམ་པ་ནག་པོ་ནིཿ སྐུ་ལས་འོད་ཟེར་འཕྲོས་པ་ཡིསཿ བསྲུང་བྱའི་ནད་གདོན་ཀུན་བཀུག་ནསཿ མདུན་གྱི་རྫས་ལ་ཡང་ཡང་བསྟིམཿ དུ་དུ་ན་ཨ་ཤུ་རཱ་ཛ་ཁུག་ཛཿ «ཅི་ནུས་དངོས་སམ་ཡིད་ཀྱིས་བཟླཿ ནད་པ་གཡའ་ཆིལ་བྱུང་བའི་ཚེཿ མདུན་གྱི་རྫས་རྣམས་ཐམས་ཅད་ཀུནཿ དགོན་པའམ་ནི་མཆོད་རྟེན་དྲུངཿ ཡང་ན་སྲང་མདོར་བསྐྱལ་བར་བྱཿ ནད་པ་ཐང་ཆེན་དཀྱིལ་དུ་བསྙལཿ རང་ཉིད་ཞག་བདུན་ཨཱཿདམིགས་བྱཿ རྒྱལ་པོའི་གདོན་ལས་ཐར་པར་ངེསཿ བཙན་གྲིབ་སེལ་བར་བྱེད་པའངཿ ལུག་གི་པགས་པ་གཅལ་དུ་བཀྲམཿ རྡོ་དམར་ས་དམར་བྱུག་བ་བདུནཿ སིང་པོའམ་ཆུར་ཁུས་ལུས་བཀྲུས་ཤིངཿ མི་དམར་རྟ་དམར་ཞོན་པ་བདུནཿ ཁྲག་ཀོང་བདུན་དང་ཤ་ཚིལ་བསྐོརཿ »རང་ཉིད་དམ་པ་གནས་གྱུར་པསཿ ཨ་ཙར་དཀར་པོ་བེ་ཅོན་གཡསཿ གཡོན་པས་མི་རྐང་གླིང་བུ་སྒྲོགསཿ བརྟུལ་ཞུགས་ཉམས་དང་ལྡན་པ་ཡིཿ གླིང་བུའི་སྒྲ་ལས་འོད་བྱུང་ཞིང་ཿ བསྲུང་བྱར་གནོད་པའི་བཙན་རྣམས་ཀུནཿ རང་དབང་བརྟན་པ་བྲལ་བར་འདུསཿ ཙ་ཏྲི་ཧུ་ར་ཨ་ཀུ་ཤ་འདུས་འདུསཿ «བརྒྱ་སྟོང་བཟླ་ཞིང་དམིགས་པས་གཅུནཿ གླིང་བུ་དྲག་ཏུ་སྒྲོགས་བྱེད་ཅིངཿ ནད་པའི་ལུས་འདར་སེམས་འཁྲུགས་ཚེཿ བཙན་དམག་འཁོར་དང་བཅས་པ་ཀུནཿ ལུས་འདར་མགོ་བོ་འཁོར་བ་ཡིཿ རང་དབང་བརྟན་པ་བྲལ་བར་བསམཿ» ཙ་པཱ་ལ་ཧུ་ར་ཧུ་ར་ཤིག་ཤིག་ཡཾ་ཡཾ་ཕྱེས་ཕྱེསཿ «རྫས་རྣམས་མྱུར་བསྡུས་ནད་པ་ལཿ གཡོན་དུ་ལོ་གྲངས་བསྐོར་བྱས་ཤིངཿ མྱུར་བར་གནོད་པ་བྱུང་བའམཿ རི་དམར་རྩེ་རུ་བསྐྱལ་པར་བྱཿ ནད་པ་ཆུ་ཆེན་ཁ་རུ་བསྙལཿ རང་ཉིད་ཨཱཿདམིགས་ལ་གནས་ཤིངཿ སྐབས་སུ་ཆུ་ལྕག་དག་གིས་བྲབཿ བཙན་གྱི་གནོད་ལས་གྲོལ་བར་འགྱུརཿ ཀླུ་གཉན་ས་བདག་གདོན་གྱིས་ཐེབསཿ ངན་བཟློག་སྔགས་གྱིས་སེལ་འདོད་ནཿ ཆུ་སྣ་དགུ་བླང་ར་དཀར་གྱིཿ འོ་མ་ཅུང་ཟད་དག་དང་་བསྲེསཿ »ནཱ་ག་ཕུ་ལ་བྷི་ཥི་ཕྱུང་ངུ་ན་ཙ་དཱ་མི་ལི་ཧ་ཕྱེས་ཧུབ་ཕྱུངས་ཕུ་ལིང་ཧོཿ «བརྒྱ་སྟོང་ནུས་ལྡན་སྔགས་ཀྱིས་བཏབཿ ཕྱིང་དཀར་གདན་ལ་སྦལ་ལྕགས་བྲིཿ རྡོ་སྔོན་བརྒྱད་དང་བྲ་མའི་ཤིངཿ འོ་མ་མངར་གསུམ་བཏབ་པ་བཤམསཿ» རང་ཉིད་དམ་པ་གནས་གྱུར་བསཿ ཀླུ་ཡི་སེམས་དཔའ་སྟོབས་པོ་ཆེཿ སྡོ་གསང་གཡུ་ཡི་ལྭ་ཐོད་ཅནཿ གཡས་པས་བདུད་རྩིའི་བུམ་པ་དངཿ གཡོན་པ་སྨན་ཕོར་བསྣམས་པ་ཡིཿ སྐུ་ལས་བྱུང་བའི་འོད་ཟེར་གྱིསཿ ཀླུ་གཉན་ས་བདག་འཁོར་ཚོགས་བཀུགཿ རྟེན་ལ་ཡང་ཡང་བསྟིམ་པར་བསམཿ ནཱ་ག་གུ་ལ་གུ་མིཀུ་རུ་ཨཾ་ཀུ་ཤ་ཡ་འདུས་འདུསཿ «བརྒྱ་རྩ་བཟླས་ཤིང་འོ་ཆབ་ཀྱིསཿ ལུས་བཀྲུས་གླུད་གཟུགས་སྦྲུལ་མཇུག་བརྒྱདཿ སྦལ་སྤྲུལ་སྡོམ་ལྕོང་འབུ་སྲིན་གཟུགསཿ གྲངས་མེད་དང་བཅས་མཐའ་མར་བསྐོརཿ རྩ་བའི་སྔགས་བཟླས་བྱེ་མས་བྲབཿ ནད་པ་སྐྱུག་ལོག་འཐིབ་ཉམས་བྱུངཿ དེ་ཚེ་རྫས་བསྡུས་ལོ་གྲངས་བསྐོརཿ ཆུ་མིག་མཚོ་འགྲམ་ནེའུ་སེང་སོགསཿ གནོད་པ་བྱུང་བའི་གནས་སུ་བསྐྱལཿ ནད་པ་གྲམ་ཐང་ཆེན་པོར་བསྙལཿ རང་ཉིད་མི་དམིགས་ལ་གནས་ཤིངཿ སྐབས་སུ་བྱེ་ཚན་དག་གིས་བྲབཿ ངེས་པར་སེལ་བར་ཐེ་ཚོམ་མེདཿ» རང་ལུས་ཉི་ཟླའི་དཀྱིལ་འཁོར་དབུསཿ ཨཱཿཡིག་མཐིང་གསལ་གྲངས་མེད་པཿ བུང་བའི་ཚང་ཞིག་ལྟ་བུར་བསམཿ བསྲུང་བྱའི་ལུས་ལ་བརྒྱན་པ་ཡིསཿ རྩཱ་ཕུང་མེ་ཡིས་བསྲེགས་པ་བཞིནཿ སྟོང་པར་སྦྱངས་ཤིང་རྣམ་ཤེས་ཀྱིཿ ངོ་བོ་ཨཱཿདཀར་གྲངས་མེད་ཅིགཿ དེ་ཡང་མཁའ་དབྱིངས་འདྲེས་པ་ཡིསཿ སྤྲོས་བྲལ་མ་བཅོས་རྒྱུན་སྐྱོང་ངོཿ «འདི་ནི་གནད་ཀྱི་གདམས་པ་སྟེཿ ཡིད་བཞིན་ནོར་ལས་དཀོན་པའོཿ རང་གི་ཟ་ཐོད་དག་ལ་ནིཿ སིནྡྷུ་ར་ཡིས་ཏྲྃཿ བྲིས་ལཿ བ་གླང་དཀར་མཚན་ཅན་དག་གིཿ འོ་མ་མངར་གསུམ་བཏབ་པ་ཡིསཿ སུམ་གཉིས་བཀང་ཞིང་གསེར་གཡུ་དུངཿ ནང་དུ་གཞུགས་ཤིང་དར་དམར་བཀབཿ» མདུན་དུ་ཀླུ་ཡི་ཐོད་པ་ནིཿ ཡངས་ཤིང་རྒྱ་ཆེ་འོ་ཆབ་དབུསཿ ཡིད་བཞིན་ནོར་བུ་འབར་བའི་ཀློངཿ ཡིད་བཞིན་ལྷ་མོ་དཔལ་འབར་མཿ སྐུ་མདོག་བྱུ་རུ་སྣུམ་བྱུག་ལྟརཿ གཡས་པ་དབང་གི་ལྕགས་ཀྱུ་དངཿ གཡོན་པ་གཏེར་གྱི་བུམ་པ་བསྣམསཿ དར་དང་རིན་ཆེན་རུས་རྒྱན་གསོལཿ ཐུགས་ཀར་དགའ་བ་འཁྱིལ་པའི་དབུསཿ ཏྲཾ་ཡིག་གསེར་གྱི་མདོག་ཅན་གསལཿ དེ་ལས་བྱུང་བའི་འོད་ཟེར་གྱིསཿ ཞིང་བཞུགས་རྒྱལ་བའི་བྱིན་རླབས་དངཿ ཁྲོ་བོ་ཁྲོ་མོའི་མངོན་སྤྱོད་སྟོབསཿ སྲིད་གསུམ་བསོད་ནམས་ཟས་ནོར་བཅུདཿ མེར་མེར་བསྡུས་ཤིང་ལྷ་མོ་ཡིཿ སྐུ་ལ་ཐིམ་ཞིང་ཐུགས་ཀར་བསྡུསཿ ཕྲིན་ལས་རྣམ་བཞིར་རང་དབང་བསྒྱུརཿ བྱིན་རླབས་ནུས་སྟོབས་ལྡན་པར་དམིགསཿ ཨ་བཱ་ར་ཎི་དཱེ་ལི་མེལ་མེལ་ཀི་ཝི་རི་སིདྡྷི་ཀུ་རུ་ཧོཿ «དམིགས་གནད་ལྡན་པས་འབུམ་བཟླས་ནཿ ཐོད་པར་འཇའ་འོད་འཁྱིལ་བ་དངཿ བཅུད་འཕེལ་འོད་དང་དྲི་བཟང་ཁྱབཿ རྨི་ལམ་མེ་ཏོག་རིན་ཆེན་ཆརཿ འོ་མའི་རྒྱ་མཚོ་ཕྱུར་བ་དངཿ ཡིད་བཞིན་ནོར་བུ་རྙེད་པ་སོགསཿ རྟགས་མཚན་མངོན་དུ་གྱུར་པའི་ཚེཿ མཁའ་འགྲོ་འོད་ཞུ་ཐོད་པར་ཐིམཿ གསེར་མདོག་འོད་ཟེར་ལྔ་ལྡན་གྱུརཿ ནང་བཅུད་དངོས་གྲུབ་ཚུལ་དུ་རོལཿ རྟེན་འབྲེལ་སྙིང་པོ་ཉེར་གཅིག་གིསཿ བརྟན་པར་བྱ་ཞིང་ཤིས་པ་བརྗོདཿ བྷནྡྷ་ཡིད་བཞིན་དབང་གི་རྒྱལཿ རང་ངམ་གཞན་ལ་དངོས་གྲུབ་སྟེརཿ མཐོང་རེག་བཅུད་མྱོང་རྣལ་འབྱོར་བསཿ དམིགས་པའི་ཁ་ལོ་བསྒྱུར་བ་ནཿ ལས་གང་འགྲུབ་པར་ཐེ་ཚོམ་མེདཿ ཞི་རྒྱས་དབང་དང་དྲག་པོའི་ལས༔ འོ་མ་ཟས་དང་ཞིམ་མངར་ཆང་ཿ ཧཾ་སཾ་མཾ་རཾ་སྔགས་ཀྱིས་བསྒྱུརཿ དགོས་འདོད་ཀུན་འབྱུང་ཐོད་པ་ཡིཿ མན་ངག་ཡིད་བཞིན་ནོར་བུའོཿ སྣ་ཚོགས་མཁའ་འགྲོ་སྦྲུལ་སྒྱུར་མའིཿ ཐུགས་སུ་གབ་པའི་མན་ངག་ཆོསཿ འཕྲུལ་དཔྱད་ཁྲ་བོའི་གདམས་པ་འདིཿ ལྕགས་སྒྲོམ་སྨུག་པོའི་བརྡ་རིས་ལསཿ ཨ་ཙར་དམ་པ་ནག་པོ་ཡིཿ དག་པར་མཛད་ནས་བསྒྱུར་བ་བཞིནཿ ཌཱཀྐིའི་བཞེད་དོན་བསྐང་ཕྱིར་ཕུལཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཁ་ཐཾ༔ | ||
྅ཨྱྃཿ྅ དྲག་པོ་ཐོད་ཕྲེང་རྩལ་ལ་འདུདཿ གསང་བ་ལས་ཀྱང་ཆེས་གསང་བཿ ཨ་ཙར་དམ་པ་ནག་པོ་ཡིཿ ངན་སྔགས་འཕྲུལ་དཔྱད་ནག་པོ་ནིཿ »ཐོག་མར་རང་ཉིད་སྟོབས་ཀྱི་ལྷཿ གུ་རུ་ནག་པོར་གནས་བསྒྱུར་བཿ རང་གི་སྙིང་དབུས་མཁའ་འགྲོ་མཿ ཟ་བྱེད་འབར་མ་ནག་མོ་ནིཿ མཐིང་གསལ་འབར་བའི་ཕྱག་རྒྱ་ཅནཿ དེ་ལས་བྱུང་བའི་འོད་ཟེར་གྱིསཿ རང་ལུས་ཤ་ཁྲག་དངོས་འཛིན་བསྲེགསཿ སྟོང་པ་ཆེན་པོའི་རང་མདངས་ལསཿ འདོད་ཆགས་ཞེ་སྡང་འབར་བའི་རྩལཿ ཨ་ཙར་པདྨ་བདུད་འདུལ་ནགཿ ཁྲོས་པ་ལས་ཀྱང་ཆེར་ཁྲོས་པཿ མིག་གསུམ་སྡང་མིག་མེ་འོད་འཕྲོཿ ཞལ་གདངས་མཆེ་གཙིགས་ལྗགས་བརྐྱང་བཿ ཁྲོ་ཆུ་ཁོལ་མའི་མཆིལ་མ་འབེབསཿ རལ་པ་གཡུ་མདོག་ཐོར་ཚུགས་ཀྱིཿ རྩེ་མོར་རྡོ་རྗེ་ཕྱེད་པས་མཚནཿ སྨིན་མ་སྨ་ར་ཨག་ཚོམ་ནིཿ དམར་སེར་མེ་ཡི་རང་བཞིན་འབརཿ ཕྱག་གཡས་ཐོ་ཆེན་འབར་བ་ཕྱརཿ ལྷ་འདྲེ་མི་གསུམ་རྡུལ་དུ་འཐགསཿ གཡོན་པས་ལྕགས་ཀྱུ་འབར་བ་ཡིསཿ ཁམས་གསུམ་སྙིང་ནས་འདྲེན་པར་བྱེདཿ སྐུ་སྟོད་མི་ལྤགས་གཡང་གཞི་དངཿ སྐུ་སྨད་སྤྲིན་གྱི་ཤམ་ཐབས་གསོལཿ ཞབས་གཉིས་རླུང་གི་འཁོར་ལོ་ཆིབསཿ སྤྲུལ་པ་བདུད་འདུལ་མཁའ་འགྲོ་མཿ སེང་གེ་གཡུ་མདོག་རྫུ་འཕྲུལ་ལྡནཿ རལ་མཇུག་དམར་སེར་མེ་རུ་འབརཿ སྤལ་སྤྲུལ་སྡིག་པ་ཟས་སུ་ཟཿ ས་བདག་ཀླུ་གཉན་དམྱལ་ཐག་གཅོདཿ སྡེ་བརྒྱད་དྲེགས་བའི་སྲོག་སྙིང་ཕྲོགཿ ཡང་སྤྲུལ་འབར་མ་ཆེན་མོ་ནིཿ ཁམས་གསུམ་སྲོག་ལ་དབང་ཟ་མཿ ཁྲག་རལ་མདོག་ལ་དུག་རླངས་ཕྱུརཿ ཁྲག་མིག་མཆེ་བ་ཟངས་ཡག་གཙིགསཿ སྤུ་གྲི་གཡས་ལ་ནད་རྐྱལ་གཡོནཿ ནུ་མ་འཕྱང་ཞིང་མཚན་མ་བསྒྲདཿ ནད་སྣ་དགུ་ཡི་ཆུ་རྒྱུན་འབེབསཿ མེ་རླུང་འཁྲུགས་ཤིང་རྟ་ལ་ཞོནཿ སྡང་བར་བྱེད་པའི་དགྲ་བོ་ཀུནཿ མཐོང་བ་ཙམ་གྱིས་རྡུལ་དུ་རློགཿ བདུད་འདུལ་དྲག་པོ་གཙོ་འཁོར་གསུམཿ བསྐྱེད་པ་ཙམ་གྱིས་བྱོན་པ་དངཿ དྲན་པ་ཙམ་གྱིས་དབྱེར་མེད་འདྲེསཿ དགྲ་གདོན་ཤ་རུས་ནང་རོལ་ཟོཿ བསད་ཁྲག་དྲོད་མོར་སྐྱེམས་ཕུད་འབུལཿ གདོན་བགེགས་ས་བདག་ཀླུ་གཉན་དངཿ དམིགས་པའི་ཡུལ་གྱི་དམ་ཉམས་དགྲཿ སྔ་དགྲ་བྱས་དང་ད་དགྲ་བྱེདཿ ཕྱི་དགྲ་ཡིད་ལ་བརྣག་པ་ཀུནཿ སྲོག་ཅོད་དབུགས་ལོངས་ལུས་སེམས་ཕྲོགཿ ལུས་ངག་ཡིད་གསུམ་བརླག་པར་མཛོདཿ ཨ་ཎ་ག་རུ་སིང་ཧ་ཙནྚི་སི་པཱ་ར་མུ་ཁེ་ཙ་ཧྲཱིཿ «བསྐྱེད་ཅིང་སྔགས་འདི་འབུམ་བཟླས་ནཿ ཧེ་རུ་ཀ་ཡི་བརྟུལ་ཞུགས་རྟོགསཿ དྲག་པོ་སྔགས་ལ་རང་དབང་བསྒྱུརཿ ཁམས་གསུམ་བརླག་པའི་མཐུ་ལྡན་འགྱུརཿ ལུས་ཀྱི་ན་ཚ་ཞི་བ་དངཿ ས་བདག་ཀླུ་གཉན་སྦལ་སྦྲུལ་དུགཿ འདི་ཡིས་འཇོམས་པར་ཐེ་ཚོམ་མེདཿ རྩ་བའི་སྒྲུབ་པ་འདི་སོང་ནཿ ལས་སྦྱོར་གང་དང་གང་ལ་ཡངཿ དམིགས་པ་སྔགས་དང་རྟེན་འབྲེལ་ལསཿ རྫས་དང་ཡོ་བྱད་སྒྲུབ་མི་དགོསཿ ས་བདག་ཀླུ་གཉན་འཇོམས་པ་ལཿ» ལས་མཁན་མཁའ་འགྲོ་སེང་ཧ་མཿ རྡོ་རྗེའི་ཆོས་བདུན་ལུས་གྱུར་ནསཿ གནོད་བྱེད་ས་བདག་ཀླུ་གཉན་ཀུནཿ སྦལ་སྦྲུལ་སྡོམ་སྡིག་རྣམ་པ་ཅནཿ ལྷག་མ་མེད་པར་ཟོས་པར་བསམཿ སིང་ཧ་ནཱ་ག་ནི་ཧི་ཀ་ཝ་ཙི་བརླག་བརླག་ཆོམཿ «བཟླ་ཞིང་སོར་མོ་བཅུ་བརྐྱང་བསྐུམཿ སྣ་ཚོགས་བྱས་པས་རྟགས་མཐོང་ངོཿ གདོན་ཆེན་བརླག་པར་བྱེད་འདོད་ནཿ »རང་ཉིད་ཨ་ཙར་བདུད་འདུལ་ནགཿ གནོད་བྱེད་ལྕགས་ཀྱུས་སྙིང་ནས་དྲོངསཿ གཡས་པའི་ཐོ་བས་ཕྱི་མར་བརྡུངཿ ལས་མཁན་སེང་ཧ་གྲངས་མེད་ཀྱིསཿ ལྷག་མ་མེད་པར་ཟོས་པར་བསམཿ ཨ་ཀ་ར་ཎ་མ་ར་ཡཿ «བཟླ་ཞིང་རྡོ་རྗེའི་ཁུ་ཚུར་གཉིསཿ མཁའ་ལ་བརྡེག་པས་ལས་འགྲུབ་བོཿ དགྲ་བོ་ཕུང་བར་བྱེད་པ་ལཿ རྩ་བའི་བསྒོམ་བཟླས་ཐ་མ་རུཿ» རང་ཉིད་ཕུང་བྱེད་ནག་པོ་ནིཿ དགྲ་བོའི་མགོན་སྐྱབས་ལྷ་སྲུང་ཀུནཿ ཕྱག་གཡོན་ལྕགས་ཀྱུས་སྙིང་ནས་དྲོངསཿ གཡས་པའི་ཐོ་བས་ཚད་ཙམ་གྱིསཿ སྔངས་སྐྲག་འདར་ཞིང་སྲོག་སྙིང་ཕུལཿ བྱེའུ་ཆུང་ཁྲ་ཡིས་དེད་བཞིན་དུཿ ལྷན་སྐྱེས་འགོ་བའི་ལྷ་ལྔ་བྱེརཿ སྲུང་མ་ཁོ་ཡི་རང་གཤེད་བབཿ ལས་མཁན་འབར་མ་སྲོག་ཕྲོག་མསཿ སྤུ་གྲིས་དགྲ་བོའི་སྙིང་ལ་རྒྱོབཿ བླ་ཚེ་སྲོག་དབུགས་རྔམས་ཟས་གྱིསཿ རྣམ་ཤེས་རྟེན་དང་ཕྲལ་བྱས་ཤིངཿ ལྷག་མ་མེད་པར་ཟོས་པར་བསམཿ བྷྱོཿ དམར་ནག་བདུད་མོ་ཁྲག་མིག་མཿ ཨོ་རྒྱན་ཡུལ་གྱི་དུར་ཁྲོད་དུཿ མནའ་ཐོ་བཅད་ཅིང་དམ་བཅས་བཞིནཿ དམ་ཉམས་དགྲ་བོ་ལས་ངན་པོཿ དམིགས་པའི་ཡུལ་དུ་གྱུར་པ་འདིཿ དོ་ནུབ་ནམ་གྱི་གུང་ཐུན་ལཿ སྲོག་ཆོད་དབུགས་ལོངས་བླ་ཚེ་བསྡུསཿ རྣམ་པར་ཤེས་པ་རྟེན་མེད་ཐོངསཿ ལྷག་མ་མེད་པར་བརླག་པར་གྱིསཿ མ་ཙ་ལ་རུ་ཨ་ཤུ་རྒྱུག་ཨ་མུ་ཀ་ཆེ་གེ་མོ་རྦད་སོདཿ ཆོམ་ཆོམ་ཧབ་ཚལ་རྔུབཿ «དྲག་ཏུ་བཟླ་ཞིང་ཨ་ཙ་རའིཿ ཐུགས་ཀའི་འོད་ཟེར་འབར་མར་ཕོགཿ རབ་ཁྲོས་དགྲ་བོའི་ཡུལ་དུ་སོངཿ སྲོག་གཅོད་ལས་ལ་རྔམ་པར་བསམཿ སྐབས་སུ་མགོ་མཇུག་ཟློག་སྟེ་»«ཉལཿ ནམ་མཁའ་ས་གཞི་རུ་ལོག་བསམཿ ཤཱཀ་ཐུབ་ནག་པོ་རི་ལོག་ཙམཿ དགྲ་བཅོམ་འབུམ་གྱིས་བསྐོར་བ་ཡིསཿ ཁོ་ཡི་འོག་ཏུ་མགོ་མཇུག་ལྡོགཿ ཀུན་ཀྱང་རབ་ཏུ་ཁྲོས་བྱུང་ནསཿ དམོད་པས་ཐལ་མོ་བརྡེབ་པ་ཡིསཿ དགྲ་བོ་བསོད་ཟད་ཁྲག་ཏུ་སྐྱུགཿ འབར་མས་ལྷག་མེད་ཟོས་པར་བསམཿ འདི་ཡིས་དགྲ་བོ་ཞག་བདུན་ནསཿ ཟླ་གཅིག་ཚུན་ཆད་འཆི་བར་ངེསཿ ༈ གཟའ་རྒོད་དྲག་པོའི་ལས་སྦྱོར་ནིཿ དབེན་པའི་གནས་སམ་དྲག་པོའི་སརཿ དགྲ་བོ་ཕོ་མོ་གང་ཡིན་ཡངཿ ཁོ་ཡི་མིང་ངམ་རུས་བྲིས་ལཿ ཤོག་གུས་དྲིལ་བ་སྡོང་བལ་དྲིལཿ ཟན་ཀོང་བཅུག་ཅིང་ཚིལ་ཞུན་བླུགཿ རྟ་ནག་ཁྱི་ནག་ར་ནག་ཁྲགཿ དུག་ཆུར་བསྲེ་ཞིང་ཕོར་གང་བཞགཿ »རང་ཉིད་བདུད་འདུལ་ཨ་ཙར་ནག་པོ་རི་རབ་ཙམ་དུ་གྱུར་པའི་མདུན་དུ་དུག་ཁྲག་རྦ་ཀློང་འཁྲུག་པའི་དབུས་སུ་གཟའ་རྒོད་དྲག་པོ་ཐོག་རྒྱུག་སྐུ་མདོག་ཁྲག་ལྟར་དམར་བ་ཞལ་དགུ་མུན་པའི་མདོག་ཅན་ཁ་ནས་དུག་ཁྲག་དང་ལུས་ལ་དུག་རླངས་ཕྱུར་བ་སྦྲུལ་མཇུག་ནག་པོ་ཁྱུག་ཁྱུག་བྱེད་པ་གྲུ་གང་བ་གཅིག་གསལ་བའི་བདག་གི་ཐུགས་ཀའི་འོད་ཀྱིས་འཇིག་རྟེན་ཁམས་ཀྱི་དྲེགས་པའི་གཟའ་ཐམས་ཅད་བཀུག་ཅིང་ཐིམ་པར་བསམཿ རུ་ར་ཙ་རཱ་ཧུ་ལ་ཀེ་ཏ་ཀེ་ཏ་ཏྲི་ཛཿ «ཞག་གཅིག་བཟླས་པས་འོད་དུ་འཁྱིལཿ» གཟའ་རྒོད་གཟི་བརྗིད་རབ་རྒྱས་ཤིངཿ ཁ་རླངས་མཐོང་རེག་དུག་རྒྱས་པའིཿ དུག་ཁྲག་རབ་ཏུ་ཁོལ་བ་ཡིསཿ དགྲ་བོ་བརླག་པའི་ནུས་ལྡན་གྱུརཿ དགྲ་བོ་གཏན་པ་བྲལ་བར་བཀུགཿ རྟེན་ལ་བསྟིམ་ཞིང་བརྒྱལ་བར་གྱུརཿ ཨ་རུ་བི་ཥི་ཀ་ལ་ཕོ་ཎ་ཕོ་ཎ་ཧ་ལ་ཁོལ་ཁོལ་དགྲ་བོ་རྣྲྀ་ཛ་ཁུགཿ «སྔགས་འདི་ཞག་གསུམ་བཟླས་པ་ཡིསཿ དུག་ཁྲག་རབ་ཏུ་ཁོལ་བར་འགྱུརཿ དེ་ཚེ་དྲག་པོ་ངར་ལྡན་པསཿ མེ་སྦར་དགྲ་བོའི་རྣམ་ཤེས་རྟེནཿ ཁོ་ཉིད་དངོས་སུ་གསལ་བར་དམིགསཿ »རྦད་རྦད་གཟའ་རྒོད་དྲག་པོ་ཐོག་རྒྱུག་དམ་ཉམས་པའི་དགྲ་བོ་འདི་ལ་དྲག་པོ་དུག་སྣ་དགུ་ཡིས་སྐད་ཅིག་ཉིད་ལ་སོད་ཅིག་གཟིར་ཞིགཿ སྲོག་གི་མེ་སོདཿ ཚེ་ཡི་ཀ་བ་བསྒྱེལཿ རྣམ་ཤེས་དུག་མུན་འཐིབསཿ ལུས་སེམས་ཕྲོལ་ལ་ཧུར་ཐུམ་ཐོང་ཞིགཿ «ཅེས་བརྗོད་པ་དང་ཆབ་གཅིག་ར་ཧུ་ལས་ཁོ་ལྷག་མེད་དུ་ཟོས་པར་བསམཿ དུག་ཁྲག་མར་མེའི་ནང་དུ་སྦུབཿ འོ་དོད་དྲག་པོ་འབོད་ཅིང་རོ་མ་ལམ་རྒྱ་གྲམ་གྱི་ཞབས་སམ་བྲག་སྣར་མནན་ནོཿ འདིས་ནི་ཉམས་པ་ཅན་གྱི་དགྲཿ མྱུར་དུ་ཧུར་ཐུམ་ཐེ་ཚོམ་མེདཿ གཟའ་རྒོད་མར་མེ་ཁྲག་གསོད་ཀྱིཿ མན་ངག་རྣོ་མྱུར་ལྡན་པ་སྟེཿ དྲོད་ཚད་གོང་གནོན་ཏིང་འཛིན་ལྡནཿ ལས་སྦྱོར་དུས་སུ་དགྲ་བོ་འཆིཿ ༈ ཡང་གཅིག་ཤིན་ཏུ་གསང་བ་ཡིཿ ལྟ་བ་རྟོགས་པའི་རྣལ་འབྱོར་པསཿ སྤྲོས་མེད་དམིགས་པའི་ཆོ་འཕྲུལ་གྱིསཿ དགྲ་བོ་ཧུར་ཐུམ་གདམས་པ་ནིཿ »རང་ཉིད་ཨ་ཙར་ཧེ་རུ་ཀའིཿ མདུན་དུ་གཟའ་བདུད་དུད་སོལ་མདོགཿ མགོ་དགུ་དུག་གི་ཁ་རླངས་འཕྱུརཿ སྦྱི་བོར་བྱ་མགོས་ཐན་སྐད་སྒྲོགསཿ ཁོག་སྨད་དུག་སྦྲུལ་མཇུག་མ་འཁྱུགཿ ལུས་ལ་ནད་མཚོན་མེ་རླུང་འཕྲོཿ ལག་གཉིས་དུག་མེ་འཁྲུག་པའི་འབརཿ དམིགས་པའི་དགྲ་བོ་གཞོབ་ཐུལ་བསྲེགསཿ ཚེ་བསོད་སྲོག་དབུགས་ཤ་ཁྲག་རུསཿ ལྷག་མ་མེད་པར་རྡུལ་དུ་རློགཿ རྣམ་པར་ཤེས་པ་གཤིན་རྗེའི་གྲོངཿ མུན་པ་གླིང་དགུའི་ནང་དུ་འཐུམསཿ རྟེན་དང་བརྟེན་པ་བྲལ་བར་བརླགཿ ཀེ་ཏ་ཀ་ཏ་ར་ཧུ་ལ་ནྲྀ་འུར་འུར་དགྲ་བོའི་ལུས་ལ་མེ་སྦོར་དུག་ཕྱུར་ཀུམ་ཀུམ་རམ་ཤིག་རྨུག་སོདཿ «བརྒྱ་རྩ་བརྒྱད་སོགས་བཟླས་པའི་མཐརཿ རང་གི་ལུས་པོ་སྤྲིད་ཆིལ་འོངཿ དེ་ཚེ་ཁྲག་ཆང་ཕུད་བཤམས་ཤིངཿ» ཨོཾ་ཨཱཿམ་ཧཱ་རཀྟ་ཧཱུྃཿ བྷྱོཿ གཟའ་བདུད་དུག་སྦུར་ནག་པོ་ཁྱོདཿ དྲེགས་ལྡན་ཀུན་ཀྱི་སྟོབས་འདུས་ཤིངཿ དགྲ་གདོན་ཤན་པར་ཁས་བླངས་བཞིནཿ མྱུར་བར་མྱུར་བར་ལས་ལ་ཆོསཿ བདག་ལ་སྡང་བར་བྱེད་པའི་དགྲཿ དམིགས་པའི་ཡུལ་དུ་གྱུར་པ་འདིཿ སྐད་ཅིག་ད་ལྟ་ཡུད་ཙམ་ལཿ གང་དུ་གནས་ཀྱང་ཧུར་ཐུམ་ཐོངཿ མིང་དང་མཚན་མ་མ་ནོར་ཞིགཿ འབྲས་ཆན་ཁྲག་ཆང་བདུད་རྩི་འདིཿ དཔའ་ཟས་ངར་ཆང་ཚུལ་དུ་སྦྱིནཿ འདི་དང་དགྲ་བོའི་ཤ་ཁྲག་རུསཿ མཉམ་པོར་བཞེས་ལ་མེད་པར་མཛོདཿ འུར་བ་འུར་བ་ཐུན་ཐུན་བྷྱོཿ ཞག་དང་ཟླ་བ་ལས་འགྱངས་ནཿ བདག་ཉིད་གཏུམ་ཆེན་ཧེ་རུ་ཀཿ རབ་ཁྲོས་སྐུ་ལས་མེ་འོད་འབརཿ ཕྱག་མཚན་ཐོ་ཆེན་འབར་བ་ཡིསཿ ཁྱོད་ཀྱི་ཀླད་ཁྲག་དཀྲུགས་བྱེད་ཅིངཿ ལུས་ངག་ཡིད་གསུམ་གཞོབ་ཐུལ་བསྲེགསཿ སེང་ཧའི་ཚོགས་ཀྱིས་རྔམ་ཟས་བྱེདཿ རྣམ་ཤེས་ན་རག་སྡུག་བསྔལ་མྱོངཿ དེ་བས་བདག་ལ་སྡང་བའི་དགྲ༔ སྐད་ཅིག་ཡུད་ལ་རྦད་ཁམ་ཐོང༔ ལས་འགྲུབ་ཁྱོད་ལ་གཏང་རག་གཏོང༔ སྟོབས་ནུས་དྲག་རྩལ་ཡོན་ཏན་རྒྱས༔ ལྕང་ལོ་ཅན་དུ་འཚང་རྒྱའོ༔ ས་མ་ཡ་ཧོ་ན་རཀྐན༔ འུར་འུར་ཆེམ་ཆེམ་ལས་ལ་ཡ༔ «ཅེས་བརྗོད་ཁྲག་ཆང་དགྲ་ཕྱོགས་གཏོར༔ སྐར་མདའ་ཆད་བཞིན་སོང་བར་བསམ༔ རང་གི་ཁྱིམ་དུ་འོད་འཕྲོ་ན༔ གུ་གུལ་རྟ་བོན་དུད་པ་བདུག༔ ཞག་གསུམ་བདུན་ལ་ངེས་པར་འཆི༔ མུ་སྟེགས་ཁ་མཐུ་ནག་པོ་སྟེ༔ དགྲ་བོ་ཁྲག་སྐྱུག་ཧུར་ཐུམ་གསོད༔ རྣམ་པར་ཤེས་པ་མུན་པར་འཁྱམས༔ སྡིག་ཆེ་ལས་མྱུར་ཤིན་ཏུ་གསང༔ གལ་མ་མ་ཐུག་པར་མི་བྱ༔ ཁྱབ་འཇུག་གསང་བའི་མན་ངག་གོ༔ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཀླུ་བདུད་ནག་པོའི་མན་ངག་ནི༔ གོང་གནོན་སྒོམ་བཟླས་ལྡན་པ་ཡིས༔ བསྲུང་བྱ་ཐུགས་སྲོག་མདུན་དུ་སྦ༔» རང་ཉིད་ཨ་ཙརྱ་ནག་པོ་ནག་པོ་པདྨ་བདུད་འདུལ་རབ་ཏུ་ཁྲོས་པའི་མདུན་དུ་ཀླུ་བདུད་ཏི་པ་ར་ཙ་ལུས་མི་ལ་སྲིན་པོའི་གདོང་པ་ཅན་སྦྲུལ་ནག་དགུའི་གདེང་ཀ་ཁ་རླངས་མུན་ལྟར་འཐིབས་པ་ཁོག་སྨད་སྦྲུལ་གྱི་མཇུག་མ་ནག་པོ་འཁྱིལ་ཞིང་ལག་གཡས་སྤྲུལ་ནག་ཞགས་པ་འཕེན་ཞིང་གཡོན་པས་ནད་རྐྱལ་ཐོགས་པ་ལུས་ལ་མིག་བརྒྱ་བསྒྲད་ཅིང་ཁ་གདང་བཿ དེ་ཡི་སྔོན་དུ་ཀླུ་ཡི་བུ་མོ་བདུད་སྲིན་མོ་བུད་མེད་ལུས་ལ་སྦྲུལ་མགོ་ལྔ་པ་མཇུག་མ་སྦྲུལ་དུ་འཁྱིལ་ཞིང་ལག་གཡས་སྤུ་གྲི་ཟོར་བ་དངཿ གཡོན་པས་ཐན་གྱི་རྐྱལ་པ་འཛིན་པ་གཉིས་ཀའང་ལུས་ལ་དུག་གི་རླངས་པ་ཕྱུར་ཞིང་ནད་ཀྱིན་བུན་འཐིབས་པཿ སྦལ་སྦྲུལ་སྡོམ་སྡིག་ཆོ་འཕྲུལ་འགྱེད་ཅིང་དགྲ་བོ་གསོད་པའི་ལས་ལ་རྔམས་སྟབས་སུ་དུག་མཚོ་ཁོལ་མའི་ནང་ནས་གློག་ལྟར་མྱུར་བར་འོང་ཞིང་མདུན་དུ་དམ་ལ་འདུས་ནས་དགྲ་བོ་གསོད་པའི་ལས་ལ་ཆས་པར་བསམཿ ཕེ་ལིང་ཕཾ་ཏི་ནཱ་ག་དུ་ན་ར་ལ་ཧུཿ ཆེ་གེ་མོའི་སྲོག་ལ་ཧུར་ཧུར་བྲེང་བྲེང་ཀུ་ན་ཡ་མ་འབི་འབི་ཁེ་ཧ་ལ་རྣྲྀ་ཙིཏྟ་ཧུར་ཆོདཿ «སྔགས་འདི་བརྒྱའམ་སྟོང་བཟླས་ནཿ ཀླུ་བདུད་དངོས་སམ་གཟུགས་སྟོན་པའོཿ ཡང་ན་སྤལ་སྤྲུལ་སྡོམ་སྡིག་མཐོངཿ ཁྱིམ་དུ་དྲི་ངན་འཐུལ་བའི་ཚེཿ འོ་ཆབ་ཁྲག་དང་བསྲེས་པར་བཤམསཿ» ཧཱུྃ་བྷྱོཿ ང་ནི་སྲིད་པ་གསུམ་ལ་དབར་བསྒྱུར་བའིཿ ཨ་ཙར་པདྨ་བདུད་འདུལ་ཆེ་བའི་མཆོགཿ ཁྱོད་ནི་ཀླུ་བདུད་མིང་སྲིང་དམ་ཚིག་ཅནཿ སྡོན་ཚེ་ཟངས་གླིང་བྲག་དམར་འབར་བ་རུཿ བཀའ་བཞིན་སྒྲུབ་པར་དམ་བཅའ་མི་དྲན་ནམཿ རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁུ་ལང་ཡུལཿ དཀྱིལ་འཁོར་དྲུང་དུ་ཇི་ལྟར་དམ་བཅས་སམཿ ཁྱོད་ནི་དམ་ལ་གནས་ཤིང་ཐ་ཚིག་ཅནཿ དགྲ་བོ་མཐོང་བ་ཙམ་གྱིས་གསོད་བྱེད་ནཿ དགྲ་འདིས་བདག་ལ་བརྙས་པ་ཅིས་མི་མཐོངཿ འདུན་པ་དཀར་དམར་སྐྱེམས་ཕུད་འདི་ལ་རོལཿ ད་ལྟ་ཉིད་དུ་དགྲ་བོའི་གནས་སུ་རྒྱུགསཿ སྦལ་སྦྲུལ་སྡོམ་སྡིག་ཚོགས་ཀྱི་ལྟས་ངན་ཐོངསཿ དུག་རླངས་མུན་པ་འཐིབས་པས་རྨོངས་སུ་ཆུགཿ ནད་སྣ་དགུ་ཡིས་སྲོག་ལ་ཧུར་ཐུམ་སོདཿ སྦྲུལ་ནག་ཞགས་པ་ནག་པོས་ལུས་ཆིངས་ལཿ ཟོར་བ་སྤུ་གྲི་རྣོན་པོས་སྲོག་རྩ་ཆོདཿ དབུགས་ཐུམ་ཚེ་ལོངས་མདངས་འཕྲོག་ཤ་ཁྲག་རོལཿ ལོ་དང་ཟླ་བ་ལྟ་ཅི་ཞག་མ་འགྱངསཿ ལས་མྱུར་གནམ་ལྕགས་ཐོག་ལྟར་རྦད་ཆོད་ཐོངསཿ གཡེལ་བར་གྱུར་ན་རྡོ་རྗེའི་ཐ་ཚིག་ཉམསཿ ང་ཉིད་ཁྲོས་ལས་ཁྱོད་ཀྱི་སྲོག་སྙིང་འགསཿ དེ་བས་མ་ཐོགས་མྱུར་དུ་ལས་ལ་རྒྱུགསཿ ཐོ་རངས་སྐྱ་རིང་ཉི་ཤར་ཟེར་ལ་ཞོནཿ ཉིན་གུང་ཟས་དང་དགུང་མོར་གྲིབ་སོར་བསྐུངཿ སྲོག་ལ་སྐར་མདའ་ནམ་གུང་མུན་པའི་སྨགཿ འགྲོགས་ཤིང་སྲོག་དབུགས་བླ་ཡིད་ཕྲོལ་གྱིས་ལཿ ཀླུ་བདུད་ནག་པོ་འཛིན་ཤེས་གཏོང་མི་ཤེསཿ དམིགས་པའི་དགྲ་བོ་མི་ཤོར་སྲོག་ཆོད་ཅིགཿ གཏང་རག་རྡོ་རྗེ་ཅན་གྱི་རྗེས་འཛིན་ཅིངཿ ཡེ་ཤེས་མཁའ་འགྲོ་དབུགས་དབྱུང་གཟེང་བསྟོད་དོཿ ཏྲི་ལང་གུམ་བྷ་ཨ་ཤུ་ས་མ་ཧཿ ཝ་ར་ཧུར་ཝ་བྲེང་ཨ་ས་རྦདཿ« ཁྲག་སྐྱེམས་འཐོར་ཞིང་དམོད་བཅོལ་བྱཿ གུ་གུལ་མུ་ཟིའི་དུད་པས་བདུགཿ དགྲ་བོ་མྱུར་དུ་བརླག་པར་འགྱུརཿ དགྲ་བོ་དྲུང་དུ་འདུད་གྱུར་ནཿ »ཨ་ཤུ་ཀ་ལ་ཙི་ཏ་སྲོག་ལ་རྦདཿ« སྔགས་འདི་བཟླ་ཞིང་སྦྲུལ་ནག་གིཿ ཞགས་པས་ཁོ་ཡི་ལུས་བཅིང་ཞིངཿ ལུས་ཀྱི་རེག་ཚེ་སྦྲུལ་ལྕེ་ཡིསཿ ཁོ་ཡི་ཀླད་ཁྲག་དཀྲུགས་པར་བསམཿ ཟས་ལ་བཏབ་ཅིང་དུག་ཏུ་བསྒྱུརཿ ཡོ་བྱད་སྦལ་སྦྲུལ་སྡོམ་སྡིག་བསྒྱུརཿ བྱ་སླ་མཐུ་ཆེ་རྣོ་དར་ལྡནཿ དགྲ་བོའི་ཟས་ནོར་ལོངས་སྤྱོད་ཀུནཿ རང་གི་གནས་སུ་བླངས་བྱས་ཤིངཿ མལ་གོས་གཅིག་ཀྱང་དམིགས་པ་ཡིསཿ འཕྲུལ་འཁོར་དག་གིས་རྣོ་མི་ཞུདཿ རང་ལ་ལྡོག་པར་མི་སྲིད་དོཿ འདི་ནི་བརྒྱ་བྱིན་རྡོ་རྗེ་བཞིནཿ གང་ལ་གཏད་པར་མི་ལྡོག་རྣོཿ གཞན་ལ་ཟེར་ཕོག་མི་སྲིད་དོཿ མུ་སྟེགས་ཕུང་བྱེད་ནག་པོ་ཡིཿ གདམས་པ་སྙིང་དང་འདྲ་བ་སྟེཿ མཁའ་འགྲོའི་བཀའ་རྒྱ་མ་ཁྲོལ་བརཿ འདི་བསྟན་སྲོག་གི་གཤེད་མར་འགྱུརཿ མཁའ་འགྲོ་མ་ཡི་སྲོག་གི་རྒྱཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཁ་ཐམཿ དམུ་རྒོད་ཇག་རྐུན་འཆིང་བྱེད་ནཿ རི་བོང་འཕར་བ་སྲེ་མོང་སྦུརཿ» རྣྲྀ་ཝཱ་ཀུ་ཙོ་ར་ཀ་ཝཱ་ཙི་མུ་ཁི་ཆིང་ཆིངསཿ «སྔགས་འདི་བརྒྱའམ་སྟོང་དུ་གདབཿ རྒྱ་གྲམ་ས་ཡི་ནང་དུ་བྲིསཿ མལ་འོག་གམ་ནི་ལྷྭམ་ནང་བཅུགཿ རང་གི་བརླ་གཡོན་འདི་྅྅྅བྲིས་ཤིངཿ» རྣྲྀ་ཙོ་ར་ཀུམ་བྷ་ཀུམ་བྷ་ཆིང་ཆིངསཿ «ཞེས་བཟླས་འཆིང་བར་ཐེ་ཚོམ་མེདཿ གཅན་གཟན་གདུག་པའི་ཁ་འཆིང་ནཿ དུག་ཤོག་ངོས་ལ་ཁོ་ཡི་གཟུགསཿ སྤྲུལ་ནག་ཞགས་པས་བཅིང་པ་བྲིསཿ ཁ་ཤུལ་ལམ་ནི་རྗེས་ས་བསྲེསཿ ཤི་སྐྲས་བཅིངས་ཤིང་རེ་བས་དྲིལཿ» རཾ་པཱ་ར་ཧུ་ཤུ་ལ་ཁུ་ཥེ་མུ་རུ་ཧུ་ཀཱ་ཝ་ཙི་ནྲི་ཏི་ཨ་པ་ཡ་ཆིང་ཆིངསཿ «བརྒྱ་སྟོང་བཟླ་ཞིང་སྔགས་ཀྱིས་བཏབཿ གང་ལ་དམིགས་པའི་ཡུལ་གྱུར་ཀུནཿ བསྲུང་བར་ཐེ་ཚོམ་ཡོད་རེ་ཀནཿ ལུས་སེམས་གདོན་དབང་གྱུར་པ་ནཿ སྨྱོན་པ་འཆིང་ཞིང་འདུལ་བ་ནིཿ »རང་ཉིད་ཁམས་གསུམ་དབང་སྒྱུར་བཿ ཨ་ཙར་པདྨ་བདུད་འདུལ་གྱིཿ ཕྱག་གཡོན་འོད་ཟེར་ཞགས་པ་ཡིསཿ ཁོ་ཡི་ལུས་ཀུན་རབ་བཅིང་ཞིངཿ ཐུགས་ལས་རཾ་འཕྲོས་སྙིང་དབུས་ཕོགཿ མེ་འབར་ལུས་ཀུན་བསྲེགས་པར་བསྒོམཿ ཨ་སུ་ཀུ་པཱ་རཾ་ཤིག་རཾ་ཕཊཿ «བཟླ་ཞིང་བྱེ་མར་སྔགས་བཏབ་གཏོརཿ འགུལ་བསྐྱོད་བྲལ་བར་འཆིང་བར་ངེསཿ དེས་ཀྱང་ཞི་བར་མ་ཐུལ་ནཿ དྲག་པོས་ཕཊཿདགུ་བརྗོད་པ་ཡིསཿ བསྲུང་བྱའི་རྣམ་ཤེས་དབྱིངས་སུ་སྤརཿ »རང་ཉིད་བདུད་འདུལ་ཧེ་རུ་ཀའིཿ ཕྱག་གཡས་མེ་ཡི་ཐོ་ཆེན་གྱིསཿ བེམ་པོ་ལུས་གདོན་དང་བཅས་པཿ ཤ་མྱོགས་རུས་མྱོགས་རྡུལ་ཕྲན་བསྲེགསཿ སྤྲུལ་པའི་སེང་ཧ་གྲངས་མེད་ཀྱིསཿ ལྷག་མ་མེད་པར་ཟོས་པར་བསམཿ« »གདོན་གྱི་རྣམ་པར་ཤེས་པ་དེཿ རང་རིག་སྐྱེ་མེད་ཀློང་དུ་བསྲེསཿ ཨ་ཤ་ཀ་ལ་ཕཊཿ« བརྒྱ་རྩ་བརྒྱད་བཟླས་དམིགས་པས་གཅུནཿ ཐ་མར་ཕཊཿབརྒྱ་བརྗོད་པ་ཡིསཿ ངེས་པར་ཐུལ་བར་ཐེ་ཚོམ་མེདཿ »ཨེ་མ་ཧོཿ མཆོག་ཆེན་མི་རྐང་གླིང་བུ་ཉིདཿ ཞོ་འཐུང་རུས་པའི་རང་བཞིན་བསྒོམཿ ནང་དབྱིངས་འོད་ཀྱི་རང་བཞིན་ལཿ མཁའ་འགྲོ་རྡུལ་ཕྲན་འཁྲིགས་བཞིན་གསལཿ དེ་ལས་འོད་ཟེར་འཕྲོས་པ་ཡིསཿ དཔའ་བོ་མཁའ་འགྲོའི་ཐུགས་རྒྱུད་བསྐུལཿ བྱིན་རླབས་འོད་ཀྱི་རྣམ་པར་བསྡུསཿ རྟེན་དང་བརྟེན་པར་སིབ་སིམ་ཐིམཿ ཐམས་ཅད་དགྱེས་པའི་བྲོ་གར་འཁྲབཿ འོད་ཞུ་རྟེན་ལ་ཐིམ་པ་ཡིསཿ རྫས་ནི་ཞོ་འཐུང་རུས་པའི་རྐངཿ སྒྲ་ནི་མཁའ་འགྲོའི་བརྡ་སྐད་བསྒྱུརཿ ཐུགས་དམ་བསྐུལ་དང་ལས་བཞི་འགྲུབཿ འགུགས་འདྲེན་སྤར་བའི་ལས་འགྲུབ་ཅིངཿ མཐོང་རེག་ཐོས་གྲོལ་ནུས་ལྡན་གྱུརཿ ཨ་པཱ་ར་ཊ་ཀ་ཌཱཀྐི་སརྦ་གྷནྡྷེ་སིདྡྷི་ཧོཿ« བརྒྱ་རྩ་བཅུ་གསུམ་བཟླས་པའི་མཐརཿ» «རྟེན་འབྲེལ་སྙིང་པོ་ཉེར་གཅིག་གིསཿ» «རབ་ཏུ་གནས་ཤིང་ཤིས་པ་བརྗོདཿ མཁའ་འགྲོའི་བླ་རྡོ་ཉིད་དུ་འགྱུརཿ» ཨ་ལ་ལ་ཧོཿ ༈ «ལས་ཕྲན་རྩ་འགགས་སེལ་འདོད་ནཿ ལྕིམ་རྩ་མེས་ཚིག་ས་དང་སྦྱརཿ »པཱི་ལ་ཀུ་ཧེ་བ་ཀོ་ཡཾ་ཤུག་ཁྲོལ་ཁྲོལཿ «སྔགས་བཏབ་ཁོང་དུ་བཏང་བས་སེལཿ ཕྲན་བུ་དག་ལ་གཡེར་མའི་ཆུརཿ སྔགས་བཏབ་བཏང་བས་མྱུར་དུ་གྲོལཿ ཆུ་འགགས་ཆང་ལ་རྒྱ་ཚྭ་བཏབཿ» ཨུ་ཤ་ཨུ་ཆུ་སི་མི་སི་མི་ལི་ཁྲོལ་ཁྲོལཿ« སྔགས་འདི་ནུས་ལྡན་བཏབ་བྱས་ཤིངཿ འོད་དམར་ཐིག་ལེ་ཡུངས་འབྲུ་ཙམཿ ལམ་ཕྱེ་ཕྱི་རུ་འབྱིན་པར་དམིགསཿ རྫས་ཉིད་ཁོང་དུ་བཏང་བས་སེལཿ ༈ མིག་གི་ལིང་ཏོག་འབྱིན་པ་ལཿ» ཏྲ་ཙ་ཧུར་ཧུར་མི་ཉི་སོདཿ ཕུ་མི་ཕྱེས་བྱེསཿ «སྔགས་འདི་ཁོང་དུ་བཏང་བའམཿ གྲོ་ག་མེར་བསྲེགས་ཐལ་བ་བཏབཿ བལ་ལ་བཏབ་ཅིང་བྱུག་པས་སེལཿ ༈ ནོར་ལ་འགོང་པོ་ཞུགས་གྱུར་ནཿ» ཡ་མ་ནཱ་ག་ཕུ་མི་སོད་ཨ་སུ་མ་ལ་ཕྱེས་ཕྱེསཿ «ཆུ་ནག་ལ་བཏབ་ཁོང་དུ་བཏངཿ བྱེ་མར་བཏབ་ཅིང་བྲབ་པས་སེལཿ ཨེ་མཿ པདྨ་འདུད་འདུལ་དམ་པ་རྒྱ་གར་བཿ འཛམ་གླིང་ལྡོག་པས་མ་བཅག་ས་མེད་པཿ སངས་རྒྱས་བྱང་སེམས་རིག་འཛིན་མཁའ་འགྲོ་མཿ དྲང་སྲོང་མུ་སྟེགས་ཀུན་ཀྱི་བྱིན་རླབས་ཞུསཿ ཟབ་གསང་གདམ་པ་ཀུན་ཀྱི་སྙིང་བཅུད་ལོནཿ ཟབ་པའི་མན་ངག་ཀུན་ཀྱི་ཉིང་ཁུ་བསྡུསཿ རྒྱ་བོད་འགྲོ་བ་མང་པོའི་དོན་བྱས་ཤིངཿ སླར་ཡང་ཕན་གནོད་གསང་བའི་མན་ངག་གནདཿ འཕྲུལ་དཔྱད་དཀར་ནག་ཁྲ་གསུམ་ལ་བསྡུས་ཤིངཿ མཁའ་འགྲོའི་གསང་བའི་བརྡ་རིས་ཆེན་པོར་བཏབཿ མཁའ་དབྱིངས་ལྕགས་སྒྲོམ་འབར་བའི་ནང་དུ་གཏམཿ མཁའ་འགྲོ་བདུད་འདུལ་མ་ཡི་ཐུགས་ཀློང་སྦསཿ འདི་ནས་མ་འོངས་བསྐལ་བའི་ཐ་མ་ལཿ བྱང་ཕྱོགས་བྷོ་ཊ་པྲེ་ཏ་པུ་རིའི་ཡུལཿ རྡོ་རྗེ་ཕག་མོ་ལྷ་ལྕམ་མནྡ་རའིཿ སྤྲུལ་བསྒྱུར་ཡེ་ཤེས་མཁའ་འགྲོ་ལེགས་འདུས་མཿ སླར་ཡང་སྔོན་ལས་དྲག་པོའི་མཚམས་སྦྱར་གྱིསཿ ཡང་གསངཐུགས་ཐིག་གདམ་པ་སྤེལ་པའི་ཕྱིརཿ ཤ་ཟའི་རུམ་དུ་ཌཱཀྐི་མི་མོའི་གཟུགསཿ གཟུགས་ཅན་གཟུགས་མེད་འགྲོ་དོན་སྤྱོད་པའི་ཚེཿ ནག་ཕྱོགས་ཁ་དར་འདྲེ་སྲིན་འབྱུང་པོས་འཚེཿ དུག་ལྔ་རགས་ཤིང་སྨོན་ལམ་ལོག་པ་ཡིསཿ གཟུགས་ཅན་དགྲ་ཡིས་སངས་རྒྱས་བསྟན་ལ་སྡངཿ སེམས་ཅན་མནར་ཞིང་ཆོས་བཞིན་སྤྱོད་ལ་སྡངཿ དེ་ཚེ་མན་ངག་བསྟན་པའི་ལྕགས་རི་འདིཿ ཡང་གསང་ཐུགས་ཐིག་གདམ་བ་བསྲུང་བའི་མཚོནཿ བརྩེ་བའི་སེམས་ཀྱིས་བུ་མོར་སྨོན་ལམ་བཏབཿ རྟེན་འབྲེལ་ཟབ་མོ་དུས་ལ་བབ་པའི་ཚེཿ ཕ་ནོར་བུ་ཡི་ལག་ཏུ་འཕྲོད་ནས་ཀྱངཿ ཚེ་ཆོས་སྲུང་ཞིང་འགྲོ་དོན་མཐར་ཕྱིན་པའིཿ རྡོ་རྗེ་གོ་ཁྲབ་ཆེན་པོའི་རྒྱས་བཏབ་པོཿ བཀའ་འདི་གཟའ་རྒོད་ཁྱབ་འཇུག་ཆེན་པོ་དངཿ ཀླུ་བདུད་དུག་སྤུར་མིང་སྲིང་ལག་ཏུ་གཏདཿ བླ་མ་མཁའ་འགྲོའི་བཀའ་ལུང་མ་ནོད་ཅིང་ཿ དམ་ཚིག་མི་བསྲུང་རང་འདོད་ཕོ་ཚོད་ཆེཿ ཆོས་ཉིད་ལྟ་བ་མ་རྟོགས་གང་ཟག་ནིཿ གདམ་པ་འདི་ནི་རླུང་ཕྱོགས་ཙམ་ཐོས་ནཿ སྲོག་གི་གཤེད་མར་གྱུར་ཅིང་སྙིང་ཁྲག་འཕོསཿ གཅིག་བརྒྱུད་ལས་གཞན་དམ་ཚིག་སྲོག་གི་རྒྱཿ ས་མ་ཡཿ ཙིཏྟ་རཀྵནྟུཿ རྒྱ་རྒྱ་རྒྱཿ ཁ་ཐཾཿ གུ་ཧྱཿ བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་དཔའ་བོར་བརྡ་རྟགས་ཤར་ཡང་བཀའ་འདི་གཉན་པས་ཕབ་པར་མ་ནུས་པ་ཆོས་བདག་གསང་བའི་མཛོད་འཛིན་ཌཱཀྐི་བློ་གསལ་དབང་མོའི་སྙིང་སྟོབས་དྲག་པོའི་རྟེན་འབྲེལ་སྣ་ཚོགས་བསྒྲིགས་ནས་བརྡ་བཀྲོལ་སྣ་ཚོགས་མཛད་པ་བཞིན་ཨ་ཙར་ནག་པོའི་རིག་པའི་ཀློང་དུ་དབྱེར་མེད་འདྲེས་ཏེ་དག་པར་ཕབ་པ་མཁའ་འགྲོ་འཁྲེན་ཅིང་གཏེར་བདག་འཕྲེང་བའི་རྒྱུས་འཚུབས་སློང་སྣ་ཚོགས་བྱུང་ཡང་ཡང་དག་ལྟ་བས་ཟིལ་གྱིས་མནན་ཞིང་སྙིང་སྟོབས་གཉན་པོས་འགྲུབ་པར་བྱས་པ་སྟེ་ཡི་གེའི་འདུ་བྱེད་རང་སློབ་ཉེ་བར་གནས་པ་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པས་གཅིག་བརྒྱུད་དུ་གུ་ཧྱཿ ཞལ་དྲོ་བྱིན་ཆགས་རྣོ་མྱུར་ཐོག་མེད་ཤོགཿ དགེའོ།། །། | |||
}} | }} |
Latest revision as of 14:58, 21 June 2024
Wylie title | thugs thig 'dzin pa rang grol las las tshogs dkar nag khra gsum | |
---|---|---|
Location | mdo mkhyen brtse bka' 'bum Volume 3, Text 40, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Tertön | མདོ་མཁྱེན་བརྩེ་ (Mdo mkhyen brtse) | |
Citation | ||
Genre | Activity Practices - las tshogs | |
Colophon |
འཕྲུལ་དཔྱད་ཁྲ་བོའི་གདམས་པ་འདིཿ ལྕགས་སྒྲོམ་སྨུག་པོའི་བརྡ་རིས་ལསཿ ཨ་ཙར་དམ་པ་ནག་པོ་ཡིཿ དག་པར་མཛད་ནས་བསྒྱུར་བ་བཞིནཿ ཌཱཀྐིའི་བཞེད་དོན་བསྐང་ཕྱིར་ཕུལཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཁ་ཐཾ༔ | |
'phrul dpyad khra bo'i gdams pa 'di: lcags sgrom smug po'i brda ris las: a tsar dam pa nag po yi: dag par mdzad nas bsgyur ba bzhin: DAk+ki'i bzhed don bskang phyir phul: sa ma yA: rgya rgya rgya:_kha thaM: |