DKYD-KABUM-02-KHA-030: Difference between revisions
No edit summary |
No edit summary |
||
(One intermediate revision by the same user not shown) | |||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=ཐུགས་ཐིག་འཛིན་པ་རང་གྲོལ་ལསཿ ཉམས་ལེན་གཞུང་ཤིང་ཆེན་མོཿ | |||
|fulltitle=thugs thig 'dzin pa rang grol las nyams len gzhung shing chen mo | |||
|collectiontitle=mdo mkhyen brtse bka' 'bum | |collectiontitle=mdo mkhyen brtse bka' 'bum | ||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | ||
Line 7: | Line 9: | ||
|author=Mdo mkhyen brtse | |author=Mdo mkhyen brtse | ||
|authortib=མདོ་མཁྱེན་བརྩེ་ | |authortib=མདོ་མཁྱེན་བརྩེ་ | ||
| | |sourcerevealer=Mdo mkhyen brtse | ||
|sourcerevealertib=མདོ་མཁྱེན་བརྩེ་ | |||
|tibgenre=Activity Manual - las byang, Root Treasure - gter gzhung | |||
|terma=Yes | |||
|cycle=gcod 'dzin pa rang grol | |||
|cycletib=གཅོད་འཛིན་པ་རང་གྲོལ་ | |||
|language=Tibetan | |||
|volnumtib=༢ | |||
|volyigtib=ཁ | |||
|language=Tibetan | |language=Tibetan | ||
|pagestatus=Temporary stub only | |pagestatus=Temporary stub only | ||
Line 13: | Line 23: | ||
|volumeLetter=KHA | |volumeLetter=KHA | ||
|textnuminvol=030 | |textnuminvol=030 | ||
|colophontib=ཕ་གཅིག་དམ་པ་ནག་པོ་དངཿ དབྱེར་མེད་དུས་མཐའི་སྙོམས་ལས་པཿ ཌཱཀྐིའི་གསང་མཛོད་དབང་བསྒྱུར་བཿ ཁྲག་འཐུང་ལས་ཀྱི་དཔའ་བོ་ལཿ རྣམ་གསུམ་དྲིན་ལྡན་ཌཱཀྐི་མསཿ རྟེན་འབྲེལ་ཟབ་མོའི་མཚམས་སྦྱར་ཏེཿ བརྡའ་ཁྲོལ་བསྐུལ་མ་མཛད་པའི་ཚེཿ བད་རག་གསང་བའི་བརྡ་རིས་ལསཿ བསྡུས་ཤིང་དག་པར་ཕབ་པ་སྟེཿ དྲི་མེད་རྒྱལ་བས་དག་པར་མཛདཿ ཡི་གེའི་འདུ་བྱེད་དམ་ལྡན་དུཿ འཇིགས་བྲལ་འོད་ཟེར་གྱིས་བགྱིས་པསཿ ཉམས་ལོངས་ཡོན་ཏན་ནུས་པ་གསལཿ མན་ངག་ཆོས་ཀྱི་གཞུང་ཤིང་ངོཿ དགེ་བས་འཁོར་བ་དོང་སྤྲུགས་ཤོགཿ དགེའོཿ | |||
|colophonwylie=pha gcig dam pa nag po dang: dbyer med dus mtha'i snyom las pa: DAk+ki'i gsang mdzod dbang sgyur ba: khrag 'thung las kyi dpa' bo la: rnam gsum drin ldan DAk+ki mas: rten 'brel zab mo'i mtshams sbyar te: brda' khrol bskul ma mdzad pa'i tshe: bad rag gsang ba'i brda ris las: bsdus shing dag par phab pa ste: dri med rgyal bas dag par mdzad: yi ge'i 'du byed dam ldan bu: 'jigs bral 'od zer gyis bgyis pas: nyams longs yon tan nus pa gsal: man ngag chos kyi gzhung shing ngo: dge bas 'khor ba dong sprug shog: dge'o: | |||
|pdflink=File:DKYD-KABUM-02-KHA-030.pdf | |pdflink=File:DKYD-KABUM-02-KHA-030.pdf | ||
|InitCategories=Khyentse Lineage Project; DKYD-KABUM-Volume-02-KHA | |InitCategories=Khyentse Lineage Project; DKYD-KABUM-Volume-02-KHA | ||
Line 18: | Line 30: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༅། །ཙི ཏྟཾ ཏཾ ལ ཀ མང྄གྲ ཧ ཎཾ སྭོ ྅ ཀྵ ར མ སྠི ཏི ཀྲྀ ཡཱ ཡ ཥྟི ར དྷི མ ཏྲཱ བི ཧ ར ཏི སྨ། | {{TibP|༅། །ཙི ཏྟཾ ཏཾ ལ ཀ མང྄གྲ ཧ ཎཾ སྭོ ྅ ཀྵ ར མ སྠི ཏི ཀྲྀ ཡཱ ཡ ཥྟི ར དྷི མ ཏྲཱ བི ཧ ར ཏི སྨ། ། | ||
༄༅། །ཐུགས་ཐིག་འཛིན་པ་རང་གྲོལ་ལསཿ ཉམས་ལེན་གཞུང་ཤིང་ཆེན་མོ་བཞུགསཿ ཿ | |||
«༄༅། །྅྅྅ ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོཿ ཞིང་ཁམས་དབང་བསྒྱུར་གསང་ཡེ་མཿ ཁམས་གསུམ་ཟིལ་གནོན་ཁྲོས་མའི་རྒྱལཿ གུས་པས་འདུད་དེ་དངོས་གྲུབ་སྩོལཿ ཨ་ཏི་ཐིག་ལེ་སྐོར་གསུམ་ལསཿ མན་ངག་འཛིན་པ་རང་གྲོལ་ཆོསཿ བརྟུལ་ཞུགས་ལྡན་པའི་རྣལ་འབྱོར་གྱིསཿ ས་ལམ་ཉི་ཟླའི་བགྲོད་པ་བཞིནཿ གདོད་མའི་རྒྱལ་སར་དབུགས་དབྱུང་ཞིང་ཿ ཐུགས་རྗེའི་རོལ་རྩལ་སྣ་ཚོགས་ཀྱིསཿ འཁྲུལ་སྣང་བདག་ཏུ་བཟུང་བ་ཡིཿ གཟུང་འཛིན་འཆིང་བས་རབ་ཏུ་བཅིངསཿ ངན་སོང་གསུམ་གྱི་རྒྱུ་བསགས་པསཿ གཟུགས་མེད་འབྱུང་པོ་ཐབས་ཀྱིས་འདུལཿ གཟུགས་ཅན་འབྲེལ་བས་བསྡུས་པ་ཀུནཿ ཡང་དག་ལམ་དུ་འགོད་པའི་ཐབསཿ དགའ་རབ་དཔའ་བོས་གསང་མཛོད་བསྟནཿ རྩ་བ་རྡོ་རྗེའི་ཚིག་རྐང་ནསཿ གསུངས་བཞིན་དགོས་པའི་ཡོ་བྱད་རིགསཿ ཞིང་ཆེན་པགས་པའི་གཡང་གཞི་དངཿ བྱང་སེམས་མི་རྐང་གླིང་བུ་ནིཿ ཕོ་མོ་གང་ཡིན་ཐབས་ཤེས་འབྲེལཿ ཚེར་མའི་ཤིང་གི་ཌཱ་མ་རུཿ དར་སྣ་ལྔ་ཡི་ཅོད་པན་དངཿ དྲིལ་གཡེར་མགྲོན་ཚོམ་ལྔ་ཡིས་བརྒྱནཿ ཚོགས་གཞོང་བྷནྡྷ་མཚན་ལྡན་དངཿ གཅན་གཟན་གཏུམ་པོའི་པགས་པའི་གདནཿ ཐོད་པའི་ཕྲེང་བ་དང་བཅས་ཏེཿ ཆས་དྲུག་རྣལ་འབྱོར་སྤྲོས་བཅས་སོཿ སྤྲོས་མེད་དམིགས་པའི་ཆོ་འཕྲུལ་མཆོགཿ གཉན་ཁྲོད་རྟག་ཏུ་འགྲིམ་པའི་ཚེཿ ཐོག་མར་ཟིལ་གནོན་དམིགས་པ་ནིཿ བླ་མའི་གསོལ་འདེབས་བསྒོམ་བཟླས་མཐརཿ »ཕཊཿ རང་རིག་མ་བཅོས་སྐད་ཅིག་དྲན་རྫོགས་སུཿ བདུད་འདུལ་ཁྲོས་མ་ནག་མོ་འཇིགས་རུང་གཟུགསཿ སྤྱན་གསུམ་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགསཿ ཕྱག་གཉིས་གཡང་གཞི་ཕྱར་ཞིང་རྐང་གླིང་སྒྲོགསཿ དྲག་པོའི་ཆས་རྫོགས་ཞབས་གཉིས་གར་སྟབས་འགྱིངཿ རི་རབ་ལྟ་བུའི་སྐུ་ལུས་བརྗིད་པ་ལཿ སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་ཡིཿ ཐུགས་ལས་གནམ་ལྕགས་རི་རབ་སྲ་བརྗིད་བརྟནཿ འོད་ཟེར་མེ་དཔུང་འབར་བ་འཕྲོས་པ་ཡིསཿ གཉན་དམིགས་ཐོག་ཏུ་གནམ་ལྕགས་ཐོག་ལྟར་བབསཿ གནས་གདོན་ལུས་གདོན་གཙོར་གྱུར་འདོད་ཁམས་ཀྱིཿ སྣང་སྲིད་ལྷ་འདྲེ་ཐམས་ཅད་འོག་ཏུ་མནནཿ བྲོས་འཁྱམས་དབང་མེད་འགུལ་བསྐྱོད་མི་ནུས་པརཿ དཔའ་ཟིལ་ཆགས་ཤིང་དྲན་མེད་གནས་པར་བསམཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿ«སྒྲ་དྲག་པོས་སྲིད་གསུམ་འགེངས་པར་བསམཿ ལྟ་བའི་ངར་མདངས་མ་བྲལ་ཤུགས་ཀྱིས་འགྲོཿ གཉན་དམིགས་སྟེང་དུ་སླེབས་མ་ཐག་ཉིད་དུཿ ཆོས་ཉིད་གདེངས་ལྡན་ལྟ་བའི་རང་ཉིད་ནསཿ བརྟུལ་ཞུགས་རོ་ཉལ་དམིགས་པའི་འཁྲུལ་འཁོར་གཙོཿ སྤྲོས་བཅས་ཕྱོགས་བཞི་དབུས་ལྔར་ཐོ་ཆུང་བརྩིགསཿ ཅོག་བུའམ་གནས་ཁང་ཁྲོས་མའི་གཞལ་ཡས་དབུསཿ གདན་ཉིད་གཡང་གཞི་ས་གཞིར་ཁྱབ་པའི་འོགཿ ལྕགས་ཁང་དབུས་སུ་ལྕགས་ཀྱི་དྲྭ་བ་བསྒོམཿ ཁྲོས་མའི་བསྒོམ་བཟླས་གཉན་འབོད་རིང་མོ་བྱཿ ལྷ་འདྲེ་འགྱུར་ལྡོག་མགོ་གཡོག་བྱེད་པ་དང་ཿ གཅན་གཟན་གདུག་པ་དགྲ་རྐུན་ཆོམ་པོའི་རིགསཿ དྲྭ་མིག་གིས་བཅིངས་མགོ་མཇུག་ཐུར་ལྡོག་བསམཿ ལྷ་འདྲེའི་དམག་ཚོགས་ས་གཞིའི་རྡུལ་གྱི་གྲངསཿ ཁྲོམ་ཚོགས་ཇི་བཞིན་འདུས་པའི་ཕྱི་རོལ་དུཿ འཇིག་རྟེན་ལས་དང་ཤ་ཟ་དམ་ཚིག་གིཿ མཁའ་འགྲོའི་དམག་ཚོགས་དེའི་ཕྱིར་ཡེ་ཤེས་ཀྱིཿ ཌཱཀྐི་སྡེ་བཞི་སྤྲུལ་འཁོར་བཅས་པས་བསྐོརཿ དེ་ཕྱིར་རྡོ་རྗེ་རྭ་གུར་སྲ་ཞིང་བརྟནཿ སྤུ་གྲི་རེག་གཅོད་མེ་རླུང་འཁྲིགས་པར་བསྒོམཿ འཛིན་པ་རང་གྲོལ་དམིགས་པའི་འཁྲུལ་འཁོར་དངཿ ནམ་མཁའ་སྒོ་འབྱེད་ལྟ་བའི་ཉམས་ལེན་གནདཿ ཐུན་མཚམས་ལས་བྲན་དམིགས་པ་སྐབས་དང་སྦྱརཿ སྐབས་སུ་ཕུང་པོའི་མཆོད་སྦྱིན་བསྡུས་ཙམ་བཏངཿ སློང་ཚད་མཐར་ཕྱིན་ཚར་ཆད་ཕྲན་བུའི་སྐབསཿ བྱིན་རླབས་གནདའབེབས་རིང་མོ་གན་དུ་བསྟུནཿ མཆོད་སྦྱིན་གཅོད་ཚོགས་འདི་ཉིད་ཉམས་སུ་ལོངསཿ ཚོགས་རྫོགས་སྒྲིབ་སྦྱང་མཐར་ཕྱིན་འབྲས་སྨིན་འགྱུརཿ ཐོག་མར་སྐྱབས་སུ་འགྲོ་བའི་རིམ་པ་ནིཿ» ན་མོཿ ཕྱོགས་བཅུ་དུས་བཞིའི་བཅོམ་ལྡན་རྒྱལ་བ་སྲསཿ རྩ་བ་རྒྱུད་པའི་བླ་མའི་ཚོགས་རྣམས་དངཿ ཡི་དམ་ཞི་ཆགས་ཁྲོ་བོའི་དཀྱིལ་འཁོར་ལྷཿ ཡེ་ཤེས་ལས་མཛད་ཌཱཀྐིའི་ཚོགས་རྣམས་ལཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ གདོད་མའི་གཞི་ལ་མངོན་པར་བྱང་ཆུབ་པའིཿ ཀུན་བཟང་ཐོག་མའི་མགོན་ལ་སྐྱབས་སུ་མཆིཿ སྟོང་ཉིད་མ་བཅོས་ཀ་གདོང་མའི་གཤིསཿ བཟང་མོ་ཀུན་ཁྱབ་མ་ལ་སྐྱབས་སུ་མཆིཿ གཞི་ལས་མ་གཡོས་ཞིང་ཁམས་སྐུ་ལ་རྫོགསཿ ཤེས་རབ་ཕ་རོལ་ཕྱིན་མར་སྐྱབས་སུ་མཆིཿ ལོངས་སྤྱོད་རྫོགས་པའི་ཞིང་ལ་མངའ་དབང་བསྒྱུརཿ མ་གཅིག་གསང་ཡེ་མ་ལ་སྐྱབས་སུ་མཆིཿ ཁྲག་འཐུང་རོལ་པའི་ཞིང་ཁམས་སྤྲུལ་པའི་གཞིཿ བདུད་འདུལ་དབྱིངས་ཕྱུག་མ་ལ༴ ཁམས་གསུམ་སྲིད་པ་གསུམ་ལས་རྣམ་པར་རྒྱལཿ ཌཱཀྐི་ཁྲོས་མ་ལྷ་ལྔར༴ སྣ་ཚོགས་ཐབས་ཀྱིས་འགྲོ་དྲུག་སྡུག་བསྔལ་སེལཿ རྗེ་བཙུན་ཏཱ་རེ་མ་ལ༴ ཤེས་རབ་རྣོན་པོས་རྒྱལ་བའི་དགོངས་པ་རྟོགསཿ འཇམ་དཔལ་སྨྲ་བའི་སེང་གེར༴ སྙིང་རྗེ་ཆེན་པོས་འགྲོ་བའི་སྡུག་བསྔལ་སྐྱོབསཿ འཕགས་མཆོག་ཕྱག་ན་པདྨོར༴ མཐུ་སྟོབས་དབང་བསྒྱུར་ལས་ཀྱི་ས་མཚམས་འཛིནཿ གསང་བདག་རྡོ་རྗེ་འཛིན་ལ༴ ལས་དང་ས་མཚམས་ཀུན་ལ་དབང་བསྒྱུར་བའིཿ མ་གཅིག་ལས་ཀྱི་དབང་མོར་སྐྱབས་སུ༴ ཆོས་དབྱིངས་ཀློང་ལས་སྐལ་ལྡན་དོན་ལ་དགོངསཿ སྟོན་པ་དྲི་མ་མེད་ལ༴ རྫོགས་ཆེན་དོན་བརྒྱུད་གདམས་པའི་གསང་མཛོད་འཛིནཿ གསང་བདག་དགའ་རབ་དཔའ་བོ༴ ཧེ་རུ་ཀ་དཔལ་དཀྱིལ་འཁོར་ཀུན་གྱི་གཙོཿ པདྨ་ཐོད་ཕྲེང་རྩལ་ལ༴ འགྲོ་བའི་དོན་དུ་སྣ་ཚོགས་སྐུ་སྤྲུལ་མཿ ཡུམ་ཆེན་མནྡཱ་ར་ལ༴ ཟངས་མདོག་དཔལ་རིར་མཁའ་འགྲོའི་གསང་མཛོད་འཛིནཿ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༴ བརྟུལ་ཞུགས་ལམ་སློང་རྟེན་འབྲེལ་ཐབས་ལ་མཁསཿ ཕ་གཅིག་དམ་པ་ནག་པོར༴ འཆི་མེད་ཚེ་ཡི་རིག་འཛིན་མཆོག་བརྙེས་པའིཿ རྣལ་འབྱོར་གྲུབ་པའི་རྒྱལ་མོར༴ འཛིན་པ་རང་གྲོལ་ལས་ལ་དབང་བསྒྱུར་བའིཿ བདེ་ཆེན་ལབ་ཀྱི་སྒྲོན་མར༴ བརྟུལ་ཞུགས་ལམ་སློང་རྐྱེན་ངན་གྲོགས་སུ་འཆརཿ གཏེར་ཆེན་ཁྲག་འཐུང་དཔའ་བོར༴ འཇལ་ལུས་སྐུ་བརྙེས་འགྲོ་བའི་དཔལ་དུ་ཤརཿ དྷི་ཁྱའ་ཏཱ་རེ་མ་ལ་སྐྱབས༴ འཛིན་པ་རང་གྲོལ་ཉམས་ལེན་མཐར་ཕྱིན་མཛདཿ ཆོས་བདག་སྐྱེས་བུའི་ཚོགས་ལ་སྐྱབས་སུ་མཆིཿ བདག་སོགས་ནམ་མཁའི་མཐར་ཐུག་སེམས་ཅན་ཀུནཿ སྐྱབས་གནས་རྣམས་ཀྱི་ཐུགས་རྗེས་རྗེས་བཟུང་ནསཿ མ་དག་རིགས་དྲུག་འཁོར་བའི་སྐྱེ་སྒོ་ཆོདཿ དག་པ་སྐུ་གསུམ་ས་ལ་དབུགས་དབྱུང་ཤོགཿ «ལན་གསུམཿ གཉིས་པ་སེམས་བསྐྱེད་པ་ནིཿ »ཕཊཿ ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་ཀུནཿ བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཏེཿ ཚད་མེད་རྣམ་བཞི་རྒྱུད་ལ་སྐྱེས་ནས་ཀྱངཿ སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དངཿ བསམ་གཏན་ཤེས་རབ་ཕྱིན་དྲུག་ལམ་མཐར་ཕྱིནཿ རིགས་དྲུག་སྡུག་བསྔལ་རྒྱུ་དང་བྲལ་གྱུར་ནསཿ བདེ་བའི་རྒྱུ་སྒྲུབ་དགེ་དང་མི་འབྲལ་ཞིངཿ བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོགཿ སེམས་ཉིད་འོད་གསལ་འདུས་མ་བྱས་པའི་དོནཿ སངས་རྒྱས་རང་ལ་གནས་པ་ངོ་ཤེས་ནསཿ འཁྲུལ་པའི་སྣང་བ་རྨི་ལམ་སད་པ་བཞིནཿ འདུས་མ་བྱས་པའི་ཀློང་དུ་གྲོལ་བར་ཤོགཿ «ལན་གསུམཿ གསུམ་པ་ཡན་ལག་བདུན་པ་འབུལ་བ་ནིཿ» ཕཊཿ གནས་གདོན་ལུས་གདོན་སྣང་སྲིད་ལྷ་འདྲེ་དང་ཿ མི་དང་མི་མིན་འབྱུང་པོས་གཙོར་གྱུར་པའིཿ སྐྱེ་གནས་བཞིས་བསྡུས་རིགས་དྲུག་སེམས་ཅན་ཀུནཿ སྐུ་གསུམ་རྒྱལ་བ་རྩ་གསུམ་ལྷ་ཚོགས་ལཿ ཞིང་གི་རྡུལ་སྙེད་ལུས་སྤྲུལ་ཕྱག་འཚལ་ལོཿ ཀུན་བཟང་བླ་མེད་མཆོད་སྤྲིན་རྒྱ་མཚོས་མཆོདཿ སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆགས་བཤགསཿ ཐུགས་བསྐྱེད་མཛད་པ་རྒྱ་ཆེར་རྗེས་ཡི་རངཿ ཟབ་གསང་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལཿ སེམས་ཅན་མ་གྲོལ་བར་དུ་བཞུགས་གསོལ་འདེབསཿ དགེ་ཚོགས་བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོཿ «བཞི་པ་རྡོ་རྗེའི་མཎྜལ་འབུལ་བ་ནིཿ »ཕཊཿ རང་རིག་སྙིང་དབུས་ཚངས་བུག་ནས་བརྒྱུད་དེཿ ནམ་མཁར་འཕགས་ཤིང་རྣལ་འབྱོར་མ་རུ་གྱུརཿ ཕྱག་གཡས་གྲི་གུག་ལྤགས་པ་ཧྲལ་གྱིས་ཕྲལཿ ཤ་ཁྲག་མགོ་བོ་ནང་རོལ་སྤུངས་པ་ལཿ ཌཱཀྐིའི་ཐུགས་ལས་ཏྲྃཿདང་འོད་ཟེར་འཕྲོསཿ བེམ་པོར་ཕོག་པས་སྐད་ཅིག་གནས་གྱུར་ཏེཿ པགས་པ་དབང་ཆེན་གསེར་གྱི་ས་གཞི་ལཿ ཟོ་ཁོག་རི་རབ་མགོ་བོ་རྣམ་པར་རྒྱལཿ དབུ་མ་དཔག་བསམ་སྡོང་པོ་ཡལ་ག་རྒྱསཿ ཙིཏྟ་ཡིད་བཞིན་ནོར་བུ་རིན་པོ་ཆེཿ ཤ་ཁྲག་རུས་པ་ནང་རོལ་སོ་སེན་བཅསཿ གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་དངཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་དཔག་ཏུ་མེདཿ ཡན་ལག་ཉིང་ལག་རྒྱུ་མ་ཁྲག་ཆུ་སེརཿ ཤར་དུ་ལུས་འཕགས་ལྷོ་རུ་འཛམ་བུ་གླིངཿ ནུབ་བྱང་བ་ལང་སྤྱོད་དང་སྒྲ་མི་སྙནཿ ལུས་དང་ལུས་འཕགས་རྔ་ཡབ་རྔ་ཡབ་གཞནཿ གཡོ་ལྡན་ལམ་མཆོག་འགྲོ་དང་སྒྲ་མི་སྙནཿ སྒྲ་མི་སྙན་གྱི་ཟླ་དང་གླིང་ཕྲན་བརྒྱདཿ མཐའ་བསྐོར་རྒྱ་མཚོ་ལྕགས་རི་མུ་ཁྱུད་བཅསཿ འདོད་ཁམས་སྟོང་གསུམ་སྟོང་གི་འཇིག་རྟེན་ཁམསཿ སྟེང་དུ་གཟུགས་ཁམས་གནས་རིགས་བཅུ་བདུན་དངཿ གཟུགས་མེད་ཁམས་སོགས་བཀོད་པ་ལྷུན་རྫོགས་པཿ ལོངས་སྐུའི་ཞིང་གི་བཀོད་པ་བྱེ་བྲག་སོགསཿ ནམ་མཁའ་ས་གཞི་བར་སྣང་ཀུན་ཁྱབ་སྤྲུལཿ མཆོད་པར་འོས་པའི་ཚོགས་ཞིང་ལྷ་ཚོགས་ལཿ ཕུལ་བས་ཚོགས་རྫོགས་སྒྲིབ་པ་དག་པར་ཤོགཿ རང་ལུས་མཎྜལ་ཡོངས་རྫོགས་དག་པ་འདིཿ བློ་ཡིས་བླངས་ཏེ་ལྟོས་པ་མེད་པར་འབུལཿ ཆགས་ཞེན་འཁྲུལ་བའི་འཛིན་པ་ཡོངས་དག་ནསཿ བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་རྫོགས་ཏེཿ བདག་འཛིན་འཆིང་བ་རྩད་ནས་ཆོད་པར་ཤོགཿ གུ་རུ་རཏྣ་མཎྜལ་པཱུ་ཙ་ཧོཿ «ལྔ་པ་ཚོགས་ཞིང་གི་དཀྱིལ་འཁོར་ལྷ་ཚོགས་གསལ་གདབ་པ་ནིཿ» ཕཊཿ སྣང་བ་རྣམ་དག་མདུན་གྱི་ནམ་མཁའ་ལཿ འོག་མིན་ལྷུན་རྫོགས་སྟུག་པོ་བཀོད་པའི་ཞིངཿ རྒྱན་བཀོད་ཕུན་ཚོགས་འཇའ་འོད་སྤྲིན་ཕུང་འཁྲིགསཿ དབུས་སུ་རིན་ཆེན་སེང་ཁྲི་མཛེས་པའི་དབུསཿ པདྨ་ཉི་ཟླ་བམ་ཆེན་རོ་གདན་ལཿ སྐྱབས་གནས་གཅིག་ཆོག་བླ་མ་ཧེ་རུ་ཀཿ སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པཿ ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ་ཡི་ཉམསཿ དབུ་སྐྲ་ཐོར་ཚུགས་ལྷག་མས་སྐུ་རྒྱབ་ཁེབསཿ ཕྱག་གཡས་ཌཱ་རུ་གཡོན་པའི་དྲིལ་བུ་འཁྲོལཿ གཞོན་ཚུལ་ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགསཿ ཧེ་རུ་ཀ་ཡི་རྒྱན་ཆས་སྐུ་ལ་རྫོགསཿ ལྷ་ལྕམ་བདེ་བའི་ཡུམ་མཆོག་ཌཱཀྐི་མཿ དཀར་གསལ་གྲི་ཐོད་འཛིན་ཅིང་མཁའ་འགྲོའི་ཆསཿ གཞོན་ཚུལ་བདེ་བའི་ཉམས་ལྡན་མཉམ་པར་སྦྱོརཿ གཡས་སུ་བམ་ཆེན་ཕོ་མོ་བསྣོལ་བའི་ཁརཿ བརྟུལ་ཞུགས་གྲུབ་པའི་ཁྱུ་མཆོག་དམ་པ་རྗེཿ སྐུ་མདོག་དམར་ནག་ཁྲོ་ཚུལ་བརྗིད་པའི་ཉམསཿ ཞལ་གཅིག་སྤྱན་གསུམ་ནམ་མཁའི་མཐོངས་སུ་གཟིགསཿ ཕྱག་གཡས་སེང་ལྡེང་ཌཱ་རུ་ནམ་མཁར་འཁྲོལཿ སྐུ་གསུམ་ཞིང་གི་ལྷ་ཚོགས་ཐུགས་རྒྱུད་བསྐུལཿ གཡོན་པས་བྷནྡྷ་བདུད་རྩིས་བཀང་བ་བསྣམསཿ དཀར་དམར་ཡེ་ཤེས་བདུད་རྩིའི་བཅུད་ལ་རོལཿ བུདྡྷ་རིགས་ཀྱི་མ་གཅིག་ལབ་སྒྲོན་མཿ དཀར་གསལ་དཔའ་མོའི་ཆས་རྫོགས་རྡོར་དྲིལ་འཛིནཿ གཉིས་མེད་འཁྲིལ་སྦྱོར་བདེ་ཆེན་རོལ་པ་ཡིསཿ ཕོ་རྒྱུད་བརྒྱལ་ཞིང་མོ་རྒྱུད་དབང་དུ་བསྡུསཿ འགུགས་འདྲེན་སྤར་སོགས་ལས་བཞིའི་རྫུ་འཕྲུལ་མྱུརཿ གཡོན་དུ་པདྨ་ཉི་མ་རོ་ཡི་གདནཿ ཡི་དམ་མཁའ་འགྲོ་བདུད་འདུལ་ཁྲོས་མ་ནགཿ ཞལ་གདངས་ལྗགས་འདྲིལ་མཆེ་བ་གངས་རི་གཙིགསཿ སྤྱན་གསུམ་སྡང་མིག་འཁོར་འདས་ཀུན་ལ་གཟིགསཿ སྤྱི་གཙུག་ཕག་ཞལ་ངུར་སྒྲས་ས་གསུམ་གཡོཿ དབུ་སྐྲ་ཕྱེད་བཅིངས་ཟར་བུ་ཐུར་དུ་འཕྱངཿ ཕྱག་གཉིས་གྲི་གུག་ཕྱར་ཞིང་ཐོད་ཁྲག་འཐུངཿ ཞབས་གཉིས་དཔའ་མོའི་གར་སྟབས་ལིང་ངེ་བཿ ཁྲོ་མོའི་ཆས་རྫོགས་ཁ་ཊྭཱཾ་མཆན་དུ་བཅུགཿ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་གསལ་ལཿ ལྷོ་རུ་རིན་ཆེན་མཁའ་འགྲོས་སྙིང་མདོགཿ ནུབ་ཏུ་པདྨ་མཁའ་འགྲོ་པད་རག་འོདཿ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་ནག་མདངསཿ བཞི་ཀའང་ཆ་ལུགས་ཕྱག་མཚན་གཙོ་མོར་མཐུནཿ ཞི་རྒྱས་དབང་དྲག་ལས་བཞིའི་ངང་ཚུལ་སྟོནཿ ཡེ་ཤེས་མེ་དཔུང་རང་མདོག་འོད་ཟེར་འཁྲིགསཿ རྒྱབ་ཏུ་ཡུམ་ཆེན་ཤེས་རབ་ཕར་ཕྱིན་མཿ བཙོ་མ་གསེར་མདོག་ཞལ་གཅིག་ཕྱག་བཞི་ཡིསཿ རྡོ་རྗེ་གླེགས་བམ་མཉམ་བཞག་ཕྱག་རྒྱ་མཛདཿ སྐྱིལ་མོ་ཀྲུང་བཅས་པདྨ་ཉི་ཟླར་བཞུགསཿ མདུན་རྒྱབ་མེད་ཅིང་ཕྱོགས་ཀུན་ཐ་ལེར་གཟིགསཿ འཁོར་འདས་ཀུན་ལ་ཁྱབ་པའི་ཡུམ་ཆེན་མོཿ གྲགས་སྟོང་ཆོས་ཀྱི་རང་སྒྲ་དུས་ཀུན་སྒྲོགསཿ བསྐལ་བཟང་བདེ་གཤེགས་སྟོང་དང་སེམས་དཔས་བསྐོརཿ མདུན་དུ་རྗེ་བཙུན་འཕགས་མ་ཏཱ་རེ་མཿ ལྗང་གསལ་ཞི་འཛུམ་མཆོག་སྦྱིན་དཀོན་མཆོག་གསུམཿ མཚོན་པའི་སྐྱབས་སྦྱིན་རྒྱ་ཡིས་ཨུཏྤལ་བསྣམསཿ རིགས་ཀྱི་ཏཱ་རེ་ཉི་ཤུའི་འཁོར་དང་བཅསཿ སྣ་ཚོགས་ཐབས་ཀྱིས་འགྲོ་བའི་དོན་ལ་དགོངསཿ བླ་མའི་དབུ་ཐོག་དགའ་རབ་དཔའ་བོ་ནིཿ དཀར་གསལ་རྡོར་དྲིལ་འཛིན་ཅིང་ལོངས་སྐུའི་ཆསཿ ཆོས་ཉིད་བདེ་བ་ཆེན་པོའི་ཉམས་དང་ལྡནཿ ཡུམ་ཆེན་གསང་བ་ཡེ་ཤེས་ཌཱཀྐི་མཿ དམར་གསལ་ཐོར་ཚུགས་རུས་པའི་རྒྱན་དྲུག་ཅནཿ གྲི་གུག་མི་རྐང་གླིང་བུ་འཛིན་པས་འཁྱུདཿ བདེ་ཆེན་ངང་ནས་དཔའ་བོ་ཌཱཀྐིའི་ཚོགསཿ དབང་དུ་བསྡུ་ཞིང་ཟིལ་གནོན་ཕྱག་རྒྱས་བཅིངསཿ དེ་ཡི་སྤྱི་བོར་སྟོན་པ་དྲི་མ་མེདཿ དབུ་སྐྲ་ཐོར་ཚུགས་ལྷག་མས་སྐུ་རྒྱབ་ཁེབཿ ཐབས་ཤེས་སྤྱན་ཟུང་སྐུ་གསུམ་ཞིང་ཀུན་གཟིགསཿ ཞལ་ནས་རང་རང་སྐད་དུ་བརྡ་ཆོས་སྟོནཿ ཕྱག་གཡས་གསེར་རྡོར་དང་བཅས་སྡིག་མཛུབ་གཏདཿ གཡོན་པས་བདུད་རྩིའི་གཏམས་པའི་བམ་རིལ་བསྣམསཿ ཞབས་གཉིས་ཕྱེད་སྐྱིལ་ཨུཏྤལ་གདན་ལ་བཞུགསཿ རིན་པོ་ཆེ་སོགས་སྣ་ཚོགས་རྒྱན་གྱིས་སྤྲསཿ ཆོས་སྐུའི་མཁའ་འགྲོ་ཡུམ་དང་གཉིས་མེད་སྦྱོརཿ རིགས་ལྔ་བདེ་གཤེགས་ཡབ་ཡུམ་སྐུ་ལ་རྫོགསཿ རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་འཁོར་གྱིས་བསྐོརཿ དེ་འོག་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་དངཿ རྒྱུད་སྡེ་བཞི་དྲུག་ཡི་དམ་སྤྲིན་ལྟར་གཏིབསཿ བླ་མའི་མཐའ་བསྐོར་བར་མཚམས་ཐམས་ཅད་དུཿ རྒྱ་གར་གྲུབ་ཆེན་རྫོགས་ཆེན་དོན་བརྒྱུད་དངཿ ཞི་གཅོད་དགོངས་བརྡ་སྙན་བརྒྱུད་གྲུབ་གཉིས་ཀྱིཿ རྩ་བ་བརྒྱུད་པའི་བླ་མ་མ་ལུས་དངཿ རྡོ་རྗེ་རྣལ་འབྱོར་ཕག་མོ་བདུད་འདུལ་མཿ སེང་ཧ་མུ་ཁ་ཙནྡྲི་ཀ་ལ་སོགསཿ ཡེ་ཤེས་མ་རྒྱུད་མཁའ་འགྲོའི་ཚོགས་དང་བཅསཿ མཚོ་ཆེན་གཟའ་སྐར་བཀྲ་བཞིན་དཔུང་ངེར་བཞུགསཿ དེ་འོག་སྔགས་སྲུང་མ་གཅིག་ཁྲོས་མའི་རྒྱལཿ རང་འཁོར་སྤྲུལ་པ་ཡང་སྤྲུལ་བཅས་པ་དངཿ གཡས་སུ་མ་ནིང་ལེགས་ལྡན་ཕྱག་བཞི་དྲུགཿ མྱུར་མཛད་ཡེ་ཤེས་མགོན་པོ་བྱ་རོག་གདོངཿ བདུད་མགོན་ཡབ་ཡུམ་ལས་མགོན་དཀར་དམར་ནགཿ གཙོ་གྱུར་ཕོ་རྒྱུད་མགོན་པོའི་ཚོགས་རྣམས་དངཿ གཡོན་དུ་ཨེ་ཀ་ཙཊཱི་དུད་སོལ་མཿ འདོད་ཁམས་དབང་ཕྱུག་དཔལ་ལྡན་རེ་མ་ཏིཿ རྡོ་རྗེ་གཤོག་རྒོད་དམག་ཟོར་དུས་བཞིའི་རྒྱལཿ ཚེ་རིང་མཆེད་ལྔ་སྨན་བཙུན་གཡུ་སྒྲོན་མཿ སྲོག་སྒྲུབ་ནག་མོ་ཤྭ་ན་ས་བདག་དངཿ བདག་ཉིད་མ་བཞི་བརྟན་མ་བཅུ་གཉིས་བཅསཿ མོ་རྒྱུད་མ་མོའི་དམག་ཚོགས་བྱེ་བ་འབུམཿ རྒྱབ་ཕྱོགས་དྲང་སྲོང་གཟའ་བདུད་རཱ་ཧུ་ལཿ ཁྱབ་འཇུག་གཟའ་ཆེན་བརྒྱད་དང་གདོང་མོ་བཞིཿ རྒྱུ་སྐར་ཉེར་བརྒྱད་དྲེགས་པའི་དམག་དཔུང་བཅསཿ དམ་ཅན་རྡོར་ལེགས་དགེ་བསྙེན་བསྙོན་ཁ་ནགཿ ཨཱརྱ་ཛམ་ལྷ་རྒྱལ་ཆེན་སྡེ་བཞིར་བཅསཿ མདུན་ཕྱོགས་གནོད་སྦྱིན་ལག་ན་བེ་ཅོན་དངཿ ཟུར་ཕུད་ལྔ་ལྡན་ནེ་ལེ་ཐོད་དཀར་མཚནཿ གངས་བཟང་ཐོད་རྩལ་ལ་སོགས་གཉན་ཆེན་བཞིཿ གཞན་ཡང་དཔལ་མགོན་བདུན་ཅུ་རྩ་ལྔའི་འཁོརཿ རྡོ་རྗེའི་མིང་འཛིན་བཞི་སོགས་དཀར་ཕྱོགས་སྐྱོངཿ མགོན་པོ་ཡོན་ཏན་མགྲོན་གྱུར་ཁྲོམ་ཚོགས་བཞིནཿ མ་འདྲེས་ཡོངས་སུ་རྫོགས་པ་གསལ་བར་བསྒོམཿ རང་གནས་ས་གཞིར་གནས་གདོན་ལུས་གདོན་རིགསཿ ཤ་ཁྲག་སྲོག་ལ་བསྔོ་བ་འབྱུང་བོའི་གཙོསཿ བགེགས་རིགས་ལན་ཆགས་མགྲོན་དུ་གྱུར་རྣམས་དངཿ དེ་རྒྱབ་ལྷ་དང་ལྷ་མིན་མིའི་འགྲོ་བཿ དུད་འགྲོ་ཡི་དྭགས་དམྱལ་བའི་རིགས་བསྡུས་པའིཿ མཁའ་མཉམ་འགྲོ་བ་རིགས་དྲུག་སྙིང་རྗེའི་མགྲོནཿ ཉི་ཟེར་རྡུལ་འཁྲིགས་བཞིན་དུ་གནས་པའི་མཐརཿ འཇིག་རྟེན་ཤ་ཟ་ལས་དང་དམ་ཚིག་གིཿ མཁའ་འགྲོའི་དམག་ཚོགས་དེའི་ཕྱིར་ཡེ་ཤེས་ཀྱིཿ སྤྲུལ་པའི་ཌཱཀྐིའི་དམག་ཚོགས་དུ་མས་བསྐོརཿ ཕྱི་རོལ་གུར་ཁང་དང་བཅས་ཡོངས་རྫོགས་གསལཿ ཀུན་ཀྱང་ན་བུན་རླུང་གིས་བསྐྱོད་པ་བཞིནཿ ཡེ་ནས་དུ་མ་རོ་གཅིག་ཆེན་པོ་ལཿ སྤྱན་འདྲེན་བཞུགས་སུ་གསོལ་བའི་སྤྲོས་པ་བྲལཿ འཁོར་བ་མྱང་འདས་རྡུལ་གཅིག་སྟེང་ཉིད་དུཿ རྡུལ་སྙེད་ཚོགས་བཞིན་དངོས་སུ་གསལ་བ་ལཿ ཐེ་ཚོམ་བློ་ཡི་མདུད་པ་རང་སར་ཞིགཿ ཕཊཿ« དམིགས་མ་གསལ་བར་དུ་བརྗོདཿ ཌཱའ་མ་རུ་སྒྲོགས་གླིང་བུའི་སྒྲཿ ལན་ལྔ་སྒྲོག་ཅིང་གསལ་ཐེབས་ཚེཿ སྣང་བ་ཟིལ་ཁོལ་ཕྱུང་བའི་དུསཿ ངེས་འབྱུང་དད་པའི་ཤུགས་བསྐྱེད་ལཿ དྲུག་པ་གསོལ་འདེབས་དབྱངས་སྙན་པོསཿ »ཨེ་མ་ཧོཿ ཕྱོགས་བཅུ་དུས་བཞིར་བཞུགས་པའི་བཅོམ་ལྡན་འདསཿ སྐུ་གསུམ་རྒྱལ་བ་སྲས་དང་སློབ་མར་བཅསཿ ཡུམ་ཆེན་སངས་རྒྱས་སྟོང་དང་དགྲ་བཅོམ་འབུམཿ དེང་འདིར་བདག་བློའི་དད་པའི་ཞིང་ས་ལཿ ཚོགས་གཉིས་བསགས་དང་སྒྲིབ་གཉིས་ཡོངས་སྦྱངས་ཤིངཿ ས་དང་ལམ་གྱི་བར་ཆད་ཀུན་བསལ་ནསཿ སྐུ་དང་ཐིག་ལེ་འཇའ་འོད་ཟེར་མདངས་སྟོནཿ སྣང་བ་བཞི་ཡི་བགྲོད་པ་ཉི་ཟླའི་རྟཿ ཆོས་ཟད་ཀློང་དུ་འབྲས་བུ་སྟོན་མཛད་པའིཿ ཆོས་དབྱིངས་མ་བཅོས་དོན་གྱི་ཕོ་བྲང་ནསཿ རིགས་ཀྱི་བདག་པོ་སྟོན་པ་དྲི་མ་མེདཿ བླ་མའི་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཀྱངཿ སྣ་ཚོགས་ཐབས་ཀྱིས་ཞེན་འཛིན་དབྱིངས་སུ་གཅོདཿ ཁྱོད་ལ་གསོལ་བ་བདེ་བས་སོ་བྱིན་གྱི་རློབསཿ ལྷུན་རྫོགས་སྟུག་པོ་བཀོད་པའི་ཞིང་ཁམས་ནསཿ རྡོར་སེམས་གསང་བདག་དགའ་རབ་དཔའ་བོ་རྗེཿ རིག་འཛིན་རིག་པའི་འཁོར་ལ་བརྡ་ཆོས་སྟོནཿ མངོན་ཤེས་ལྔ་ཡིས་འགྲོ་བའི་སྡུག་བསྔལ་མཁྱེནཿ སྤྲུལ་པ་བྱེ་བ་ཕྲག་བརྒྱས་འགྲོ་དོན་སྤྱོདཿ དགོངས་པའི་གསང་མཛོད་གཏད་བྱ་སྨོན་ལམ་བཅསཿ གུ་རུའི་ཐུགས་བརྒྱུད་འགྲོ་བློར་འཚམས་པར་སྩོལཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ སྐུ་གསུམ་བདེ་བ་ཆེན་པོའི་ཞིང་ཁམས་ནསཿ རྒྱལ་ཀུན་ཐུགས་རྗེའི་རོལ་རྩལ་གཅིག་ཏུ་བསྡུསཿ མཚོ་སྐྱེས་རྡོ་རྗེ་གུ་རུ་ཐོད་ཕྲེང་རྩལཿ གདུལ་བྱའི་མཐུན་སྣང་མི་ཡི་གཟུགས་སུ་གྲུབཿ བདག་སོགས་འགྲོ་བློའི་མ་རིག་མུན་བསལ་ནསཿ ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་ཀྱིསཿ ལས་ཉོན་དབང་གྱུར་ལོག་པའི་ལམ་ཞུགས་ཀུནཿ ལུས་ངན་བསྒྲལ་ཞིང་སངས་རྒྱས་ས་རུ་འགོདཿ སྐལ་ལྡན་ལྟ་བ་བཅར་ཕོག་ངོ་སྤྲོད་ཅིངཿ མཐུ་རྩལ་ཐོགས་མེད་དངོས་གྲུབ་རྣམ་གཉིས་སྩོལཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ ཕ་ཁྱོད་དམ་པ་ནག་པོའི་ཚུལ་བཟུང་ཚེཿ སྐུ་མདོག་ནག་སྣུམ་གཟི་བརྗིད་འོད་དུ་འབརཿ སྤྱན་གསུམ་སྐུ་གསུམ་ཞིང་གི་བཀོད་པ་དངཿ མ་དག་རིགས་དྲུག་ཁམས་གསུམ་འཁོར་བའི་ཆོསཿ འགྲོ་བློའི་མོས་པ་ཐ་དག་ས་ལེར་གཟིགསཿ ཞལ་ནས་ཧ་ཧའི་གད་རྐྱངས་སྒྲོགས་པ་ཡིསཿ འཇིག་རྟེན་མ་མོ་མཁའ་འགྲོ་དབང་མེད་འགུགསཿ སྲོག་གི་སྙིང་པོ་འཕྲོག་ཅིང་དམྱལ་ཐག་གཅོདཿ ཕྱག་གཡས་སེང་ལྡེང་ཌཱ་རུ་འཁྲོལ་བ་ཡིསཿ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་རྒྱུད་བསྐུལཿ དགྱེས་བསྐང་བྱིན་རླབས་དངོས་གྲུབ་བཅུད་འདྲེན་ཞིངཿ མ་དག་སྐྱེ་འགྲོ་ཕོ་མོའི་སྣང་བ་བསྒྱུརཿ གཡོན་པའི་བྷནྡྷ་བདུད་རྩིའི་བཅུད་ལྡན་གྱིསཿ ཁམས་གསུམ་སྐྱེ་དགུའི་སྲོག་གི་སྙིང་པོ་སྡུདཿ དངོས་གྲུབ་ཚོགས་ཀྱི་འཁོར་ལོའི་བཅུད་ལ་རོལཿ ལྷ་ཀླུ་གནོད་སྦྱིན་དྲེགས་ཚོགས་དབང་མེད་འགུགསཿ མ་གཅིག་ཡུམ་དང་མཉམ་སྦྱོར་བདེ་བར་རོལཿ དགའ་བ་བཞི་ཡི་ཡེ་ཤེས་མངོན་གྱུར་པའིཿ དབང་རབ་ལས་སྐལ་ལྡན་པའི་བུ་མཆོག་ལཿ དབང་བཞིའི་རྒྱུད་སྨིན་རིག་འཛིན་སར་འགོད་མཛདཿ ཞབས་གཉིས་རོལ་པའི་སྟབས་སུ་བཞུགས་པ་ཡིསཿ བདུད་དང་ལོག་འདྲེན་མ་རུངས་དམ་སྲིའི་དཔུངཿ བཀའ་རྟགས་ཕྱག་རྒྱ་གཉེན་པོས་འགུགས་མཛད་ཅིངཿ བྱང་སེམས་མ་སྐྱེས་བར་དུ་གནོན་པར་མཛདཿ སྐུ་ལས་མེ་དཔུང་ཚྭ་ཚྭ་འཕྲོས་པ་ཡིསཿ གསར་སྐྱེས་འབྱུང་པོ་རྒྱལ་བསེན་དམུ་བདུད་བཙནཿ བག་ཆགས་ལས་ངན་ཉོན་མོངས་ཀུན་བསྲེགས་ཤིངཿ སྒྲིབ་པ་སྦྱང་ཕྱིར་སྐད་ཅིག་བསྐལ་པ་རུཿ ཉམས་ཐག་སྡུག་བསྔལ་སྟོན་ཞིང་རྣམ་ཤེས་སྤརཿ སྐབས་སུ་རྟེན་འབྲེལ་སྣ་ཚོགས་མཛད་པ་ཡིསཿ དག་དང་མ་དག་མཐོང་ཐོས་དྲན་རེག་གིསཿ བཟང་ངན་ལས་ཀྱི་འབྲེལ་བའི་གདུལ་བྱ་ཀུནཿ བྱིན་གྱིས་རླབས་ཤིང་བྱང་ཆུབ་ལམ་འགོད་མཛདཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ ཁྱོད་ཐུགས་ཡེ་ཤེས་ལྔ་ཡི་རྩལ་ཤར་བའིཿ ཡི་དམ་བདུད་འདུལ་ཁྲོས་མ་ལྷ་ལྔ་མཿ གཞི་ལས་མ་གཡོས་ཆོས་དབྱིངས་ཡེ་ཤེས་ཀྱིསཿ གཏི་མུག་འཁྲུལ་པའི་མ་རིག་མུན་པ་སེལཿ འགྱུར་བ་མེད་པའི་སྐུ་མདོག་མཐིང་ནག་ལཿ ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་རྩལ་སྣང་གིསཿ འགྲོ་བའི་དོན་དུ་གཟུགས་ཀྱི་སྐུ་ཤར་བའིཿ ཁྲོ་མོའི་ཆས་རྫོགས་གྲི་གུག་ཐོད་ཁྲག་བསྣམསཿ རྟོག་མེད་རོ་ཡི་གདན་ལ་འགྱིངས་སྟབས་གརཿ སྤྱི་བོར་གཏི་མུག་གཉིད་སྐྲོག་ཕག་ཞལ་ངུརཿ མེ་ལོང་ཡེ་ཤེས་རྡོ་རྗེ་མཁའ་འགྲོ་དཀརཿ ཞི་བའི་ཆས་རྫོགས་ཐུགས་རྗེའི་བསིལ་རྒྱུན་གྱིསཿ ཞེ་སྡང་མེ་འཇོམས་བྱང་སེམས་མྱུ་གུ་སྨིནཿ མཉམ་ཉིད་ཡེ་ཤེས་རིན་ཆེན་མཁའ་འགྲོ་སེརཿ རྒྱས་པའི་ཆས་རྫོགས་ཁྱབ་བརྡལ་རྩལ་ཤུགས་ཀྱིསཿ ང་རྒྱལ་རི་བོ་བསྙིལ་ཞིང་རྟོགས་པ་བསྐྱེདཿ སོར་རྟོག་ཡེ་ཤེས་པདྨ་མཁའ་འགྲོ་དམརཿ དབང་གི་ཆས་རྫོགས་བདེ་བ་ཆེན་པོ་ཡིསཿ འདོད་ཆགས་ཆུ་བསྒྱུར་སེར་སྣའི་མདུད་པ་ཁྲོལཿ བྱ་གྲུབ་ཡེ་ཤེས་ལས་ཀྱི་མཁའ་འགྲོ་ལྗངཿ དྲག་པོའི་ཆས་རྫོགས་དཔའ་བའི་ཏིང་འཛིན་གྱིསཿ ཕྲག་དོག་རླུང་གནོན་མ་དག་དབྱིངས་སུ་སྒྲོལཿ རང་རྟགས་གྲི་གུག་ཐོད་ཁྲག་ཕྱག་ན་བསྣམསཿ རྣམ་འགྱུར་དུ་མའི་འགྲོ་ཁམས་ཐུགས་རྗེས་སྐྱོངཿ ཀུན་ཀྱང་རྟོག་བྲལ་བདེ་བ་ཆེན་པོའི་ཉམསཿ ཐུགས་རྗེ་གློག་ལྟར་མྱུར་བས་གདུག་པ་འདུལཿ རང་རང་རིགས་མཐུན་སྤྲུལ་པ་བྱེ་བ་འབུམཿ ལས་ལ་འགྱེད་ཅིང་ཕྲིན་ལས་ཐོགས་པ་མེདཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནསཿ མཁའ་འགྲོ་ཀུན་གྱི་སྤྲུལ་གཞི་ཡུམ་ཆེན་མོཿ མ་གཅིག་གསང་བ་ཡེ་ཤེས་ཌཱཀྐི་མཿ དཀར་དམར་དམངས་ལྡན་རྣམ་འགྱུར་ཆ་ལུགས་དངཿ སྤྲུལ་པ་མ་ངེས་སྣ་ཚོགས་ཅིར་ཡང་སྟོནཿ ཞིང་ཁམས་ཀུན་གྱི་བཀོད་པ་སྐུ་ལ་རྫོགསཿ ཞི་བ་རྡོར་དབྱིངས་འབར་བ་ཁྲག་འཐུང་ཚོགསཿ ཐུགས་རྗེའི་རོལ་རྩལ་མ་འགགས་བསམ་ཡས་ལཿ ཆོས་སྐུའི་སངས་རྒྱས་དགོངས་པའི་རྩལ་གྱིས་མཆོདཿ ལོངས་སྤྱོད་རྫོགས་སྐུ་བདེ་བ་ཆེན་པོར་སྦྱོརཿ སྤྲུལ་སྐུ་རྒྱལ་བ་རབ་འབྱམས་བསྐྱེད་པའི་མཿ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱའི་ཁམསཿ འབྲས་བུ་རེ་དོགས་བྲལ་བའི་ཆོས་བསྟན་ཚེཿ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་མཛད་མཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ ཕྲིན་ལས་གཅིག་བསྡུས་ཨཱརྻ་ཏཱ་རེ་མཿ ལྗང་གསལ་གཡུ་འོད་འབར་བའི་མདངས་དང་ལྡནཿ རང་ལས་སྤྲུལ་པའི་ཏཱ་རེ་ཉི་ཤུའི་འཁོརཿ དགྲ་བཅོམ་དཔའ་བོ་དཔའ་མོ་འབུམ་ཕྲག་བཅསཿ བྱམས་པ་ཆེན་པོས་འགྲོ་བའི་སྡུག་བསྔལ་སེལཿ སྙིང་རྗེ་ཆེན་པོའི་ཐུགས་རྗེས་རྗེས་སུ་འཛིནཿ དགའ་བ་ཆེན་པོས་ཡང་དག་ལམ་ལ་བཀོདཿ བཏང་སྙོམས་ཆེན་པོས་འཁོར་འདས་མཉམ་པར་ལྡནཿ ལམ་ལ་གནས་པའི་གདུལ་བྱའི་མཐུན་སྣང་བཞིནཿ རང་རང་སྐལ་བར་འཚམས་པའི་ཆོས་སྟོན་ཞིངཿ འཁོར་བའི་རྒྱ་མཚོ་དོང་ནས་དཀྲུགས་མཛད་པཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ གཞན་ཡང་མདོ་རྒྱུད་ལུང་དང་མན་ངག་ཆོསཿ ཕ་རྒྱུད་མ་རྒྱུད་གཉིས་མེད་གསང་བའི་རྒྱུདཿ དགོངས་བརྡ་སྙན་བརྒྱུད་སྨོན་ལམ་གཏད་རྒྱ་དངཿ ཤོག་སེར་ཚིག་དང་བཀའ་བབས་བྱིན་རླབས་ཀྱིཿ རྩ་བ་བརྒྱུད་པའི་བླ་མའི་ཚོགས་རྣམས་དངཿ རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་པ་དགུའིཿ དངོས་གྲུབ་འབྱུང་བའི་ཡི་དམ་དཀྱིལ་འཁོར་ལྷཿ ཡེ་ཤེས་ལས་དང་དམ་ཚིག་ས་མཚམས་འཛིནཿ ཌཱཀྐི་དཔའ་བོ་དཔའ་མོ་བསྟན་སྲུང་བཅསཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ ཟག་བཅས་སྒྱུ་མ་ལུས་ཀྱི་ཕུང་པོ་འདིཿ གཅེས་འཛིན་བདག་ཏུ་བཟུང་བའི་འཆིང་བ་གྲོལཿ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་དབང་བསྒྱུར་ནསཿ མཆོད་སྦྱིན་གནད་དུ་འགྲོ་བར་བྱིན་གྱིས་རློབསཿ སྒྲ་ཚིག་འཛིན་ཞེན་ལས་རླུང་ཤུགས་འབྱུང་ངགཿ འགགས་འཛེར་ལྐུགས་དིབ་སྡུག་བསྔལ་རང་སར་གྲོལཿ གྲགས་སྟོང་རང་གྲོལ་ཆོས་ཀྱི་སྒྲ་དབྱངས་སྒྲོགསཿ ནུས་མཐུ་བདུན་ཚིག་གྲུབ་པར་བྱིན་གྱིས་རློབསཿ གཟུང་འཛིན་ཨ་འཐས་འཁོར་བར་འཁྱམས་པའི་སེམསཿ རང་ངོ་མ་ཤེས་འཁྲུལ་པའི་གཞན་་དབང་ཅནཿ གདོད་མའི་ཆོས་སྐུའི་ཀློང་དུ་བཙན་ས་ཟིནཿ འཇིགས་མེདས་འཁོར་འདས་རོ་སྙོམས་བྱིན་གྱིས་རློབསཿ ལས་ཉོན་འཁྲུལ་སྣང་དྲག་པོའི་དབང་གྱུར་ཞིངཿ སྡུག་བསྔལ་དུ་མས་རྣམ་པར་གཟིར་བ་ཡིཿ དངོས་མེད་སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགསཿ བྱང་སེམས་ཐུགས་རྗེའི་ཤུགས་ཀྱིས་དབང་དུ་བསྡུསཿ ཁོང་ཁྲོ་གདུག་པའི་བསམ་སྦྱོར་ཀུན་ཞི་ཞིངཿ སྟོང་ཉིད་བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེསཿ འཛིན་པ་རང་གྲོལ་བྱིན་རླབས་སྙིང་ལ་ཞུགསསཿ འགྲོ་དོན་མཐའ་རུ་ཕྱིན་པར་བྱིན་གྱིས་རློབསཿ ཤ་ཁྲག་ལུས་ཀྱི་འཛིན་ཞེན་གྲོལ་བའི་ཚེཿ རྣལ་འབྱོར་བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནསཿ བདེ་སྡུག་འཁོར་འདས་རེ་དོགས་ཆེན་པོར་གྲོལཿ གང་ལའང་རློམ་སེམས་བྲལ་བར་བྱིན་གྱིས་རློབསཿ བཟང་ངན་ལས་ཀྱི་འབྲེལ་བསྡུས་གཙོ་གྱུར་པའིཿ མ་རྒན་མཁའ་ཁྱབ་སེམས་ཅན་ཇི་སྙེད་པཿ ལས་ངན་བག་ཆགས་དྲི་མ་ཡོངས་དག་ནསཿ མྱང་འདས་ས་རུ་འགོད་པར་བྱིན་གྱིས་རློབསཿ གསོལ་བ་འདེབས་སོ་སྟོན་པ་དྲི་མ་མེདཿ གུས་པས་འདོད་དོ་དགའ་རབ་དཔའ་བོ་རྗེཿ གདུང་བས་འོདད་དོ་གུ་རུ་སྤྲུལ་པའི་སྐུཿ ཐུགས་རྗེས་གཟིགས་ཤིག་དམ་པ་རྒྱ་གར་བཿ རང་ངོ་སྤྲོད་ཅིག་ཆོས་སྐུ་ཡུམ་ཆེན་མོཿ རྟོགས་པ་སྤོར་ཅིག་མ་གཅིག་གསང་ཡེ་མཿ ལམ་སྣ་དྲོངས་ཤིག་བདུད་འདུལ་དྲག་མོ་རྒྱལཿ འཛིན་པ་ཁྲོལ་ཅིག་ཁྲོས་མ་ལྷ་ལྔ་མཿ བྱིན་གྱིས་རློབས་ཤིག་ཏཱ་རེ་ཉི་ཤུ་གཅིགཿ ཐུགས་རྗེས་གཟིགས་ཤིག་བཀའ་བརྒྱུད་བླ་མའི་ཚོགསཿ དངོས་གྲུབ་སྩོལ་ཅིག་ཡི་དམ་ཞི་ཁྲོའི་ལྷཿ བར་ཆད་སོལ་ཅིག་གནས་གསུམ་མཁའ་འགྲོའི་ཚོགསཿ སྣང་བ་བདེན་མེད་སྒྱུ་མར་རྟོགས་པ་དངཿ བདུད་བཞི་རང་སར་ཞི་བར་བྱིན་གྱིས་རློབསཿ ན་ཚ་ལམ་སློང་རྐྱེན་ངན་གྲོགས་སུ་ཤརཿ ཐེ་ཚོམ་ལོག་ལྟ་བྲལ་བར་བྱིན་གྱིས་རློབསཿ མ་རིག་གཉིད་སད་གཟུང་འཛིན་མདུད་པ་གྲོལཿ ཆོས་སྐུའི་རྒྱལ་ས་ཟིན་པར་བྱིན་གྱིས་རློབསཿ ཕཊཿ« ཅེས་སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་བཏབ་ཅིང་མོས་གུས་མཆིམ་འཁྲུགས་པར་བྱའོཿ བདུན་པ་སྡིག་སྒྲིབ་སྦྱོང་བ་ནིཿ »ཕཊཿ ཚོགས་ཞིང་ལྷ་ཚོགས་བྱིན་རླབས་བླ་མར་བསྡུསཿ ཡབ་ཡུམ་སྐུ་ལས་ཟག་མེད་བདུད་རྩིའི་ཆརཿ བབས་པས་བདག་དང་རིགས་དྲུག་སེམས་ཅན་གྱིསཿ ལས་ཉོན་བག་ཆགས་དམ་ཉམས་སྒྲིབ་ཚོགས་ཀུནཿ བཀྲུས་ཤིང་རྣག་ཁྲག་དུང་ཁུ་སོལ་ཁུ་དངཿ སྡོམ་སྡིག་སྦལ་སྦྲུལ་སྲོག་ཆགས་རྣམ་པར་ཐོནཿ འོག་ཕྱོགས་འཆི་བདག་གཤིན་རྗེའི་ཁ་རུ་སོངཿ འཆི་བ་བསླུ་ཞིང་སྐྱེ་མེད་དོན་རྟོགས་ཤོགཿ ཕཊཿ« དལ་བུས་བརྒྱ་རྩ་བརྒྱད་བསྒྲངས་ཤིང་དམིགས་པ་མཐའ་རུ་ཕྱིན་པར་བྱའོ། །དད་གུས་འགྱུར་བ་མེད་པའི་གང་ཟག་ལཿ བླ་མའི་ཐུགས་རྒྱུད་དགོངས་པའི་བྱིན་རླབས་འགོཿ མོ་རྒྱུད་མཁའ་འགྲོ་དབང་དུ་འདུ་བ་དང་ཿ རངརིག་ཆོས་སྐུའི་རང་རྩལ་ཡོངས་རྫོགས་ནསཿ ས་ལམ་ཡོན་ཏན་ཉི་ཟླའི་འགྲོ་དང་མཚུངསཿ དེ་ནས་དངོས་གཞིའི་ཉམས་ལེན་རིམ་པ་ལཿ འགྱེད་ཆེན་བཞི་ལས་ཐོག་མར་དཀར་འགྱེད་ནིཿ རིག་པ་དང་བསྐྱེད་སྙིང་རྗེ་ཆེན་པོའི་ངངཿ» ཕཊཿ འབྱུང་བཞི་འདུས་པའི་ལུས་ཀྱི་དབུས་ཉིད་ནསཿ རྣམ་ཤེས་ཐིག་ལེ་འཕར་འདར་ལིང་ངེ་བཿ དབུ་མའི་ལམ་བརྒྱུད་ནམ་མཁར་རྒྱངས་ཀྱིས་འཕགསཿ མ་གཅིག་བདེ་ཆེན་དཀར་མོའི་ཐུགས་ཀར་འཕོསཿ ཕཊཿ སླར་ཡང་ཧ་ཡིག་དཀར་གསལ་ཕྱིར་འཕྲོས་པསཿ རང་ཉིད་མ་གཅིག་ཁྲོས་མ་དཀར་མོ་ནིཿ འོད་ལུས་ཐོག་བྲལ་གར་སྟབས་ཁྱུག་གེ་བཿ ཕྱག་གཡས་གྲི་གུག་འཛིན་པ་ལམ་གྱིས་གསལཿ མདུན་དུ་བཞི་བསྡུས་ལུས་ཀྱི་ཕུང་པོ་ནིཿ ཆེ་ཞིང་ཚོ་ལ་མཛེས་ཤིང་ཡིད་དུ་འོངཿ སྟོང་གསུམ་འཇིག་རྟེན་ཁམས་ཀུན་གང་བར་གྱུརཿ ཕཊཿ ཕྱག་གཡས་གྲི་གུག་རྣོ་ངར་ལྡན་པ་ཡིསཿ བེམ་པོའི་སྨིན་མཚམས་ཡན་གྱི་ཐོད་པ་བྲེགསཿ རང་མདུན་མི་མགོའི་སྒྱེད་བུ་རི་རབ་ཙམཿ གསུམ་གྱི་ཁ་རུ་ཐོད་པའི་སྣོད་ཡངས་པཿ རྒྱ་ཆེ་ཕྱི་དཀར་ནང་དམར་བམ་རིལ་བཙུགཿ སླར་ཡང་བེམ་རོ་ཐོད་པའི་ནང་ཉིད་དུཿ གྲི་གུག་འབར་བས་དུམ་བུར་གཏུབ་ཅིང་སྤུངསཿ སྟེང་དུ་ཀླད་པ་ཧཾ་ཡིག་མཚན་པ་དངཿ ཐོད་སྒྱེད་དབུས་སུ་ཨ་ཐུང་རྃ་ཡིག་གཟུགསཿ རང་ཉིད་བདེ་ཆེན་མཁའ་འགྲོའི་ཐུགས་ཀ་ནསཿ རྃ་འཕྲོས་རྫས་ཀྱི་མི་གཙང་དྲི་མ་བསྲེགསཿ ཡྃ་འཕྲོས་རླུང་གིས་མ་དག་ཉེས་སྐྱོན་གཏོརཿ ཁྃ་འཕྲོས་ཆུ་ཡིས་རྣམ་པར་དག་བྱས་ཤིངཿ སླར་ཡང་ཡེ་ཤེས་རླུང་གིས་རྃ་ཡིག་སྤརཿ ཐོད་པ་དྲོས་ཤིང་རྫས་རྣམས་ཞུ་བ་ལསཿ རང་ཉིད་ཌཱཀྐིའི་སྤྱི་མགྲིན་སྙིང་ག་ནསཿ འབྲུ་གསུམ་འཕྲོས་པས་ཤ་ཁྲག་རུས་པ་དངཿ ནང་རོལ་ཞུ་བའི་དངོས་པོར་འཛིན་པ་སྦྱངསཿ དམ་ཚིག་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུརཿ བླ་མ་ཡབ་ཡུམ་སྐུ་ལས་བདུད་རྩིའི་རྒྱུནཿ བབ་ཅིང་རང་ཉིད་མཁའ་འགྲོའི་ཐུགས་ཀ་ནསཿ འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཀྱིཿ བྱིན་རླབས་ཡེ་ཤེས་བདུད་རྩི་སྤྱན་དྲངས་ཤིངཿ བདུད་རྩིའི་དབུས་སུ་ཧྃ་ཡིག་ལ་ཐིམ་པསཿ ཞུ་ཞིང་དམ་ཚིག་ཡེ་ཤེས་དབྱེར་མེད་པསཿ ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེཿ དྲི་རོ་ཁ་དོག་ནུས་པ་ཕུན་སུམ་ཚོགསཿ རླངས་པ་འོད་ཟེར་སྣ་ལྔའི་སྤྲིན་འཕྲོ་ཞིང་ཿ ཟག་པ་མེད་པའི་བདེ་བ་བསྐྱེད་པར་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «ཞེས་བཟླ་ཞིང་དམིགས་པ་གསལ་ཐེབས་པར་བྱའོཿ »ཕཊཿ རང་ལས་སྤྲུལ་པའི་ཡེ་ཤེས་མཁའ་འགྲོ་མཿ གྲངས་མེད་འཕྲོས་པས་ཕྱག་གཡས་ཐོད་སྐྱོགས་ཐོགསཿ བཅུས་ཤིང་ཚོགས་ཞིང་དཀྱིལ་འཁོར་ལྷ་ཚོགས་ལཿ ཡན་འགར་ཕུལ་ཞིང་དགྱེས་པ་ཡོངས་སྐོང་གྱུརཿ ཕཊཿ ཆོས་སྐུའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆངཿ ལོངས་སྐུའི་སྟོན་པ་གངས་ཅན་རིགས་ལྔ་པོཿ རིགས་ཀྱི་བདག་པོ་སྟོན་པ་དྲི་མ་མེདཿ སྟོང་དཔྱལ་ཉིད་ལས་མི་གཞན་འཁོར་གྱི་ཚོགསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིའི་མཆོདཿ འཁོར་འདས་ཀུན་གྱི་སྤྲུལ་གཞི་ཡུམ་ཆེན་མོཿ བསྐལ་བཟང་འདི་ལ་སྤངས་རྟོགས་མཐར་ཕྱིན་པའིཿ སྤྲུལ་སྐུའི་སངས་རྒྱས་སྟོང་དང་མི་མཇེད་ཞིངཿ གང་ལ་གང་འདུལ་ཐབས་ཀྱིས་དོན་མཛད་སོགསཿ རྫོགས་ཆེན་སྟོན་པ་དགའ་རབ་དཔའ་བོ་རྗེཿ ཡུམ་ཆེན་ཌཱཀྐི་རྗེ་མོ་གསང་ཡེ་མཿ ཕྱེད་སྤྲུལ་ལོངས་སྤྱོད་རྫོགས་སྐུའི་ཚོགས་དང་བཅསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ སྐུ་གསུམ་རྒྱལ་ཀུན་འདུས་པའི་ངོ་བོ་ཉིདཿ རིག་འཛིན་རྗེ་བོ་པདྨ་ཐོད་ཕྲེང་རྩལཿ ཌཱཀྐི་ཡོངས་ཀྱི་རྗེ་མོ་མནྡཱརཿ རིག་པ་འཛིན་པའི་ས་ལ་གནས་རྣམས་དངཿ སྤྲུལ་པའི་གུ་རུ་མཚན་བརྒྱད་གྲུབ་བརྙེས་ཚོགསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ རྒྱ་བོད་རྣལ་འབྱོར་དབང་ཕྱུག་ཀུན་གྱི་གཙོཿ བརྟུལ་ཞུགས་གྲུབ་པ་དམ་པ་རྒྱ་གར་བཿ ཡུམ་ཆེན་ཐུགས་རྗེས་རྗེས་འཛིན་མ་གཅིག་མཿ རིག་འཛིན་བརྒྱད་དང་གྲུབ་ཆེན་བརྒྱད་ཅུའི་སྡེཿ ཟིལ་གནོན་དཔའ་བོ་དྲང་སྲོང་དམོད་པ་གྲུབཿ སར་གནས་སེམས་དཔའ་ཆེན་པོའི་ཚོགས་རྣམས་ལཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ ཕཊཿ སྐུ་གསུམ་ཞིང་ཁམས་ཀུན་ལ་དབང་བསྒྱུར་ཞིངཿ ཐུགས་རྗེ་གློག་ལྟར་མྱུར་བའི་རྫུ་འཕྲུལ་ལྡནཿ མ་གཅིག་བདུད་འདུལ་ཁྲོས་མ་ནག་མོ་རྒྱལཿ སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་དངཿ ཀརྨ་ཌཱཀྐི་རང་རང་འཁོར་དང་བཅསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ རྒྱལ་ཀུན་རྡོ་རྗེ་ཕྲིན་ལས་གཅིག་བསྡུས་དཔལཿ འགྲོ་བའི་ལས་ཉོན་སྡུག་བསྔལ་ཀུན་སེལ་ཞིངཿ སྙིང་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པའིཿ རྗེ་བཙུན་འཕགས་མ་ཏཱ་རེ་མྱུར་མགྱོགས་མཿ སྤྲུལ་པ་ཉི་ཤུ་དྲང་སྲོང་ལྷ་མོའི་ཚོགསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ བཀའ་གཏེར་སྨོན་ལམ་བརྒྱུད་པའི་བླ་མ་དངཿ ཞི་བ་རྡོར་དབྱིངས་འབར་བ་ཁྲག་འཐུང་ཚོགསཿ ཡི་དམ་རྒྱུད་སྡེ་བཞི་དྲུག་དཀྱིལ་འཁོར་ལྷཿ མ་གཅིག་བདུད་འདུལ་དྲག་མོ་རྣལ་འབྱོར་མཿ ཕག་མོ་སེང་ཧ་མུ་ཁ་ཙནྟྲི་ཀཿ ཡེ་ཤེས་ལས་དང་དམ་ཚིག་ས་མཚམས་འཛིནཿ ཤ་ཟ་སྣ་ཚོགས་རིན་ཆེན་མཁའ་འགྲོ་དངཿ དཔའ་བོ་དཔའ་མོ་སྤྲུལ་པ་བཅས་རྣམས་ལཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ ཕཊཿ དཀོན་མཆོག་སྲིད་ཞུའི་མགྲོན་དུ་གྱུར་རྣམསཿ གཅེས་འཛིན་བདག་ལུས་ཞུ་བའི་ཚོགས་མཆོད་སྤྲིནཿ ཡེ་ཤེས་བདུད་རྩིའི་མཆོད་པ་འདི་ཕུལ་བསཿ བསོད་ནམས་ཡེ་ཤེས་ཚོགས་ཆེན་རྣམ་གཉིས་རྫོགསཿ སྐུ་ལྔ་ཡེ་ཤེས་འབྲས་བཟང་མངོན་གྱུར་ཤོགཿ ཕཊཿ ཨ་ཏི་རྫོགས་ཆེན་བསྟན་པ་སྐྱོང་མཛད་མཿ སྔགས་ཀྱི་བདག་མོ་མ་གཅིག་ཁྲོས་མའི་རྒྱལཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་པར་བཅསཿ དུས་འཛིན་ཨེ་ཀ་ཙ་ཊཱི་སྤུན་དྲུག་དངཿ དཔལ་ལྡན་འདོད་པ་ཁམས་ཀྱི་དབང་ཕྱུག་མཿ དབང་བསྒྱུར་རྡོ་རྗེ་གཤོག་རྒོད་དྲག་མོ་རྒྱལཿ རེ་ཏི་ནག་མོ་དམག་གི་རྒྱལ་མོ་བཙུནཿ དུད་སོལ་ལྷ་མོ་ཤན་པ་སྲོག་སྒྲུབ་མཿ ཡེ་ཤེས་ཌཱཀྐིའི་སྤྲུལ་བསྒྱུར་ཚེ་རིང་མཿ མཆེད་ལྔ་སྨན་བཙུན་གཡུ་སྒྲོན་བསྟན་མར་བཅསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ སྦྱོར་བའི་གིང་ཆེན་དཔལ་མགོན་མ་ནིང་ནགཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མགོན་པོ་དང་ཿ ཕྱག་བཞི་ཕྱག་དྲུག་མྱུར་མཛད་ཡེ་ཤེས་མགོནཿ བདུད་མགོན་ཞིང་སྤྱོད་ཡབ་ཡུམ་ལས་མགོན་ཟུངཿ གཙང་རིགས་དཔལ་མགོན་བདུད་ཅུའི་འཁོར་ཚོགས་བཅསཿ བདག་ལུས་མཐུ་ལྡན་བསྟན་བསྲུང་དྲེགས་པའི་གཙོ་བོ་ནིཿ དྲང་སྲོང་ཆེན་པོ་གཟའ་བདུད་རཱ་ཧུ་ལཿ ཁྱབ་འཇུག་གཟའ་བརྒྱད་གདོང་བཞི་རྒྱུ་སྐར་ཚོགསཿ རྡོར་ལེགས་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་བཅསཿ འབར་མ་གིང་ཆེན་སྡེ་བཞི་དུར་ཁྲོད་ཀྱིཿ བདག་པོ་ཡབ་ཡུམ་སྤུ་གྲི་མཆོད་གསུམ་སོགསཿ འཛིན་པ་རང་གྲོལ་བཀའ་སྲུང་དམ་ཅན་སོགསཿ བདག་ལུས༴ དགེ་བསྙེན་ཆེན་པོ་བསྙོན་ཁ་ནག་པོ་དངཿ ཨཱརྱ་ཛམ་ལྷ་གནོད་སྦྱིན་དེད་དཔོན་སྟེཿ གཉན་གྱི་རྒྱལ་པོ་ཆེན་པོ་མཐུ་བོ་ཆེཿ རྡོ་རྗེའི་མིང་འཛིན་བཞི་སོགས་གཏེར་སྲུང་ཚོགསཿ ཕོ་ཉ་བྲན་གཡོགས་མངག་གཞུགས་བཅས་རྣམས་ལཿ བདག་ལུས༴ ལྷ་ལྕམ་སྤྲུལ་བསྒྱུར་ལ་འདུལ་སྒྲོན་མ་ཡིཿ དྲུང་དུ་ཁས་བླངས་དམ་བཅས་ཐ་ཚིག་བོརཿ རྒྱལ་མོ་རོང་གི་ས་འཛིན་ལ་གནས་པའིཿ འབར་མ་ཆེན་མོ་ཁམས་གསུམ་ཟ་བྱེད་མཿ གནོད་སྦྱིན་མཐུ་ཆེན་ཐབས་ཤེས་གཏུམ་མོ་རྩལཿ ཡུམ་ཆེན་ལྷ་སྨན་འབྲུ་ནོར་བང་མཛོད་འཛིནཿ སྲས་པོ་ཐར་མ་རིན་ཆེན་གཏེར་གྱི་བདགཿ གཉན་སྲས་རྡོ་རྗེ་གཡུལ་རྒྱལ་དམ་ཚིག་ཅནཿ བཙུན་མོ་སྲས་འཁོར་སྤྲུལ་པ་ཡང་སྤྲུལ་བཅསཿ བདག་ལུས༴ འཛམ་གླིང་དབང་བསྒྱུར་དེད་དཔོན་སུམ་ཅུ་དངཿ སྔགས་བདག་དྲེགས་ཆེན་བཅོ་བརྒྱད་ལ་སོགས་པཿ མངའ་རིས་དབུས་གཙང་མདོ་ཁམས་རོང་ཆེན་ཡུམཿ གནས་པའི་ཟོ་དོར་རིག་འཛིན་མཁའ་འགྲོ་ཡིཿ བཀའ་དང་དམ་ཚིག་ལ་གནས་དཀར་ཕྱོགས་སྐྱོངཿ བདག་ལུས༴ ཕཊཿ མགོན་པོ་ཡོན་ཏན་མགྲོན་དུ་གྱུར་རྣམས་ལཿ གཅེས་འཛིན་བདག་ལུས་ཞུ་བའི་ཚོགས་མཆོད་སྤྲིནཿ ཡེ་ཤེས་བདུད་རྩིས་མཆོད་པ་འདི་ཕུལ་བསཿ ཐུགས་དམ་དགྱེས་བསྐང་བཀའ་དང་དམ་ལ་འདུསཿ ས་དང་ལམ་གྱི་བར་ཆད་ཀུན་སེལ་ཞིངཿ རྣམ་བཞིའི་ཕྲིན་ལས་ཐོགས་མེད་མྱུར་འགྲུབ་ཅིངཿ བཀའ་རྟགས་རྡོ་རྗེའི་དམ་ལས་མ་འདའ་ཞིགཿ ཕཊཿ ཚངས་པ་གདོང་བཞི་ལྷ་དབང་བརྒྱ་བྱིན་དངཿ རྒྱལ་ཆེན་སྡེ་བཞིའི་གཙོར་གྱུར་འདོད་ཁམས་གནསཿ གཙང་མའི་གནས་ལྔ་ལ་སོགས་གཟུགས་ཁམས་ཀྱིཿ གནས་རིགས་བཅུ་བདུན་གཟུགས་མེད་མུ་བཞིའི་ཞིངཿ གནས་པའི་ལྷ་ཡི་སྐྱེ་གནས་བསྡུས་པའི་འགྲོཿ བདག༴ ལུས་འཕགས་གླིང་དང་འཛམ་གླིང་བ་ལང་སྤྱོདཿ སྒྲ་མི་སྙན་སོགས་གླིང་ཆེན་བཞི་དང་ནིཿ གླིང་ཕྲན་བརྒྱད་སོགས་སྟོང་གསུམ་འཇིག་རྟེན་ཁམསཿ གནས་པའི་རྒྱལ་རིགས་བྲམ་ཟེ་རྗེའུའི་རིགསཿ དམངས་དང་གདོལ་པ་རིགས་ངན་ཕལ་པ་སོགསཿ བདག༴ རི་རབ་ཆུ་མཚམས་གླིང་ཆེན་བཅུ་དྲུག་ནསཿ གླིང་ཕྲན་ཉི་ཤུ་རྩ་བདུན་གྲངས་ལྡན་ལཿ ཐག་བཟང་རིས་ཀྱི་རྒྱལ་པོ་གདུག་རྩུབ་ལྡནཿ བེ་ཝར་ཁུ་ལེན་ཊ་སོགས་རྒྱལ་ཕྲན་དང་ཿ བློན་པོ་ལྷ་ཀླུ་མིའམ་ཅི་ཡི་རིགསཿ ཕྲག་དོག་ལྷ་མིན་རིགས་སུ་གཏོགས་པ་ཡིཿ འཐབ་རྩོད་སྡུག་བསྔལ་གྱིས་གཟིར་མགྲོན་རྣམས་ལཿ བདག༴ ཆུ་གཏེར་བཞི་དང་རྒྱ་མཚོ་ཆེན་པོའི་ནངཿ མུན་ནག་གཏིང་རུམ་བྱིངས་ན་གནས་པ་དངཿ མཐོ་རིས་གླིང་བཞི་གླིང་ཕྲན་ལ་འཁོད་པའིཿ གཏི་མུག་དབང་གྱུར་རྨོངས་དང་བཀོལ་སྤྱོད་ཀྱིཿ སྡུག་བསྔལ་གྱིས་མནར་དུད་འགྲོའི་རིགས་གྱུར་ལཿ བདག་ལུས༴ འོག་ཕྱོགས་མུན་གླིང་བར་མ་གྲོང་རྡལ་མཐའཿ རང་རང་ལས་ཀྱི་མཐོང་སྣང་སྣ་ཚོགས་པའིཿ ཚ་བསིལ་སྐོམ་དང་བྱེ་ཚན་ངམ་གྲོགས་གནསཿ ཕྱི་ནང་དགོས་ཁུར་གསུམ་གྱི་སྒྲིབ་པ་ཅནཿ བཀྲེས་སྐོམ་སྡུག་བསྔལ་གྱིས་མནར་ཡི་དྭགས་རིགསཿ བདག་ལུས༴ ཡང་སོས་ཐིག་ནག་བསྡུས་འཇོམས་དུ་འབོད་དངཿ ཚ་བ་རབ་ཏུ་ཚ་བ་མནར་མེད་པཿ གྲང་བའི་སྡུག་བསྔལ་གནས་བརྒྱད་ཉེ་འཁོར་བཿ ཉི་ཚེའི་གནས་སུ་བསྟི་བའི་དམྱལ་བ་ཡིཿ སྡུག་བསྔལ་སྣ་ཚོགས་ཀྱིས་མནར་ཉམ་ཐག་འགྲོརཿ བདག་ལུས༴ ཕཊཿ རིགས་དྲུག་སྙིང་རྗེའི་མགྲོན་དུ་གྱུར་རྣམས་ལཿ གཅེས་འཛིན་བདག་ལུས་ཞུ་བའི་ཚོགས་མཆོད་སྤྲིནཿ ཡེ་ཤེས་བདུད་རྩིའི་མཆོད་པ་འདི་ཕུལ་བསཿ སོ་སོའི་སྡུག་བསྔལ་རྒྱུ་དང་བཅས་པ་ཀུནཿ བྱང་ཞིང་དག་ནས་དགའ་བདེའི་དཔལ་ལ་སྤྱོདཿ བྱང་ཆུབ་སེམས་ལྡན་སངས་རྒྱས་ས་ཐོབ་ཤོགཿ ཕཊཿ རིགས་དྲུག་སྤྱི་དང་མི་ཡུལ་མ་ངེས་གནསཿ མཁར་རྒྱུའི་ཡི་དྭགས་གདུག་རྩུབ་བགེགས་ཀྱི་རིགསཿ འབྱུང་པོ་ཤ་ཟ་གནོད་སྦྱིན་མིའམ་ཅིཿ དྲི་ཟ་གྲུལ་བུམ་བདུད་བཙན་བསེན་མོ་དམུཿ ཀླུ་གཉན་ས་བདག་དམ་སྲི་ཤི་འདྲེ་སོགསཿ ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བརཿ སྲོག་ལུས་དབང་ཐང་རླུང་རྟ་ལན་ཆགས་པརཿ བདག་ལུས༴ སྲིད་པ་བར་མ་དོ་རུ་གནས་པ་ཡིཿ བཀྲེས་སྐོམ་དབུལ་ཕོངས་ཕྱིན་ཅི་ལོག་བཞིས་གཟིརཿ འཁྲུལ་སྣང་ལས་ཀྱི་སྡུག་བསྔལ་གྱིས་མནར་བའིཿ བར་དོའི་འགྲོ་བ་སྤྱི་དང་ཁྱད་པར་དུཿ བཟང་ངན་ལས་ཀྱི་འབྲེལ་པའི་བསྡུས་ཀུན་ལཿ བདག་ལུས༴ ཕཊཿ བགེགས་རིགས་ལན་ཆགས་མགྲོན་དུ་གྱུར་རྣམས་ལཿ གཅེས་འཛིན་བདག་ལུས་ཞུ་བའི་ཚོགས༴ ཡེ་ཤེས་བདུད་རྩིའི་མཆོད་པ་འདི་ཕུལ་བསཿ བུ་ལོན་ལན་ཆགས་ཤ་མཁོན་ཀུན་བྱང་ནསཿ སྟོང་ཉིད་བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེསཿ མྱུར་དུ་བླ་མེད་བྱང་ཆུབ་ཐོབ་པར་ཤོགཿ ཕཊཿ མཆོད་དང་སྦྱིན་པའི་ལྷ་ལ་དབང་བ་ཡིཿ ཁས་ཞན་དབང་ཆུང་སྟོབས་དང་རྫུ་འཕྲུལ་ཉམསཿ ཞ་ལོང་འོན་ལྐུག་སྣ་ཚོགས་ནད་ཀྱིས་མནརཿ བང་བུལ་གློ་བུར་ལྷག་པའི་མགྲོན་རིགས་ལཿ བདག་ལུས༴ ཕཊཿ ལྷག་མའི་མགྲོན་གྱུར་སྙིང་རྗེའི་གནས་རྣམས་ལཿ གཅེས་འཛིན་བདག་ལུས་ཞུ་བའི༴ ཡེ་ཤེས་བདུད་རྩིའི་མཆོད་པ༴ ལས་ཉོན་བག་ཆགས་སྒྲིབ་པ་ཡོངས་སུ་སྦྱངསཿ སྡུག་བསྔལ་འཁྲུལ་པའི་སྣང་གཟུགས་ལུས་ངན་བོརཿ དལ་འབྱོར་མི་ལུས་རིན་ཆེན་རྙེད་པར་ཤོགཿ ཕཊཿ «དགར་འགྱེད་བདུད་རྩིའི་རྒྱ་མཚོ་འདིཿ རང་ལུས་ཚོགས་སུ་འབུལ་བ་སྟེཿ མཆོད་སྦྱིན་བརྒྱ་ཡི་དོ་ཟླ་མིནཿ ཚོགས་བསགས་སྒྲིབ་པ་སྦྱང་བ་དང་ཿ ཚེ་རིང་ནད་མེད་བདེ་སྐྱིད་ལྡནཿ ཟག་བཅས་ལུས་ཀྱི་གཅེས་འཛིན་བྲལཿ ཡུམ་ཆེན་དགོངས་དོན་རྟོགས་འགྱུར་རོཿ གཉིས་པ་ཚོགས་ཆེན་གཉིས་རྫོགས་ཕྱིརཿ སྤྲུལ་བསྒྱུར་ཁྲ་བོའི་འགྱེད་ཆེན་ནིཿ རོ་སྙོམས་ལྡན་པའི་རྣལ་འབྱོར་པསཿ དམིགས་པའི་འཁྲུལ་འཁོར་གནད་དུ་བསྣུནཿ» ཕཊཿ རང་རིག་ཆོས་སྐུའི་རང་ཞལ་སྟོན་མཛད་པཿ ཀུན་འདུས་རིགས་བརྒྱའི་ཁྱབ་བདག་བླ་མ་ལཿ དད་མོས་རྩེ་གཅིག་གུས་པས་གསོལ་བ་འདེབསཿ མ་གཅིག་གསང་བ་ཡེ་ཤེས་མཆོག་འགྲུབ་ཤོགཿ གཅེས་འཛིན་བདག་ཏུ་བཟུང་བའི་ལུས་དབུས་ནསཿ རྣམ་ཤེས་འོད་ཀྱི་ཐིག་ལེ་དཀར་དམར་མདངསཿ སྐར་མདའ་ཆད་བཞིན་སྤྱི་བོར་ནས་བརྒྱུད་དེཿ མ་གཅིག་རིན་ཆེན་མཁའ་འགྲོའི་ཐུགས་ཀར་འཕོསཿ ཕཊཿ སླར་ཡང་རི་ཡིག་སེར་གསལ་ཕྱིར་འཕྲོས་པའིཿ མཉམ་པ་ཉིད་ཀྱི་ཡེ་ཤེས་རང་རྩལ་ལསཿ རྒྱལ་ཀུན་བསྐྱེད་ཡུམ་མ་གཅིག་ཁྲོས་མ་སེརཿ ཕྱག་གཡས་གྲི་གུག་གཡོན་པའི་ནོར་བུ་འབརཿ སྤྱི་གཙུག་ཕག་ཞལ་ངུར་སྒྲས་ས་གསུམ་གཡོཿ རིན་ཆེན་རུས་རྒྱན་མཁའ་འགྲོའི་ཆས་ཀུན་རྫོགསཿ ཕྱག་གཡས་གྲི་གུག་འབར་བས་བེམ་པོ་ཡིཿ སྨིན་མཚམས་ནས་བཟུང་ལྤགས་པ་ཧྲལ་གྱིས་གཤགསཿ ལས་བྱེད་སྤྲུལ་པའི་མཁའ་འགྲོ་གྲངས་མེད་པསཿ བཤུས་ཤིང་བརྡལ་བའི་ས་གཞི་ཁྱབ་པ་ཡིཿ རིན་ཆེན་སྣོད་མཆོག་རྒྱ་ཆེན་གཏིང་ཟབ་གྱུརཿ དེའི་ནང་དབུས་སུ་བེམ་པོའི་ཐོད་པ་དངཿ གཞན་ཡང་སྤྲུལ་པའི་ཐོད་སྣོད་རྒྱ་ཆེ་བཿ གྲངས་མེད་ནང་དུ་རང་ལུས་བེམ་པོ་ཡིཿ ཀླད་པ་སྙིང་ཁྲག་རཀྟའི་དྭངས་མ་དབུསཿ གཞན་ཡང་དོན་སྣོད་ནང་རོལ་དབང་པོ་དང་ཿ ཤ་ཁྲག་རུས་པ་རྐང་དང་ལྷ་བ་སོགསཿ སོ་སོར་ཐོད་སྣོད་གྲངས་མེད་ནང་དུ་བླུགསཿ རང་ཉིད་མཁའ་འགྲོའི་ཐུགས་ཀའི་འོད་ཟེར་གྱིསཿ དངོས་འཛིན་མ་དག་དྲི་མའི་ཚོགས་ཀུན་སྦྱངསཿ ཚོགས་ཞིང་སྐུ་ལས་ཡེ་ཤེས་བདུད་རྩི་ཡིཿ རྣམ་པའི་འོད་བྱུང་ཐོད་སྣོད་སོ་སོར་ཕོགཿ དབུས་མ་འདོད་ཡོན་ཟག་མེད་བདུད་རྩིའི་བཅུདཿ དེ་ལས་འོད་རླངས་འཕྲོས་པའི་ཟེགས་མ་ཕོགཿ ཐོད་སྣོད་སོ་སོར་འདོད་ཡོན་ལོངས་སྤྱོད་རྫསཿ དགོས་འདོད་ཀུན་འབྱུང་དབང་གི་རྒྱལ་པོའི་གཙོསཿ ནོར་བུའི་རིགས་གྱུར་མ་རྒད་ཨིནྡྲ་ནཱིལཿ པད་རག་མུ་ཏིག་གསེར་གཡུ་ཀེ་ཀེ་རུཿ ཡིད་བཞིན་རིན་ཆེན་རིགས་གྱུར་མ་ཚང་མེདཿ དར་ཟབ་ཟ་འོག་སྣ་ཚོགས་རྒྱན་གོས་རིགསཿ གོ་མཚོན་ཀ་ཆ་དཀོར་ཆ་ཡོ་བྱད་ཚོགསཿ གནས་ཁང་སྐྱེད་མོའི་ཚལ་དང་སྨན་སྤོས་སྦྱརཿ དཀར་གསུམ་མངར་གསུམ་གཙོར་བྱས་གཡོས་སྦྱར་བའིཿ བཟའ་བཅའ་བཏུང་བ་རོ་དྲུག་ནུས་པ་ལྡནཿ གཞན་ཡང་སྲིད་ཞིའི་དཔལ་འབྱོར་ལོངས་སྤྱོད་དངཿ གདུགས་དང་རྒྱལ་མཚན་བ་དན་བླ་རེ་བཀྲཿ རྔ་མའི་བསིལ་ཡབ་ཕྱེ་མའི་འཕུར་མ་སྤུངསཿ མཆོད་པའི་སྤྲིན་ཕུང་དཔག་མེད་ནམ་མཁའ་གངཿ རང་ལུས་སྤྲུལ་བསྒྱུར་འདོད་ཡོན་ལོངས་སྤྱོད་ཚོགསཿ སྟོང་གསུམ་འཇིག་རྟེན་ཁམས་ཀུན་གང་བར་དམིགསཿ ཕཊཿ དེ་ནས་འབུལ་ཞིང་བསྔོ་བ་ནིཿ ཕཊཿ དྲུག་པའི་བདག་ཉིད་རྒྱལ་བ་ཀུན་ཏུ་བཟངཿ རིགས་ལྔའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་འཁོརཿ ཕྱེད་སྤྲུལ་སྤྲུལ་པ་སྐུ་ཡི་ཚོགས་རྣམས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་མཆོད་པའི་སྤྲིནཿ ལྷ་མའི་འདོད་ཡོན་ལོངས་སྤྱོད་མ་ཚང་མེདཿ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོའི་ཚོགསཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ནསཿ འཕོ་མེད་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོགཿ ཕཊཿ རྒྱལ་བའི་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིནཿ བསྐལ་བཟང་འདྲེན་པ་སྟོང་དང་ཉེ་སྲས་བརྒྱདཿ ས་བཅུའི་དབང་ཕྱུག་དགྲ་བཅོམ་འཕགས་པའི་ཚོགསཿ སྒྱུ་ལུས་ཟག་མེད་བདུད་རྩིའི་མཆོད་པའི་སྤྲིནཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་མ་ཚང་མེདཿ ཕྱི་ནང་གསང་བའི་མཆོད་པའི་རྒྱ་མཚོའི་ཚོགསཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ནསཿ འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་བརྙེས་ཤོགཿ ཕཊཿ རིགས་བརྒྱའི་ཁྱབ་བདག་སྟོན་པ་དྲི་མ་མེདཿ བདེ་བའི་ཡུམ་ཆེན་ཡེ་ཤེས་ཌཱཀྐི་མཿ རྡོ་རྗེ་འཛིན་པའི་སར་གནས་འཁོར་གྱི་ཚོགསཿ སྒྱུ་ལུས་ཟག་མེད་བདུད་རྩིའི་མཆོད་པའི་སྤྲིནཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་མ་ཚང་མེདཿ ཕྱི་ནང་གསང་བ་མཆོད་པ་རྒྱ་མཚོའི་ཚོགསཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ནསཿ ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོ་བར་ཤོགཿ ཕཊཿ ཨ་ཏི་རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་ཡིཿ གསང་མཛོད་མངའ་བརྙེས་གསང་བདག་དགའ་རབ་རྗེཿ འཁྲུལ་ཞིག་དཔའ་བོ་དཔའ་མོའི་ཚོགས་བཅས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི༴ ལྷ་མིའི་འདོད་ཡོན་ལོངས་སྤྱོད༴ ཕྱི་ནང་གསང་བའི་མཆོད༴ འབུལ་ལོ་ཚོགས་རྫོགས་སྒྲིབ༴ ཟག་བཅས་འོད་སྐུར་གྲོལ་བར་བྱིན་གྱིས་རློབསཿ ཕཊཿ རིག་འཛིན་རྗེ་བོ་པདྨ་ཐོད་ཕྲེང་རྩལཿ ཤེས་རབ་ཡུམ་མཆོག་མེ་ཏོག་མནྡྭ་རཿ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅསཿ སྒྱུ་ལུས༴ ལྷ་མིའི༴ ཕྱི་ནང་༴ འབུལ་ལོ༴ ཁྱེད་ཀྱི་ཐུགས་ཀློང་དབྱེར་མེད་རོ་གཅིག་ཤོགཿ ཕཊཿ པད་འབྱུང་ཐུགས་སྤྲུལ་ཕ་གཅིག་དམ་པ་རྗེཿ གསང་ཡུམ་ཡེ་ཤེས་ཌཱཀྐི་མ་གཅིག་མཿ རྒྱ་གར་བོད་ཡུལ་གྲུབ་བརྙེས་རིག་འཛིན་ཚོགསཿ སྒྱུ་ལུས༴ ལྷ་མིའི༴ ཕྱི་ནང་༴ འབུལ་ལོ༴ ཁམས་གསུམ་དབང་དུ་འདུ་བར་བྱིན་གྱིས་རློབསཿ ཕཊཿ ཡི་དམ་ཀུན་འདུས་མ་གཅིག་ཁྲོས་མ་ནགཿ ལས་བཞི་ལྷུན་གྲུབ་རིགས་བཞིའི་ཌཱཀྐི་མཿ རང་རང་རིགས་ཀྱི་འཁོར་ཚོགས་བཅས་རྣམས་ལཿ སྒྱུ་ལུས༴ ལྷ་མིའི༴ ཕྱི་ནང་༴ འབུལ་ལོ༴ སྲིད་གསུམ་ཟིལ་གྱིས་གནོན་པར་བྱིན༴ ཕཊཿ ཧེ་རུ་ཀ་དཔལ་ཆེ་མཆོག་འདུས་པ་རྩལཿ ཞི་བ་རྡོར་དབྱིངས་འབར་བ་ཁྲག་འཐུང་ཚོགསཿ ཡི་དམ་ལྷ་ཚོགས་དཀྱིལ་འཁོར་ཡོངས་རྫོགས་ལཿ སྒྱུ་ལུས༴ ལྷ༴ ཕྱི་ནང་༴ འབུལ་ལོ༴ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཕོབ་ཅིགཿ ཕཊཿ ཌཱཀྐིའི་གཙོ་མོ་གསང་ཡེ་བདུད་འདུལ་མཿ རྡོ་རྗེ་ཕག་མོ་སེང་ཧ་མུ་ཁའི་གཙོསཿ མ་རྒྱུད་མཁའ་འགྲོའི་དཀྱིལ་འཁོར་རྒྱ་མཚོ་ལཿ སྒྱུ་ལུས༴ ལྷ་མིའི༴ ཕྱི་ནང་༴ འབུལ་ལོར་རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབསཿ ཕཊཿ རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཏཱ་རེ་མཿ སྤྲུལ་པ་ཉི་ཤུ་དྲང་སྲོང་རིག་པ་འཛིནཿ དཔའ་བོ་དཔའ་མོ་སྤྲུལ་པ་འཁོར་བཅས་ལཿ སྒྱུ་ལུས༴ ལྷ༴ ཕྱི་ནང་༴ འབུལ་ལོ༴ འདྲེན་པའི་དེད་དཔོན་ཆེན་པོར་བྱིན་གྱིས༴ ཕཊཿ སྐྱབས་གནས་ཀུན་འདུས་དྲིན་ཆེན་བླ་མ་རྗེཿ དགོངས་བརྡ་སྙན་བརྒྱུད་བྱིན་རླབས་དབང་བསྐུར་གྱིཿ རྩ་བ་བརྒྱུད་པ་བླ་མའི་ཚོགས་རྣམས་ལཿ སྒྱུ༴ ལྷ༴ ཕྱི༴ འབུལ་ལོ༴ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ ཕཊཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅསཿ དཀོན་མཆོག་སྲི་ཞུའི་མགྲོན་དུ་གྱུར་རྣམས་ལཿ གཅས་འཛིན་སྒྱུ་ལུས་ཟག་མེད་བདུད་རྩིའི་བཅུདཿ ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་སྤྲིན་ཕུང་གིཿ མཆོད་པ་འབུལ་ལོ་ཐུགས་དམ་ཡོངས་སྐོང་ནསཿ གཟུང་འཛིན་འཁྲུལ་སྣང་རྨི་ལམ་སད་པ་བཞིནཿ འཁོར་འདས་རོ་སྙོམས་རིག་པ་མངོན་དུ་གྱུརཿ ཡུམ་ཆེན་དགོངས་པ་རྟོགས་པར་བྱིན་ཕོབས་ཤིགཿ ཕཊཿ བདེ་ཆེན་ཀུན་ཏུ་བཟང་མོའི་སྤྲུལ་བསྒྱུར་གརཿ སྔགས་ཀྱི་སྲུང་མ་ཁྲོ་མོ་རལ་གཅིག་མཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་འཁོར་བཅསཿ སྒྱུ་ལུས༴ བྱུང་བའི༴ གཏོར་མ༴ ས་ལམ་འགལ་རྐྱེན་ཞི་བར་མཛད་དུ་གསོལཿ ཕཊཿ ཕོ་རྒྱུད་ཀུན་འདུས་དཔལ་མགོན་མ་ནིང་ནགཿ ལེགས་ལྡན་ཚོགས་བདག་བདུད་མགོན་ཡེ་ཤེས་ལསཿ ཕོ་རྒྱུད་མགོན་པོའི་རིགས་སུ་གྱུར་རྣམས་ལཿ སྒྱུ་ལུས་ཟག་མེད༴ བྱུང་བའི་རྟེན་སྒྲུབ༴ གཏོར་མ་སྤྱན་གཟིགས་དཀོར་ནོར་སྤྲུལ་ཏེ་འབུལཿ བྱད་མ་རང་གཤེད་ཕོབ་ལ་དགྲ་གདོན་ཟློགཿ ཕཊཿ ཨེ་ཀ་ཊྭི་ལྷ་མོ་དུད་སོལ་མཿ འདོད་ཁམས་དབང་ཕྱུག་རེ་ཏི་གཤོག་རྒོད་མཿ མོ་རྒྱུད་མ་མོའི་རིགས་སུ་གཏོགས་ཀུན་ལཿ སྒྱུ་ལུས༴ བྱུང་བའི༴ གཏོར་མ༴ བླ་མེད་ཨ་ཏིའི་བསྟན་པ་འཛིན་སྐྱོང་སྤེལཿ ཕཊཿ བསྟན་སྲུང་གཙོ་བོ་གཟའ་བདུད་རཱ་ཧུ་ལཿ སྤུ་གྲི་མཆེད་གསུམ་དུར་བདག་གིང་ཆེན་བཞིཿ དམ་ལྡན་བཀའ་ཡི་སྲུང་མའི་ཚོགས་ཀུན་ལཿ སྒྱུ་ལུས༴ བྱུང་བའི༴ གཏོར་མ༴ བསྟན་དགྲ་ལས་ངན་བསྒྲལ་བའི་ཕྲིན་ལས་མཛོདཿ ཕཊཿ དགེ་བསྙེན་བསྙོན་ཁ་གནོད་སྦྱིན་དེད་དཔོན་གསུམཿ མཐུ་ཆེན་སྡེ་བཞི་དྲེགས་པའི་སྡེ་དཔོན་གཙོསཿ གཏེར་སྲུང་དྲེགས་པའི་དམག་ཚོགས་འཁོར་བཅས་ལཿ སྒྱུ་ལུས༴ བྱུང་བའི༴ གཏོར་མ༴ ཐ་ཚིག་རྡོ་རྗེའི་དམ་ལས་མ་འདའ་བརཿ འཛམ་གླིང་བདེ་ལ་འགོད་པའི་ཕྲིན་ལས་མཛོདཿ ཕཊཿ བཀའ་དང་གཏེར་གྱི་སྲུང་མ་དྲག་རྩལ་ཅནཿ མགོན་པོ་ཡོན་ཏན་མགྲོན་དུ་གྱུར་རྣམས་ལཿ གཅེས་འཛིན་བདག་ལུས་ཟག་མེད་བདུད་རྩིའི་བཅུདཿ དགྱེས་སྐོང་མཆོད་པའི་སྤྲིན་ཕུང་མི་ཟད་གཏེརཿ ཕུལ་བས་ཐུགས་དམ་གཉན་པོ་སྐོང་གྱུར་ནསཿ མཁོན་སྦྱངས་ཉམས་ཆགས་སོར་ཆུད་དམ་ལ་གནསཿ ས་ལམ་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལཿ བསྟན་དགྲ་ཐལ་བར་བརླག་པའི་ཕྲིན་ལས་མཛོདཿ ཕཊཿ ཚངས་དབང་བརྒྱ་བྱིན་དབང་ཕྱུག་ཁྱབ་འཇུག་གཙོསཿ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་རྣམས་དངཿ འདུ་ཤེས་མེད་སོགས་ལྷ་ཡི་རིགས་རྣམས་ལཿ སྒྱུ་ལུས༴ བྱུང་བའི་འདོད་ཡོན་ལོངས་སྤྱོད་མཆོད་པའི་རྫསཿ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་ཕུལ་བསཿ འཕོ་ལྟུང་ལ་སོགས་སྡུག་བསྔལ་ཡོངས་བྲལ་ནསཿ ཐེག་གསུམ་ཆོས་ཀྱི་གདུལ་བྱར་འགྱུར་པར་ཤོགཿ ཕཊཿ ཕྲག་དོག་ལྷ་མིན་དེད་དཔོན་ཐག་བཟང་རིསཿ ལྷ་ཀླུ་མིའམ་ཅི་ཡི་བསྡུས་པ་ཡིཿ གདུག་རྩུབ་ལྷ་མིན་རིགས་སུ་གཏོགས་རྣམས་ལཿ བདག་ལུས་ཟག་མེད་བདུད་རྩིའི་སྤྲིན༴ བྱུང་བའི་འདོད་ཡོན་ལོངས་སྤྱོད་མཆོད༴ མི་ཟད་ནམ་མཁའ་མཛོད་ཀྱི༴ ཕྲག་དོག་འཁྲུགས་སེམས་སྡུག་བསྔལ་ཡོངས་བྲལ་ནསཿ ཐེག་ཆེན་ལྟ་བ་རྒྱུད་ལ་སྐྱེ་བར་ཤོགཿ ཕཊཿ རྒྱལ་པོ་རྗེ་བོ་དམངས་དང་གདོལ་པ་ཕལཿ སྟོང་གསུམ་འཇིག་རྟེན་ཁམས་ན་གནས་པ་ཡིཿ མི་ཡི་འགྲོ་བའི་རིགས་གྱུར་ཐམས་ཅད་ལཿ སྒྱུ་ལུས༴ བྱུང་༴ མི་ཟད༴ སྡུག་བསྔལ་བརྒྱད་གསུམ་གཙོ་གྱུར་ཉེར་ཞི་ནསཿ གསང་ཆེན་ཆོས་ཀྱི་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ ཆུ་གཏེར་མུན་པའི་གླིང་སོགས་བྱིངས་ན་གནསཿ ཁ་འཐོར་སྣ་ཚོགས་སྲིན་བུ་པདྨ་ཡནཿ གཏི་མུག་དུད་འགྲོའི་རིགས་སུ་གྱུར་རྣམས་ལཿ སྒྱུ་ལུས༴ བྱུང་བའི༴ མི༴ བླུན་རྨོངས་ཚ་གྲང་བཀོལ་སྤྱོད་སྡུག་བསྔལ་བྲལཿ མཐོ་རིས་ཐར་པའི་ལམ་བཟང་ཐོབ་པར་ཤོགཿ ཕཊཿ ཁ་འབར་གཟི་བརྗིད་ཅན་དང་འཇུར་གེགས་གཙོསཿ ཕྱི་ནང་དགོས་ཁུར་ལས་ཀྱི་སྒྲིབ་པ་ཅནཿ བཀྲེས་སྐོམ་ཡི་དྭགས་རིགས་སུ་གཏོགས་ཀུན་ལཿ སྒྱུ་ལུས༴ བྱུང་བའི༴ མི་ཟད༴ འཁྱགས་ལྟོག་སྐོམ་དང་ཚ་གྲང་སྡུག་བསྔལ་ཞིཿ མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོགཿ ཕཊཿ ཆོས་རྒྱལ་ལས་མཁན་དམྱལ་གནས་དེད་དཔོན་གཙོསཿ ཚ་གྲང་བཅུ་དྲུག་ཉི་ཚེ་ཉེ་འཁོར་བཿ སྡུག་བསྔལ་གྱིས་གཟིར་དམྱལ་གནས་རིགས་རྣམས་ལཿ སྒྱུར༴ བྱུང་༴ མི༴ ཞེ་སྡང་བཟོད་དཀའི་སྡུག་བསྔལ་ཀུན་ཞི་ནསཿ གཞན་ཕན་བྱང་སེམས་རྒྱུ་ལ་སྐྱེ་བར་ཤོགཿ ཕཊཿ སྣ་ཚོགས་སྡུག་བསྔལ་རྒྱུ་འབྲས་ལ་སྤྱོད་པའིཿ རིགས་དྲུག་སྙིང་རྗེའི་མགྲོན་དུ་གྱུར་རྣམས་ལཿ གཅེས་འཛིན་སྒྱུ་ལུས་ཟག་མེད་བདུད་རྩིའི་བཅུདཿ གང་འདོད་འདོད་ཡོན་ལོངས་སྤྱོད་དཔག་མེད་པཿ སྦྱིན་པས་སོ་སོའི་སྡུག་བསྔལ་ཉོན་མོངས་དྲུགཿ བ་མོར་ཉི་ཟེར་ཕོག་བཞིན་ཡོངས་ཞི་ནསཿ འདོད་པའི་ཡོན་ཏན་ལྔ་ཡིས་རབ་ཚིམ་ཞིངཿ མཚོ་ཆེན་འཁོར་བའི་རྒྱ་མཚོ་སྐེམ་པར་ཤོགཿ ཕཊཿ ཚེ་རབས་ཐོག་མ་མེད་ནས་ད་ལྟའི་པརཿ འཁོར་བར་འཁོར་ཚེ་ཤ་མཁོན་ལན་ཆགས་པའིཿ བགེགས་རིགས་ལན་ཆགས་མགྲོན་དུ་གྱུར་རྣམས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་ལསཿ བྱུང་བའི་གང་འདོད་འདོད་ཡོན་ལོངས་སྤྱོད་ཚོགསཿ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་སྦྱིན་པསཿ བུ་ལོན་ལན་ཆགས་ཤ་མཁོན་ཀུན་བྱང་ནསཿ ཚད་མེད་རྣམ་བཞི་རྒྱུད་ལ་སྐྱེ་བར་ཤོགཿ ཕཊཿ སྔོན་འདས་བར་དང་ཐ་མ་ད་ལྟའི་སྐབསཿ མིང་བཞི་འདུས་པའི་ཕུང་པོར་རྟེན་བཅས་པའིཿ སྲིད་པ་བར་དོར་འཕྱན་པའི་རིགས་རྣམས་ལཿ སྒྱུ་ལུས་ཟག་མེད༴ བྱུང་བའི་གང་འདོད༴ མི་ཟད་ནམ་མཁའ་མཛོད༴ རང་རང་ལས་ཀྱི་སྡུག་བསྔལ་ཀུན་བྲལ་ནསཿ ལས་ཀྱི་འཕྲོ་མཐུད་བདེ་ལྡན་ཞིང་བགྲོད་ཤོགཿ ཕཊཿ གདུག་སེམས་སྲོག་གཅོད་ཤ་དང་ཁྲག་ལ་སྡང་ཿ གནད་གཅོད་ཕྱིན་ཅི་ལོག་བཞིའི་ལས་ཀྱིས་མནརཿ མཁའ་རྒྱུའི་རིགས་གྱུར་གཟུགས་མེད་གདོན་བགེགས་ལཿ སྒྱུ་ལུས༴ བྱུང་བའི༴ མི་ཟད༴ གནོད་སེམས་བག་ཆགས་སྡུག་བསྔལ་ཡོངས་སྦྱངས་ནསཿ བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེ་བར་ཤོགཿ ཕཊཿ འཁྲུལ་སྣང་དབང་གྱུར་གནོད་སེམས་རྒྱུན་ཆགས་པའིཿ བུ་ལོན་ལན་ཆགས་གདོན་བགེགས་མགྲོན་རྣམས་ལཿ གཅེས་འཛིན་སྒྱུ་ལུས་ཟག་མེད་བདུད་རྩིའི་བཅུདཿ གང་འདོད་འདོད་ཡོན་ལོངས་སྤྱོད་དཔག་མེད་པཿ སྦྱིན་པས་དགའ་མགུ་ཡི་རང་ལན་ཆགས་བྱངཿ གནོད་འཚེ་གདུག་པའི་བསམ་ངན་སྦྱོར་རྩུབ་ཞིཿ ལས་ངན་འཁྲུལ་བའི་བག་ཆགས་ཡོངས་ཟད་ནསཿ མ་གཅིག་ཁྲོས་མའི་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ མཆོད་སྦྱིན་མགྲོན་གྱུར་གཙོ་བོའི་རྗེས་འབྲང་དངཿ ཐོག་མར་མ་སླེབ་གློ་བུར་ལྷགས་པའི་རིགསཿ ལྷག་མའི་མགྲོན་དུ་གྱུར་པ་ཐམས་ཅད་ལཿ གཅེས་འཛིན་སྒྱུ་ལུས་ཟག་མེད་བདུད་རྩིའི་བཅུདཿ གང་འདོད་འདོད་ཡོན་ལོངས་སྤྱོད་དཔག་མེད་པཿ སྦྱིན་པས་མི་ཟད་ནམ་མཁའི་གཏེར་ལ་སྤྱོདཿ སྡིག་སྒྲིབ་བག་ཆགས་ན་ཚ་སྡུག་བསྔལ་ཞིཿ ཟག་མེད་བདེ་ཆེན་དཔལ་ལ་ལོངས་སྤྱོད་ཤོགཿ ཕཊཿ« མདོ་ལུགས་གྲངས་མེད་གསུམ་གྱི་དམ་བཅའ་དང་ཿ གཏན་པ་མེད་པའི་མཆོད་སྦྱིན་རྒྱ་མཚོའི་ཚོགསཿ སྐད་ཅིག་གཅིག་གིས་འདུམ་པར་བྱེད་པ་ཡིཿ ཁྲ་བོའི་མཆོད་སྦྱིན་བདུད་རྩིའི་རྒྱ་མཚོའི་སྤྲིནཿ དམིགས་གནད་ལྡན་པས་བདེ་ལ་ནན་ཏན་གྱིསཿ བདག་དང་འབྲེལ་བས་བསྡུས་པའི་སེམས་ཅན་ཀུནཿ ཟག་པ་བག་ཆགས་བཅས་པ་ཡོངས་ཟད་ནསཿ ཆོས་སྐུའི་རང་ཞལ་མཇལ་བར་གདོན་མི་ཟཿ གསུམ་པ་བདག་གཞན་བག་ཆགས་སྒྲིབཿ སྦྱོང་བར་བྱེད་པའི་ནག་འགྱེད་ནིཿ དང་པོ་དད་པ་བསྟན་པོ་ཡིསཿ» ཨེ་མ་ཧོཿ རྗེ་དུས་གསུམ་སངས་རྒྱས་ཀུན་འདུས་དཔལཿ བཀའ་དྲིན་འཁོར་མེད་རིན་པོ་ཆེཿ དམ་པ་རྒྱ་གར་སྤྲུལ་པའི་སྐུཿ སྐུ་མདོག་ནག་ལ་སྣུམ་པ་དེཿ ཆོས་སྐུ་འགྱུར་བ་མེད་པའི་རྟགསཿ སྤྱན་གསུམ་འབྲུ་ཚུགས་གཟིགས་པ་དེཿ སྐུ་གསུམ་ས་ལ་བཞུགས་པའི་རྟགསཿ དབུ་སྐྲ་ནག་སྣུམ་གྱེན་དུ་འཁྱིལཿ ཡི་དམ་ལྷ་དང་དབྱེར་མེད་རྟགསཿ ཚེམས་མདོག་དཀར་ལ་ཚེམས་རྩེ་རྣོཿ དུག་ལྔ་དབྱིངས་སུ་དག་པའི་རྟགསཿ ལྕགས་དཀྱུས་རིང་ཞིང་སྲབ་པ་དེཿ ཤེས་རབ་མེ་ལྟར་འབར་བའི་རྟགསཿ སྙན་གཤོགས་རྒྱངས་ཤིང་སྲབ་པ་དེཿ མི་བརྗེད་གཟུངས་དང་ལྡན་པའི༴ ཤངས་དཀྱུས་མཐོ་ཞིང་ཤངས་བུག་ཡངསཿ འཁོར་འདས་དྭངས་བཅུད་འདྲེན་པའི༴ སྐུ་སྟོད་སེང་ཆེན་འགྱིངས་འདྲ་བཿ དཔའ་བོ་དབང་དུ་འདུ་བའི༴ སྐུ་སྐེད་ཕྲ་ཞིང་མཉེན་པ་དེཿ རྩ་རླུང་ཐིག་ལེ་འབྱོངས་པའི༴ སྐུ་སྨད་རྡོ་རྗེ་བཞད་པ་དེཿ མཁའ་འགྲོ་དབང་དུ་འདུ་བའི༴ དབང་ཕྱུག་ཁྲོ་གཉེར་རབ་རྒྱས་པཿ ཡེ་ཤེས་ཆེན་པོ་རྒྱས་པའི༴ ཕྱག་གཉིས་ལྗོན་ཤིང་རྒྱས་འདྲ་བཿ ཁམས་གསུམ་དབང་དུ་བསྡུ་བའི༴ ཕྱག་སོར་རིང་ཞིང་མཉེན་པ་དེཿ གདུལ་བྱ་ཐབས་ཀྱིས་འདུལ་བའི༴ ཞབས་ཟུང་ཙན་སྡོང་གཤིབས་འདྲ་བཿ ཐབས་ཤེས་འདུ་འབྲལ་མེད་པའི༴ ཞབས་སོར་སྦོམ་ཞིང་མཁྲིག་པ་དེཿ ས་བཅུ་ཟིལ་གྱིས་གནོན་པའི༴ མཐིལ་བཞི་ཡངས་ཤིང་འཇམ་པ་དེཿ སྙིང་རྗེའི་གདུལ་བྱ་རྗེས་འཛིན༴ བཅུ་དྲུག་གཞོན་ཤ་ཆགས་པ་དེཿ རྩ་བཅུད་ཐིག་ལེ་རྒྱས་པའི༴ འཇམ་ཞིང་བདེ་དྲོད་འབར་བ་དེཿ དགའ་བཞི་འདུ་འབྲལ་མེད་པའི༴ ཆོས་ཀྱི་བརྡ་ཚིག་སྣ་ཚོགས་སྟོནཿ སྐལ་ལྡན་རྗེས་སུ་འཛིན་པའི༴ རེས་འགའ་དྲག་པོའི་ངན་སྔགས་གསུངསཿ སྐལ་མེད་རྣམ་ཤེས་སྤར་བའི༴ སྐབས་འགར་རྟེན་འབྲེལ་སྣ་ཚོགས་མཛདཿ འགྲོ་བའི་བདེ་སྐྱིད་སྤེལ་བའི༴ སྐབས་འགར་སྨྱོན་པའི་བརྟུལ་ཞུགས་འཆང་ཿ བདུད་བཞིའི་གཡུལ་ལས་རྒྱལ་བའི༴ སྐབས་འགར་འཁྲུལ་པའི་སྤྱོད་པ་སྐྱོངཿ འགྲོ་བ་ཐབས་ཀྱིས་འདུལ་བའི༴ སྐབས་འགར་བརྟུལ་ཞུགས་རོ་མཉམ་མཛདཿ འཁོར་འདས་རྦ་རླབས་ཕྱེད་པའི༴ སྐབས་འགར་མ་དག་སྤྱོད་པ་སྐྱོངསཿ འཁོར་གྱི་དྲོད་ཚད་ཉུལ་བའི༴ ཕ་ནག་པོ་ཆེན་པོ་གཟི་བརྗིད་ཅནཿ ཁམས་གསུམ་ཟིལ་གནོན་རིན་པོ་ཆེཿ འགྲོ་ཀུན་ཐུགས་རྗེའི་བརྩེ་བས་སྐྱོངཿ བདག་ལ་རྗེས་སུ་ཆགས་པར་མཛདཿ ཁོ་མོ་འཁྲུལ་པའི་གཞན་དབང་གིསཿ ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡིསཿ དབང་ཡོན་ཏན་མ་མཐོང་ཞིངཿ རང་ཉིད་ང་རྒྱལ་དྲག་པོ་ཡིསཿ ལོག་ལྟ་བདུད་ཀྱི་དབང་དུ་ཤོརཿ གུ་རུའི་རྣམ་འཕྲུལ་སྤྲུལ་པའི་སྐུཿ དམ་པའི་ཐུགས་སུན་མ་མཛད་པརཿ སྣ་ཚོགས་ཐབས་ཀྱིས་བདག་བློ་བསྒྱུརཿ གསང་བ་གསུམ་གྱི་ཡོན་ཏན་ངོམཿ ད་ནི་གུ་རུ་དངོས་སུ་མཐོངཿ གསང་སྔགས་དབང་བཞི་རྫོགས་པར་ཐོབཿ སྐུ་གསུང་ཐུགས་ཀྱི་ཡོན་ཏན་རིགསཿ ཕྱིར་མི་ལྡོག་པའི་དད་པ་སྐྱེསཿ བདེ་ཆེན་ཟག་མེད་དངོས་གྲུབ་ཐོབཿ ལུས་ངག་ཡིད་གསུམ་ཡོན་དུ་འབུལཿ འདི་ནས་བྱང་ཆུབ་སྙིང་པོའི་བརཿ ཁྱོད་ལས་རེ་ས་བདག་ལ་མེདཿ གསོལ་བ་སྙིང་ནས་འདེབས་པ་ལཿ བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལཿ ཟག་བཅས་མ་དག་སྒྱུ་མའི་ལུསཿ འོད་ཀྱི་སྐུ་རུ་གྲོལ་བ་དངཿ བཟང་ངན་འབྲེལ་པས་བསྡུས་པ་ཡིཿ མཐོང་ཐོས་དྲན་རེག་སུ་ཡང་རུང་ཿ ཚོམ་བུ་གཅིག་ཏུ་མངོན་སངས་རྒྱསཿ འཁྲུལ་རྟོག་དབྱིངས་སུ་མ་དག་པརཿ འབྲལ་བ་མེད་པར་རྗེས་འཛིན་ཞིངཿ མཐར་ཐུག་ཁྱེད་ཀྱི་ཐུགས་ཀློང་དུཿ དབྱེར་མེད་རོ་གཅིག་འདྲེས་པ་རུཿ བྱིན་གྱིས་རློབས་ཤིག་དམ་པ་རྗེཿ གཞོན་ནུ་བུམ་སྐུར་མ་གྲོལ་བརཿ ཁྱེད་དང་འབྲལ་བ་མེད་པར་ཤོགཿ ཕཊཿ« མ་གཅིག་ལབ་ཀྱི་སྒྲོལ་མ་ལཿ དམ་པ་རྒྱ་གར་དབང་བསྐུར་ཚེཿ ཡོན་ཏན་དྲན་པའི་བསྟོད་པ་འདིཿ ཌཱཀྐིའི་མི་བརྗེད་གཟུངས་ཀྱིས་བཟུངསཿ དུས་ལ་བབ་ཚེ་གསུངས་པ་བཞིནཿ གསུང་ཆེན་དག་ཏུ་བཀོད་པ་སྟེཿ འདི་ཉིད་ཤིན་ཏུ་བྱིན་ཆེའོཿ »ཕཊཿ ང་མེད་ངར་བཟུང་འཁོར་བར་འཁྱམས་བྱེད་ཀྱིཿ འབྱུང་བཞིའི་བསྐྱེད་པའི་ཕུང་ཁམས་ལུས་དབུས་ནསཿ རྣམ་ཤེས་འོད་ཀྱི་ཐིག་ལེར་ནམ་མཁར་འཕགསཿ མ་ཧཱ་མཁའ་འགྲོའི་ཐུགས་ཀློང་དབྱེར་མེད་འདྲེསཿ ཕཊཿ སླར་ཡང་ནི་ཡིག་དམར་གསལ་ཕྱི་འཕྲོས་པསཿ ཁྲོས་མ་དམར་མོ་གྲི་གུག་ལྕགས་ཀྱུ་འཛིནཿ མཁའ་འགྲོའི་ཆེས་རྫོགས་གར་སྟབས་ཁྱུག་གེར་གསལཿ ཐུགས་ལ་འོད་ཟེར་དཔག་མེད་འཕྲོས་པ་ཡིསཿ བདག་དང་སློབ་དཔོན་ཕ་མ་རྡོ་རྗེའི་མཆེདཿ ལས་ཀྱི་འབྲེལ་བའི་གཙོར་གྱུར་རིགས་དྲུག་འགྲོཿ དམ་སྡོམ་བསླབ་པ་ཉམས་འགལ་རལ་བ་དངཿ སྡིག་སྒྲིབ་ཉམས་ཆགས་ཉེས་ལྟུང་མི་དགེའི་འབྲསཿ སྔོན་ལས་འཕྲལ་རྐྱེན་འདུ་བ་རྣམ་བཞིའི་འཁྲུགསཿ འགྲོ་བའི་ནད་རིམས་རྣམ་རྟོག་བག་ཆགས་གྲིབཿ མ་ལུས་ཡོངས་བསྡུས་བེམ་པོར་དབྱེར་མེད་ཐིམཿ མདོག་ནག་དྲི་ངན་རོ་རྩུབ་ནང་རླངས་འཕྲོཿ ཡིད་མི་འོང་བ་རི་རབ་ཙམ་དུ་གྱུརཿ ཕཊཿ བདག་ཅག་མཆེད་ལྕམ་གྲྭ་སྡེ་ཡོན་མཆོད་ལཿ སྡང་ཞིང་གདུག་པའི་སེམས་ཅན་བསམ་སྦྱོར་ངནཿ ནད་རིམས་མི་གཙང་མི་འདོད་སྣ་འདྲེན་ཞིངཿ ཚེ་བསོད་སྟོབས་འབྱོར་ཁ་རྗེ་དབང་ཐང་ལཿ བར་དུ་གཅོད་པའི་རིགས་སུ་གྱུར་རྣམས་དངཿ ཁྱེད་པར་གནས་གདོན་ལུས་གདོན་འབྱུང་བོའི་ཚོགསཿ ནད་རིམས་ཡམས་ཀྱི་བདག་པོ་བདག་མོ་ཀུནཿ གང་དུ་གནས་ཀྱང་རང་དབང་གཏན་པ་བྲལཿ ཤོག་སྐྱ་རླུང་གིས་བསྐྱོད་བཞིན་འདུས་པར་གྱུརཿ ཕཊཿ« མི་རྐང་གླིང་བུར་དྲག་པོ་ལན་བཞིར་སྒྲོགསཿ »ཕཊཿ ཉོན་ཅིག་སྣང་ཞིང་སྲིད་པའི་ལྷ་དང་འདྲེཿ སྐྱེ་འགྲོའི་སྲོག་དབུགས་ལེན་ཞིང་ཤ་ལ་ཟཿ ཁྲག་ལ་རྔམས་པའི་རིགས་སུ་གྱུར་རྣམས་དངཿ གཉན་ནད་སྨྱོ་འབོག་རྒྱུ་དང་མི་རྒྱུའི་དུགཿ འགོ་བའི་རིམས་དང་ཡམས་ནད་གཏོང་བྱེད་རྣམསཿ འཁོར་བར་འཁྱམས་བྱེད་དུག་ལྔ་འདུ་བའི་ལུསཿ མི་གཙང་རྫས་དགུ་དུག་རླངས་ནད་ཀྱིས་གདུངཿ གཅེས་འཛིན་བློ་ཡི་ཞེན་པ་ཀུན་བཅད་ནསཿ བདག་ལ་མི་དགོས་ལྷ་འདྲེའི་ཚོགས་ལ་སྦྱིནཿ བན་བོན་བྱད་མའི་ལྷ་སྲུང་གཙོར་གྱུར་པའིཿ དྲེགས་པ་མཐུ་ཆེན་རིགས་སུ་གྱུར་རྣམས་དངཿ སྲོག་གཅོད་དབུགས་ལེན་ཟ་འདྲེ་ཤི་བའི་གཤེདཿ ཚེ་ལེན་མདངས་འཕྲོག་གསོན་བདུད་གཤིན་ལྕགས་རིགསཿ ལན་ཆགས་བདག་པོ་བདག་མོ་ནད་རིམས་དངཿ ཡམས་བདག་གདོན་བགེགས་མཉམ་པོར་འོང་བའི་བདུདཿ འཆི་བདག་གཤིན་རྗེའི་དམག་ཚོགས་འཁོར་བཅས་ལཿ བདག་ལུས་མི་གཙང་རྫས་དགུ་ལྡན་པ་འདིཿ སྦྱིན་ནོ་ཟོ་ཞིག་འཐུང་ཅིག་མྱུར་དུ་རོལཿ གཅན་གཟན་ཤ་དང་བྱིའུ་ནག་ཆུར་རུབ་བཞིནཿ སྐད་ཅིག་ཐང་ཅིག་ཡུད་ཙམ་འདི་ཉིད་དུཿ རྗེས་ཤུལ་ལྷག་མ་ཙམ་ཡང་མེད་པར་རོལཿ གཟུང་འཛིན་སྒྲིབ་གཉིས་བག་ཆགས་ཉེས་ལྟུང་དངཿ ན་ཚ་ཟུག་གཟེར་ཤ་ཁྲག་རུས་གསུམ་བཅསཿ གདུག་རྩུབ་ལྷ་འདྲེའི་ཚོགས་ལ་ཟས་སྐལ་གཏདཿ ད་ནི་མིང་གི་ལྷག་མ་མེད་པར་རོལཿ རིག་པ་སྐྱེ་མེད་ཡུམ་གྱི་ཀློང་དུ་ཨཱཿ ཕཊཿ «ཅེས་བརྗོད་གད»ོ«ན་བགེགས་དམག་ཚོགས་ཀྱིསཿ ཟོས་པའི་ཁོང་རྣམས་ལུས་པོ་ཡང་ཿ སོལ་བ་ལྟར་དུ་ནག་གྱུར་ཅིངཿ ན་ཚ་ཟུག་གཟེར་གྱི་མནར་ཏེཿ སྡུག་བསྔལ་ཉམས་སུ་མྱོང་བར་བསམཿ སྙིང་རྗེ་ཆེན་པོ་དར་ཅིག་བསྒོམཿ ཕཊཿ མཐར་ལྷ་འདྲེ་སྟོང་ཉིད་ནམ་མཁའ་སྟོང་པའི་ཀློང་དུ་འདྲེས་ཤིང་རང་ཉིད་ཁྲོས་མའི་ཐུགས་ཀློང་དུ་འདྲེས་པར་བསམཿ སྣང་སྲིད་ཐམས་ཅད་མི་དམིགས་སྟོང་ཉིད་ཁྱབ་བརྡལ་ཆེན་པོར་བལྟ་ཞིང་རྗེས་ཐོབ་ཀུན་ཏུ་བླ་མ་དང་ཕ་དམ་པ་དབྱེར་མེད་པ་ལ་མོས་གུས་བསྐྱེད་ཅིང་ལུས་ཀྱི་གཅེས་འཛིན་དང་བློ་ཡི་ཐེ་ཚོམ་རྣམ་རྟོག་སྦྱངས་ཤིང་རྩ་བ་བཅད་དོཿ བཞི་པ་བརྟུལ་ཞུགས་ལ་མ་སློང་ཞིངཿ འཛིན་པ་རང་སར་གྲོལ་བའི་ཕྱིརཿ དམར་འགྱེད་ཤ་ཁྲག་སྟོན་ཆེན་ནིཿ ཐོག་མར་མོས་གུས་རྩེ་གཅིག་གིསཿ »ཕཊཿ ཕ་འགྲན་གྱི་དོ་མེད་རྡོ་རྗེ་འཆངཿ བདག་ཅག་འཁྲུལ་པའི་སྣང་ངོ་རུཿ ཤ་ཁྲག་མི་ཡི་གཟུགས་སུ་མཐོངཿ ནག་པ་སྐུ་གསུམ་གཟིགས་ངོ་རུཿ འོད་ལུས་ཡེ་ཤེས་སྙིང་པོ་ཅནཿ ཡེ་ཤེས་མཁའ་འགྲོའི་སྣང་ངོ་རུཿ ཁྲག་འཐུང་རྒྱལ་པོ་ཧེ་རུ་ཀཿ གཟུགས་མེད་དྲེགས་པའི་སྣང་ངོ་རུཿ དབང་གི་རྒྱལ་པོ་རྒྱ་མགྲིན་དཔལཿ མ་རུངས་གདུག་པའི་ལྷ་འདྲེའི་ངོརཿ ཁམས་གསུམ་ཟ་བྱེད་སྲིན་པོའི་རྒྱལཿ འགྲོ་དྲུག་རང་རང་སྣང་ངོ་རུཿ མཐུན་སྣང་སྤྲུལ་པའི་སྐུ་རུ་སྟོནཿ དུག་ལྔ་རང་གར་སྤྱོད་པ་ཡིསཿ འགྲོ་བ་ཐབས་ཀྱིས་འདུལ་མཛད་པའིཿ འགྲན་གྱི་དོ་མེད་སྐུ་དྲིན་ཅནཿ བརྩེ་ཆེན་ཐུགས་རྗེས་བདག་སྐྱོངས་ཤིགཿ སྐྱེ་དང་ཚེ་རབས་ཐམས་ཅད་དུཿ འཁྲུལ་པའི་ལམ་དུ་མི་གཏོང་ཞིངཿ ཡང་དག་ལམ་དུ་འགོད་མཛད་པཿ ཁྱོད་ལ་སྙིང་ནས་གསོལ་བ་འདེབསཿ བྱིན་གྱིས་བརླབ་པར་མཛད་དུ་གསོལཿ མ་མི་མིན་ཡེ་ཤེས་མཁའ་འགྲོ་མཿ མ་གཅིག་ཇོ་མོ་ལབ་སྒྲོན་མཿ ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་མཿ སྐལ་ལྡན་རྗེས་སུ་འཛིན་མཛད་མཿ སྐལ་མེད་ཐབས་ཀྱིས་འདུལ་མཛད་མཿ བརྩེ་བའི་ཐུགས་རྗེས་བདག་ལ་དགོངསཿ ཁམས་གསུམ་སེམས་ཅན་ཐམས་ཅད་ཀུནཿ རྗེས་སུ་འཛིན་པར་མཛད་དུ་གསོལཿ མ་སྐྱེ་དམན་བུད་མེད་ལུས་སུ་འཁྲུངསཿ བཟང་ངན་མེད་པར་རྗེས་སུ་བཟུང་ཿ སྐྱེ་མེད་ཡུམ་གྱི་དགོངས་པ་རྟོགསཿ ཟབ་མོའི་གདམས་པ་ཐུགས་སུ་ཆུདཿ སྣང་སྲིད་ལྷ་འདྲེའི་འགྲོ་དོན་མཛདཿ གཅེས་འཛིན་ལུས་ཀྱི་འཛིན་པ་ཞིགཿ འཁོར་འདས་རོ་གཅིག་ཆེན་པོ་མཁྱེནཿ གསོལ་བ་འདེབས་སོ་ཐུགས་རྗེས་ཟུངསཿ མ་སྐུ་ལུས་ཆུང་ལ་གཟི་མདངས་ལེགསཿ དཀར་དམར་མདངས་ལྡན་འོད་ཟེར་འཕྲོཿ མཚན་དཔེས་བརྒྱན་པའི་ཡིད་བཞིན་ནོརཿ སྣ་ཚོགས་ཐབས་ཀྱི་རྫུ་འཕྲུལ་སྟོནཿ རྡོ་རྗེའི་གླུ་དབྱངས་ཚངས་པའི་གསུངཿ ཡན་ལག་དྲུག་ཅུའི་ཤུགས་དང་ལྡནཿ སྐལ་བར་འཚམས་པའི་བརྡ་ཆོས་སྟོནཿ གསོལ་བ་འདེབས་སོ་ཐུགས་རྗེས་ཟུངསཿ མ་ཡུམ་ཆེན་གསང་བ་ཡེ་ཤེས་ཀྱིཿ ཞལ་གཟིགས་ལུང་བསྟན་ཇི་བཞིན་དུཿ ལ་སྟོད་དེང་རིའི་བླ་འཁོར་ནསཿ གུ་རུའི་ཐུགས་སྤྲུལ་དམ་པར་འཕྲདཿ གསང་སྔགས་དབང་བཞི་རྫོགས་པར་གསནཿ ཐབས་དང་ཤེས་རབ་རྟེན་འབྲེལ་འགྲིགསཿ དགའ་བ་བཞི་ཡི་ཡེ་ཤེས་ཀྱིཿ མཐར་རྫོགས་རིག་པའི་རྩལ་དབང་ཐོབཿ གསོལ་བ་འདེབས་སོ་ཐུགས་རྗེས་ཟུངསཿ མ་སྤངས་རྟོགས་ཡོན་ཏན་མཐར་ཕྱིན་ཞིངཿ ཀུན་ཏུ་བཟང་པོའི་གཞི་ཐོག་ཏུཿ གྲོལ་བའི་འབྲས་བུའི་དེ་ཉིད་གཟིགསཿ འབྱུང་བ་བཞི་ཡི་སྐུ་ལུས་སྦྱངསཿ འོད་སྐུ་ཡེ་ཤེས་སྙིང་པོ་ཅནཿ བདུད་བཞི་གཅོད་པའི་བརྡ་ཆོས་སྟོནཿ བཙན་ཐབས་སངས་རྒྱས་སར་འགོད་མཿ གསོལ་བ༴ མ་འབྱུང་བ་ལྔ་ལ་རང་དབང་བསྒྱུརཿ ཐོགས་བཅས་བདུད་ཀྱི་འཇིགས་པ་བྲལཿ སྣང་བ་སྒྱུ་མར་གཟིགས་པ་ཡིསཿ ཐོགས་མེད་ལྷ་འདྲེའི་འཛིན་ཞེན་ཞིགཿ འཁོར་འདས་མཉམ་པ་ཉིད་རྟོགས་པའིཿ དགའ་བྲོད་བདུད་ཀྱི་རྩ་བ་སྟོངཿ གཟུང་དང་འཛིན་པ་བྲལ་བ་ཡིསཿ སྙེམས་བྱེད་བདུད་ཀྱི་འཁྲི་བ་ཆོདཿ གསོལ་བ༴ མ་དང་པོ་དལ་འབྱོར་ལུས་རྟེན་བསྐྱེདཿ ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གསོསཿ བར་དུ་འཁོར་བའི་གནས་ནས་དྲངསཿ སྨིན་གྲོལ་བསྐྱེད་རྫོགས་ལམ་སྣ་ཁྲིདཿ ཐ་མ་གསང་བའི་ལུང་བྱང་གནངཿ ཡེ་ཤེས་ཆེན་པོའི་ངོ་སྤྲོད་ཀྱིསཿ རིག་པ་ཆོས་སྐུའི་རང་ཞལ་བསྟནཿ གསོལ་བ༴ མ་དགྲ་གཉེན་མཉམ་པ་ཉིད་གཟིགས་ཀྱངཿ སྔོན་ནས་ད་ལ་ཐུག་གི་བརཿ བདག་ལ་ཐུགས་རྗེས་ཉེ་བར་གཟིགསཿ གནས་ངན་འཁོར་བའི་འདམ་ལས་བསྒྲལཿ རིག་འཛིན་མཁའ་འགྲོའི་གྲལ་དུ་བཀོདཿ ཐབས་མཆོག་བདེ་ཆེན་དཔའ་བོ་དངཿ ཉོན་མོངས་རང་གྲོལ་གདམས་ངག་གཏདཿ སྨོན་ལམ་གཏད་རྒྱའི་དབང་བསྐུར་མཛདཿ གསོལ་བ༴ མ་སྐུ་ཡི་བྱིན་རླབས་ལུས་ལ་སྩོལཿ སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་རློབསཿ གསུང་གི་བྱིན་རླབས་ངག་ལ་སྩོལཿ ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ཐུགས་ཀྱི་བྱིན་རླབས་སེམས་ལ་སྩོལཿ ཆོས་སྐུ་འགྲུབ་པར་བྱིན༴ ཟག་པ་བག་ཆགས་ཡོངས་ཟད་ནསཿ འོད་སྐུ་འགྲུབ་པར༴ བདག་དང་འགྲོ་དྲུག་སེམས་ཅན་རྣམསཿ སྐྱེ་དང་ཚེ་རབས་ཐམས་ཅད་དུཿ ཕ་མའི་རྗེས་སུ་བཟུང་ནས་ཀྱངཿ གོལ་ཤོར་ནོར་བའི་འཕྲང་ལས་གྲོལཿ སྒྱུ་མ་ལྟ་བུའི་ཏིང་འཛིན་དངཿ དཔའ་བར་འགྲོ་བའི་ཏིང་འཛིན་དངཿ ཀུན་ལ་སྙོམས་པའི་ཏིང་འཛིན་དངཿ རྡོ་རྗེ་ལྟ་བུའི་ཏིང་འཛིན་འགྲུབཿ གསོལ་བ༴ མ་ཆོས་དབྱིངས་ཀློང་དུ་གཤེགས་པའི་ཚེཿ རིག་པའི་ཡེ་ཀློང་ཆེན་པོར་བཞུགསཿ དངོས་ཉམས་རྨི་ལམ་འོད་གསལ་ངངཿ ཞལ་མཇལ་ལུང་བསྟན་རྟག་ཏུ་མཛོདཿ ནམ་ཞིག་ཚེ་མཐར་ཕྱིན་པའི་ཚེཿ ཟག་བཅས་འོད་ཀྱི་སྐུ་རུ་དེངསཿ མ་གཅིག་ཡེ་ཤེས་ཌཱཀྐི་མའིཿ ཐུགས་ཀློང་རོ་གཅིག་འདྲེས་ནས་ཀྱངཿ འཁོར་བའི་རྒྱ་མཚོ་མ་སྟོང་པརཿ སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིསཿ སྣ་ཚོགས་འགྲོ་དོན་སྤྱོད་པ་རུཿ གསོལ་བ་འདེབས་སོ་ཐུགས་རྗེས་ཟུངསཿ སྐྱེ་ཀུན་སྔོན་གནས་རྗེས་དྲན་ཞིང་ཿ ཕ་མའི་ཐུགས་དགོངས་རྫོགས་པར་ཤོགཿ ཕཊཿ སྲས་མོ་ལ་འདུལ་སྒྲོན་མ་དངཿ གྲུབ་ཆེན་རྒྱ་ནག་གཅེར་དུ་ཟུངཿ མགྲིན་གཅིག་དབྱངས་གཅིག་མ་གཅིག་མརཿ གསོལ་འདེབས་ཐུགས་དམ་རྒྱུད་བསྐུལ་འདིཿ ཤིན་ཏུ་བྱིན་རླབས་ཆེ་བའི་ཕྱིརཿ མཆོད་སྦྱིན་གཞུང་དུ་བཀོད་པའོཿ ཕཊཿ «གཅེས་འཛིན་སྒྱུ་མའི་གྲོང་ཁྱེར་ལུས་དབུས་ནསཿ རྣམ་ཤེས་འོད་ཀྱི་ཐིག་ལེ་དབུ་མའི་ལམཿ བརྒྱུད་དེ་ཚངས་བུག་ནས་བཟུང་ནམ་མཁར་འཕགསཿ མ་གཅིག་ལས་ཀྱི་མཁའ་འགྲོའི་ཐུགས་ཀློང་འདྲེསཿ» ཕཊཿ བྱིན་རླབས་ས་ཡིག་ལྗང་གུའི་རྣམ་པར་འཐོནཿ ཁྲོས་མ་ལྗང་སེར་ཁྲོ་མོའི་ཆ་ལུགས་རྫོགསཿ ཕྱག་གཡས་གྲི་གུག་རྣོ་དབལ་ལྡན་པ་ཡིསཿ རང་ལུས་བེན་པོ་ཆེ་ཚོ་རི་རབ་ཙམཿ བཀྲག་མདངས་གཟི་བརྗིད་དྲོད་དང་ལྡན་པ་དེའིཿ སྤྱི་བོ་ནས་བཟུང་ལྤགས་པ་དམར་བཤལ་གཤགསཿ སྐུ་ལས་ལས་བྱེད་མཁའ་འགྲོ་གྲངས་མེད་འཕྲོསཿ ལྤགས་པ་བཤུས་ཤིང་ས་གཞིར་ཁྱབ་པར་བཏིངཿ སྟེང་དུ་ཤ་ཁྲག་རུས་པ་ནང་རོལ་སྤུངསཿ ཚོགས་ཞིང་སྐུ་ལས་འོད་ཟེར་འཕྲོས་པ་ཕོགཿ རོ་བརྒྱ་ནུས་པ་སྟོང་ལྡན་སྐྱེ་བདུན་ཤཿ མྱོང་གྲོལ་དམར་སྟོན་འཛད་མེད་གཏེར་ཆེན་གྱུརཿ ཕཊཿ« ཞིང་ཁམས་ཁྱབ་པའི་ཤ་ཁྲག་རུས་པ་དོན་ལྔ་ནང་རོལ་ཀླད་པ་རྐང་སོགས་འཛད་པ་མེད་པའི་གཏེར་དུ་བསམ་ཞིང་མི་རྐང་གླིང་བུ་ལན་བཞིར་སྒྲོགས་ལཿ འཇིགས་མེད་བརྟུལ་ཞུགས་བར་ལྡན་པསཿ» ཕཊཿ འཻཿ གཙོ་བོའི་གདོན་ཆེན་བཅོ་བརྒྱད་ནག་པོ་ཆེཿ སྡེ་དཔོན་སུམ་ཅུ་བགེགས་རྒྱལ་བི་ན་ཡཿ སྲོག་བདག་བེ་ཧར་ལ་སོགས་རྒྱལ་པོའི་རིགསཿ སྟེང་གདོན་གཟའ་དང་རྒྱུ་སྐར་ནམ་མཁའི་བདགཿ རོལ་པ་རྐྱ་བདུན་ཁ་བཞི་གདོང་བརྒྱད་དང་ཿ ཇག་པ་མེ་ལེན་ཧུར་བ་སྲོག་འཕྲོག་སོགསཿ བཙན་གྱི་རིགས་གྱུར་ནག་པོ་བཀྲག་མེད་དངཿ རི་ལྡེ་འགོང་ལག་ལ་སོགས་བདུད་ཀྱི་སྡེཿ ཁ་འབར་ལྟེ་ཕུར་ནག་མོ་ཁྲག་རལ་མཿ འཕྲོག་མ་ལ་སོགས་མོ་བདུད་བསེན་མོ་དངཿ ཤི་འདྲེ་གསོན་འདྲེ་གྲོང་རྒྱུག་འདྲེ་མོ་ཡནཿ ཐེའུ་རང་ཟ་འདྲེ་ཤི་གཤེད་གསར་སྐྱེས་ཀྱིཿ འབྱུང་པོའི་རིགས་གྱུར་དམ་སྲི་སྒབ་འདྲེ་དངཿ ཡི་དྭགས་ཤ་ཟ་སྨྱོ་བྱེད་བརྗེད་བྱེད་སྡེཿ སྟོང་ཕྲག་བརྒྱད་ཅུ་བྱིས་གདོན་བཅོ་ལྔ་སོགསཿ གནས་གདོན་ལུས་གདོན་སྣང་སྲིད་ལྷ་འདྲེའི་རིགསཿ ཤ་ལ་རྔམས་ཤིང་ཁྲག་ལ་སྡང་བ་རྣམསཿ སྐད་ཅིག་མྱུར་བ་ཉིད་དུ་འདིར་འདུས་ཤིགཿ ཕཊཿ ཁྱེད་ཅག་འདིར་འདུས་གཟུགས་མེད་ལྷ་འདྲེའི་ཚོགསཿ ཐོག་མ་མེད་ནས་འཁོར་བར་འཁྱམས་པའི་ཚེཿ ཕ་དང་མ་རུ་མ་གྱུར་གཅིག་ཀྱང་མེདཿ དྲིན་ལེན་གསོ་ཕྱིར་ཤ་ཁྲག་ལུས་མཆོད་འབུལཿ བདག་གི་སྒྱུ་མ་ལུས་ཀྱི་ཞེན་པ་དངཿ གཅེས་འཛིན་བྲལ་ཞིང་ཕོངས་པ་མེད་པར་གཏོངཿ ཁྱེད་རྣམས་དགྱེས་པའི་འདོད་ཡོན་ཚིམ་པར་རོལཿ ཤ་འདོད་ཤ་ཟོ་ཁྲག་འདོད་ཁྲག་ལ་འཐུང་ཿ རུས་པ་རྐང་དང་ལྷ་བ་ཚིལ་བུ་ཞགཿ ཀླད་པ་སྙིང་དང་རྒྱུ་མ་ནང་རོལ་སོགསཿ སོ་སོར་གང་ལ་གང་འདོད་ལོངས་སུ་སྤྱོདཿ གོས་མེད་ལྤགས་པ་སྐྲ་སེན་བ་སྤུའི་ཚོགསཿ གོས་སུ་སྤྲུལ་ལ་གྱོན་པས་ཚ་གྲང་སེལཿ སེང་གེའི་དམག་ཚོགས་ཤ་ལ་རོལ་པ་དངཿ དམག་ཆེན་གནང་ཆེན་ཆོད་བཞིན་ཟོ་འཐུང་ལཿ ཟ་མ་ནུས་པ་སོ་སོའི་གནས་སུ་ཁྱེརཿ ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་པརཿ ཤ་ཁྲག་མི་ཟད་གཏེར་ལ་ལོངས་སྤྱོད་ཅིགཿ ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལཿ ནད་དང་གནོད་པ་རྐྱེན་དང་བར་ཆད་གཏོངཿ ཚེ་བསོད་སྟོབས་འབྱོར་ཁ་རྗེ་དབང་ཐང་ལཿ བར་དུ་གཅོད་ཅིང་བསམ་ངན་སྦྱོར་རྩུབ་ཀྱིཿ ལོག་འདྲེན་གནོད་བྱེད་བགེགས་ཀྱི་ཚོགས་རྣམས་ལཿ རང་ལུས་དཀར་སྟོན་ཟག་མེད་གཏེར་ཆེན་སྦྱིནཿ གཏི་མུག་ཤ་ཡི་རི་ལ་ཚིམ་པར་ཟོཿ འདོད་ཆགས་ཁྲག་གི་མཚོ་ལ་ངོམ་པར་འཐུངཿ ཞེ་སྡང་ལྷ་བ་རུས་པ་འགྲང་བར་མུརཿ ང་རྒྱལ་དོན་སྣོད་ནང་རོལ་ཞིམ་ཟས་གྱིསཿ ཕྲག་དོག་ལྤགས་པའི་ཐང་ཆེན་དྲོ་བར་གྱོནཿ ཁོང་ཁྲོ་གདུག་པའི་བསམ་སྦྱོར་ཀུན་ཞི་ཞིངཿ ཞི་བ་བྱང་ཆུབ་སེམས་དང་ལྡན་པར་གྱིསཿ ཕཊཿ «དམིགས་པ་གསལ་གདབ་རང་ཉིད་ཡིད་ཆེས་པར་བྱཿ» ཕཊཿ ཤ་ཁྲག་དམར་སྟོན་ལྷག་ལ་རེ་བ་ཡིཿ འབྱུང་ཆེན་གཙོ་བོ་རྣམས་ཀྱི་རྗེས་འབྲང་བཿ ཁས་ཞེན་དབང་ཆུང་མདོག་ངན་གཟི་བརྗིད་བྲལཿ དབང་པོ་མ་ཚང་ནད་དང་སྡུག་བསྔལ་གྱིསཿ མནར་བའི་རིགས་དང་ད་ལྟ་གློ་བུར་སླེབསཿ ལྷག་མ་གདུང་ཞིང་ཟ་རྔམས་ཀུན་ལྡན་ལཿ ལས་བྱེད་སྤྲུལ་པའི་མཁའ་འགྲོ་གྲངས་མེད་ཀྱིསཿ རང་རང་སོ་སོར་ངོམ་ཞིང་ཚིམ་པར་སྦྱིནཿ ལོངས་སུ་སྤྱོད་ཅིང་དགའ་མགུ་ཡི་རང་ཚིམཿ གནས་སྐབས་ན་ཚ་སྡུག་བསྔལ་ཡོངས་ཞི་ཞིངཿ གཟུགས་བཟང་ལོངས་སྤྱོད་དཔལ་ཡོན་ཀུན་ལྡན་ཞིངཿ མཐར་ཐུག་བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ནསཿ མ་གཅིག་ཡུམ་ཆེན་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ «དམིགས་པ་གསལ་གདབ་དགེ་སྡིག་གཏོང་ལེན་བྱཿ བརྟུལ་ཞུགས་ལམ་སློང་འཇིགས་མེད་བཙན་ས་ཟིནཿ ཐ་མལ་ལུས་ཀྱི་འཛིན་ཞེན་ཀུན་བྲལ་ནསཿ འཁོར་འདས་མཉམ་པ་ཉིད་དུ་རོ་གཅིག་རྟོགསཿ བདག་ཏུ་འཛིན་པའི་འཆིང་བ་ཀུན་གྲོལ་ཞིངཿ འོད་གསལ་ཆེན་པོའི་ཉམས་ལེན་གཞི་ཚུག་གོཿ ལྔ་པ་ཁྲོས་མ་ལྷ་ལྔའི་བྱིན་འབེབས་ནིཿ ཟབ་མོ་མཆོད་སྦྱིན་དམིགས་པའི་འཁྲུལ་འཁོར་གནདཿ ལྟ་བའི་གདེངས་ལྡན་རིག་པ་ངར་བསྐྱེད་ཅིངཿ ཅང་ཏེའུ་མི་རྐང་གླིང་བུའི་སྒྲ་དང་བཅསཿ »ཕཊཿ ཆོས་དབྱིངས་ཀུན་ཁྱབ་སྤྲོས་བྲལ་ཀློང་ཡངས་ནསཿ ཀུན་བཟང་ཡུམ་གྱི་ཐུགས་རྗེའི་རྩ་སྣང་གིཿ ཡེ་ཤེས་ལྔ་ལྡན་འོད་ལྔའི་ཆོ་འཕྲུལ་ལསཿ སྣང་བ་རྣམ་དག་ཐུགས་རྗེའི་སྤྲུལ་པའི་ཞིངཿ གཏུམ་ཆེན་ཨུ་ཙ་ལ་ཡི་དུར་ཁྲོད་ནིཿ རི་རབ་རུས་པའི་རང་བཞིན་ཀེང་རུས་གཟུགསཿ རྩི་ཤིང་ནགས་ཚལ་མཆོན་ཆ་སྣ་ཚོགས་གཟེངསཿ ཆུ་ཀླུང་རྣག་ཁྲག་དུག་ཆུའི་རྦ་ཀློང་འཁྲུགསཿ ཡེ་ཤེས་དུས་མཐའི་མེ་ཆེན་འབར་ཞིང་བསྲེགཿ སྤུ་གྲི་རེག་གཅོད་རླུང་ནག་འཚུབས་མ་འཁྲིགསཿ ངུར་མོ་གདུག་པའི་སྒྲ་སྐད་ས་ཆེན་གཡོཿ རྩུབ་འགུར་འཇིགས་སུ་རུང་བའི་དུར་ཁྲོད་ནསཿ སྤྲུལ་པའི་གར་བསྒྱུར་ཡུམ་ཆེན་ཁྲོས་མ་ནགཿ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེདཿ རྒྱལ་བ་ཀུན་གྱི་ཐུགས་ཀྱི་བདག་ཉིད་མཿ སངས་རྒྱས་རིན་ཆེན་པདྨ་ལས་ཀྱི་རིགསཿ སྐུ་གསུང་ཡོན་ཏན་ཕྲིན་ལས་སྤྲུལ་པོ་བཞིཿ སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ་མཛད་མཿ བརྩེ་བ་ཆེན་པོའི་ཐུགས་རྗེས་ཉེར་གཟིགས་ལཿ བདག་ལ་དབང་བསྐུར་བྱིན་གྱི་བལ་ཏུ་གསོལཿ འགྱུར་མེད་ཆོས་དབྱིངས་ཡེ་ཤེས་རྩལ་སྣང་ལསཿ སྐུ་མདོག་མཐིང་གསལ་བཻཌཱུརྱ་སྣང་བཿ ཆོས་སྐུའི་དགོངས་པ་གཡོ་བ་མེད་པའི་རྟགསཿ རིག་པ་དེ་བཞིན་ཉིད་དབྱིངས་བྱིན་ཕོབ་ཅིགཿ སྤྱི་གཙུག་ཕག་ཞལ་འཆི་མེད་ལམ་དུ་གཟིགསཿ སྐུ་གསུམ་ཞིང་ཁམས་ཀུན་ལ་དབང་བསྒྱུར་རྟགསཿ ཀ་དག་གཞི་ཐོག་གྲོལ་བར་བྱིན་ཕོབ་ཅིགཿ སྤྱན་གསུམ་འབྲུ་ཚུགས་ཁམས་གསུམ་གཟིགས་པ་ནིཿ ཁམས་གསུམ་ས་དགུ་ཟིལ་གྱིས་གནོན་པའི་རྟགསཿ གཡོ་མེད་ཏིང་ངེ་འཛིན་གྱིས་བྱིན་ཕོབ་ཅིགཿ སྙན་ཆ་ཨ་ལུང་ཐུར་དུ་དཔྱངས་པ་ནིཿ འགྲོ་དྲུག་བདེ་སྡུག་མ་འདྲེས་གསལ་བའི་རྟགསཿ སེམས་ཅན་བདེ་ལ་འགོད་པར་བྱིན་ཕོབ་ཅིགཿ ཤངས་ནས་ཡེ་ཤེས་རླུང་ཆེན་ཕྱུར་བ་ཡིསཿ མ་རིག་དུག་ལྔ་དབྱིངས་སུ་གཏོར་བའི་རྟགསཿ ཉོན་མོངས་རང་གྲོལ་ཆེན་པོར་བྱིན༴ ཞལ་གདངས་མཆེ་གཙིགས་ལྗགས་དམར་བརྐྱང་བ་ཡིསཿ འཁོར་འདས་སྲིད་གསུམ་ཟས་སུ་ཟ་བའི༴ ཆོས་སྐུའི་རྒྱལ་ས་ཟིན་པར་བྱིན༴ དབུ་སྐྲ་གནག་སྣུམ་གྱེན་དཀྲིས་ཐུར་དུ་དཔྱངསཿ སངས་རྒྱས་རྣམས་དང་དགོངས་པ་མཉམ་པའི༴ འགྲོ་དོན་རྒྱུན་ཆད་མེད་པར་བྱིན༴ སྨིན་མ་སྨ་ར་ཨག་ཚོམ་དམར་སེར་འབརཿ འཁྲུལ་སྣང་རྟོག་ཚོགས་དབྱིངས་སུ་སྲེག་པའི༴ བདུད་བཞིའི་གཡུལ་ལས་རྒྱལ་བར༴ ཕྱག་གཡས་གྲི་གུག་རྣོ་དབལ་ལྡན་པ་ཕྱརཿ མ་རིག་གཟུང་འཛིན་དབྱིངས་སུ་གསོད་པའི༴ སྒྲོལ་བ་སྙིང་རྗེ་ཆེན་པོར༴ ནུ་མ་འབུར་ཞིང་བྷ་ག་རྒྱས་པ་ནིཿ ཐུགས་རྗེ་ཆགས་པས་རྗེས་སུ་འཛིན་པའི༴ སྦྱོར་བ་བདེ་བ་ཆེན་པོར་བྱིན༴ གཡོན་པས་བདུད་རྩིའི་ཐོད་པ་བསྣམས་པ་ཡིསཿ སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་རྟགསཿ རིག་འཛིན་ཚེ་ལ་དབང་བ་བྱིན༴ ཁ་ཊྭཱཾ་རྩེ་གསུམ་མཆན་དུ་བརྟེན་པ་ནིཿ དཔའ་བོ་ཡབ་དང་འདུལ་འབྲལ་མེད་པའི༴ དགའ་བཞིའི་ཡེ་ཤེས་བསྐྱེད་པར་བྱིན༴ ཞབས་གཉིས་ཁྲོ་མོའི་གར་སྟབས་ཁྲབ་པ་ནིཿ བདུད་ཀྱི་དཔུང་ཚོགས་ཐལ་བར་བརླག་པའི༴ ཐུགས་རྗེའི་རྗེས་འཛིན་ཆེན་པོར་བྱིན་ཕོབ་ཅིག །ཆུ་སྐྱེས་འདབ་སྟོང་གདན་དུ་བཏིང་བ་ནིཿ བག་ཆགས་སྒྲིབ་པའི་སྐྱོན་གྱིས་མ་གོས་རྟགསཿ དགེ་སྡིག་བླང་དོར་བྲལ་བར་བྱིན༴ ཉི་མ་ཟླ་བའི་དཀྱིལ་འཁོར་བཀོད་པ་ནིཿ སྐྱེ་གནས་བཞི་ཡི་བག་ཆགས་སྦྱོང་བའི༴ ཐབས་ཤེས་འདུལ་བྲལ་མེད་པར་བྱིན༴ རྟོག་མེད་རོ་ཡི་གདན་ལ་འགྱིངས་པ་ནིཿ རྣམ་པར་རྟོག་པ་དབྱིངས་སུ་དག་པའི༴ འཁྲུལ་པོ་གཞི་ཐོག་གྲོལ་བར་བྱིན༴ ཞལས་ནས་ཁྲོ་མོའི་གད་རྒྱངས་སྒྲོགས་པ་ནིཿ ལོག་འདྲེན་གདུག་པའི་ཚོགས་ཀུན་འདུལ་བའི༴ ཕྲིན་ལས་རྟོགས་པ་མེད་པར་བྱིན༴ བསྐལ་པའི་ཡེ་ཤེས་མེ་དཔུང་འབར་བ་ནིཿ ཉོན་མོངས་བག་ཆགས་མ་ལུས་བསྲེགས་པའི༴ འགྲོ་དྲུག་གནས་སུ་སྤོར་བར༴ ཞི་བའི་ཐུགས་ལས་འབར་བའི་སྐུར་སྣང་བཿ གདུག་པའི་རྣམ་ཤེས་དབྱིངས་སུ་སྒྲོལ་བའི་རྟགསཿ ཁམས་གསུམ་འཁོར་བ་སྟོང་པར་བྱིན་ཕོབ་ཅིགཿ རང་ལས་སྤྲུལ་པའི་མཁའ་འགྲོ་བྱེ་བ་འབུམཿ འགྲོ་དོན་སྤྲུལ་པ་རྒྱུན་ཆད་མེད་པའི༴ སྐྱེ་མེད་ཆོས་ཀྱི་སྐུ་རུ་ཕྱིན༴ སྐུ་ལས་སྤྲུལ་པའི་བདེ་ཆེན་དཀར་མོ་ནིཿ མེ་ལོང་ཡེ་ཤེས་གསལ་བའི་རང་མདངས་སྟོནཿ ཞི་བ་ཆེན་པོའི་དངོས་གྲུབ་བྱིན༴ ཡོན་ཏན་སྤྲུལ་པའི་སེར་མོ་དོན་གྲུབ་མཿ མཉམ་པ་ཉིད་ཀྱི་ཡེ་ཤེས་རང་རྩལ་སྟོནཿ སྣ་ཚོགས་རྒྱས་པའི་དངོས་གྲུབ་བྱིན༴ གསུང་གི་སྤྲུལ་པའི་དམར་མོ་སྒྲ་སྒྲོགས་དཔལཿ སོ་སོར་རྟོག་པའི་ཡེ་ཤེས་བདེ་རྩལ་འབརཿ ཀུན་ལ་དབང་བསྒྱུར་དངོས་གྲུབ་བྱིན༴ ཕྲིན་ལས་སྤྲུལ་པའི་སྣ་ཚོགས་མཐར་ཕྱིན་རྒྱལཿ བྱ་བ་གྲུབ་པའི་ཡེ་ཤེས་རང་རྩལ་སྟོནཿ ཚར་གཅོད་རྗེས་འཛིན་ཆེན་པོར༴ རང་རང་རིགས་ཀྱི་སྣ་ཚོགས་སྤྲུལ་པ་འགྱེདཿ གཏུམ་ཆེན་རབ་ཁྲོས་ཐུགས་བསྐྱེད་གློག་ལྟར་མྱུརཿ རང་མདོག་ངུར་མོའི་སྒྲ་ཆེན་ཕྱོགས་བཅུར་སྒྲོགསཿ སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རྒྱུད་བསྐུལ་ཞིཿ དཔལ་ཆེན་ཁྲོ་བོ་ཁྲོ་མོ་ལས་ལ་འདུཿ མ་མོ་མཁའ་འགྲོའི་ཚོགས་རྣམས་འདར་ཞིང་འདུདཿ བཀའ་སྲུང་དྲེགས་པའི་ཚོགས་རྣམས་སྤངས་ཤིང་བརྒྱལཿ མ་གཅིག་བདུད་འདུལ་ཁྲོས་མ་ལྷ་ལྔ་མརཿ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགསཿ གདུང་བས་འབོད་དོ་བུ་ཡི་དོན་ལ་དགོངསཿ ཐུགས་དམ་བསྐུལ་ལོ་བདུད་སྡེའི་དཔུང་ཚོགས་གཞོམཿ ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལཿ ཐོགས་མེད་གཞོམ་གཞིག་བྲལ་བ་རྡོ་རྗེའི་སྐུཿ འོད་ལུས་འཛིན་ཞེན་བྲལ་བར་བྱིན༴ ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལཿ འགགས་མེད་བདེན་ཚིག་འགྲུབ་པར་རྡོ་རྗེའི་གསུངཿ གྲགས་སྟོང་མཁའ་འགྲོའི་བརྔ་རུ་བྱིན༴ ཡིད་ལ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ རྟོག་མེད་རེ་སྙོམས་ཆེན་པོ་རྡོ་རྗེའི་ཐུགསཿ བརྗོད་བྲལ་བློ་འདས་ཆེན་པོར་བྱིན༴ བྱིན་ཆེན་ཕྱིན་ཕོབ་ཆོས་སྐུའི་མཁའ་འགྲོ་མཿ དབང་ཆེན་དབང་བསྐུར་ཡུལ་ཆེན་གསང་ཡེ་མཿ དངོས་གྲུབ་མཆོག་སྩོལ་ཁྲོས་མ་ལྷ་ལྔ་མཿ གསོལ་བཏབ་འབྲས་བུ་དུས་འདིར་མཆིས་པར་མཛོདཿ ཕཊཿ «བདུན་པ་རྩེ་གཅིག་བྱིན་ཆེན་དབབ་པ་ཡིསཿ ལུས་ལ་བདེ་བ་ངག་ལ་ནུས་པ་འབྱུང་ཿ ཆོས་ཉིད་ཉམས་ཀྱི་སྣང་བ་འལམ་འོལཿ སེམས་ཉིད་སྤྲོས་བྲལ་མ་བཅོས་ངང་ལ་བཞགཿ གཟུང་འཛིན་འཁྲུལ་པའི་བག་ཆགས་ཡོངས་དག་ནསཿ རང་རིག་ཡི་དམ་ལྷ་དང་དབྱེར་མེད་འགྱུརཿ དེ་ནས་བམ་ཆེན་རོ་འགྱེད་ཆེན་པོ་ནིཿ »ཕཊཿ མ་དག་འཁྲུལ་སྣང་སྒྱུ་མའི་གྲོང་ཁྱེར་དབུསཿ རྣམ་ཤེས་འོད་ཀྱི་ཐིག་ལེ་དབྱིངས་སུ་འཕགསཿ སྐར་མདའ་ཆད་བཞིན་གཙོ་མོའི་ཐུགས་ཀློང་འདྲེསཿ སྨྲ་བསམ་བརྗོད་པ་བྲལ་བའི་ངང་ཉིད་ལསཿ སླར་ཡང་ཨ་ཡིག་མཐིང་གསལ་ཕྱིར་འཕྲོས་པསཿ རང་རིག་ཡུམ་ཆེན་མ་གཅིག་ཁྲོས་མ་ནགཿ གཏུམ་རྔམས་དྲག་པོའི་ཆ་ལུགས་སྐུ་ལ་རྫོགསཿ གཡང་གཞི་གྲི་གུག་འཛིན་པ་ལམ་གྱིས་གསལཿ ཕཊཿ མདུན་དུ་རང་ལུས་བེམ་པོ་རི་རབ་ཙམཿ གྲི་གུག་སྙིང་གར་བརྒྱབ་པས་བེམ་པོ་ཞིགཿ བདུད་རྩི་འོ་མའི་རྒྱ་མཚོས་ས་གཞི་གངཿ ཐུགས་ལས་སྤྲུལ་པའི་མཁའ་འགྲོ་གྲངས་མེད་ཀྱིསཿ ཐོད་པས་བཅུས་ཤིང་ཚོགས་ཞིང་ལྷ་ཚོགས་མཆོདཿ དཀོན་མཆོག་སྲི་ཞུ་མགོན་པོ་ཡོན་ཏན་མགྲོནཿ ཟག་མེད་བདུད་རྩིའི་མཆོད་པས་མཉེས་ཤིང་ཚིམཿ ལྷ་ཚོགས་བཀྲག་མདངས་གཟི་བརྗིད་རབ་རྒྱས་ཤིངཿ སྐུ་ལས་འོད་ཟེར་སྣ་ཚོགས་འཕྲོས་གྱུར་པསཿ བེམ་པོའི་བདུད་རྩིར་ཕོག་པས་གནས་འགྱུར་ཞིངཿ བདག་ལུས་གྲངས་མེད་སྟོང་གསུམ་འཇིག་རྟེན་ཁྱབཿ ལ་ལ་དཀར་གསུམ་ལ་ལ་མངར་གསུམ་དངཿ རིན་ཆེན་འབྲུ་སྣ་དར་ཟབ་སྨན་གྱི་རིགསཿ ཁང་བཟང་སྐྱེད་མོས་ཚལ་དང་ལྷ་དང་མིའིཿ བཟའ་བཏུང་འདོད་ཡོན་ལོངས་སྤྱོད་དཔག་ཏུ་མེདཿ གང་ལ་གང་འདོད་མི་ཟད་གཏེར་ཆེན་པོཿ རིགས་དྲུག་སྙིང་རྗེའི་མགྲོན་དུ་གྱུར་རྣམས་ལཿ སྦྱིན་པས་མཉེས་ཤིང་དགའ་མགུ་ཡི་རང་ཚིམཿ ལན་ཆགས་བདག་པོ་བདག་མོའི་ཚོགས་རྣམས་ཀྱངཿ ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་པརཿ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་ལ་སྤྱོདཿ ཤ་མཁོན་བུ་ལོན་ལན་ཆགས་ཀུན་བྱང་ནསཿ འགྱུར་མེད་བདེ་ཆེན་དཔལ་ལ་ལོངས་སྤྱོད་གྱུརཿ ཕཊཿ སླར་ཡང་བདག་དང་བསྲུང་བྱ་དབྱེར་མེད་ཀྱིཿ ལུས་སེམས་བྲལ་བའི་བེམ་པོ་ཆེ་ཞིང་ཚོཿ བཀྲག་མདངས་ལྡན་པ་ས་གཞིའི་ཁམས་ཁྱབ་པཿ ཁྲོས་མས་གྲི་གུག་བརྒྱབ་པས་ལྤགས་པ་བཤུསཿ ཤ་སྣ་ལྔ་ཡི་རི་རབ་སྤུངས་པ་ལཿ རྩ་བར་ཁྲག་ཞག་རྒྱ་མཚོའི་རྦ་ཀློང་འཁྲུགསཿ མཐའ་བསྐོར་རྐང་དང་ལྤགས་པའི་རྭ་བས་བསྐོརཿ ནང་རོལ་བཀྲམ་ཞིང་རྒྱུ་མའི་ཞགས་པས་དཀྲིསཿ དྲོད་རླངས་མ་ཡལ་དྲི་དང་འཐུལ་ལེ་བཿ མཐོ་བ་སྲིད་པའི་རྩེ་མོ་མན་ཆད་དངཿ དཔའ་བ་ན་རག་དམྱལ་ཁམས་ཡན་ཆད་ལཿ རྒྱུ་བའི་སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགསཿ ལྷ་ཀླུ་གཟའ་བཙན་བདུད་སྲིན་མ་མོ་དམུཿ གཉན་དང་ས་བདག་ཐེའུ་རང་རྒྱལ་འགོང་དངཿ བསེན་མོའི་རིགས་གྱུར་ཤ་དང་ཁྲག་ལ་སྡངཿ འབྱུང་པོ་གདུག་པའི་ཚོགས་ཀུན་མྱུར་དུ་འདུསཿ ཤ་ཁྲག་དོན་སྙིང་ནང་རོལ་ཚིམ་པར་རོལཿ ངོམས་ཤིང་འགྲངས་ནས་གདུག་སེམས་ཀུན་ཞི་ཞིངཿ ཕྱག་འཚལ་གུས་འདུད་སྲོག་གི་སྙིང་པོ་ཕུལཿ ཕཊཿ ཤ་ཁྲག་ནང་རོལ་སྟོང་གསུམ་ཁྱབ་པའི་སྟེངཿ བྱད་མ་དགྲ་གདོན་བདག་ལ་སྡང་བ་དངཿ གདུག་པའི་སེམས་ལྡན་མ་ལུས་ཀུན་འདུས་ཤིངཿ ཤ་ཁྲག་ནང་རོལ་རྔམས་ཟས་བྱས་པ་ཡིསཿ རྟེན་དང་བརྟེན་པ་དུག་ཁྲག་རྒྱ་མཚོའི་དབུསཿ དབང་མེད་ཆུད་ཅིང་རྦ་རླབས་དུག་རླངས་ཕྱུརཿ གཏིང་དུ་ཚུད་ཅིང་དྲན་མེད་བརྒྱལ་ཞིང་འཚུབསཿ དམ་པ་རྒྱ་གར་ཁྲོས་མ་གྲངས་མེད་ཀྱིསཿ མཐའ་ནས་བསྐོར་ཞིང་ཕཊ་སྒྲ་དིར་དིར་སྒྲོགསཿ ཁྲོ་བོ་ཁྲོ་མོའི་དམག་ཚོགས་གྲངས་མེད་སྤྲུལཿ དུག་ཁྲག་རྒྱ་མཚོ་དགྲ་གདོན་བཅས་པ་ཀུནཿ ལྷག་མེད་རྔུབ་ཅིང་སྲིད་གསུམ་སྟོང་པར་སྦྱངསཿ དམིགས་མེད་ཆོས་དབྱིངས་ཁྱབ་བརྡལ་ཆེན་པོའི་ངངཿ ཕཊཿ «ཌཱ་མ་རུ་དང་གླིང་བུས་སྒྲ་ཆེན་སྒྲོགསཿ དམིགས་པ་མཐའ་རྫོགས་སྒོ་གསུམ་ཐང་ཆད་ཚེཿ བརྟུལ་ཞུགས་རོ་ཉལ་དབྱིངས་རིག་མ་བུ་བསྲེཿ སྐྱེ་མེད་ཆོས་སྐུའི་རིག་པ་བརྗོད་དུ་མེདཿ འགགས་མེད་ལོངས་སྐུའི་འཁོར་འདས་ཀུན་ལ་ཁྱབཿ རྩོལ་མེད་སྤྲུལ་སྐུ་སྣ་ཚོགས་རྩལ་ཤར་བཿ དུ་མ་རོ་གཅིག་ཁྱབ་བརྡལ་ལྷུན་གྱིས་གྲུབཿ སྤྲོས་བྲལ་ལམ་བཅོས་ཀ་དག་ངོ་བོར་བལྟཿ རྗེས་ཐོབ་སྣང་བ་ཧུར་བསྐྱེད་རིག་རྩལ་སྦྱངསཿ གང་ཤར་མི་ཞེན་ཤར་གྲོལ་དུས་མཉམ་བལྟཿ རྟེན་འབྲེལ་སྣ་ཚོགས་ཐབས་ལ་མཁས་པ་ནིཿ འཛིན་པ་རང་གྲོལ་རྣལ་འབྱོར་ཁྱད་ཆོས་སོཿ རྗེས་ལ་ཞི་བྱེད་གནད་ཀྱི་སྡོམ་པ་ནིཿ» ཨེ་མ་ཧོཿ ཀུན་བཟང་ཡུམ་གྱི་ངོ་བོ་ཉིདཿ འཁོར་འདས་ཐམས་ཅད་སྤྲུལ་པའི་གཞིཿ རྒྱལ་བ་ཀུན་གྱི་ཡུམ་ཆེན་མོཿ གསང་བ་ཡེ་ཤེས་ཌཱཀྐི་མཿ ཁྱོད་སྒྲུབ་ཁྱོད་ཀྱི་དགོངས་པ་རྟོགསཿ ད་ནི་འཁོར་འདས་གཞི་ལ་རྫོགསཿ རང་སེམས་ཆོས་སྐུར་ངོ་འཕྲོད་པསཿ སངས་རྒྱས་ཐོབ་པའི་རེ་བ་ཞིཿ སྣང་སེམས་དབྱེར་མེད་འདྲེས་པ་ཡིཿ འཁོར་བར་འཁྱམས་ཀྱི་དོགས་པ་ཞིཿ བསྒྲུབ་བྱ་སྒྲུབ་བྱེད་ལས་འདས་པསཿ ཟག་བཅས་ཆོས་ཀྱི་ཕན་པ་ཞིཿ སྟོང་ཉིད་སྐྱོན་གྱིས་མ་གོས་པསཿ མི་དགེ་སྡིག་པའི་སྤོངས་སེམས་ཞིཿ རིག་པ་བཅར་ཕོག་ངོ་འཕྲོད་པསཿ ས་ལམ་བགྲོད་པའི་རྩིས་གདབ་ཞིཿ བསྐྱེད་རིམ་འཛིན་ཞེན་བྲལ་བ་ཡིསཿ བསྙེན་སྒྲུབ་ནུས་མཐུའི་རྟོག་པ་ཞིཿ འགལ་རྐྱེན་གྲོགས་སུ་ཤར་བ་ཡིསཿ བར་ཆད་བདུད་ཀྱི་དོགས་པ་བཞིཿ མཁའ་འགྲོ་རིག་པའི་རྩལ་ཤར་བསཿ ཚོགས་དང་གཏོར་མའི་འཛིན་པ་ཞིཿ ཕུང་པོ་གཟན་དུ་སྒྱུར་བ་ཡིསཿ བསོད་ནམས་ཚོགས་ཆེན་རེ་བ་ཞིཿ རྐྱེན་ངན་ལམ་དུ་སློང་བ་ཡིསཿ འདྲེ་གདོན་འབྱུང་པོའི་འཇིགས་སྐྲག་ཞིཿ སྣང་བ་སྒྱུ་མར་རྟོགས་པ་ཡིསཿ གནས་དང་ཡུལ་གྱིས་འཛིན་པ༴ སྣང་བ་དག་པ་རབ་འབྱམས་ལཿ བཟང་ངན་ཐེ་ཚོམ་གཙང་རྩོག་ཞིཿ ཞི་བ་བྱང་ཆུབ་སྟོང་ཆེན་གནདཿ མ་གཅིག་གསང་བ་ཡེ་ཤེས་ཀྱིཿ དགོངས་པ་བཅར་ཕོག་ཐུགས་སུ་ཆུདཿ བརྟུལ་ཞུགས་ཨ་ཙར་དམར་པོ་ཡིཿ ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོསཿ འཛིན་པ་རང་གྲོལ་རྣལ་འབྱོར་བཿ བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནསཿ ཟག་བཅས་འོད་ཀྱི་སྐུ་རུ་ཡལཿ ཟག་མེད་གཞོན་ནུ་བུམ་སྐུར་འགྲུབཿ དགེ་ཚོགས་འཛད་མེད་རྒྱ་མཚོའི་གཏེརཿ མཁའ་ཁྱབ་མར་གྱུར་འགྲོ་བ་རྣམསཿ བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོཿ མཆོད་དང་སྦྱིན་པའི་ཡུལ་གྱུར་པའིཿ བཟང་ངན་ལས་ཀྱི་འབྲེལ་བསྡུས་ཀུནཿ བྱང་ཆུབ་སེམས་གཉིས་རྒྱུད་ལ་སྐྱེསཿ ཉོན་མོངས་འཁྲུལ་པའི་བག་ཆགས་ཞིཿ མ་གཅིག་ཆོས་སྐུ་ཡུམ་ཆེན་མོའིཿ གོ་འཕང་མྱུར་དུ་ཐོབ་པར་ཤོགཿ རང་རིག་མ་བཅོས་དོན་གྱི་ལྷཿ ཡེ་ཤེས་ལྔ་ཡི་ངོ་བོ་ཉིདཿ མ་གཅིག་ཁྲོས་མ་ལྷ་ལྔ་མརཿ དབྱེར་མེད་ཆེན་པོ་ཨེ་མ་ཧོཿ «སྤྱོད་པ་རྒྱུན་གྱི་རྣལ་འབྱོར་སྐྱོངཿ དངོས་ཉམས་རྨི་ལམ་གང་ལ་ཡངཿ ཚད་བཞིའི་འབྲས་བུ་མཐར་ཕྱིན་ཚེཿ རྗེས་ཆོག་རང་གཞུང་མཐར་རྒྱས་བྱཿ ཨེ་མ་ལྔ་ཕྲག་ཐ་མའི་དུསཿ འགྲོ་ཀུན་སྡུག་བསྔལ་དྲག་པོར་སྤྱོདཿ ཁྱད་པར་པྲེ་ཏ་པུ་རིའི་ཡུལཿ སེམས་ཅན་བསོད་ནམས་མངའ་ཐང་དམནཿ ཚེ་ཐུང་ནད་མང་ལོངས་སྤྱོད་དབུལཿ ལོག་ལྟ་ཐེ་ཚོམ་ཉོན་མོངས་འཁྲུགསཿ དམག་འཁྲུགས་ནད་ཡམས་མུ་གེས་མནརཿ དམ་ཆོས་སྒྲུབ་པའི་ལོང་མེད་ཅིངཿ སྐལ་ལྡན་སྡུག་བསྔལ་དྲག་པོས་མནརཿ ང་སྤྲུལ་དམ་པ་ནག་པོ་ཉིདཿ བརྟུལ་ཞུགས་ཕལ་པའི་གཟུགས་སུ་སྤྲུལཿ ལྷ་ལྕམ་མེ་ཏོག་མནྡཱརཿ མི་ཡུལ་སྐྱེ་བ་ཉེར་གཅིག་གིཿ ཐ་མར་རྫོགས་པའི་སྐབས་ཡིན་ཏེཿ འགྲོ་དོན་མཐའ་རུ་རྫོགས་པ་ལཿ ཆོས་གཞན་བྱིན་རླབས་ཡོད་མོད་ཀྱངཿ སྙིགས་མའི་སྟོབས་ཀྱི་དམ་མེད་ཞུགསཿ ཡང་གསང་ཐུགས་ཀྱི་ཐིག་ལེའི་གཞུངཿ ཉམས་ལེན་འཛིན་པ་རང་གྲོལ་འདིཿ པདྨ་འདམ་གྱི་དབུས་སྐྱེས་ཀྱང་ཿ འདམ་གྱི་དྲི་མས་མ་གོས་བཞིནཿ བར་ཆད་སྡིག་སྒྲིབ་ཀྱིས་མི་ཚུགསཿ དམ་ཉམས་རང་གཤེད་འབེབས་པ་ཡིནཿ འདི་ལ་རྐྱེན་གྱི་མི་གོས་པའིཿ ཡང་གསང་ལས་ཀྱང་ཆེས་གསང་བཿ སྙིང་པོ་བཅུད་ཀྱི་གདམས་པ་སྟེཿ སྟོན་པ་དྲི་མ་མེད་པ་ངསཿ གསང་བ་ཡེ་ཤེས་ཀུན་དགའ་མོའིཿ ཐུགས་སུ་གབ་པ་མངོན་དུ་ཕྱུངཿ བདག་འདྲ་ཨ་ཙར་དམར་པོས་རྟོགསཿ སྨིན་ནག་འདུས་པའི་གནས་མཆོག་གིཿ ཨུ་ཙ་ལ་ཡི་དུར་ཁྲོད་དུཿ མ་གཅིག་ཁྲོས་མ་ནག་མོ་ཡིཿ མཁའ་དབྱིངས་ཐུགས་ཀྱི་ཀློང་དུ་སྦསཿ མ་འོངས་བསྐལ་པའི་ཐ་མ་ལཿ བྱང་ཕྱོགས་ཁ་བ་ཅན་གྱི་རིརཿ ལྷ་ལྕམ་འགྲོ་དོན་སྤྱོད་པའི་ཚེཿ བརྟུལ་ཞུགས་དམ་པ་ནག་པོ་དང་ཿ ཌཱཀྐི་ཟུང་གི་ལག་ཏུ་སྤྲོདཿ བཀའ་འདི་འབར་མ་མཆེད་གསུམ་དངཿ མ་མོ་གཟའ་དང་གིང་ཆེན་བརྒྱདཿ དུར་ཁྲོད་བདག་པོ་ཡབ་ཡུམ་གྱིསཿ ཐུབ་པར་སྲུངས་ཤིག་དམ་ཚིག་རྒྱཿ དམ་ཉམས་བཀའ་རྒྱུད་ལོག་སྲེད་ཅིངཿ གཞན་དོན་སྤངས་ཤིང་རང་དོན་སྒྲུབསཿ བླ་མར་སྡང་ཞིང་གདམས་ངག་ལེནཿ ལོག་ལྟ་བསྐུར་འདེབས་རང་ཆེ་འབྱིནཿ ཐོག་དྲེད་ཆོས་ཀྱི་རྒྱུས་ཅན་གྱིཿ རླུང་ཕྱོགས་ཙམ་དུ་ཐོས་གྱུར་ཀྱང་ཿ སྲོག་སྙིང་ལོངས་ལ་སྙིང་ཁྲག་འབོསཿ ས་མ་ཡཿ ཙིཏྟ་རཀྵ་ན་ར་ཀནཿ རྒྱ་རྒྱ་རྒྱཿ སྐུ་གསུང་ཐུགས་དང་དམ་ཚིག་རྒྱཿ སྲོག་གི་སྙིང་པོ་ལན་དགུའི་རྒྱཿ ཉིན་མཚན་དུས་དྲུག་གཡེལ་མེད་དུཿ བྱ་ར་མེལ་ཚེ་གཉེར་དུ་ལོངསཿ བྱིན་རླབས་ཚན་ཁ་ཆེ་བ་དངཿ བརྒྱུད་འཛིན་མཐུ་སྟོབས་ནུས་པ་རྒྱསཿ ལས་སྐལ་དམ་ཚིག་ལྡན་རྣམས་ལཿ སྲུང་སྐྱོབས་མགོན་དང་སྡོང་གྲོགས་ཀྱིསཿ བསྟན་པ་མི་ནུབ་མཐའ་རྒྱས་ཤིངཿ ཕྱོགས་ལས་རྣམ་པར་རྒྱལ་བར་འགྱུརཿ ནམ་ཞིག་དུས་ལ་མ་བབ་པརཿ ཁ་ཐཾཿ གུཧྱཿ གནྡྷེ་རྒྱཿ ཨྠིྀཿ ཕ་གཅིག་དམ་པ་ནག་པོ་དངཿ དབྱེར་མེད་དུས་མཐའི་སྙོམས་ལས་པཿ ཌཱཀྐིའི་གསང་མཛོད་དབང་བསྒྱུར་བཿ ཁྲག་འཐུང་ལས་ཀྱི་དཔའ་བོ་ལཿ རྣམ་གསུམ་དྲིན་ལྡན་ཌཱཀྐི་མསཿ རྟེན་འབྲེལ་ཟབ་མོའི་མཚམས་སྦྱར་ཏེཿ བརྡའ་ཁྲོལ་བསྐུལ་མ་མཛད་པའི་ཚེཿ བད་རག་གསང་བའི་བརྡ་རིས་ལསཿ བསྡུས་ཤིང་དག་པར་ཕབ་པ་སྟེཿ དྲི་མེད་རྒྱལ་བས་དག་པར་མཛདཿ ཡི་གེའི་འདུ་བྱེད་དམ་ལྡན་དུཿ འཇིགས་བྲལ་འོད་ཟེར་གྱིས་བགྱིས་པསཿ ཉམས་ལོངས་ཡོན་ཏན་ནུས་པ་གསལཿ མན་ངག་ཆོས་ཀྱི་གཞུང་ཤིང་ངོཿ དགེ་བས་འཁོར་བ་དོང་སྤྲུགས་ཤོགཿ དགེའོཿ ཿ | «༄༅། །྅྅྅ ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོཿ ཞིང་ཁམས་དབང་བསྒྱུར་གསང་ཡེ་མཿ ཁམས་གསུམ་ཟིལ་གནོན་ཁྲོས་མའི་རྒྱལཿ གུས་པས་འདུད་དེ་དངོས་གྲུབ་སྩོལཿ ཨ་ཏི་ཐིག་ལེ་སྐོར་གསུམ་ལསཿ མན་ངག་འཛིན་པ་རང་གྲོལ་ཆོསཿ བརྟུལ་ཞུགས་ལྡན་པའི་རྣལ་འབྱོར་གྱིསཿ ས་ལམ་ཉི་ཟླའི་བགྲོད་པ་བཞིནཿ གདོད་མའི་རྒྱལ་སར་དབུགས་དབྱུང་ཞིང་ཿ ཐུགས་རྗེའི་རོལ་རྩལ་སྣ་ཚོགས་ཀྱིསཿ འཁྲུལ་སྣང་བདག་ཏུ་བཟུང་བ་ཡིཿ གཟུང་འཛིན་འཆིང་བས་རབ་ཏུ་བཅིངསཿ ངན་སོང་གསུམ་གྱི་རྒྱུ་བསགས་པསཿ གཟུགས་མེད་འབྱུང་པོ་ཐབས་ཀྱིས་འདུལཿ གཟུགས་ཅན་འབྲེལ་བས་བསྡུས་པ་ཀུནཿ ཡང་དག་ལམ་དུ་འགོད་པའི་ཐབསཿ དགའ་རབ་དཔའ་བོས་གསང་མཛོད་བསྟནཿ རྩ་བ་རྡོ་རྗེའི་ཚིག་རྐང་ནསཿ གསུངས་བཞིན་དགོས་པའི་ཡོ་བྱད་རིགསཿ ཞིང་ཆེན་པགས་པའི་གཡང་གཞི་དངཿ བྱང་སེམས་མི་རྐང་གླིང་བུ་ནིཿ ཕོ་མོ་གང་ཡིན་ཐབས་ཤེས་འབྲེལཿ ཚེར་མའི་ཤིང་གི་ཌཱ་མ་རུཿ དར་སྣ་ལྔ་ཡི་ཅོད་པན་དངཿ དྲིལ་གཡེར་མགྲོན་ཚོམ་ལྔ་ཡིས་བརྒྱནཿ ཚོགས་གཞོང་བྷནྡྷ་མཚན་ལྡན་དངཿ གཅན་གཟན་གཏུམ་པོའི་པགས་པའི་གདནཿ ཐོད་པའི་ཕྲེང་བ་དང་བཅས་ཏེཿ ཆས་དྲུག་རྣལ་འབྱོར་སྤྲོས་བཅས་སོཿ སྤྲོས་མེད་དམིགས་པའི་ཆོ་འཕྲུལ་མཆོགཿ གཉན་ཁྲོད་རྟག་ཏུ་འགྲིམ་པའི་ཚེཿ ཐོག་མར་ཟིལ་གནོན་དམིགས་པ་ནིཿ བླ་མའི་གསོལ་འདེབས་བསྒོམ་བཟླས་མཐརཿ »ཕཊཿ རང་རིག་མ་བཅོས་སྐད་ཅིག་དྲན་རྫོགས་སུཿ བདུད་འདུལ་ཁྲོས་མ་ནག་མོ་འཇིགས་རུང་གཟུགསཿ སྤྱན་གསུམ་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགསཿ ཕྱག་གཉིས་གཡང་གཞི་ཕྱར་ཞིང་རྐང་གླིང་སྒྲོགསཿ དྲག་པོའི་ཆས་རྫོགས་ཞབས་གཉིས་གར་སྟབས་འགྱིངཿ རི་རབ་ལྟ་བུའི་སྐུ་ལུས་བརྗིད་པ་ལཿ སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་ཡིཿ ཐུགས་ལས་གནམ་ལྕགས་རི་རབ་སྲ་བརྗིད་བརྟནཿ འོད་ཟེར་མེ་དཔུང་འབར་བ་འཕྲོས་པ་ཡིསཿ གཉན་དམིགས་ཐོག་ཏུ་གནམ་ལྕགས་ཐོག་ལྟར་བབསཿ གནས་གདོན་ལུས་གདོན་གཙོར་གྱུར་འདོད་ཁམས་ཀྱིཿ སྣང་སྲིད་ལྷ་འདྲེ་ཐམས་ཅད་འོག་ཏུ་མནནཿ བྲོས་འཁྱམས་དབང་མེད་འགུལ་བསྐྱོད་མི་ནུས་པརཿ དཔའ་ཟིལ་ཆགས་ཤིང་དྲན་མེད་གནས་པར་བསམཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿ«སྒྲ་དྲག་པོས་སྲིད་གསུམ་འགེངས་པར་བསམཿ ལྟ་བའི་ངར་མདངས་མ་བྲལ་ཤུགས་ཀྱིས་འགྲོཿ གཉན་དམིགས་སྟེང་དུ་སླེབས་མ་ཐག་ཉིད་དུཿ ཆོས་ཉིད་གདེངས་ལྡན་ལྟ་བའི་རང་ཉིད་ནསཿ བརྟུལ་ཞུགས་རོ་ཉལ་དམིགས་པའི་འཁྲུལ་འཁོར་གཙོཿ སྤྲོས་བཅས་ཕྱོགས་བཞི་དབུས་ལྔར་ཐོ་ཆུང་བརྩིགསཿ ཅོག་བུའམ་གནས་ཁང་ཁྲོས་མའི་གཞལ་ཡས་དབུསཿ གདན་ཉིད་གཡང་གཞི་ས་གཞིར་ཁྱབ་པའི་འོགཿ ལྕགས་ཁང་དབུས་སུ་ལྕགས་ཀྱི་དྲྭ་བ་བསྒོམཿ ཁྲོས་མའི་བསྒོམ་བཟླས་གཉན་འབོད་རིང་མོ་བྱཿ ལྷ་འདྲེ་འགྱུར་ལྡོག་མགོ་གཡོག་བྱེད་པ་དང་ཿ གཅན་གཟན་གདུག་པ་དགྲ་རྐུན་ཆོམ་པོའི་རིགསཿ དྲྭ་མིག་གིས་བཅིངས་མགོ་མཇུག་ཐུར་ལྡོག་བསམཿ ལྷ་འདྲེའི་དམག་ཚོགས་ས་གཞིའི་རྡུལ་གྱི་གྲངསཿ ཁྲོམ་ཚོགས་ཇི་བཞིན་འདུས་པའི་ཕྱི་རོལ་དུཿ འཇིག་རྟེན་ལས་དང་ཤ་ཟ་དམ་ཚིག་གིཿ མཁའ་འགྲོའི་དམག་ཚོགས་དེའི་ཕྱིར་ཡེ་ཤེས་ཀྱིཿ ཌཱཀྐི་སྡེ་བཞི་སྤྲུལ་འཁོར་བཅས་པས་བསྐོརཿ དེ་ཕྱིར་རྡོ་རྗེ་རྭ་གུར་སྲ་ཞིང་བརྟནཿ སྤུ་གྲི་རེག་གཅོད་མེ་རླུང་འཁྲིགས་པར་བསྒོམཿ འཛིན་པ་རང་གྲོལ་དམིགས་པའི་འཁྲུལ་འཁོར་དངཿ ནམ་མཁའ་སྒོ་འབྱེད་ལྟ་བའི་ཉམས་ལེན་གནདཿ ཐུན་མཚམས་ལས་བྲན་དམིགས་པ་སྐབས་དང་སྦྱརཿ སྐབས་སུ་ཕུང་པོའི་མཆོད་སྦྱིན་བསྡུས་ཙམ་བཏངཿ སློང་ཚད་མཐར་ཕྱིན་ཚར་ཆད་ཕྲན་བུའི་སྐབསཿ བྱིན་རླབས་གནདའབེབས་རིང་མོ་གན་དུ་བསྟུནཿ མཆོད་སྦྱིན་གཅོད་ཚོགས་འདི་ཉིད་ཉམས་སུ་ལོངསཿ ཚོགས་རྫོགས་སྒྲིབ་སྦྱང་མཐར་ཕྱིན་འབྲས་སྨིན་འགྱུརཿ ཐོག་མར་སྐྱབས་སུ་འགྲོ་བའི་རིམ་པ་ནིཿ» ན་མོཿ ཕྱོགས་བཅུ་དུས་བཞིའི་བཅོམ་ལྡན་རྒྱལ་བ་སྲསཿ རྩ་བ་རྒྱུད་པའི་བླ་མའི་ཚོགས་རྣམས་དངཿ ཡི་དམ་ཞི་ཆགས་ཁྲོ་བོའི་དཀྱིལ་འཁོར་ལྷཿ ཡེ་ཤེས་ལས་མཛད་ཌཱཀྐིའི་ཚོགས་རྣམས་ལཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ གདོད་མའི་གཞི་ལ་མངོན་པར་བྱང་ཆུབ་པའིཿ ཀུན་བཟང་ཐོག་མའི་མགོན་ལ་སྐྱབས་སུ་མཆིཿ སྟོང་ཉིད་མ་བཅོས་ཀ་གདོང་མའི་གཤིསཿ བཟང་མོ་ཀུན་ཁྱབ་མ་ལ་སྐྱབས་སུ་མཆིཿ གཞི་ལས་མ་གཡོས་ཞིང་ཁམས་སྐུ་ལ་རྫོགསཿ ཤེས་རབ་ཕ་རོལ་ཕྱིན་མར་སྐྱབས་སུ་མཆིཿ ལོངས་སྤྱོད་རྫོགས་པའི་ཞིང་ལ་མངའ་དབང་བསྒྱུརཿ མ་གཅིག་གསང་ཡེ་མ་ལ་སྐྱབས་སུ་མཆིཿ ཁྲག་འཐུང་རོལ་པའི་ཞིང་ཁམས་སྤྲུལ་པའི་གཞིཿ བདུད་འདུལ་དབྱིངས་ཕྱུག་མ་ལ༴ ཁམས་གསུམ་སྲིད་པ་གསུམ་ལས་རྣམ་པར་རྒྱལཿ ཌཱཀྐི་ཁྲོས་མ་ལྷ་ལྔར༴ སྣ་ཚོགས་ཐབས་ཀྱིས་འགྲོ་དྲུག་སྡུག་བསྔལ་སེལཿ རྗེ་བཙུན་ཏཱ་རེ་མ་ལ༴ ཤེས་རབ་རྣོན་པོས་རྒྱལ་བའི་དགོངས་པ་རྟོགསཿ འཇམ་དཔལ་སྨྲ་བའི་སེང་གེར༴ སྙིང་རྗེ་ཆེན་པོས་འགྲོ་བའི་སྡུག་བསྔལ་སྐྱོབསཿ འཕགས་མཆོག་ཕྱག་ན་པདྨོར༴ མཐུ་སྟོབས་དབང་བསྒྱུར་ལས་ཀྱི་ས་མཚམས་འཛིནཿ གསང་བདག་རྡོ་རྗེ་འཛིན་ལ༴ ལས་དང་ས་མཚམས་ཀུན་ལ་དབང་བསྒྱུར་བའིཿ མ་གཅིག་ལས་ཀྱི་དབང་མོར་སྐྱབས་སུ༴ ཆོས་དབྱིངས་ཀློང་ལས་སྐལ་ལྡན་དོན་ལ་དགོངསཿ སྟོན་པ་དྲི་མ་མེད་ལ༴ རྫོགས་ཆེན་དོན་བརྒྱུད་གདམས་པའི་གསང་མཛོད་འཛིནཿ གསང་བདག་དགའ་རབ་དཔའ་བོ༴ ཧེ་རུ་ཀ་དཔལ་དཀྱིལ་འཁོར་ཀུན་གྱི་གཙོཿ པདྨ་ཐོད་ཕྲེང་རྩལ་ལ༴ འགྲོ་བའི་དོན་དུ་སྣ་ཚོགས་སྐུ་སྤྲུལ་མཿ ཡུམ་ཆེན་མནྡཱ་ར་ལ༴ ཟངས་མདོག་དཔལ་རིར་མཁའ་འགྲོའི་གསང་མཛོད་འཛིནཿ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༴ བརྟུལ་ཞུགས་ལམ་སློང་རྟེན་འབྲེལ་ཐབས་ལ་མཁསཿ ཕ་གཅིག་དམ་པ་ནག་པོར༴ འཆི་མེད་ཚེ་ཡི་རིག་འཛིན་མཆོག་བརྙེས་པའིཿ རྣལ་འབྱོར་གྲུབ་པའི་རྒྱལ་མོར༴ འཛིན་པ་རང་གྲོལ་ལས་ལ་དབང་བསྒྱུར་བའིཿ བདེ་ཆེན་ལབ་ཀྱི་སྒྲོན་མར༴ བརྟུལ་ཞུགས་ལམ་སློང་རྐྱེན་ངན་གྲོགས་སུ་འཆརཿ གཏེར་ཆེན་ཁྲག་འཐུང་དཔའ་བོར༴ འཇལ་ལུས་སྐུ་བརྙེས་འགྲོ་བའི་དཔལ་དུ་ཤརཿ དྷི་ཁྱའ་ཏཱ་རེ་མ་ལ་སྐྱབས༴ འཛིན་པ་རང་གྲོལ་ཉམས་ལེན་མཐར་ཕྱིན་མཛདཿ ཆོས་བདག་སྐྱེས་བུའི་ཚོགས་ལ་སྐྱབས་སུ་མཆིཿ བདག་སོགས་ནམ་མཁའི་མཐར་ཐུག་སེམས་ཅན་ཀུནཿ སྐྱབས་གནས་རྣམས་ཀྱི་ཐུགས་རྗེས་རྗེས་བཟུང་ནསཿ མ་དག་རིགས་དྲུག་འཁོར་བའི་སྐྱེ་སྒོ་ཆོདཿ དག་པ་སྐུ་གསུམ་ས་ལ་དབུགས་དབྱུང་ཤོགཿ «ལན་གསུམཿ གཉིས་པ་སེམས་བསྐྱེད་པ་ནིཿ »ཕཊཿ ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་ཀུནཿ བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཏེཿ ཚད་མེད་རྣམ་བཞི་རྒྱུད་ལ་སྐྱེས་ནས་ཀྱངཿ སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དངཿ བསམ་གཏན་ཤེས་རབ་ཕྱིན་དྲུག་ལམ་མཐར་ཕྱིནཿ རིགས་དྲུག་སྡུག་བསྔལ་རྒྱུ་དང་བྲལ་གྱུར་ནསཿ བདེ་བའི་རྒྱུ་སྒྲུབ་དགེ་དང་མི་འབྲལ་ཞིངཿ བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོགཿ སེམས་ཉིད་འོད་གསལ་འདུས་མ་བྱས་པའི་དོནཿ སངས་རྒྱས་རང་ལ་གནས་པ་ངོ་ཤེས་ནསཿ འཁྲུལ་པའི་སྣང་བ་རྨི་ལམ་སད་པ་བཞིནཿ འདུས་མ་བྱས་པའི་ཀློང་དུ་གྲོལ་བར་ཤོགཿ «ལན་གསུམཿ གསུམ་པ་ཡན་ལག་བདུན་པ་འབུལ་བ་ནིཿ» ཕཊཿ གནས་གདོན་ལུས་གདོན་སྣང་སྲིད་ལྷ་འདྲེ་དང་ཿ མི་དང་མི་མིན་འབྱུང་པོས་གཙོར་གྱུར་པའིཿ སྐྱེ་གནས་བཞིས་བསྡུས་རིགས་དྲུག་སེམས་ཅན་ཀུནཿ སྐུ་གསུམ་རྒྱལ་བ་རྩ་གསུམ་ལྷ་ཚོགས་ལཿ ཞིང་གི་རྡུལ་སྙེད་ལུས་སྤྲུལ་ཕྱག་འཚལ་ལོཿ ཀུན་བཟང་བླ་མེད་མཆོད་སྤྲིན་རྒྱ་མཚོས་མཆོདཿ སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆགས་བཤགསཿ ཐུགས་བསྐྱེད་མཛད་པ་རྒྱ་ཆེར་རྗེས་ཡི་རངཿ ཟབ་གསང་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལཿ སེམས་ཅན་མ་གྲོལ་བར་དུ་བཞུགས་གསོལ་འདེབསཿ དགེ་ཚོགས་བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོཿ «བཞི་པ་རྡོ་རྗེའི་མཎྜལ་འབུལ་བ་ནིཿ »ཕཊཿ རང་རིག་སྙིང་དབུས་ཚངས་བུག་ནས་བརྒྱུད་དེཿ ནམ་མཁར་འཕགས་ཤིང་རྣལ་འབྱོར་མ་རུ་གྱུརཿ ཕྱག་གཡས་གྲི་གུག་ལྤགས་པ་ཧྲལ་གྱིས་ཕྲལཿ ཤ་ཁྲག་མགོ་བོ་ནང་རོལ་སྤུངས་པ་ལཿ ཌཱཀྐིའི་ཐུགས་ལས་ཏྲྃཿདང་འོད་ཟེར་འཕྲོསཿ བེམ་པོར་ཕོག་པས་སྐད་ཅིག་གནས་གྱུར་ཏེཿ པགས་པ་དབང་ཆེན་གསེར་གྱི་ས་གཞི་ལཿ ཟོ་ཁོག་རི་རབ་མགོ་བོ་རྣམ་པར་རྒྱལཿ དབུ་མ་དཔག་བསམ་སྡོང་པོ་ཡལ་ག་རྒྱསཿ ཙིཏྟ་ཡིད་བཞིན་ནོར་བུ་རིན་པོ་ཆེཿ ཤ་ཁྲག་རུས་པ་ནང་རོལ་སོ་སེན་བཅསཿ གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་དངཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་དཔག་ཏུ་མེདཿ ཡན་ལག་ཉིང་ལག་རྒྱུ་མ་ཁྲག་ཆུ་སེརཿ ཤར་དུ་ལུས་འཕགས་ལྷོ་རུ་འཛམ་བུ་གླིངཿ ནུབ་བྱང་བ་ལང་སྤྱོད་དང་སྒྲ་མི་སྙནཿ ལུས་དང་ལུས་འཕགས་རྔ་ཡབ་རྔ་ཡབ་གཞནཿ གཡོ་ལྡན་ལམ་མཆོག་འགྲོ་དང་སྒྲ་མི་སྙནཿ སྒྲ་མི་སྙན་གྱི་ཟླ་དང་གླིང་ཕྲན་བརྒྱདཿ མཐའ་བསྐོར་རྒྱ་མཚོ་ལྕགས་རི་མུ་ཁྱུད་བཅསཿ འདོད་ཁམས་སྟོང་གསུམ་སྟོང་གི་འཇིག་རྟེན་ཁམསཿ སྟེང་དུ་གཟུགས་ཁམས་གནས་རིགས་བཅུ་བདུན་དངཿ གཟུགས་མེད་ཁམས་སོགས་བཀོད་པ་ལྷུན་རྫོགས་པཿ ལོངས་སྐུའི་ཞིང་གི་བཀོད་པ་བྱེ་བྲག་སོགསཿ ནམ་མཁའ་ས་གཞི་བར་སྣང་ཀུན་ཁྱབ་སྤྲུལཿ མཆོད་པར་འོས་པའི་ཚོགས་ཞིང་ལྷ་ཚོགས་ལཿ ཕུལ་བས་ཚོགས་རྫོགས་སྒྲིབ་པ་དག་པར་ཤོགཿ རང་ལུས་མཎྜལ་ཡོངས་རྫོགས་དག་པ་འདིཿ བློ་ཡིས་བླངས་ཏེ་ལྟོས་པ་མེད་པར་འབུལཿ ཆགས་ཞེན་འཁྲུལ་བའི་འཛིན་པ་ཡོངས་དག་ནསཿ བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་རྫོགས་ཏེཿ བདག་འཛིན་འཆིང་བ་རྩད་ནས་ཆོད་པར་ཤོགཿ གུ་རུ་རཏྣ་མཎྜལ་པཱུ་ཙ་ཧོཿ «ལྔ་པ་ཚོགས་ཞིང་གི་དཀྱིལ་འཁོར་ལྷ་ཚོགས་གསལ་གདབ་པ་ནིཿ» ཕཊཿ སྣང་བ་རྣམ་དག་མདུན་གྱི་ནམ་མཁའ་ལཿ འོག་མིན་ལྷུན་རྫོགས་སྟུག་པོ་བཀོད་པའི་ཞིངཿ རྒྱན་བཀོད་ཕུན་ཚོགས་འཇའ་འོད་སྤྲིན་ཕུང་འཁྲིགསཿ དབུས་སུ་རིན་ཆེན་སེང་ཁྲི་མཛེས་པའི་དབུསཿ པདྨ་ཉི་ཟླ་བམ་ཆེན་རོ་གདན་ལཿ སྐྱབས་གནས་གཅིག་ཆོག་བླ་མ་ཧེ་རུ་ཀཿ སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པཿ ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ་ཡི་ཉམསཿ དབུ་སྐྲ་ཐོར་ཚུགས་ལྷག་མས་སྐུ་རྒྱབ་ཁེབསཿ ཕྱག་གཡས་ཌཱ་རུ་གཡོན་པའི་དྲིལ་བུ་འཁྲོལཿ གཞོན་ཚུལ་ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགསཿ ཧེ་རུ་ཀ་ཡི་རྒྱན་ཆས་སྐུ་ལ་རྫོགསཿ ལྷ་ལྕམ་བདེ་བའི་ཡུམ་མཆོག་ཌཱཀྐི་མཿ དཀར་གསལ་གྲི་ཐོད་འཛིན་ཅིང་མཁའ་འགྲོའི་ཆསཿ གཞོན་ཚུལ་བདེ་བའི་ཉམས་ལྡན་མཉམ་པར་སྦྱོརཿ གཡས་སུ་བམ་ཆེན་ཕོ་མོ་བསྣོལ་བའི་ཁརཿ བརྟུལ་ཞུགས་གྲུབ་པའི་ཁྱུ་མཆོག་དམ་པ་རྗེཿ སྐུ་མདོག་དམར་ནག་ཁྲོ་ཚུལ་བརྗིད་པའི་ཉམསཿ ཞལ་གཅིག་སྤྱན་གསུམ་ནམ་མཁའི་མཐོངས་སུ་གཟིགསཿ ཕྱག་གཡས་སེང་ལྡེང་ཌཱ་རུ་ནམ་མཁར་འཁྲོལཿ སྐུ་གསུམ་ཞིང་གི་ལྷ་ཚོགས་ཐུགས་རྒྱུད་བསྐུལཿ གཡོན་པས་བྷནྡྷ་བདུད་རྩིས་བཀང་བ་བསྣམསཿ དཀར་དམར་ཡེ་ཤེས་བདུད་རྩིའི་བཅུད་ལ་རོལཿ བུདྡྷ་རིགས་ཀྱི་མ་གཅིག་ལབ་སྒྲོན་མཿ དཀར་གསལ་དཔའ་མོའི་ཆས་རྫོགས་རྡོར་དྲིལ་འཛིནཿ གཉིས་མེད་འཁྲིལ་སྦྱོར་བདེ་ཆེན་རོལ་པ་ཡིསཿ ཕོ་རྒྱུད་བརྒྱལ་ཞིང་མོ་རྒྱུད་དབང་དུ་བསྡུསཿ འགུགས་འདྲེན་སྤར་སོགས་ལས་བཞིའི་རྫུ་འཕྲུལ་མྱུརཿ གཡོན་དུ་པདྨ་ཉི་མ་རོ་ཡི་གདནཿ ཡི་དམ་མཁའ་འགྲོ་བདུད་འདུལ་ཁྲོས་མ་ནགཿ ཞལ་གདངས་ལྗགས་འདྲིལ་མཆེ་བ་གངས་རི་གཙིགསཿ སྤྱན་གསུམ་སྡང་མིག་འཁོར་འདས་ཀུན་ལ་གཟིགསཿ སྤྱི་གཙུག་ཕག་ཞལ་ངུར་སྒྲས་ས་གསུམ་གཡོཿ དབུ་སྐྲ་ཕྱེད་བཅིངས་ཟར་བུ་ཐུར་དུ་འཕྱངཿ ཕྱག་གཉིས་གྲི་གུག་ཕྱར་ཞིང་ཐོད་ཁྲག་འཐུངཿ ཞབས་གཉིས་དཔའ་མོའི་གར་སྟབས་ལིང་ངེ་བཿ ཁྲོ་མོའི་ཆས་རྫོགས་ཁ་ཊྭཱཾ་མཆན་དུ་བཅུགཿ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་གསལ་ལཿ ལྷོ་རུ་རིན་ཆེན་མཁའ་འགྲོས་སྙིང་མདོགཿ ནུབ་ཏུ་པདྨ་མཁའ་འགྲོ་པད་རག་འོདཿ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་ནག་མདངསཿ བཞི་ཀའང་ཆ་ལུགས་ཕྱག་མཚན་གཙོ་མོར་མཐུནཿ ཞི་རྒྱས་དབང་དྲག་ལས་བཞིའི་ངང་ཚུལ་སྟོནཿ ཡེ་ཤེས་མེ་དཔུང་རང་མདོག་འོད་ཟེར་འཁྲིགསཿ རྒྱབ་ཏུ་ཡུམ་ཆེན་ཤེས་རབ་ཕར་ཕྱིན་མཿ བཙོ་མ་གསེར་མདོག་ཞལ་གཅིག་ཕྱག་བཞི་ཡིསཿ རྡོ་རྗེ་གླེགས་བམ་མཉམ་བཞག་ཕྱག་རྒྱ་མཛདཿ སྐྱིལ་མོ་ཀྲུང་བཅས་པདྨ་ཉི་ཟླར་བཞུགསཿ མདུན་རྒྱབ་མེད་ཅིང་ཕྱོགས་ཀུན་ཐ་ལེར་གཟིགསཿ འཁོར་འདས་ཀུན་ལ་ཁྱབ་པའི་ཡུམ་ཆེན་མོཿ གྲགས་སྟོང་ཆོས་ཀྱི་རང་སྒྲ་དུས་ཀུན་སྒྲོགསཿ བསྐལ་བཟང་བདེ་གཤེགས་སྟོང་དང་སེམས་དཔས་བསྐོརཿ མདུན་དུ་རྗེ་བཙུན་འཕགས་མ་ཏཱ་རེ་མཿ ལྗང་གསལ་ཞི་འཛུམ་མཆོག་སྦྱིན་དཀོན་མཆོག་གསུམཿ མཚོན་པའི་སྐྱབས་སྦྱིན་རྒྱ་ཡིས་ཨུཏྤལ་བསྣམསཿ རིགས་ཀྱི་ཏཱ་རེ་ཉི་ཤུའི་འཁོར་དང་བཅསཿ སྣ་ཚོགས་ཐབས་ཀྱིས་འགྲོ་བའི་དོན་ལ་དགོངསཿ བླ་མའི་དབུ་ཐོག་དགའ་རབ་དཔའ་བོ་ནིཿ དཀར་གསལ་རྡོར་དྲིལ་འཛིན་ཅིང་ལོངས་སྐུའི་ཆསཿ ཆོས་ཉིད་བདེ་བ་ཆེན་པོའི་ཉམས་དང་ལྡནཿ ཡུམ་ཆེན་གསང་བ་ཡེ་ཤེས་ཌཱཀྐི་མཿ དམར་གསལ་ཐོར་ཚུགས་རུས་པའི་རྒྱན་དྲུག་ཅནཿ གྲི་གུག་མི་རྐང་གླིང་བུ་འཛིན་པས་འཁྱུདཿ བདེ་ཆེན་ངང་ནས་དཔའ་བོ་ཌཱཀྐིའི་ཚོགསཿ དབང་དུ་བསྡུ་ཞིང་ཟིལ་གནོན་ཕྱག་རྒྱས་བཅིངསཿ དེ་ཡི་སྤྱི་བོར་སྟོན་པ་དྲི་མ་མེདཿ དབུ་སྐྲ་ཐོར་ཚུགས་ལྷག་མས་སྐུ་རྒྱབ་ཁེབཿ ཐབས་ཤེས་སྤྱན་ཟུང་སྐུ་གསུམ་ཞིང་ཀུན་གཟིགསཿ ཞལ་ནས་རང་རང་སྐད་དུ་བརྡ་ཆོས་སྟོནཿ ཕྱག་གཡས་གསེར་རྡོར་དང་བཅས་སྡིག་མཛུབ་གཏདཿ གཡོན་པས་བདུད་རྩིའི་གཏམས་པའི་བམ་རིལ་བསྣམསཿ ཞབས་གཉིས་ཕྱེད་སྐྱིལ་ཨུཏྤལ་གདན་ལ་བཞུགསཿ རིན་པོ་ཆེ་སོགས་སྣ་ཚོགས་རྒྱན་གྱིས་སྤྲསཿ ཆོས་སྐུའི་མཁའ་འགྲོ་ཡུམ་དང་གཉིས་མེད་སྦྱོརཿ རིགས་ལྔ་བདེ་གཤེགས་ཡབ་ཡུམ་སྐུ་ལ་རྫོགསཿ རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་འཁོར་གྱིས་བསྐོརཿ དེ་འོག་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་དངཿ རྒྱུད་སྡེ་བཞི་དྲུག་ཡི་དམ་སྤྲིན་ལྟར་གཏིབསཿ བླ་མའི་མཐའ་བསྐོར་བར་མཚམས་ཐམས་ཅད་དུཿ རྒྱ་གར་གྲུབ་ཆེན་རྫོགས་ཆེན་དོན་བརྒྱུད་དངཿ ཞི་གཅོད་དགོངས་བརྡ་སྙན་བརྒྱུད་གྲུབ་གཉིས་ཀྱིཿ རྩ་བ་བརྒྱུད་པའི་བླ་མ་མ་ལུས་དངཿ རྡོ་རྗེ་རྣལ་འབྱོར་ཕག་མོ་བདུད་འདུལ་མཿ སེང་ཧ་མུ་ཁ་ཙནྡྲི་ཀ་ལ་སོགསཿ ཡེ་ཤེས་མ་རྒྱུད་མཁའ་འགྲོའི་ཚོགས་དང་བཅསཿ མཚོ་ཆེན་གཟའ་སྐར་བཀྲ་བཞིན་དཔུང་ངེར་བཞུགསཿ དེ་འོག་སྔགས་སྲུང་མ་གཅིག་ཁྲོས་མའི་རྒྱལཿ རང་འཁོར་སྤྲུལ་པ་ཡང་སྤྲུལ་བཅས་པ་དངཿ གཡས་སུ་མ་ནིང་ལེགས་ལྡན་ཕྱག་བཞི་དྲུགཿ མྱུར་མཛད་ཡེ་ཤེས་མགོན་པོ་བྱ་རོག་གདོངཿ བདུད་མགོན་ཡབ་ཡུམ་ལས་མགོན་དཀར་དམར་ནགཿ གཙོ་གྱུར་ཕོ་རྒྱུད་མགོན་པོའི་ཚོགས་རྣམས་དངཿ གཡོན་དུ་ཨེ་ཀ་ཙཊཱི་དུད་སོལ་མཿ འདོད་ཁམས་དབང་ཕྱུག་དཔལ་ལྡན་རེ་མ་ཏིཿ རྡོ་རྗེ་གཤོག་རྒོད་དམག་ཟོར་དུས་བཞིའི་རྒྱལཿ ཚེ་རིང་མཆེད་ལྔ་སྨན་བཙུན་གཡུ་སྒྲོན་མཿ སྲོག་སྒྲུབ་ནག་མོ་ཤྭ་ན་ས་བདག་དངཿ བདག་ཉིད་མ་བཞི་བརྟན་མ་བཅུ་གཉིས་བཅསཿ མོ་རྒྱུད་མ་མོའི་དམག་ཚོགས་བྱེ་བ་འབུམཿ རྒྱབ་ཕྱོགས་དྲང་སྲོང་གཟའ་བདུད་རཱ་ཧུ་ལཿ ཁྱབ་འཇུག་གཟའ་ཆེན་བརྒྱད་དང་གདོང་མོ་བཞིཿ རྒྱུ་སྐར་ཉེར་བརྒྱད་དྲེགས་པའི་དམག་དཔུང་བཅསཿ དམ་ཅན་རྡོར་ལེགས་དགེ་བསྙེན་བསྙོན་ཁ་ནགཿ ཨཱརྱ་ཛམ་ལྷ་རྒྱལ་ཆེན་སྡེ་བཞིར་བཅསཿ མདུན་ཕྱོགས་གནོད་སྦྱིན་ལག་ན་བེ་ཅོན་དངཿ ཟུར་ཕུད་ལྔ་ལྡན་ནེ་ལེ་ཐོད་དཀར་མཚནཿ གངས་བཟང་ཐོད་རྩལ་ལ་སོགས་གཉན་ཆེན་བཞིཿ གཞན་ཡང་དཔལ་མགོན་བདུན་ཅུ་རྩ་ལྔའི་འཁོརཿ རྡོ་རྗེའི་མིང་འཛིན་བཞི་སོགས་དཀར་ཕྱོགས་སྐྱོངཿ མགོན་པོ་ཡོན་ཏན་མགྲོན་གྱུར་ཁྲོམ་ཚོགས་བཞིནཿ མ་འདྲེས་ཡོངས་སུ་རྫོགས་པ་གསལ་བར་བསྒོམཿ རང་གནས་ས་གཞིར་གནས་གདོན་ལུས་གདོན་རིགསཿ ཤ་ཁྲག་སྲོག་ལ་བསྔོ་བ་འབྱུང་བོའི་གཙོསཿ བགེགས་རིགས་ལན་ཆགས་མགྲོན་དུ་གྱུར་རྣམས་དངཿ དེ་རྒྱབ་ལྷ་དང་ལྷ་མིན་མིའི་འགྲོ་བཿ དུད་འགྲོ་ཡི་དྭགས་དམྱལ་བའི་རིགས་བསྡུས་པའིཿ མཁའ་མཉམ་འགྲོ་བ་རིགས་དྲུག་སྙིང་རྗེའི་མགྲོནཿ ཉི་ཟེར་རྡུལ་འཁྲིགས་བཞིན་དུ་གནས་པའི་མཐརཿ འཇིག་རྟེན་ཤ་ཟ་ལས་དང་དམ་ཚིག་གིཿ མཁའ་འགྲོའི་དམག་ཚོགས་དེའི་ཕྱིར་ཡེ་ཤེས་ཀྱིཿ སྤྲུལ་པའི་ཌཱཀྐིའི་དམག་ཚོགས་དུ་མས་བསྐོརཿ ཕྱི་རོལ་གུར་ཁང་དང་བཅས་ཡོངས་རྫོགས་གསལཿ ཀུན་ཀྱང་ན་བུན་རླུང་གིས་བསྐྱོད་པ་བཞིནཿ ཡེ་ནས་དུ་མ་རོ་གཅིག་ཆེན་པོ་ལཿ སྤྱན་འདྲེན་བཞུགས་སུ་གསོལ་བའི་སྤྲོས་པ་བྲལཿ འཁོར་བ་མྱང་འདས་རྡུལ་གཅིག་སྟེང་ཉིད་དུཿ རྡུལ་སྙེད་ཚོགས་བཞིན་དངོས་སུ་གསལ་བ་ལཿ ཐེ་ཚོམ་བློ་ཡི་མདུད་པ་རང་སར་ཞིགཿ ཕཊཿ« དམིགས་མ་གསལ་བར་དུ་བརྗོདཿ ཌཱའ་མ་རུ་སྒྲོགས་གླིང་བུའི་སྒྲཿ ལན་ལྔ་སྒྲོག་ཅིང་གསལ་ཐེབས་ཚེཿ སྣང་བ་ཟིལ་ཁོལ་ཕྱུང་བའི་དུསཿ ངེས་འབྱུང་དད་པའི་ཤུགས་བསྐྱེད་ལཿ དྲུག་པ་གསོལ་འདེབས་དབྱངས་སྙན་པོསཿ »ཨེ་མ་ཧོཿ ཕྱོགས་བཅུ་དུས་བཞིར་བཞུགས་པའི་བཅོམ་ལྡན་འདསཿ སྐུ་གསུམ་རྒྱལ་བ་སྲས་དང་སློབ་མར་བཅསཿ ཡུམ་ཆེན་སངས་རྒྱས་སྟོང་དང་དགྲ་བཅོམ་འབུམཿ དེང་འདིར་བདག་བློའི་དད་པའི་ཞིང་ས་ལཿ ཚོགས་གཉིས་བསགས་དང་སྒྲིབ་གཉིས་ཡོངས་སྦྱངས་ཤིངཿ ས་དང་ལམ་གྱི་བར་ཆད་ཀུན་བསལ་ནསཿ སྐུ་དང་ཐིག་ལེ་འཇའ་འོད་ཟེར་མདངས་སྟོནཿ སྣང་བ་བཞི་ཡི་བགྲོད་པ་ཉི་ཟླའི་རྟཿ ཆོས་ཟད་ཀློང་དུ་འབྲས་བུ་སྟོན་མཛད་པའིཿ ཆོས་དབྱིངས་མ་བཅོས་དོན་གྱི་ཕོ་བྲང་ནསཿ རིགས་ཀྱི་བདག་པོ་སྟོན་པ་དྲི་མ་མེདཿ བླ་མའི་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཀྱངཿ སྣ་ཚོགས་ཐབས་ཀྱིས་ཞེན་འཛིན་དབྱིངས་སུ་གཅོདཿ ཁྱོད་ལ་གསོལ་བ་བདེ་བས་སོ་བྱིན་གྱི་རློབསཿ ལྷུན་རྫོགས་སྟུག་པོ་བཀོད་པའི་ཞིང་ཁམས་ནསཿ རྡོར་སེམས་གསང་བདག་དགའ་རབ་དཔའ་བོ་རྗེཿ རིག་འཛིན་རིག་པའི་འཁོར་ལ་བརྡ་ཆོས་སྟོནཿ མངོན་ཤེས་ལྔ་ཡིས་འགྲོ་བའི་སྡུག་བསྔལ་མཁྱེནཿ སྤྲུལ་པ་བྱེ་བ་ཕྲག་བརྒྱས་འགྲོ་དོན་སྤྱོདཿ དགོངས་པའི་གསང་མཛོད་གཏད་བྱ་སྨོན་ལམ་བཅསཿ གུ་རུའི་ཐུགས་བརྒྱུད་འགྲོ་བློར་འཚམས་པར་སྩོལཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ སྐུ་གསུམ་བདེ་བ་ཆེན་པོའི་ཞིང་ཁམས་ནསཿ རྒྱལ་ཀུན་ཐུགས་རྗེའི་རོལ་རྩལ་གཅིག་ཏུ་བསྡུསཿ མཚོ་སྐྱེས་རྡོ་རྗེ་གུ་རུ་ཐོད་ཕྲེང་རྩལཿ གདུལ་བྱའི་མཐུན་སྣང་མི་ཡི་གཟུགས་སུ་གྲུབཿ བདག་སོགས་འགྲོ་བློའི་མ་རིག་མུན་བསལ་ནསཿ ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་ཀྱིསཿ ལས་ཉོན་དབང་གྱུར་ལོག་པའི་ལམ་ཞུགས་ཀུནཿ ལུས་ངན་བསྒྲལ་ཞིང་སངས་རྒྱས་ས་རུ་འགོདཿ སྐལ་ལྡན་ལྟ་བ་བཅར་ཕོག་ངོ་སྤྲོད་ཅིངཿ མཐུ་རྩལ་ཐོགས་མེད་དངོས་གྲུབ་རྣམ་གཉིས་སྩོལཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ ཕ་ཁྱོད་དམ་པ་ནག་པོའི་ཚུལ་བཟུང་ཚེཿ སྐུ་མདོག་ནག་སྣུམ་གཟི་བརྗིད་འོད་དུ་འབརཿ སྤྱན་གསུམ་སྐུ་གསུམ་ཞིང་གི་བཀོད་པ་དངཿ མ་དག་རིགས་དྲུག་ཁམས་གསུམ་འཁོར་བའི་ཆོསཿ འགྲོ་བློའི་མོས་པ་ཐ་དག་ས་ལེར་གཟིགསཿ ཞལ་ནས་ཧ་ཧའི་གད་རྐྱངས་སྒྲོགས་པ་ཡིསཿ འཇིག་རྟེན་མ་མོ་མཁའ་འགྲོ་དབང་མེད་འགུགསཿ སྲོག་གི་སྙིང་པོ་འཕྲོག་ཅིང་དམྱལ་ཐག་གཅོདཿ ཕྱག་གཡས་སེང་ལྡེང་ཌཱ་རུ་འཁྲོལ་བ་ཡིསཿ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་རྒྱུད་བསྐུལཿ དགྱེས་བསྐང་བྱིན་རླབས་དངོས་གྲུབ་བཅུད་འདྲེན་ཞིངཿ མ་དག་སྐྱེ་འགྲོ་ཕོ་མོའི་སྣང་བ་བསྒྱུརཿ གཡོན་པའི་བྷནྡྷ་བདུད་རྩིའི་བཅུད་ལྡན་གྱིསཿ ཁམས་གསུམ་སྐྱེ་དགུའི་སྲོག་གི་སྙིང་པོ་སྡུདཿ དངོས་གྲུབ་ཚོགས་ཀྱི་འཁོར་ལོའི་བཅུད་ལ་རོལཿ ལྷ་ཀླུ་གནོད་སྦྱིན་དྲེགས་ཚོགས་དབང་མེད་འགུགསཿ མ་གཅིག་ཡུམ་དང་མཉམ་སྦྱོར་བདེ་བར་རོལཿ དགའ་བ་བཞི་ཡི་ཡེ་ཤེས་མངོན་གྱུར་པའིཿ དབང་རབ་ལས་སྐལ་ལྡན་པའི་བུ་མཆོག་ལཿ དབང་བཞིའི་རྒྱུད་སྨིན་རིག་འཛིན་སར་འགོད་མཛདཿ ཞབས་གཉིས་རོལ་པའི་སྟབས་སུ་བཞུགས་པ་ཡིསཿ བདུད་དང་ལོག་འདྲེན་མ་རུངས་དམ་སྲིའི་དཔུངཿ བཀའ་རྟགས་ཕྱག་རྒྱ་གཉེན་པོས་འགུགས་མཛད་ཅིངཿ བྱང་སེམས་མ་སྐྱེས་བར་དུ་གནོན་པར་མཛདཿ སྐུ་ལས་མེ་དཔུང་ཚྭ་ཚྭ་འཕྲོས་པ་ཡིསཿ གསར་སྐྱེས་འབྱུང་པོ་རྒྱལ་བསེན་དམུ་བདུད་བཙནཿ བག་ཆགས་ལས་ངན་ཉོན་མོངས་ཀུན་བསྲེགས་ཤིངཿ སྒྲིབ་པ་སྦྱང་ཕྱིར་སྐད་ཅིག་བསྐལ་པ་རུཿ ཉམས་ཐག་སྡུག་བསྔལ་སྟོན་ཞིང་རྣམ་ཤེས་སྤརཿ སྐབས་སུ་རྟེན་འབྲེལ་སྣ་ཚོགས་མཛད་པ་ཡིསཿ དག་དང་མ་དག་མཐོང་ཐོས་དྲན་རེག་གིསཿ བཟང་ངན་ལས་ཀྱི་འབྲེལ་བའི་གདུལ་བྱ་ཀུནཿ བྱིན་གྱིས་རླབས་ཤིང་བྱང་ཆུབ་ལམ་འགོད་མཛདཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ ཁྱོད་ཐུགས་ཡེ་ཤེས་ལྔ་ཡི་རྩལ་ཤར་བའིཿ ཡི་དམ་བདུད་འདུལ་ཁྲོས་མ་ལྷ་ལྔ་མཿ གཞི་ལས་མ་གཡོས་ཆོས་དབྱིངས་ཡེ་ཤེས་ཀྱིསཿ གཏི་མུག་འཁྲུལ་པའི་མ་རིག་མུན་པ་སེལཿ འགྱུར་བ་མེད་པའི་སྐུ་མདོག་མཐིང་ནག་ལཿ ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་རྩལ་སྣང་གིསཿ འགྲོ་བའི་དོན་དུ་གཟུགས་ཀྱི་སྐུ་ཤར་བའིཿ ཁྲོ་མོའི་ཆས་རྫོགས་གྲི་གུག་ཐོད་ཁྲག་བསྣམསཿ རྟོག་མེད་རོ་ཡི་གདན་ལ་འགྱིངས་སྟབས་གརཿ སྤྱི་བོར་གཏི་མུག་གཉིད་སྐྲོག་ཕག་ཞལ་ངུརཿ མེ་ལོང་ཡེ་ཤེས་རྡོ་རྗེ་མཁའ་འགྲོ་དཀརཿ ཞི་བའི་ཆས་རྫོགས་ཐུགས་རྗེའི་བསིལ་རྒྱུན་གྱིསཿ ཞེ་སྡང་མེ་འཇོམས་བྱང་སེམས་མྱུ་གུ་སྨིནཿ མཉམ་ཉིད་ཡེ་ཤེས་རིན་ཆེན་མཁའ་འགྲོ་སེརཿ རྒྱས་པའི་ཆས་རྫོགས་ཁྱབ་བརྡལ་རྩལ་ཤུགས་ཀྱིསཿ ང་རྒྱལ་རི་བོ་བསྙིལ་ཞིང་རྟོགས་པ་བསྐྱེདཿ སོར་རྟོག་ཡེ་ཤེས་པདྨ་མཁའ་འགྲོ་དམརཿ དབང་གི་ཆས་རྫོགས་བདེ་བ་ཆེན་པོ་ཡིསཿ འདོད་ཆགས་ཆུ་བསྒྱུར་སེར་སྣའི་མདུད་པ་ཁྲོལཿ བྱ་གྲུབ་ཡེ་ཤེས་ལས་ཀྱི་མཁའ་འགྲོ་ལྗངཿ དྲག་པོའི་ཆས་རྫོགས་དཔའ་བའི་ཏིང་འཛིན་གྱིསཿ ཕྲག་དོག་རླུང་གནོན་མ་དག་དབྱིངས་སུ་སྒྲོལཿ རང་རྟགས་གྲི་གུག་ཐོད་ཁྲག་ཕྱག་ན་བསྣམསཿ རྣམ་འགྱུར་དུ་མའི་འགྲོ་ཁམས་ཐུགས་རྗེས་སྐྱོངཿ ཀུན་ཀྱང་རྟོག་བྲལ་བདེ་བ་ཆེན་པོའི་ཉམསཿ ཐུགས་རྗེ་གློག་ལྟར་མྱུར་བས་གདུག་པ་འདུལཿ རང་རང་རིགས་མཐུན་སྤྲུལ་པ་བྱེ་བ་འབུམཿ ལས་ལ་འགྱེད་ཅིང་ཕྲིན་ལས་ཐོགས་པ་མེདཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནསཿ མཁའ་འགྲོ་ཀུན་གྱི་སྤྲུལ་གཞི་ཡུམ་ཆེན་མོཿ མ་གཅིག་གསང་བ་ཡེ་ཤེས་ཌཱཀྐི་མཿ དཀར་དམར་དམངས་ལྡན་རྣམ་འགྱུར་ཆ་ལུགས་དངཿ སྤྲུལ་པ་མ་ངེས་སྣ་ཚོགས་ཅིར་ཡང་སྟོནཿ ཞིང་ཁམས་ཀུན་གྱི་བཀོད་པ་སྐུ་ལ་རྫོགསཿ ཞི་བ་རྡོར་དབྱིངས་འབར་བ་ཁྲག་འཐུང་ཚོགསཿ ཐུགས་རྗེའི་རོལ་རྩལ་མ་འགགས་བསམ་ཡས་ལཿ ཆོས་སྐུའི་སངས་རྒྱས་དགོངས་པའི་རྩལ་གྱིས་མཆོདཿ ལོངས་སྤྱོད་རྫོགས་སྐུ་བདེ་བ་ཆེན་པོར་སྦྱོརཿ སྤྲུལ་སྐུ་རྒྱལ་བ་རབ་འབྱམས་བསྐྱེད་པའི་མཿ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱའི་ཁམསཿ འབྲས་བུ་རེ་དོགས་བྲལ་བའི་ཆོས་བསྟན་ཚེཿ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་མཛད་མཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ ཕྲིན་ལས་གཅིག་བསྡུས་ཨཱརྻ་ཏཱ་རེ་མཿ ལྗང་གསལ་གཡུ་འོད་འབར་བའི་མདངས་དང་ལྡནཿ རང་ལས་སྤྲུལ་པའི་ཏཱ་རེ་ཉི་ཤུའི་འཁོརཿ དགྲ་བཅོམ་དཔའ་བོ་དཔའ་མོ་འབུམ་ཕྲག་བཅསཿ བྱམས་པ་ཆེན་པོས་འགྲོ་བའི་སྡུག་བསྔལ་སེལཿ སྙིང་རྗེ་ཆེན་པོའི་ཐུགས་རྗེས་རྗེས་སུ་འཛིནཿ དགའ་བ་ཆེན་པོས་ཡང་དག་ལམ་ལ་བཀོདཿ བཏང་སྙོམས་ཆེན་པོས་འཁོར་འདས་མཉམ་པར་ལྡནཿ ལམ་ལ་གནས་པའི་གདུལ་བྱའི་མཐུན་སྣང་བཞིནཿ རང་རང་སྐལ་བར་འཚམས་པའི་ཆོས་སྟོན་ཞིངཿ འཁོར་བའི་རྒྱ་མཚོ་དོང་ནས་དཀྲུགས་མཛད་པཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ གཞན་ཡང་མདོ་རྒྱུད་ལུང་དང་མན་ངག་ཆོསཿ ཕ་རྒྱུད་མ་རྒྱུད་གཉིས་མེད་གསང་བའི་རྒྱུདཿ དགོངས་བརྡ་སྙན་བརྒྱུད་སྨོན་ལམ་གཏད་རྒྱ་དངཿ ཤོག་སེར་ཚིག་དང་བཀའ་བབས་བྱིན་རླབས་ཀྱིཿ རྩ་བ་བརྒྱུད་པའི་བླ་མའི་ཚོགས་རྣམས་དངཿ རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་པ་དགུའིཿ དངོས་གྲུབ་འབྱུང་བའི་ཡི་དམ་དཀྱིལ་འཁོར་ལྷཿ ཡེ་ཤེས་ལས་དང་དམ་ཚིག་ས་མཚམས་འཛིནཿ ཌཱཀྐི་དཔའ་བོ་དཔའ་མོ་བསྟན་སྲུང་བཅསཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ ཟག་བཅས་སྒྱུ་མ་ལུས་ཀྱི་ཕུང་པོ་འདིཿ གཅེས་འཛིན་བདག་ཏུ་བཟུང་བའི་འཆིང་བ་གྲོལཿ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་དབང་བསྒྱུར་ནསཿ མཆོད་སྦྱིན་གནད་དུ་འགྲོ་བར་བྱིན་གྱིས་རློབསཿ སྒྲ་ཚིག་འཛིན་ཞེན་ལས་རླུང་ཤུགས་འབྱུང་ངགཿ འགགས་འཛེར་ལྐུགས་དིབ་སྡུག་བསྔལ་རང་སར་གྲོལཿ གྲགས་སྟོང་རང་གྲོལ་ཆོས་ཀྱི་སྒྲ་དབྱངས་སྒྲོགསཿ ནུས་མཐུ་བདུན་ཚིག་གྲུབ་པར་བྱིན་གྱིས་རློབསཿ གཟུང་འཛིན་ཨ་འཐས་འཁོར་བར་འཁྱམས་པའི་སེམསཿ རང་ངོ་མ་ཤེས་འཁྲུལ་པའི་གཞན་་དབང་ཅནཿ གདོད་མའི་ཆོས་སྐུའི་ཀློང་དུ་བཙན་ས་ཟིནཿ འཇིགས་མེདས་འཁོར་འདས་རོ་སྙོམས་བྱིན་གྱིས་རློབསཿ ལས་ཉོན་འཁྲུལ་སྣང་དྲག་པོའི་དབང་གྱུར་ཞིངཿ སྡུག་བསྔལ་དུ་མས་རྣམ་པར་གཟིར་བ་ཡིཿ དངོས་མེད་སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགསཿ བྱང་སེམས་ཐུགས་རྗེའི་ཤུགས་ཀྱིས་དབང་དུ་བསྡུསཿ ཁོང་ཁྲོ་གདུག་པའི་བསམ་སྦྱོར་ཀུན་ཞི་ཞིངཿ སྟོང་ཉིད་བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེསཿ འཛིན་པ་རང་གྲོལ་བྱིན་རླབས་སྙིང་ལ་ཞུགསསཿ འགྲོ་དོན་མཐའ་རུ་ཕྱིན་པར་བྱིན་གྱིས་རློབསཿ ཤ་ཁྲག་ལུས་ཀྱི་འཛིན་ཞེན་གྲོལ་བའི་ཚེཿ རྣལ་འབྱོར་བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནསཿ བདེ་སྡུག་འཁོར་འདས་རེ་དོགས་ཆེན་པོར་གྲོལཿ གང་ལའང་རློམ་སེམས་བྲལ་བར་བྱིན་གྱིས་རློབསཿ བཟང་ངན་ལས་ཀྱི་འབྲེལ་བསྡུས་གཙོ་གྱུར་པའིཿ མ་རྒན་མཁའ་ཁྱབ་སེམས་ཅན་ཇི་སྙེད་པཿ ལས་ངན་བག་ཆགས་དྲི་མ་ཡོངས་དག་ནསཿ མྱང་འདས་ས་རུ་འགོད་པར་བྱིན་གྱིས་རློབསཿ གསོལ་བ་འདེབས་སོ་སྟོན་པ་དྲི་མ་མེདཿ གུས་པས་འདོད་དོ་དགའ་རབ་དཔའ་བོ་རྗེཿ གདུང་བས་འོདད་དོ་གུ་རུ་སྤྲུལ་པའི་སྐུཿ ཐུགས་རྗེས་གཟིགས་ཤིག་དམ་པ་རྒྱ་གར་བཿ རང་ངོ་སྤྲོད་ཅིག་ཆོས་སྐུ་ཡུམ་ཆེན་མོཿ རྟོགས་པ་སྤོར་ཅིག་མ་གཅིག་གསང་ཡེ་མཿ ལམ་སྣ་དྲོངས་ཤིག་བདུད་འདུལ་དྲག་མོ་རྒྱལཿ འཛིན་པ་ཁྲོལ་ཅིག་ཁྲོས་མ་ལྷ་ལྔ་མཿ བྱིན་གྱིས་རློབས་ཤིག་ཏཱ་རེ་ཉི་ཤུ་གཅིགཿ ཐུགས་རྗེས་གཟིགས་ཤིག་བཀའ་བརྒྱུད་བླ་མའི་ཚོགསཿ དངོས་གྲུབ་སྩོལ་ཅིག་ཡི་དམ་ཞི་ཁྲོའི་ལྷཿ བར་ཆད་སོལ་ཅིག་གནས་གསུམ་མཁའ་འགྲོའི་ཚོགསཿ སྣང་བ་བདེན་མེད་སྒྱུ་མར་རྟོགས་པ་དངཿ བདུད་བཞི་རང་སར་ཞི་བར་བྱིན་གྱིས་རློབསཿ ན་ཚ་ལམ་སློང་རྐྱེན་ངན་གྲོགས་སུ་ཤརཿ ཐེ་ཚོམ་ལོག་ལྟ་བྲལ་བར་བྱིན་གྱིས་རློབསཿ མ་རིག་གཉིད་སད་གཟུང་འཛིན་མདུད་པ་གྲོལཿ ཆོས་སྐུའི་རྒྱལ་ས་ཟིན་པར་བྱིན་གྱིས་རློབསཿ ཕཊཿ« ཅེས་སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་བཏབ་ཅིང་མོས་གུས་མཆིམ་འཁྲུགས་པར་བྱའོཿ བདུན་པ་སྡིག་སྒྲིབ་སྦྱོང་བ་ནིཿ »ཕཊཿ ཚོགས་ཞིང་ལྷ་ཚོགས་བྱིན་རླབས་བླ་མར་བསྡུསཿ ཡབ་ཡུམ་སྐུ་ལས་ཟག་མེད་བདུད་རྩིའི་ཆརཿ བབས་པས་བདག་དང་རིགས་དྲུག་སེམས་ཅན་གྱིསཿ ལས་ཉོན་བག་ཆགས་དམ་ཉམས་སྒྲིབ་ཚོགས་ཀུནཿ བཀྲུས་ཤིང་རྣག་ཁྲག་དུང་ཁུ་སོལ་ཁུ་དངཿ སྡོམ་སྡིག་སྦལ་སྦྲུལ་སྲོག་ཆགས་རྣམ་པར་ཐོནཿ འོག་ཕྱོགས་འཆི་བདག་གཤིན་རྗེའི་ཁ་རུ་སོངཿ འཆི་བ་བསླུ་ཞིང་སྐྱེ་མེད་དོན་རྟོགས་ཤོགཿ ཕཊཿ« དལ་བུས་བརྒྱ་རྩ་བརྒྱད་བསྒྲངས་ཤིང་དམིགས་པ་མཐའ་རུ་ཕྱིན་པར་བྱའོ། །དད་གུས་འགྱུར་བ་མེད་པའི་གང་ཟག་ལཿ བླ་མའི་ཐུགས་རྒྱུད་དགོངས་པའི་བྱིན་རླབས་འགོཿ མོ་རྒྱུད་མཁའ་འགྲོ་དབང་དུ་འདུ་བ་དང་ཿ རངརིག་ཆོས་སྐུའི་རང་རྩལ་ཡོངས་རྫོགས་ནསཿ ས་ལམ་ཡོན་ཏན་ཉི་ཟླའི་འགྲོ་དང་མཚུངསཿ དེ་ནས་དངོས་གཞིའི་ཉམས་ལེན་རིམ་པ་ལཿ འགྱེད་ཆེན་བཞི་ལས་ཐོག་མར་དཀར་འགྱེད་ནིཿ རིག་པ་དང་བསྐྱེད་སྙིང་རྗེ་ཆེན་པོའི་ངངཿ» ཕཊཿ འབྱུང་བཞི་འདུས་པའི་ལུས་ཀྱི་དབུས་ཉིད་ནསཿ རྣམ་ཤེས་ཐིག་ལེ་འཕར་འདར་ལིང་ངེ་བཿ དབུ་མའི་ལམ་བརྒྱུད་ནམ་མཁར་རྒྱངས་ཀྱིས་འཕགསཿ མ་གཅིག་བདེ་ཆེན་དཀར་མོའི་ཐུགས་ཀར་འཕོསཿ ཕཊཿ སླར་ཡང་ཧ་ཡིག་དཀར་གསལ་ཕྱིར་འཕྲོས་པསཿ རང་ཉིད་མ་གཅིག་ཁྲོས་མ་དཀར་མོ་ནིཿ འོད་ལུས་ཐོག་བྲལ་གར་སྟབས་ཁྱུག་གེ་བཿ ཕྱག་གཡས་གྲི་གུག་འཛིན་པ་ལམ་གྱིས་གསལཿ མདུན་དུ་བཞི་བསྡུས་ལུས་ཀྱི་ཕུང་པོ་ནིཿ ཆེ་ཞིང་ཚོ་ལ་མཛེས་ཤིང་ཡིད་དུ་འོངཿ སྟོང་གསུམ་འཇིག་རྟེན་ཁམས་ཀུན་གང་བར་གྱུརཿ ཕཊཿ ཕྱག་གཡས་གྲི་གུག་རྣོ་ངར་ལྡན་པ་ཡིསཿ བེམ་པོའི་སྨིན་མཚམས་ཡན་གྱི་ཐོད་པ་བྲེགསཿ རང་མདུན་མི་མགོའི་སྒྱེད་བུ་རི་རབ་ཙམཿ གསུམ་གྱི་ཁ་རུ་ཐོད་པའི་སྣོད་ཡངས་པཿ རྒྱ་ཆེ་ཕྱི་དཀར་ནང་དམར་བམ་རིལ་བཙུགཿ སླར་ཡང་བེམ་རོ་ཐོད་པའི་ནང་ཉིད་དུཿ གྲི་གུག་འབར་བས་དུམ་བུར་གཏུབ་ཅིང་སྤུངསཿ སྟེང་དུ་ཀླད་པ་ཧཾ་ཡིག་མཚན་པ་དངཿ ཐོད་སྒྱེད་དབུས་སུ་ཨ་ཐུང་རྃ་ཡིག་གཟུགསཿ རང་ཉིད་བདེ་ཆེན་མཁའ་འགྲོའི་ཐུགས་ཀ་ནསཿ རྃ་འཕྲོས་རྫས་ཀྱི་མི་གཙང་དྲི་མ་བསྲེགསཿ ཡྃ་འཕྲོས་རླུང་གིས་མ་དག་ཉེས་སྐྱོན་གཏོརཿ ཁྃ་འཕྲོས་ཆུ་ཡིས་རྣམ་པར་དག་བྱས་ཤིངཿ སླར་ཡང་ཡེ་ཤེས་རླུང་གིས་རྃ་ཡིག་སྤརཿ ཐོད་པ་དྲོས་ཤིང་རྫས་རྣམས་ཞུ་བ་ལསཿ རང་ཉིད་ཌཱཀྐིའི་སྤྱི་མགྲིན་སྙིང་ག་ནསཿ འབྲུ་གསུམ་འཕྲོས་པས་ཤ་ཁྲག་རུས་པ་དངཿ ནང་རོལ་ཞུ་བའི་དངོས་པོར་འཛིན་པ་སྦྱངསཿ དམ་ཚིག་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུརཿ བླ་མ་ཡབ་ཡུམ་སྐུ་ལས་བདུད་རྩིའི་རྒྱུནཿ བབ་ཅིང་རང་ཉིད་མཁའ་འགྲོའི་ཐུགས་ཀ་ནསཿ འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཀྱིཿ བྱིན་རླབས་ཡེ་ཤེས་བདུད་རྩི་སྤྱན་དྲངས་ཤིངཿ བདུད་རྩིའི་དབུས་སུ་ཧྃ་ཡིག་ལ་ཐིམ་པསཿ ཞུ་ཞིང་དམ་ཚིག་ཡེ་ཤེས་དབྱེར་མེད་པསཿ ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེཿ དྲི་རོ་ཁ་དོག་ནུས་པ་ཕུན་སུམ་ཚོགསཿ རླངས་པ་འོད་ཟེར་སྣ་ལྔའི་སྤྲིན་འཕྲོ་ཞིང་ཿ ཟག་པ་མེད་པའི་བདེ་བ་བསྐྱེད་པར་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «ཞེས་བཟླ་ཞིང་དམིགས་པ་གསལ་ཐེབས་པར་བྱའོཿ »ཕཊཿ རང་ལས་སྤྲུལ་པའི་ཡེ་ཤེས་མཁའ་འགྲོ་མཿ གྲངས་མེད་འཕྲོས་པས་ཕྱག་གཡས་ཐོད་སྐྱོགས་ཐོགསཿ བཅུས་ཤིང་ཚོགས་ཞིང་དཀྱིལ་འཁོར་ལྷ་ཚོགས་ལཿ ཡན་འགར་ཕུལ་ཞིང་དགྱེས་པ་ཡོངས་སྐོང་གྱུརཿ ཕཊཿ ཆོས་སྐུའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆངཿ ལོངས་སྐུའི་སྟོན་པ་གངས་ཅན་རིགས་ལྔ་པོཿ རིགས་ཀྱི་བདག་པོ་སྟོན་པ་དྲི་མ་མེདཿ སྟོང་དཔྱལ་ཉིད་ལས་མི་གཞན་འཁོར་གྱི་ཚོགསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིའི་མཆོདཿ འཁོར་འདས་ཀུན་གྱི་སྤྲུལ་གཞི་ཡུམ་ཆེན་མོཿ བསྐལ་བཟང་འདི་ལ་སྤངས་རྟོགས་མཐར་ཕྱིན་པའིཿ སྤྲུལ་སྐུའི་སངས་རྒྱས་སྟོང་དང་མི་མཇེད་ཞིངཿ གང་ལ་གང་འདུལ་ཐབས་ཀྱིས་དོན་མཛད་སོགསཿ རྫོགས་ཆེན་སྟོན་པ་དགའ་རབ་དཔའ་བོ་རྗེཿ ཡུམ་ཆེན་ཌཱཀྐི་རྗེ་མོ་གསང་ཡེ་མཿ ཕྱེད་སྤྲུལ་ལོངས་སྤྱོད་རྫོགས་སྐུའི་ཚོགས་དང་བཅསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ སྐུ་གསུམ་རྒྱལ་ཀུན་འདུས་པའི་ངོ་བོ་ཉིདཿ རིག་འཛིན་རྗེ་བོ་པདྨ་ཐོད་ཕྲེང་རྩལཿ ཌཱཀྐི་ཡོངས་ཀྱི་རྗེ་མོ་མནྡཱརཿ རིག་པ་འཛིན་པའི་ས་ལ་གནས་རྣམས་དངཿ སྤྲུལ་པའི་གུ་རུ་མཚན་བརྒྱད་གྲུབ་བརྙེས་ཚོགསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ རྒྱ་བོད་རྣལ་འབྱོར་དབང་ཕྱུག་ཀུན་གྱི་གཙོཿ བརྟུལ་ཞུགས་གྲུབ་པ་དམ་པ་རྒྱ་གར་བཿ ཡུམ་ཆེན་ཐུགས་རྗེས་རྗེས་འཛིན་མ་གཅིག་མཿ རིག་འཛིན་བརྒྱད་དང་གྲུབ་ཆེན་བརྒྱད་ཅུའི་སྡེཿ ཟིལ་གནོན་དཔའ་བོ་དྲང་སྲོང་དམོད་པ་གྲུབཿ སར་གནས་སེམས་དཔའ་ཆེན་པོའི་ཚོགས་རྣམས་ལཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ ཕཊཿ སྐུ་གསུམ་ཞིང་ཁམས་ཀུན་ལ་དབང་བསྒྱུར་ཞིངཿ ཐུགས་རྗེ་གློག་ལྟར་མྱུར་བའི་རྫུ་འཕྲུལ་ལྡནཿ མ་གཅིག་བདུད་འདུལ་ཁྲོས་མ་ནག་མོ་རྒྱལཿ སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་དངཿ ཀརྨ་ཌཱཀྐི་རང་རང་འཁོར་དང་བཅསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ རྒྱལ་ཀུན་རྡོ་རྗེ་ཕྲིན་ལས་གཅིག་བསྡུས་དཔལཿ འགྲོ་བའི་ལས་ཉོན་སྡུག་བསྔལ་ཀུན་སེལ་ཞིངཿ སྙིང་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པའིཿ རྗེ་བཙུན་འཕགས་མ་ཏཱ་རེ་མྱུར་མགྱོགས་མཿ སྤྲུལ་པ་ཉི་ཤུ་དྲང་སྲོང་ལྷ་མོའི་ཚོགསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ བཀའ་གཏེར་སྨོན་ལམ་བརྒྱུད་པའི་བླ་མ་དངཿ ཞི་བ་རྡོར་དབྱིངས་འབར་བ་ཁྲག་འཐུང་ཚོགསཿ ཡི་དམ་རྒྱུད་སྡེ་བཞི་དྲུག་དཀྱིལ་འཁོར་ལྷཿ མ་གཅིག་བདུད་འདུལ་དྲག་མོ་རྣལ་འབྱོར་མཿ ཕག་མོ་སེང་ཧ་མུ་ཁ་ཙནྟྲི་ཀཿ ཡེ་ཤེས་ལས་དང་དམ་ཚིག་ས་མཚམས་འཛིནཿ ཤ་ཟ་སྣ་ཚོགས་རིན་ཆེན་མཁའ་འགྲོ་དངཿ དཔའ་བོ་དཔའ་མོ་སྤྲུལ་པ་བཅས་རྣམས་ལཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ ཕཊཿ དཀོན་མཆོག་སྲིད་ཞུའི་མགྲོན་དུ་གྱུར་རྣམསཿ གཅེས་འཛིན་བདག་ལུས་ཞུ་བའི་ཚོགས་མཆོད་སྤྲིནཿ ཡེ་ཤེས་བདུད་རྩིའི་མཆོད་པ་འདི་ཕུལ་བསཿ བསོད་ནམས་ཡེ་ཤེས་ཚོགས་ཆེན་རྣམ་གཉིས་རྫོགསཿ སྐུ་ལྔ་ཡེ་ཤེས་འབྲས་བཟང་མངོན་གྱུར་ཤོགཿ ཕཊཿ ཨ་ཏི་རྫོགས་ཆེན་བསྟན་པ་སྐྱོང་མཛད་མཿ སྔགས་ཀྱི་བདག་མོ་མ་གཅིག་ཁྲོས་མའི་རྒྱལཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་པར་བཅསཿ དུས་འཛིན་ཨེ་ཀ་ཙ་ཊཱི་སྤུན་དྲུག་དངཿ དཔལ་ལྡན་འདོད་པ་ཁམས་ཀྱི་དབང་ཕྱུག་མཿ དབང་བསྒྱུར་རྡོ་རྗེ་གཤོག་རྒོད་དྲག་མོ་རྒྱལཿ རེ་ཏི་ནག་མོ་དམག་གི་རྒྱལ་མོ་བཙུནཿ དུད་སོལ་ལྷ་མོ་ཤན་པ་སྲོག་སྒྲུབ་མཿ ཡེ་ཤེས་ཌཱཀྐིའི་སྤྲུལ་བསྒྱུར་ཚེ་རིང་མཿ མཆེད་ལྔ་སྨན་བཙུན་གཡུ་སྒྲོན་བསྟན་མར་བཅསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ སྦྱོར་བའི་གིང་ཆེན་དཔལ་མགོན་མ་ནིང་ནགཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མགོན་པོ་དང་ཿ ཕྱག་བཞི་ཕྱག་དྲུག་མྱུར་མཛད་ཡེ་ཤེས་མགོནཿ བདུད་མགོན་ཞིང་སྤྱོད་ཡབ་ཡུམ་ལས་མགོན་ཟུངཿ གཙང་རིགས་དཔལ་མགོན་བདུད་ཅུའི་འཁོར་ཚོགས་བཅསཿ བདག་ལུས་མཐུ་ལྡན་བསྟན་བསྲུང་དྲེགས་པའི་གཙོ་བོ་ནིཿ དྲང་སྲོང་ཆེན་པོ་གཟའ་བདུད་རཱ་ཧུ་ལཿ ཁྱབ་འཇུག་གཟའ་བརྒྱད་གདོང་བཞི་རྒྱུ་སྐར་ཚོགསཿ རྡོར་ལེགས་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་བཅསཿ འབར་མ་གིང་ཆེན་སྡེ་བཞི་དུར་ཁྲོད་ཀྱིཿ བདག་པོ་ཡབ་ཡུམ་སྤུ་གྲི་མཆོད་གསུམ་སོགསཿ འཛིན་པ་རང་གྲོལ་བཀའ་སྲུང་དམ་ཅན་སོགསཿ བདག་ལུས༴ དགེ་བསྙེན་ཆེན་པོ་བསྙོན་ཁ་ནག་པོ་དངཿ ཨཱརྱ་ཛམ་ལྷ་གནོད་སྦྱིན་དེད་དཔོན་སྟེཿ གཉན་གྱི་རྒྱལ་པོ་ཆེན་པོ་མཐུ་བོ་ཆེཿ རྡོ་རྗེའི་མིང་འཛིན་བཞི་སོགས་གཏེར་སྲུང་ཚོགསཿ ཕོ་ཉ་བྲན་གཡོགས་མངག་གཞུགས་བཅས་རྣམས་ལཿ བདག་ལུས༴ ལྷ་ལྕམ་སྤྲུལ་བསྒྱུར་ལ་འདུལ་སྒྲོན་མ་ཡིཿ དྲུང་དུ་ཁས་བླངས་དམ་བཅས་ཐ་ཚིག་བོརཿ རྒྱལ་མོ་རོང་གི་ས་འཛིན་ལ་གནས་པའིཿ འབར་མ་ཆེན་མོ་ཁམས་གསུམ་ཟ་བྱེད་མཿ གནོད་སྦྱིན་མཐུ་ཆེན་ཐབས་ཤེས་གཏུམ་མོ་རྩལཿ ཡུམ་ཆེན་ལྷ་སྨན་འབྲུ་ནོར་བང་མཛོད་འཛིནཿ སྲས་པོ་ཐར་མ་རིན་ཆེན་གཏེར་གྱི་བདགཿ གཉན་སྲས་རྡོ་རྗེ་གཡུལ་རྒྱལ་དམ་ཚིག་ཅནཿ བཙུན་མོ་སྲས་འཁོར་སྤྲུལ་པ་ཡང་སྤྲུལ་བཅསཿ བདག་ལུས༴ འཛམ་གླིང་དབང་བསྒྱུར་དེད་དཔོན་སུམ་ཅུ་དངཿ སྔགས་བདག་དྲེགས་ཆེན་བཅོ་བརྒྱད་ལ་སོགས་པཿ མངའ་རིས་དབུས་གཙང་མདོ་ཁམས་རོང་ཆེན་ཡུམཿ གནས་པའི་ཟོ་དོར་རིག་འཛིན་མཁའ་འགྲོ་ཡིཿ བཀའ་དང་དམ་ཚིག་ལ་གནས་དཀར་ཕྱོགས་སྐྱོངཿ བདག་ལུས༴ ཕཊཿ མགོན་པོ་ཡོན་ཏན་མགྲོན་དུ་གྱུར་རྣམས་ལཿ གཅེས་འཛིན་བདག་ལུས་ཞུ་བའི་ཚོགས་མཆོད་སྤྲིནཿ ཡེ་ཤེས་བདུད་རྩིས་མཆོད་པ་འདི་ཕུལ་བསཿ ཐུགས་དམ་དགྱེས་བསྐང་བཀའ་དང་དམ་ལ་འདུསཿ ས་དང་ལམ་གྱི་བར་ཆད་ཀུན་སེལ་ཞིངཿ རྣམ་བཞིའི་ཕྲིན་ལས་ཐོགས་མེད་མྱུར་འགྲུབ་ཅིངཿ བཀའ་རྟགས་རྡོ་རྗེའི་དམ་ལས་མ་འདའ་ཞིགཿ ཕཊཿ ཚངས་པ་གདོང་བཞི་ལྷ་དབང་བརྒྱ་བྱིན་དངཿ རྒྱལ་ཆེན་སྡེ་བཞིའི་གཙོར་གྱུར་འདོད་ཁམས་གནསཿ གཙང་མའི་གནས་ལྔ་ལ་སོགས་གཟུགས་ཁམས་ཀྱིཿ གནས་རིགས་བཅུ་བདུན་གཟུགས་མེད་མུ་བཞིའི་ཞིངཿ གནས་པའི་ལྷ་ཡི་སྐྱེ་གནས་བསྡུས་པའི་འགྲོཿ བདག༴ ལུས་འཕགས་གླིང་དང་འཛམ་གླིང་བ་ལང་སྤྱོདཿ སྒྲ་མི་སྙན་སོགས་གླིང་ཆེན་བཞི་དང་ནིཿ གླིང་ཕྲན་བརྒྱད་སོགས་སྟོང་གསུམ་འཇིག་རྟེན་ཁམསཿ གནས་པའི་རྒྱལ་རིགས་བྲམ་ཟེ་རྗེའུའི་རིགསཿ དམངས་དང་གདོལ་པ་རིགས་ངན་ཕལ་པ་སོགསཿ བདག༴ རི་རབ་ཆུ་མཚམས་གླིང་ཆེན་བཅུ་དྲུག་ནསཿ གླིང་ཕྲན་ཉི་ཤུ་རྩ་བདུན་གྲངས་ལྡན་ལཿ ཐག་བཟང་རིས་ཀྱི་རྒྱལ་པོ་གདུག་རྩུབ་ལྡནཿ བེ་ཝར་ཁུ་ལེན་ཊ་སོགས་རྒྱལ་ཕྲན་དང་ཿ བློན་པོ་ལྷ་ཀླུ་མིའམ་ཅི་ཡི་རིགསཿ ཕྲག་དོག་ལྷ་མིན་རིགས་སུ་གཏོགས་པ་ཡིཿ འཐབ་རྩོད་སྡུག་བསྔལ་གྱིས་གཟིར་མགྲོན་རྣམས་ལཿ བདག༴ ཆུ་གཏེར་བཞི་དང་རྒྱ་མཚོ་ཆེན་པོའི་ནངཿ མུན་ནག་གཏིང་རུམ་བྱིངས་ན་གནས་པ་དངཿ མཐོ་རིས་གླིང་བཞི་གླིང་ཕྲན་ལ་འཁོད་པའིཿ གཏི་མུག་དབང་གྱུར་རྨོངས་དང་བཀོལ་སྤྱོད་ཀྱིཿ སྡུག་བསྔལ་གྱིས་མནར་དུད་འགྲོའི་རིགས་གྱུར་ལཿ བདག་ལུས༴ འོག་ཕྱོགས་མུན་གླིང་བར་མ་གྲོང་རྡལ་མཐའཿ རང་རང་ལས་ཀྱི་མཐོང་སྣང་སྣ་ཚོགས་པའིཿ ཚ་བསིལ་སྐོམ་དང་བྱེ་ཚན་ངམ་གྲོགས་གནསཿ ཕྱི་ནང་དགོས་ཁུར་གསུམ་གྱི་སྒྲིབ་པ་ཅནཿ བཀྲེས་སྐོམ་སྡུག་བསྔལ་གྱིས་མནར་ཡི་དྭགས་རིགསཿ བདག་ལུས༴ ཡང་སོས་ཐིག་ནག་བསྡུས་འཇོམས་དུ་འབོད་དངཿ ཚ་བ་རབ་ཏུ་ཚ་བ་མནར་མེད་པཿ གྲང་བའི་སྡུག་བསྔལ་གནས་བརྒྱད་ཉེ་འཁོར་བཿ ཉི་ཚེའི་གནས་སུ་བསྟི་བའི་དམྱལ་བ་ཡིཿ སྡུག་བསྔལ་སྣ་ཚོགས་ཀྱིས་མནར་ཉམ་ཐག་འགྲོརཿ བདག་ལུས༴ ཕཊཿ རིགས་དྲུག་སྙིང་རྗེའི་མགྲོན་དུ་གྱུར་རྣམས་ལཿ གཅེས་འཛིན་བདག་ལུས་ཞུ་བའི་ཚོགས་མཆོད་སྤྲིནཿ ཡེ་ཤེས་བདུད་རྩིའི་མཆོད་པ་འདི་ཕུལ་བསཿ སོ་སོའི་སྡུག་བསྔལ་རྒྱུ་དང་བཅས་པ་ཀུནཿ བྱང་ཞིང་དག་ནས་དགའ་བདེའི་དཔལ་ལ་སྤྱོདཿ བྱང་ཆུབ་སེམས་ལྡན་སངས་རྒྱས་ས་ཐོབ་ཤོགཿ ཕཊཿ རིགས་དྲུག་སྤྱི་དང་མི་ཡུལ་མ་ངེས་གནསཿ མཁར་རྒྱུའི་ཡི་དྭགས་གདུག་རྩུབ་བགེགས་ཀྱི་རིགསཿ འབྱུང་པོ་ཤ་ཟ་གནོད་སྦྱིན་མིའམ་ཅིཿ དྲི་ཟ་གྲུལ་བུམ་བདུད་བཙན་བསེན་མོ་དམུཿ ཀླུ་གཉན་ས་བདག་དམ་སྲི་ཤི་འདྲེ་སོགསཿ ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བརཿ སྲོག་ལུས་དབང་ཐང་རླུང་རྟ་ལན་ཆགས་པརཿ བདག་ལུས༴ སྲིད་པ་བར་མ་དོ་རུ་གནས་པ་ཡིཿ བཀྲེས་སྐོམ་དབུལ་ཕོངས་ཕྱིན་ཅི་ལོག་བཞིས་གཟིརཿ འཁྲུལ་སྣང་ལས་ཀྱི་སྡུག་བསྔལ་གྱིས་མནར་བའིཿ བར་དོའི་འགྲོ་བ་སྤྱི་དང་ཁྱད་པར་དུཿ བཟང་ངན་ལས་ཀྱི་འབྲེལ་པའི་བསྡུས་ཀུན་ལཿ བདག་ལུས༴ ཕཊཿ བགེགས་རིགས་ལན་ཆགས་མགྲོན་དུ་གྱུར་རྣམས་ལཿ གཅེས་འཛིན་བདག་ལུས་ཞུ་བའི་ཚོགས༴ ཡེ་ཤེས་བདུད་རྩིའི་མཆོད་པ་འདི་ཕུལ་བསཿ བུ་ལོན་ལན་ཆགས་ཤ་མཁོན་ཀུན་བྱང་ནསཿ སྟོང་ཉིད་བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེསཿ མྱུར་དུ་བླ་མེད་བྱང་ཆུབ་ཐོབ་པར་ཤོགཿ ཕཊཿ མཆོད་དང་སྦྱིན་པའི་ལྷ་ལ་དབང་བ་ཡིཿ ཁས་ཞན་དབང་ཆུང་སྟོབས་དང་རྫུ་འཕྲུལ་ཉམསཿ ཞ་ལོང་འོན་ལྐུག་སྣ་ཚོགས་ནད་ཀྱིས་མནརཿ བང་བུལ་གློ་བུར་ལྷག་པའི་མགྲོན་རིགས་ལཿ བདག་ལུས༴ ཕཊཿ ལྷག་མའི་མགྲོན་གྱུར་སྙིང་རྗེའི་གནས་རྣམས་ལཿ གཅེས་འཛིན་བདག་ལུས་ཞུ་བའི༴ ཡེ་ཤེས་བདུད་རྩིའི་མཆོད་པ༴ ལས་ཉོན་བག་ཆགས་སྒྲིབ་པ་ཡོངས་སུ་སྦྱངསཿ སྡུག་བསྔལ་འཁྲུལ་པའི་སྣང་གཟུགས་ལུས་ངན་བོརཿ དལ་འབྱོར་མི་ལུས་རིན་ཆེན་རྙེད་པར་ཤོགཿ ཕཊཿ «དགར་འགྱེད་བདུད་རྩིའི་རྒྱ་མཚོ་འདིཿ རང་ལུས་ཚོགས་སུ་འབུལ་བ་སྟེཿ མཆོད་སྦྱིན་བརྒྱ་ཡི་དོ་ཟླ་མིནཿ ཚོགས་བསགས་སྒྲིབ་པ་སྦྱང་བ་དང་ཿ ཚེ་རིང་ནད་མེད་བདེ་སྐྱིད་ལྡནཿ ཟག་བཅས་ལུས་ཀྱི་གཅེས་འཛིན་བྲལཿ ཡུམ་ཆེན་དགོངས་དོན་རྟོགས་འགྱུར་རོཿ གཉིས་པ་ཚོགས་ཆེན་གཉིས་རྫོགས་ཕྱིརཿ སྤྲུལ་བསྒྱུར་ཁྲ་བོའི་འགྱེད་ཆེན་ནིཿ རོ་སྙོམས་ལྡན་པའི་རྣལ་འབྱོར་པསཿ དམིགས་པའི་འཁྲུལ་འཁོར་གནད་དུ་བསྣུནཿ» ཕཊཿ རང་རིག་ཆོས་སྐུའི་རང་ཞལ་སྟོན་མཛད་པཿ ཀུན་འདུས་རིགས་བརྒྱའི་ཁྱབ་བདག་བླ་མ་ལཿ དད་མོས་རྩེ་གཅིག་གུས་པས་གསོལ་བ་འདེབསཿ མ་གཅིག་གསང་བ་ཡེ་ཤེས་མཆོག་འགྲུབ་ཤོགཿ གཅེས་འཛིན་བདག་ཏུ་བཟུང་བའི་ལུས་དབུས་ནསཿ རྣམ་ཤེས་འོད་ཀྱི་ཐིག་ལེ་དཀར་དམར་མདངསཿ སྐར་མདའ་ཆད་བཞིན་སྤྱི་བོར་ནས་བརྒྱུད་དེཿ མ་གཅིག་རིན་ཆེན་མཁའ་འགྲོའི་ཐུགས་ཀར་འཕོསཿ ཕཊཿ སླར་ཡང་རི་ཡིག་སེར་གསལ་ཕྱིར་འཕྲོས་པའིཿ མཉམ་པ་ཉིད་ཀྱི་ཡེ་ཤེས་རང་རྩལ་ལསཿ རྒྱལ་ཀུན་བསྐྱེད་ཡུམ་མ་གཅིག་ཁྲོས་མ་སེརཿ ཕྱག་གཡས་གྲི་གུག་གཡོན་པའི་ནོར་བུ་འབརཿ སྤྱི་གཙུག་ཕག་ཞལ་ངུར་སྒྲས་ས་གསུམ་གཡོཿ རིན་ཆེན་རུས་རྒྱན་མཁའ་འགྲོའི་ཆས་ཀུན་རྫོགསཿ ཕྱག་གཡས་གྲི་གུག་འབར་བས་བེམ་པོ་ཡིཿ སྨིན་མཚམས་ནས་བཟུང་ལྤགས་པ་ཧྲལ་གྱིས་གཤགསཿ ལས་བྱེད་སྤྲུལ་པའི་མཁའ་འགྲོ་གྲངས་མེད་པསཿ བཤུས་ཤིང་བརྡལ་བའི་ས་གཞི་ཁྱབ་པ་ཡིཿ རིན་ཆེན་སྣོད་མཆོག་རྒྱ་ཆེན་གཏིང་ཟབ་གྱུརཿ དེའི་ནང་དབུས་སུ་བེམ་པོའི་ཐོད་པ་དངཿ གཞན་ཡང་སྤྲུལ་པའི་ཐོད་སྣོད་རྒྱ་ཆེ་བཿ གྲངས་མེད་ནང་དུ་རང་ལུས་བེམ་པོ་ཡིཿ ཀླད་པ་སྙིང་ཁྲག་རཀྟའི་དྭངས་མ་དབུསཿ གཞན་ཡང་དོན་སྣོད་ནང་རོལ་དབང་པོ་དང་ཿ ཤ་ཁྲག་རུས་པ་རྐང་དང་ལྷ་བ་སོགསཿ སོ་སོར་ཐོད་སྣོད་གྲངས་མེད་ནང་དུ་བླུགསཿ རང་ཉིད་མཁའ་འགྲོའི་ཐུགས་ཀའི་འོད་ཟེར་གྱིསཿ དངོས་འཛིན་མ་དག་དྲི་མའི་ཚོགས་ཀུན་སྦྱངསཿ ཚོགས་ཞིང་སྐུ་ལས་ཡེ་ཤེས་བདུད་རྩི་ཡིཿ རྣམ་པའི་འོད་བྱུང་ཐོད་སྣོད་སོ་སོར་ཕོགཿ དབུས་མ་འདོད་ཡོན་ཟག་མེད་བདུད་རྩིའི་བཅུདཿ དེ་ལས་འོད་རླངས་འཕྲོས་པའི་ཟེགས་མ་ཕོགཿ ཐོད་སྣོད་སོ་སོར་འདོད་ཡོན་ལོངས་སྤྱོད་རྫསཿ དགོས་འདོད་ཀུན་འབྱུང་དབང་གི་རྒྱལ་པོའི་གཙོསཿ ནོར་བུའི་རིགས་གྱུར་མ་རྒད་ཨིནྡྲ་ནཱིལཿ པད་རག་མུ་ཏིག་གསེར་གཡུ་ཀེ་ཀེ་རུཿ ཡིད་བཞིན་རིན་ཆེན་རིགས་གྱུར་མ་ཚང་མེདཿ དར་ཟབ་ཟ་འོག་སྣ་ཚོགས་རྒྱན་གོས་རིགསཿ གོ་མཚོན་ཀ་ཆ་དཀོར་ཆ་ཡོ་བྱད་ཚོགསཿ གནས་ཁང་སྐྱེད་མོའི་ཚལ་དང་སྨན་སྤོས་སྦྱརཿ དཀར་གསུམ་མངར་གསུམ་གཙོར་བྱས་གཡོས་སྦྱར་བའིཿ བཟའ་བཅའ་བཏུང་བ་རོ་དྲུག་ནུས་པ་ལྡནཿ གཞན་ཡང་སྲིད་ཞིའི་དཔལ་འབྱོར་ལོངས་སྤྱོད་དངཿ གདུགས་དང་རྒྱལ་མཚན་བ་དན་བླ་རེ་བཀྲཿ རྔ་མའི་བསིལ་ཡབ་ཕྱེ་མའི་འཕུར་མ་སྤུངསཿ མཆོད་པའི་སྤྲིན་ཕུང་དཔག་མེད་ནམ་མཁའ་གངཿ རང་ལུས་སྤྲུལ་བསྒྱུར་འདོད་ཡོན་ལོངས་སྤྱོད་ཚོགསཿ སྟོང་གསུམ་འཇིག་རྟེན་ཁམས་ཀུན་གང་བར་དམིགསཿ ཕཊཿ དེ་ནས་འབུལ་ཞིང་བསྔོ་བ་ནིཿ ཕཊཿ དྲུག་པའི་བདག་ཉིད་རྒྱལ་བ་ཀུན་ཏུ་བཟངཿ རིགས་ལྔའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་འཁོརཿ ཕྱེད་སྤྲུལ་སྤྲུལ་པ་སྐུ་ཡི་ཚོགས་རྣམས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་མཆོད་པའི་སྤྲིནཿ ལྷ་མའི་འདོད་ཡོན་ལོངས་སྤྱོད་མ་ཚང་མེདཿ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོའི་ཚོགསཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ནསཿ འཕོ་མེད་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོགཿ ཕཊཿ རྒྱལ་བའི་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིནཿ བསྐལ་བཟང་འདྲེན་པ་སྟོང་དང་ཉེ་སྲས་བརྒྱདཿ ས་བཅུའི་དབང་ཕྱུག་དགྲ་བཅོམ་འཕགས་པའི་ཚོགསཿ སྒྱུ་ལུས་ཟག་མེད་བདུད་རྩིའི་མཆོད་པའི་སྤྲིནཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་མ་ཚང་མེདཿ ཕྱི་ནང་གསང་བའི་མཆོད་པའི་རྒྱ་མཚོའི་ཚོགསཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ནསཿ འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་བརྙེས་ཤོགཿ ཕཊཿ རིགས་བརྒྱའི་ཁྱབ་བདག་སྟོན་པ་དྲི་མ་མེདཿ བདེ་བའི་ཡུམ་ཆེན་ཡེ་ཤེས་ཌཱཀྐི་མཿ རྡོ་རྗེ་འཛིན་པའི་སར་གནས་འཁོར་གྱི་ཚོགསཿ སྒྱུ་ལུས་ཟག་མེད་བདུད་རྩིའི་མཆོད་པའི་སྤྲིནཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་མ་ཚང་མེདཿ ཕྱི་ནང་གསང་བ་མཆོད་པ་རྒྱ་མཚོའི་ཚོགསཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ནསཿ ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོ་བར་ཤོགཿ ཕཊཿ ཨ་ཏི་རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་ཡིཿ གསང་མཛོད་མངའ་བརྙེས་གསང་བདག་དགའ་རབ་རྗེཿ འཁྲུལ་ཞིག་དཔའ་བོ་དཔའ་མོའི་ཚོགས་བཅས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི༴ ལྷ་མིའི་འདོད་ཡོན་ལོངས་སྤྱོད༴ ཕྱི་ནང་གསང་བའི་མཆོད༴ འབུལ་ལོ་ཚོགས་རྫོགས་སྒྲིབ༴ ཟག་བཅས་འོད་སྐུར་གྲོལ་བར་བྱིན་གྱིས་རློབསཿ ཕཊཿ རིག་འཛིན་རྗེ་བོ་པདྨ་ཐོད་ཕྲེང་རྩལཿ ཤེས་རབ་ཡུམ་མཆོག་མེ་ཏོག་མནྡྭ་རཿ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅསཿ སྒྱུ་ལུས༴ ལྷ་མིའི༴ ཕྱི་ནང་༴ འབུལ་ལོ༴ ཁྱེད་ཀྱི་ཐུགས་ཀློང་དབྱེར་མེད་རོ་གཅིག་ཤོགཿ ཕཊཿ པད་འབྱུང་ཐུགས་སྤྲུལ་ཕ་གཅིག་དམ་པ་རྗེཿ གསང་ཡུམ་ཡེ་ཤེས་ཌཱཀྐི་མ་གཅིག་མཿ རྒྱ་གར་བོད་ཡུལ་གྲུབ་བརྙེས་རིག་འཛིན་ཚོགསཿ སྒྱུ་ལུས༴ ལྷ་མིའི༴ ཕྱི་ནང་༴ འབུལ་ལོ༴ ཁམས་གསུམ་དབང་དུ་འདུ་བར་བྱིན་གྱིས་རློབསཿ ཕཊཿ ཡི་དམ་ཀུན་འདུས་མ་གཅིག་ཁྲོས་མ་ནགཿ ལས་བཞི་ལྷུན་གྲུབ་རིགས་བཞིའི་ཌཱཀྐི་མཿ རང་རང་རིགས་ཀྱི་འཁོར་ཚོགས་བཅས་རྣམས་ལཿ སྒྱུ་ལུས༴ ལྷ་མིའི༴ ཕྱི་ནང་༴ འབུལ་ལོ༴ སྲིད་གསུམ་ཟིལ་གྱིས་གནོན་པར་བྱིན༴ ཕཊཿ ཧེ་རུ་ཀ་དཔལ་ཆེ་མཆོག་འདུས་པ་རྩལཿ ཞི་བ་རྡོར་དབྱིངས་འབར་བ་ཁྲག་འཐུང་ཚོགསཿ ཡི་དམ་ལྷ་ཚོགས་དཀྱིལ་འཁོར་ཡོངས་རྫོགས་ལཿ སྒྱུ་ལུས༴ ལྷ༴ ཕྱི་ནང་༴ འབུལ་ལོ༴ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཕོབ་ཅིགཿ ཕཊཿ ཌཱཀྐིའི་གཙོ་མོ་གསང་ཡེ་བདུད་འདུལ་མཿ རྡོ་རྗེ་ཕག་མོ་སེང་ཧ་མུ་ཁའི་གཙོསཿ མ་རྒྱུད་མཁའ་འགྲོའི་དཀྱིལ་འཁོར་རྒྱ་མཚོ་ལཿ སྒྱུ་ལུས༴ ལྷ་མིའི༴ ཕྱི་ནང་༴ འབུལ་ལོར་རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབསཿ ཕཊཿ རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཏཱ་རེ་མཿ སྤྲུལ་པ་ཉི་ཤུ་དྲང་སྲོང་རིག་པ་འཛིནཿ དཔའ་བོ་དཔའ་མོ་སྤྲུལ་པ་འཁོར་བཅས་ལཿ སྒྱུ་ལུས༴ ལྷ༴ ཕྱི་ནང་༴ འབུལ་ལོ༴ འདྲེན་པའི་དེད་དཔོན་ཆེན་པོར་བྱིན་གྱིས༴ ཕཊཿ སྐྱབས་གནས་ཀུན་འདུས་དྲིན་ཆེན་བླ་མ་རྗེཿ དགོངས་བརྡ་སྙན་བརྒྱུད་བྱིན་རླབས་དབང་བསྐུར་གྱིཿ རྩ་བ་བརྒྱུད་པ་བླ་མའི་ཚོགས་རྣམས་ལཿ སྒྱུ༴ ལྷ༴ ཕྱི༴ འབུལ་ལོ༴ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ ཕཊཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅསཿ དཀོན་མཆོག་སྲི་ཞུའི་མགྲོན་དུ་གྱུར་རྣམས་ལཿ གཅས་འཛིན་སྒྱུ་ལུས་ཟག་མེད་བདུད་རྩིའི་བཅུདཿ ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་སྤྲིན་ཕུང་གིཿ མཆོད་པ་འབུལ་ལོ་ཐུགས་དམ་ཡོངས་སྐོང་ནསཿ གཟུང་འཛིན་འཁྲུལ་སྣང་རྨི་ལམ་སད་པ་བཞིནཿ འཁོར་འདས་རོ་སྙོམས་རིག་པ་མངོན་དུ་གྱུརཿ ཡུམ་ཆེན་དགོངས་པ་རྟོགས་པར་བྱིན་ཕོབས་ཤིགཿ ཕཊཿ བདེ་ཆེན་ཀུན་ཏུ་བཟང་མོའི་སྤྲུལ་བསྒྱུར་གརཿ སྔགས་ཀྱི་སྲུང་མ་ཁྲོ་མོ་རལ་གཅིག་མཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་འཁོར་བཅསཿ སྒྱུ་ལུས༴ བྱུང་བའི༴ གཏོར་མ༴ ས་ལམ་འགལ་རྐྱེན་ཞི་བར་མཛད་དུ་གསོལཿ ཕཊཿ ཕོ་རྒྱུད་ཀུན་འདུས་དཔལ་མགོན་མ་ནིང་ནགཿ ལེགས་ལྡན་ཚོགས་བདག་བདུད་མགོན་ཡེ་ཤེས་ལསཿ ཕོ་རྒྱུད་མགོན་པོའི་རིགས་སུ་གྱུར་རྣམས་ལཿ སྒྱུ་ལུས་ཟག་མེད༴ བྱུང་བའི་རྟེན་སྒྲུབ༴ གཏོར་མ་སྤྱན་གཟིགས་དཀོར་ནོར་སྤྲུལ་ཏེ་འབུལཿ བྱད་མ་རང་གཤེད་ཕོབ་ལ་དགྲ་གདོན་ཟློགཿ ཕཊཿ ཨེ་ཀ་ཊྭི་ལྷ་མོ་དུད་སོལ་མཿ འདོད་ཁམས་དབང་ཕྱུག་རེ་ཏི་གཤོག་རྒོད་མཿ མོ་རྒྱུད་མ་མོའི་རིགས་སུ་གཏོགས་ཀུན་ལཿ སྒྱུ་ལུས༴ བྱུང་བའི༴ གཏོར་མ༴ བླ་མེད་ཨ་ཏིའི་བསྟན་པ་འཛིན་སྐྱོང་སྤེལཿ ཕཊཿ བསྟན་སྲུང་གཙོ་བོ་གཟའ་བདུད་རཱ་ཧུ་ལཿ སྤུ་གྲི་མཆེད་གསུམ་དུར་བདག་གིང་ཆེན་བཞིཿ དམ་ལྡན་བཀའ་ཡི་སྲུང་མའི་ཚོགས་ཀུན་ལཿ སྒྱུ་ལུས༴ བྱུང་བའི༴ གཏོར་མ༴ བསྟན་དགྲ་ལས་ངན་བསྒྲལ་བའི་ཕྲིན་ལས་མཛོདཿ ཕཊཿ དགེ་བསྙེན་བསྙོན་ཁ་གནོད་སྦྱིན་དེད་དཔོན་གསུམཿ མཐུ་ཆེན་སྡེ་བཞི་དྲེགས་པའི་སྡེ་དཔོན་གཙོསཿ གཏེར་སྲུང་དྲེགས་པའི་དམག་ཚོགས་འཁོར་བཅས་ལཿ སྒྱུ་ལུས༴ བྱུང་བའི༴ གཏོར་མ༴ ཐ་ཚིག་རྡོ་རྗེའི་དམ་ལས་མ་འདའ་བརཿ འཛམ་གླིང་བདེ་ལ་འགོད་པའི་ཕྲིན་ལས་མཛོདཿ ཕཊཿ བཀའ་དང་གཏེར་གྱི་སྲུང་མ་དྲག་རྩལ་ཅནཿ མགོན་པོ་ཡོན་ཏན་མགྲོན་དུ་གྱུར་རྣམས་ལཿ གཅེས་འཛིན་བདག་ལུས་ཟག་མེད་བདུད་རྩིའི་བཅུདཿ དགྱེས་སྐོང་མཆོད་པའི་སྤྲིན་ཕུང་མི་ཟད་གཏེརཿ ཕུལ་བས་ཐུགས་དམ་གཉན་པོ་སྐོང་གྱུར་ནསཿ མཁོན་སྦྱངས་ཉམས་ཆགས་སོར་ཆུད་དམ་ལ་གནསཿ ས་ལམ་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལཿ བསྟན་དགྲ་ཐལ་བར་བརླག་པའི་ཕྲིན་ལས་མཛོདཿ ཕཊཿ ཚངས་དབང་བརྒྱ་བྱིན་དབང་ཕྱུག་ཁྱབ་འཇུག་གཙོསཿ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་རྣམས་དངཿ འདུ་ཤེས་མེད་སོགས་ལྷ་ཡི་རིགས་རྣམས་ལཿ སྒྱུ་ལུས༴ བྱུང་བའི་འདོད་ཡོན་ལོངས་སྤྱོད་མཆོད་པའི་རྫསཿ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་ཕུལ་བསཿ འཕོ་ལྟུང་ལ་སོགས་སྡུག་བསྔལ་ཡོངས་བྲལ་ནསཿ ཐེག་གསུམ་ཆོས་ཀྱི་གདུལ་བྱར་འགྱུར་པར་ཤོགཿ ཕཊཿ ཕྲག་དོག་ལྷ་མིན་དེད་དཔོན་ཐག་བཟང་རིསཿ ལྷ་ཀླུ་མིའམ་ཅི་ཡི་བསྡུས་པ་ཡིཿ གདུག་རྩུབ་ལྷ་མིན་རིགས་སུ་གཏོགས་རྣམས་ལཿ བདག་ལུས་ཟག་མེད་བདུད་རྩིའི་སྤྲིན༴ བྱུང་བའི་འདོད་ཡོན་ལོངས་སྤྱོད་མཆོད༴ མི་ཟད་ནམ་མཁའ་མཛོད་ཀྱི༴ ཕྲག་དོག་འཁྲུགས་སེམས་སྡུག་བསྔལ་ཡོངས་བྲལ་ནསཿ ཐེག་ཆེན་ལྟ་བ་རྒྱུད་ལ་སྐྱེ་བར་ཤོགཿ ཕཊཿ རྒྱལ་པོ་རྗེ་བོ་དམངས་དང་གདོལ་པ་ཕལཿ སྟོང་གསུམ་འཇིག་རྟེན་ཁམས་ན་གནས་པ་ཡིཿ མི་ཡི་འགྲོ་བའི་རིགས་གྱུར་ཐམས་ཅད་ལཿ སྒྱུ་ལུས༴ བྱུང་༴ མི་ཟད༴ སྡུག་བསྔལ་བརྒྱད་གསུམ་གཙོ་གྱུར་ཉེར་ཞི་ནསཿ གསང་ཆེན་ཆོས་ཀྱི་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ ཆུ་གཏེར་མུན་པའི་གླིང་སོགས་བྱིངས་ན་གནསཿ ཁ་འཐོར་སྣ་ཚོགས་སྲིན་བུ་པདྨ་ཡནཿ གཏི་མུག་དུད་འགྲོའི་རིགས་སུ་གྱུར་རྣམས་ལཿ སྒྱུ་ལུས༴ བྱུང་བའི༴ མི༴ བླུན་རྨོངས་ཚ་གྲང་བཀོལ་སྤྱོད་སྡུག་བསྔལ་བྲལཿ མཐོ་རིས་ཐར་པའི་ལམ་བཟང་ཐོབ་པར་ཤོགཿ ཕཊཿ ཁ་འབར་གཟི་བརྗིད་ཅན་དང་འཇུར་གེགས་གཙོསཿ ཕྱི་ནང་དགོས་ཁུར་ལས་ཀྱི་སྒྲིབ་པ་ཅནཿ བཀྲེས་སྐོམ་ཡི་དྭགས་རིགས་སུ་གཏོགས་ཀུན་ལཿ སྒྱུ་ལུས༴ བྱུང་བའི༴ མི་ཟད༴ འཁྱགས་ལྟོག་སྐོམ་དང་ཚ་གྲང་སྡུག་བསྔལ་ཞིཿ མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོགཿ ཕཊཿ ཆོས་རྒྱལ་ལས་མཁན་དམྱལ་གནས་དེད་དཔོན་གཙོསཿ ཚ་གྲང་བཅུ་དྲུག་ཉི་ཚེ་ཉེ་འཁོར་བཿ སྡུག་བསྔལ་གྱིས་གཟིར་དམྱལ་གནས་རིགས་རྣམས་ལཿ སྒྱུར༴ བྱུང་༴ མི༴ ཞེ་སྡང་བཟོད་དཀའི་སྡུག་བསྔལ་ཀུན་ཞི་ནསཿ གཞན་ཕན་བྱང་སེམས་རྒྱུ་ལ་སྐྱེ་བར་ཤོགཿ ཕཊཿ སྣ་ཚོགས་སྡུག་བསྔལ་རྒྱུ་འབྲས་ལ་སྤྱོད་པའིཿ རིགས་དྲུག་སྙིང་རྗེའི་མགྲོན་དུ་གྱུར་རྣམས་ལཿ གཅེས་འཛིན་སྒྱུ་ལུས་ཟག་མེད་བདུད་རྩིའི་བཅུདཿ གང་འདོད་འདོད་ཡོན་ལོངས་སྤྱོད་དཔག་མེད་པཿ སྦྱིན་པས་སོ་སོའི་སྡུག་བསྔལ་ཉོན་མོངས་དྲུགཿ བ་མོར་ཉི་ཟེར་ཕོག་བཞིན་ཡོངས་ཞི་ནསཿ འདོད་པའི་ཡོན་ཏན་ལྔ་ཡིས་རབ་ཚིམ་ཞིངཿ མཚོ་ཆེན་འཁོར་བའི་རྒྱ་མཚོ་སྐེམ་པར་ཤོགཿ ཕཊཿ ཚེ་རབས་ཐོག་མ་མེད་ནས་ད་ལྟའི་པརཿ འཁོར་བར་འཁོར་ཚེ་ཤ་མཁོན་ལན་ཆགས་པའིཿ བགེགས་རིགས་ལན་ཆགས་མགྲོན་དུ་གྱུར་རྣམས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་ལསཿ བྱུང་བའི་གང་འདོད་འདོད་ཡོན་ལོངས་སྤྱོད་ཚོགསཿ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་སྦྱིན་པསཿ བུ་ལོན་ལན་ཆགས་ཤ་མཁོན་ཀུན་བྱང་ནསཿ ཚད་མེད་རྣམ་བཞི་རྒྱུད་ལ་སྐྱེ་བར་ཤོགཿ ཕཊཿ སྔོན་འདས་བར་དང་ཐ་མ་ད་ལྟའི་སྐབསཿ མིང་བཞི་འདུས་པའི་ཕུང་པོར་རྟེན་བཅས་པའིཿ སྲིད་པ་བར་དོར་འཕྱན་པའི་རིགས་རྣམས་ལཿ སྒྱུ་ལུས་ཟག་མེད༴ བྱུང་བའི་གང་འདོད༴ མི་ཟད་ནམ་མཁའ་མཛོད༴ རང་རང་ལས་ཀྱི་སྡུག་བསྔལ་ཀུན་བྲལ་ནསཿ ལས་ཀྱི་འཕྲོ་མཐུད་བདེ་ལྡན་ཞིང་བགྲོད་ཤོགཿ ཕཊཿ གདུག་སེམས་སྲོག་གཅོད་ཤ་དང་ཁྲག་ལ་སྡང་ཿ གནད་གཅོད་ཕྱིན་ཅི་ལོག་བཞིའི་ལས་ཀྱིས་མནརཿ མཁའ་རྒྱུའི་རིགས་གྱུར་གཟུགས་མེད་གདོན་བགེགས་ལཿ སྒྱུ་ལུས༴ བྱུང་བའི༴ མི་ཟད༴ གནོད་སེམས་བག་ཆགས་སྡུག་བསྔལ་ཡོངས་སྦྱངས་ནསཿ བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེ་བར་ཤོགཿ ཕཊཿ འཁྲུལ་སྣང་དབང་གྱུར་གནོད་སེམས་རྒྱུན་ཆགས་པའིཿ བུ་ལོན་ལན་ཆགས་གདོན་བགེགས་མགྲོན་རྣམས་ལཿ གཅེས་འཛིན་སྒྱུ་ལུས་ཟག་མེད་བདུད་རྩིའི་བཅུདཿ གང་འདོད་འདོད་ཡོན་ལོངས་སྤྱོད་དཔག་མེད་པཿ སྦྱིན་པས་དགའ་མགུ་ཡི་རང་ལན་ཆགས་བྱངཿ གནོད་འཚེ་གདུག་པའི་བསམ་ངན་སྦྱོར་རྩུབ་ཞིཿ ལས་ངན་འཁྲུལ་བའི་བག་ཆགས་ཡོངས་ཟད་ནསཿ མ་གཅིག་ཁྲོས་མའི་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ མཆོད་སྦྱིན་མགྲོན་གྱུར་གཙོ་བོའི་རྗེས་འབྲང་དངཿ ཐོག་མར་མ་སླེབ་གློ་བུར་ལྷགས་པའི་རིགསཿ ལྷག་མའི་མགྲོན་དུ་གྱུར་པ་ཐམས་ཅད་ལཿ གཅེས་འཛིན་སྒྱུ་ལུས་ཟག་མེད་བདུད་རྩིའི་བཅུདཿ གང་འདོད་འདོད་ཡོན་ལོངས་སྤྱོད་དཔག་མེད་པཿ སྦྱིན་པས་མི་ཟད་ནམ་མཁའི་གཏེར་ལ་སྤྱོདཿ སྡིག་སྒྲིབ་བག་ཆགས་ན་ཚ་སྡུག་བསྔལ་ཞིཿ ཟག་མེད་བདེ་ཆེན་དཔལ་ལ་ལོངས་སྤྱོད་ཤོགཿ ཕཊཿ« མདོ་ལུགས་གྲངས་མེད་གསུམ་གྱི་དམ་བཅའ་དང་ཿ གཏན་པ་མེད་པའི་མཆོད་སྦྱིན་རྒྱ་མཚོའི་ཚོགསཿ སྐད་ཅིག་གཅིག་གིས་འདུམ་པར་བྱེད་པ་ཡིཿ ཁྲ་བོའི་མཆོད་སྦྱིན་བདུད་རྩིའི་རྒྱ་མཚོའི་སྤྲིནཿ དམིགས་གནད་ལྡན་པས་བདེ་ལ་ནན་ཏན་གྱིསཿ བདག་དང་འབྲེལ་བས་བསྡུས་པའི་སེམས་ཅན་ཀུནཿ ཟག་པ་བག་ཆགས་བཅས་པ་ཡོངས་ཟད་ནསཿ ཆོས་སྐུའི་རང་ཞལ་མཇལ་བར་གདོན་མི་ཟཿ གསུམ་པ་བདག་གཞན་བག་ཆགས་སྒྲིབཿ སྦྱོང་བར་བྱེད་པའི་ནག་འགྱེད་ནིཿ དང་པོ་དད་པ་བསྟན་པོ་ཡིསཿ» ཨེ་མ་ཧོཿ རྗེ་དུས་གསུམ་སངས་རྒྱས་ཀུན་འདུས་དཔལཿ བཀའ་དྲིན་འཁོར་མེད་རིན་པོ་ཆེཿ དམ་པ་རྒྱ་གར་སྤྲུལ་པའི་སྐུཿ སྐུ་མདོག་ནག་ལ་སྣུམ་པ་དེཿ ཆོས་སྐུ་འགྱུར་བ་མེད་པའི་རྟགསཿ སྤྱན་གསུམ་འབྲུ་ཚུགས་གཟིགས་པ་དེཿ སྐུ་གསུམ་ས་ལ་བཞུགས་པའི་རྟགསཿ དབུ་སྐྲ་ནག་སྣུམ་གྱེན་དུ་འཁྱིལཿ ཡི་དམ་ལྷ་དང་དབྱེར་མེད་རྟགསཿ ཚེམས་མདོག་དཀར་ལ་ཚེམས་རྩེ་རྣོཿ དུག་ལྔ་དབྱིངས་སུ་དག་པའི་རྟགསཿ ལྕགས་དཀྱུས་རིང་ཞིང་སྲབ་པ་དེཿ ཤེས་རབ་མེ་ལྟར་འབར་བའི་རྟགསཿ སྙན་གཤོགས་རྒྱངས་ཤིང་སྲབ་པ་དེཿ མི་བརྗེད་གཟུངས་དང་ལྡན་པའི༴ ཤངས་དཀྱུས་མཐོ་ཞིང་ཤངས་བུག་ཡངསཿ འཁོར་འདས་དྭངས་བཅུད་འདྲེན་པའི༴ སྐུ་སྟོད་སེང་ཆེན་འགྱིངས་འདྲ་བཿ དཔའ་བོ་དབང་དུ་འདུ་བའི༴ སྐུ་སྐེད་ཕྲ་ཞིང་མཉེན་པ་དེཿ རྩ་རླུང་ཐིག་ལེ་འབྱོངས་པའི༴ སྐུ་སྨད་རྡོ་རྗེ་བཞད་པ་དེཿ མཁའ་འགྲོ་དབང་དུ་འདུ་བའི༴ དབང་ཕྱུག་ཁྲོ་གཉེར་རབ་རྒྱས་པཿ ཡེ་ཤེས་ཆེན་པོ་རྒྱས་པའི༴ ཕྱག་གཉིས་ལྗོན་ཤིང་རྒྱས་འདྲ་བཿ ཁམས་གསུམ་དབང་དུ་བསྡུ་བའི༴ ཕྱག་སོར་རིང་ཞིང་མཉེན་པ་དེཿ གདུལ་བྱ་ཐབས་ཀྱིས་འདུལ་བའི༴ ཞབས་ཟུང་ཙན་སྡོང་གཤིབས་འདྲ་བཿ ཐབས་ཤེས་འདུ་འབྲལ་མེད་པའི༴ ཞབས་སོར་སྦོམ་ཞིང་མཁྲིག་པ་དེཿ ས་བཅུ་ཟིལ་གྱིས་གནོན་པའི༴ མཐིལ་བཞི་ཡངས་ཤིང་འཇམ་པ་དེཿ སྙིང་རྗེའི་གདུལ་བྱ་རྗེས་འཛིན༴ བཅུ་དྲུག་གཞོན་ཤ་ཆགས་པ་དེཿ རྩ་བཅུད་ཐིག་ལེ་རྒྱས་པའི༴ འཇམ་ཞིང་བདེ་དྲོད་འབར་བ་དེཿ དགའ་བཞི་འདུ་འབྲལ་མེད་པའི༴ ཆོས་ཀྱི་བརྡ་ཚིག་སྣ་ཚོགས་སྟོནཿ སྐལ་ལྡན་རྗེས་སུ་འཛིན་པའི༴ རེས་འགའ་དྲག་པོའི་ངན་སྔགས་གསུངསཿ སྐལ་མེད་རྣམ་ཤེས་སྤར་བའི༴ སྐབས་འགར་རྟེན་འབྲེལ་སྣ་ཚོགས་མཛདཿ འགྲོ་བའི་བདེ་སྐྱིད་སྤེལ་བའི༴ སྐབས་འགར་སྨྱོན་པའི་བརྟུལ་ཞུགས་འཆང་ཿ བདུད་བཞིའི་གཡུལ་ལས་རྒྱལ་བའི༴ སྐབས་འགར་འཁྲུལ་པའི་སྤྱོད་པ་སྐྱོངཿ འགྲོ་བ་ཐབས་ཀྱིས་འདུལ་བའི༴ སྐབས་འགར་བརྟུལ་ཞུགས་རོ་མཉམ་མཛདཿ འཁོར་འདས་རྦ་རླབས་ཕྱེད་པའི༴ སྐབས་འགར་མ་དག་སྤྱོད་པ་སྐྱོངསཿ འཁོར་གྱི་དྲོད་ཚད་ཉུལ་བའི༴ ཕ་ནག་པོ་ཆེན་པོ་གཟི་བརྗིད་ཅནཿ ཁམས་གསུམ་ཟིལ་གནོན་རིན་པོ་ཆེཿ འགྲོ་ཀུན་ཐུགས་རྗེའི་བརྩེ་བས་སྐྱོངཿ བདག་ལ་རྗེས་སུ་ཆགས་པར་མཛདཿ ཁོ་མོ་འཁྲུལ་པའི་གཞན་དབང་གིསཿ ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡིསཿ དབང་ཡོན་ཏན་མ་མཐོང་ཞིངཿ རང་ཉིད་ང་རྒྱལ་དྲག་པོ་ཡིསཿ ལོག་ལྟ་བདུད་ཀྱི་དབང་དུ་ཤོརཿ གུ་རུའི་རྣམ་འཕྲུལ་སྤྲུལ་པའི་སྐུཿ དམ་པའི་ཐུགས་སུན་མ་མཛད་པརཿ སྣ་ཚོགས་ཐབས་ཀྱིས་བདག་བློ་བསྒྱུརཿ གསང་བ་གསུམ་གྱི་ཡོན་ཏན་ངོམཿ ད་ནི་གུ་རུ་དངོས་སུ་མཐོངཿ གསང་སྔགས་དབང་བཞི་རྫོགས་པར་ཐོབཿ སྐུ་གསུང་ཐུགས་ཀྱི་ཡོན་ཏན་རིགསཿ ཕྱིར་མི་ལྡོག་པའི་དད་པ་སྐྱེསཿ བདེ་ཆེན་ཟག་མེད་དངོས་གྲུབ་ཐོབཿ ལུས་ངག་ཡིད་གསུམ་ཡོན་དུ་འབུལཿ འདི་ནས་བྱང་ཆུབ་སྙིང་པོའི་བརཿ ཁྱོད་ལས་རེ་ས་བདག་ལ་མེདཿ གསོལ་བ་སྙིང་ནས་འདེབས་པ་ལཿ བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལཿ ཟག་བཅས་མ་དག་སྒྱུ་མའི་ལུསཿ འོད་ཀྱི་སྐུ་རུ་གྲོལ་བ་དངཿ བཟང་ངན་འབྲེལ་པས་བསྡུས་པ་ཡིཿ མཐོང་ཐོས་དྲན་རེག་སུ་ཡང་རུང་ཿ ཚོམ་བུ་གཅིག་ཏུ་མངོན་སངས་རྒྱསཿ འཁྲུལ་རྟོག་དབྱིངས་སུ་མ་དག་པརཿ འབྲལ་བ་མེད་པར་རྗེས་འཛིན་ཞིངཿ མཐར་ཐུག་ཁྱེད་ཀྱི་ཐུགས་ཀློང་དུཿ དབྱེར་མེད་རོ་གཅིག་འདྲེས་པ་རུཿ བྱིན་གྱིས་རློབས་ཤིག་དམ་པ་རྗེཿ གཞོན་ནུ་བུམ་སྐུར་མ་གྲོལ་བརཿ ཁྱེད་དང་འབྲལ་བ་མེད་པར་ཤོགཿ ཕཊཿ« མ་གཅིག་ལབ་ཀྱི་སྒྲོལ་མ་ལཿ དམ་པ་རྒྱ་གར་དབང་བསྐུར་ཚེཿ ཡོན་ཏན་དྲན་པའི་བསྟོད་པ་འདིཿ ཌཱཀྐིའི་མི་བརྗེད་གཟུངས་ཀྱིས་བཟུངསཿ དུས་ལ་བབ་ཚེ་གསུངས་པ་བཞིནཿ གསུང་ཆེན་དག་ཏུ་བཀོད་པ་སྟེཿ འདི་ཉིད་ཤིན་ཏུ་བྱིན་ཆེའོཿ »ཕཊཿ ང་མེད་ངར་བཟུང་འཁོར་བར་འཁྱམས་བྱེད་ཀྱིཿ འབྱུང་བཞིའི་བསྐྱེད་པའི་ཕུང་ཁམས་ལུས་དབུས་ནསཿ རྣམ་ཤེས་འོད་ཀྱི་ཐིག་ལེར་ནམ་མཁར་འཕགསཿ མ་ཧཱ་མཁའ་འགྲོའི་ཐུགས་ཀློང་དབྱེར་མེད་འདྲེསཿ ཕཊཿ སླར་ཡང་ནི་ཡིག་དམར་གསལ་ཕྱི་འཕྲོས་པསཿ ཁྲོས་མ་དམར་མོ་གྲི་གུག་ལྕགས་ཀྱུ་འཛིནཿ མཁའ་འགྲོའི་ཆེས་རྫོགས་གར་སྟབས་ཁྱུག་གེར་གསལཿ ཐུགས་ལ་འོད་ཟེར་དཔག་མེད་འཕྲོས་པ་ཡིསཿ བདག་དང་སློབ་དཔོན་ཕ་མ་རྡོ་རྗེའི་མཆེདཿ ལས་ཀྱི་འབྲེལ་བའི་གཙོར་གྱུར་རིགས་དྲུག་འགྲོཿ དམ་སྡོམ་བསླབ་པ་ཉམས་འགལ་རལ་བ་དངཿ སྡིག་སྒྲིབ་ཉམས་ཆགས་ཉེས་ལྟུང་མི་དགེའི་འབྲསཿ སྔོན་ལས་འཕྲལ་རྐྱེན་འདུ་བ་རྣམ་བཞིའི་འཁྲུགསཿ འགྲོ་བའི་ནད་རིམས་རྣམ་རྟོག་བག་ཆགས་གྲིབཿ མ་ལུས་ཡོངས་བསྡུས་བེམ་པོར་དབྱེར་མེད་ཐིམཿ མདོག་ནག་དྲི་ངན་རོ་རྩུབ་ནང་རླངས་འཕྲོཿ ཡིད་མི་འོང་བ་རི་རབ་ཙམ་དུ་གྱུརཿ ཕཊཿ བདག་ཅག་མཆེད་ལྕམ་གྲྭ་སྡེ་ཡོན་མཆོད་ལཿ སྡང་ཞིང་གདུག་པའི་སེམས་ཅན་བསམ་སྦྱོར་ངནཿ ནད་རིམས་མི་གཙང་མི་འདོད་སྣ་འདྲེན་ཞིངཿ ཚེ་བསོད་སྟོབས་འབྱོར་ཁ་རྗེ་དབང་ཐང་ལཿ བར་དུ་གཅོད་པའི་རིགས་སུ་གྱུར་རྣམས་དངཿ ཁྱེད་པར་གནས་གདོན་ལུས་གདོན་འབྱུང་བོའི་ཚོགསཿ ནད་རིམས་ཡམས་ཀྱི་བདག་པོ་བདག་མོ་ཀུནཿ གང་དུ་གནས་ཀྱང་རང་དབང་གཏན་པ་བྲལཿ ཤོག་སྐྱ་རླུང་གིས་བསྐྱོད་བཞིན་འདུས་པར་གྱུརཿ ཕཊཿ« མི་རྐང་གླིང་བུར་དྲག་པོ་ལན་བཞིར་སྒྲོགསཿ »ཕཊཿ ཉོན་ཅིག་སྣང་ཞིང་སྲིད་པའི་ལྷ་དང་འདྲེཿ སྐྱེ་འགྲོའི་སྲོག་དབུགས་ལེན་ཞིང་ཤ་ལ་ཟཿ ཁྲག་ལ་རྔམས་པའི་རིགས་སུ་གྱུར་རྣམས་དངཿ གཉན་ནད་སྨྱོ་འབོག་རྒྱུ་དང་མི་རྒྱུའི་དུགཿ འགོ་བའི་རིམས་དང་ཡམས་ནད་གཏོང་བྱེད་རྣམསཿ འཁོར་བར་འཁྱམས་བྱེད་དུག་ལྔ་འདུ་བའི་ལུསཿ མི་གཙང་རྫས་དགུ་དུག་རླངས་ནད་ཀྱིས་གདུངཿ གཅེས་འཛིན་བློ་ཡི་ཞེན་པ་ཀུན་བཅད་ནསཿ བདག་ལ་མི་དགོས་ལྷ་འདྲེའི་ཚོགས་ལ་སྦྱིནཿ བན་བོན་བྱད་མའི་ལྷ་སྲུང་གཙོར་གྱུར་པའིཿ དྲེགས་པ་མཐུ་ཆེན་རིགས་སུ་གྱུར་རྣམས་དངཿ སྲོག་གཅོད་དབུགས་ལེན་ཟ་འདྲེ་ཤི་བའི་གཤེདཿ ཚེ་ལེན་མདངས་འཕྲོག་གསོན་བདུད་གཤིན་ལྕགས་རིགསཿ ལན་ཆགས་བདག་པོ་བདག་མོ་ནད་རིམས་དངཿ ཡམས་བདག་གདོན་བགེགས་མཉམ་པོར་འོང་བའི་བདུདཿ འཆི་བདག་གཤིན་རྗེའི་དམག་ཚོགས་འཁོར་བཅས་ལཿ བདག་ལུས་མི་གཙང་རྫས་དགུ་ལྡན་པ་འདིཿ སྦྱིན་ནོ་ཟོ་ཞིག་འཐུང་ཅིག་མྱུར་དུ་རོལཿ གཅན་གཟན་ཤ་དང་བྱིའུ་ནག་ཆུར་རུབ་བཞིནཿ སྐད་ཅིག་ཐང་ཅིག་ཡུད་ཙམ་འདི་ཉིད་དུཿ རྗེས་ཤུལ་ལྷག་མ་ཙམ་ཡང་མེད་པར་རོལཿ གཟུང་འཛིན་སྒྲིབ་གཉིས་བག་ཆགས་ཉེས་ལྟུང་དངཿ ན་ཚ་ཟུག་གཟེར་ཤ་ཁྲག་རུས་གསུམ་བཅསཿ གདུག་རྩུབ་ལྷ་འདྲེའི་ཚོགས་ལ་ཟས་སྐལ་གཏདཿ ད་ནི་མིང་གི་ལྷག་མ་མེད་པར་རོལཿ རིག་པ་སྐྱེ་མེད་ཡུམ་གྱི་ཀློང་དུ་ཨཱཿ ཕཊཿ «ཅེས་བརྗོད་གད»ོ«ན་བགེགས་དམག་ཚོགས་ཀྱིསཿ ཟོས་པའི་ཁོང་རྣམས་ལུས་པོ་ཡང་ཿ སོལ་བ་ལྟར་དུ་ནག་གྱུར་ཅིངཿ ན་ཚ་ཟུག་གཟེར་གྱི་མནར་ཏེཿ སྡུག་བསྔལ་ཉམས་སུ་མྱོང་བར་བསམཿ སྙིང་རྗེ་ཆེན་པོ་དར་ཅིག་བསྒོམཿ ཕཊཿ མཐར་ལྷ་འདྲེ་སྟོང་ཉིད་ནམ་མཁའ་སྟོང་པའི་ཀློང་དུ་འདྲེས་ཤིང་རང་ཉིད་ཁྲོས་མའི་ཐུགས་ཀློང་དུ་འདྲེས་པར་བསམཿ སྣང་སྲིད་ཐམས་ཅད་མི་དམིགས་སྟོང་ཉིད་ཁྱབ་བརྡལ་ཆེན་པོར་བལྟ་ཞིང་རྗེས་ཐོབ་ཀུན་ཏུ་བླ་མ་དང་ཕ་དམ་པ་དབྱེར་མེད་པ་ལ་མོས་གུས་བསྐྱེད་ཅིང་ལུས་ཀྱི་གཅེས་འཛིན་དང་བློ་ཡི་ཐེ་ཚོམ་རྣམ་རྟོག་སྦྱངས་ཤིང་རྩ་བ་བཅད་དོཿ བཞི་པ་བརྟུལ་ཞུགས་ལ་མ་སློང་ཞིངཿ འཛིན་པ་རང་སར་གྲོལ་བའི་ཕྱིརཿ དམར་འགྱེད་ཤ་ཁྲག་སྟོན་ཆེན་ནིཿ ཐོག་མར་མོས་གུས་རྩེ་གཅིག་གིསཿ »ཕཊཿ ཕ་འགྲན་གྱི་དོ་མེད་རྡོ་རྗེ་འཆངཿ བདག་ཅག་འཁྲུལ་པའི་སྣང་ངོ་རུཿ ཤ་ཁྲག་མི་ཡི་གཟུགས་སུ་མཐོངཿ ནག་པ་སྐུ་གསུམ་གཟིགས་ངོ་རུཿ འོད་ལུས་ཡེ་ཤེས་སྙིང་པོ་ཅནཿ ཡེ་ཤེས་མཁའ་འགྲོའི་སྣང་ངོ་རུཿ ཁྲག་འཐུང་རྒྱལ་པོ་ཧེ་རུ་ཀཿ གཟུགས་མེད་དྲེགས་པའི་སྣང་ངོ་རུཿ དབང་གི་རྒྱལ་པོ་རྒྱ་མགྲིན་དཔལཿ མ་རུངས་གདུག་པའི་ལྷ་འདྲེའི་ངོརཿ ཁམས་གསུམ་ཟ་བྱེད་སྲིན་པོའི་རྒྱལཿ འགྲོ་དྲུག་རང་རང་སྣང་ངོ་རུཿ མཐུན་སྣང་སྤྲུལ་པའི་སྐུ་རུ་སྟོནཿ དུག་ལྔ་རང་གར་སྤྱོད་པ་ཡིསཿ འགྲོ་བ་ཐབས་ཀྱིས་འདུལ་མཛད་པའིཿ འགྲན་གྱི་དོ་མེད་སྐུ་དྲིན་ཅནཿ བརྩེ་ཆེན་ཐུགས་རྗེས་བདག་སྐྱོངས་ཤིགཿ སྐྱེ་དང་ཚེ་རབས་ཐམས་ཅད་དུཿ འཁྲུལ་པའི་ལམ་དུ་མི་གཏོང་ཞིངཿ ཡང་དག་ལམ་དུ་འགོད་མཛད་པཿ ཁྱོད་ལ་སྙིང་ནས་གསོལ་བ་འདེབསཿ བྱིན་གྱིས་བརླབ་པར་མཛད་དུ་གསོལཿ མ་མི་མིན་ཡེ་ཤེས་མཁའ་འགྲོ་མཿ མ་གཅིག་ཇོ་མོ་ལབ་སྒྲོན་མཿ ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་མཿ སྐལ་ལྡན་རྗེས་སུ་འཛིན་མཛད་མཿ སྐལ་མེད་ཐབས་ཀྱིས་འདུལ་མཛད་མཿ བརྩེ་བའི་ཐུགས་རྗེས་བདག་ལ་དགོངསཿ ཁམས་གསུམ་སེམས་ཅན་ཐམས་ཅད་ཀུནཿ རྗེས་སུ་འཛིན་པར་མཛད་དུ་གསོལཿ མ་སྐྱེ་དམན་བུད་མེད་ལུས་སུ་འཁྲུངསཿ བཟང་ངན་མེད་པར་རྗེས་སུ་བཟུང་ཿ སྐྱེ་མེད་ཡུམ་གྱི་དགོངས་པ་རྟོགསཿ ཟབ་མོའི་གདམས་པ་ཐུགས་སུ་ཆུདཿ སྣང་སྲིད་ལྷ་འདྲེའི་འགྲོ་དོན་མཛདཿ གཅེས་འཛིན་ལུས་ཀྱི་འཛིན་པ་ཞིགཿ འཁོར་འདས་རོ་གཅིག་ཆེན་པོ་མཁྱེནཿ གསོལ་བ་འདེབས་སོ་ཐུགས་རྗེས་ཟུངསཿ མ་སྐུ་ལུས་ཆུང་ལ་གཟི་མདངས་ལེགསཿ དཀར་དམར་མདངས་ལྡན་འོད་ཟེར་འཕྲོཿ མཚན་དཔེས་བརྒྱན་པའི་ཡིད་བཞིན་ནོརཿ སྣ་ཚོགས་ཐབས་ཀྱི་རྫུ་འཕྲུལ་སྟོནཿ རྡོ་རྗེའི་གླུ་དབྱངས་ཚངས་པའི་གསུངཿ ཡན་ལག་དྲུག་ཅུའི་ཤུགས་དང་ལྡནཿ སྐལ་བར་འཚམས་པའི་བརྡ་ཆོས་སྟོནཿ གསོལ་བ་འདེབས་སོ་ཐུགས་རྗེས་ཟུངསཿ མ་ཡུམ་ཆེན་གསང་བ་ཡེ་ཤེས་ཀྱིཿ ཞལ་གཟིགས་ལུང་བསྟན་ཇི་བཞིན་དུཿ ལ་སྟོད་དེང་རིའི་བླ་འཁོར་ནསཿ གུ་རུའི་ཐུགས་སྤྲུལ་དམ་པར་འཕྲདཿ གསང་སྔགས་དབང་བཞི་རྫོགས་པར་གསནཿ ཐབས་དང་ཤེས་རབ་རྟེན་འབྲེལ་འགྲིགསཿ དགའ་བ་བཞི་ཡི་ཡེ་ཤེས་ཀྱིཿ མཐར་རྫོགས་རིག་པའི་རྩལ་དབང་ཐོབཿ གསོལ་བ་འདེབས་སོ་ཐུགས་རྗེས་ཟུངསཿ མ་སྤངས་རྟོགས་ཡོན་ཏན་མཐར་ཕྱིན་ཞིངཿ ཀུན་ཏུ་བཟང་པོའི་གཞི་ཐོག་ཏུཿ གྲོལ་བའི་འབྲས་བུའི་དེ་ཉིད་གཟིགསཿ འབྱུང་བ་བཞི་ཡི་སྐུ་ལུས་སྦྱངསཿ འོད་སྐུ་ཡེ་ཤེས་སྙིང་པོ་ཅནཿ བདུད་བཞི་གཅོད་པའི་བརྡ་ཆོས་སྟོནཿ བཙན་ཐབས་སངས་རྒྱས་སར་འགོད་མཿ གསོལ་བ༴ མ་འབྱུང་བ་ལྔ་ལ་རང་དབང་བསྒྱུརཿ ཐོགས་བཅས་བདུད་ཀྱི་འཇིགས་པ་བྲལཿ སྣང་བ་སྒྱུ་མར་གཟིགས་པ་ཡིསཿ ཐོགས་མེད་ལྷ་འདྲེའི་འཛིན་ཞེན་ཞིགཿ འཁོར་འདས་མཉམ་པ་ཉིད་རྟོགས་པའིཿ དགའ་བྲོད་བདུད་ཀྱི་རྩ་བ་སྟོངཿ གཟུང་དང་འཛིན་པ་བྲལ་བ་ཡིསཿ སྙེམས་བྱེད་བདུད་ཀྱི་འཁྲི་བ་ཆོདཿ གསོལ་བ༴ མ་དང་པོ་དལ་འབྱོར་ལུས་རྟེན་བསྐྱེདཿ ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གསོསཿ བར་དུ་འཁོར་བའི་གནས་ནས་དྲངསཿ སྨིན་གྲོལ་བསྐྱེད་རྫོགས་ལམ་སྣ་ཁྲིདཿ ཐ་མ་གསང་བའི་ལུང་བྱང་གནངཿ ཡེ་ཤེས་ཆེན་པོའི་ངོ་སྤྲོད་ཀྱིསཿ རིག་པ་ཆོས་སྐུའི་རང་ཞལ་བསྟནཿ གསོལ་བ༴ མ་དགྲ་གཉེན་མཉམ་པ་ཉིད་གཟིགས་ཀྱངཿ སྔོན་ནས་ད་ལ་ཐུག་གི་བརཿ བདག་ལ་ཐུགས་རྗེས་ཉེ་བར་གཟིགསཿ གནས་ངན་འཁོར་བའི་འདམ་ལས་བསྒྲལཿ རིག་འཛིན་མཁའ་འགྲོའི་གྲལ་དུ་བཀོདཿ ཐབས་མཆོག་བདེ་ཆེན་དཔའ་བོ་དངཿ ཉོན་མོངས་རང་གྲོལ་གདམས་ངག་གཏདཿ སྨོན་ལམ་གཏད་རྒྱའི་དབང་བསྐུར་མཛདཿ གསོལ་བ༴ མ་སྐུ་ཡི་བྱིན་རླབས་ལུས་ལ་སྩོལཿ སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་རློབསཿ གསུང་གི་བྱིན་རླབས་ངག་ལ་སྩོལཿ ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ཐུགས་ཀྱི་བྱིན་རླབས་སེམས་ལ་སྩོལཿ ཆོས་སྐུ་འགྲུབ་པར་བྱིན༴ ཟག་པ་བག་ཆགས་ཡོངས་ཟད་ནསཿ འོད་སྐུ་འགྲུབ་པར༴ བདག་དང་འགྲོ་དྲུག་སེམས་ཅན་རྣམསཿ སྐྱེ་དང་ཚེ་རབས་ཐམས་ཅད་དུཿ ཕ་མའི་རྗེས་སུ་བཟུང་ནས་ཀྱངཿ གོལ་ཤོར་ནོར་བའི་འཕྲང་ལས་གྲོལཿ སྒྱུ་མ་ལྟ་བུའི་ཏིང་འཛིན་དངཿ དཔའ་བར་འགྲོ་བའི་ཏིང་འཛིན་དངཿ ཀུན་ལ་སྙོམས་པའི་ཏིང་འཛིན་དངཿ རྡོ་རྗེ་ལྟ་བུའི་ཏིང་འཛིན་འགྲུབཿ གསོལ་བ༴ མ་ཆོས་དབྱིངས་ཀློང་དུ་གཤེགས་པའི་ཚེཿ རིག་པའི་ཡེ་ཀློང་ཆེན་པོར་བཞུགསཿ དངོས་ཉམས་རྨི་ལམ་འོད་གསལ་ངངཿ ཞལ་མཇལ་ལུང་བསྟན་རྟག་ཏུ་མཛོདཿ ནམ་ཞིག་ཚེ་མཐར་ཕྱིན་པའི་ཚེཿ ཟག་བཅས་འོད་ཀྱི་སྐུ་རུ་དེངསཿ མ་གཅིག་ཡེ་ཤེས་ཌཱཀྐི་མའིཿ ཐུགས་ཀློང་རོ་གཅིག་འདྲེས་ནས་ཀྱངཿ འཁོར་བའི་རྒྱ་མཚོ་མ་སྟོང་པརཿ སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིསཿ སྣ་ཚོགས་འགྲོ་དོན་སྤྱོད་པ་རུཿ གསོལ་བ་འདེབས་སོ་ཐུགས་རྗེས་ཟུངསཿ སྐྱེ་ཀུན་སྔོན་གནས་རྗེས་དྲན་ཞིང་ཿ ཕ་མའི་ཐུགས་དགོངས་རྫོགས་པར་ཤོགཿ ཕཊཿ སྲས་མོ་ལ་འདུལ་སྒྲོན་མ་དངཿ གྲུབ་ཆེན་རྒྱ་ནག་གཅེར་དུ་ཟུངཿ མགྲིན་གཅིག་དབྱངས་གཅིག་མ་གཅིག་མརཿ གསོལ་འདེབས་ཐུགས་དམ་རྒྱུད་བསྐུལ་འདིཿ ཤིན་ཏུ་བྱིན་རླབས་ཆེ་བའི་ཕྱིརཿ མཆོད་སྦྱིན་གཞུང་དུ་བཀོད་པའོཿ ཕཊཿ «གཅེས་འཛིན་སྒྱུ་མའི་གྲོང་ཁྱེར་ལུས་དབུས་ནསཿ རྣམ་ཤེས་འོད་ཀྱི་ཐིག་ལེ་དབུ་མའི་ལམཿ བརྒྱུད་དེ་ཚངས་བུག་ནས་བཟུང་ནམ་མཁར་འཕགསཿ མ་གཅིག་ལས་ཀྱི་མཁའ་འགྲོའི་ཐུགས་ཀློང་འདྲེསཿ» ཕཊཿ བྱིན་རླབས་ས་ཡིག་ལྗང་གུའི་རྣམ་པར་འཐོནཿ ཁྲོས་མ་ལྗང་སེར་ཁྲོ་མོའི་ཆ་ལུགས་རྫོགསཿ ཕྱག་གཡས་གྲི་གུག་རྣོ་དབལ་ལྡན་པ་ཡིསཿ རང་ལུས་བེན་པོ་ཆེ་ཚོ་རི་རབ་ཙམཿ བཀྲག་མདངས་གཟི་བརྗིད་དྲོད་དང་ལྡན་པ་དེའིཿ སྤྱི་བོ་ནས་བཟུང་ལྤགས་པ་དམར་བཤལ་གཤགསཿ སྐུ་ལས་ལས་བྱེད་མཁའ་འགྲོ་གྲངས་མེད་འཕྲོསཿ ལྤགས་པ་བཤུས་ཤིང་ས་གཞིར་ཁྱབ་པར་བཏིངཿ སྟེང་དུ་ཤ་ཁྲག་རུས་པ་ནང་རོལ་སྤུངསཿ ཚོགས་ཞིང་སྐུ་ལས་འོད་ཟེར་འཕྲོས་པ་ཕོགཿ རོ་བརྒྱ་ནུས་པ་སྟོང་ལྡན་སྐྱེ་བདུན་ཤཿ མྱོང་གྲོལ་དམར་སྟོན་འཛད་མེད་གཏེར་ཆེན་གྱུརཿ ཕཊཿ« ཞིང་ཁམས་ཁྱབ་པའི་ཤ་ཁྲག་རུས་པ་དོན་ལྔ་ནང་རོལ་ཀླད་པ་རྐང་སོགས་འཛད་པ་མེད་པའི་གཏེར་དུ་བསམ་ཞིང་མི་རྐང་གླིང་བུ་ལན་བཞིར་སྒྲོགས་ལཿ འཇིགས་མེད་བརྟུལ་ཞུགས་བར་ལྡན་པསཿ» ཕཊཿ འཻཿ གཙོ་བོའི་གདོན་ཆེན་བཅོ་བརྒྱད་ནག་པོ་ཆེཿ སྡེ་དཔོན་སུམ་ཅུ་བགེགས་རྒྱལ་བི་ན་ཡཿ སྲོག་བདག་བེ་ཧར་ལ་སོགས་རྒྱལ་པོའི་རིགསཿ སྟེང་གདོན་གཟའ་དང་རྒྱུ་སྐར་ནམ་མཁའི་བདགཿ རོལ་པ་རྐྱ་བདུན་ཁ་བཞི་གདོང་བརྒྱད་དང་ཿ ཇག་པ་མེ་ལེན་ཧུར་བ་སྲོག་འཕྲོག་སོགསཿ བཙན་གྱི་རིགས་གྱུར་ནག་པོ་བཀྲག་མེད་དངཿ རི་ལྡེ་འགོང་ལག་ལ་སོགས་བདུད་ཀྱི་སྡེཿ ཁ་འབར་ལྟེ་ཕུར་ནག་མོ་ཁྲག་རལ་མཿ འཕྲོག་མ་ལ་སོགས་མོ་བདུད་བསེན་མོ་དངཿ ཤི་འདྲེ་གསོན་འདྲེ་གྲོང་རྒྱུག་འདྲེ་མོ་ཡནཿ ཐེའུ་རང་ཟ་འདྲེ་ཤི་གཤེད་གསར་སྐྱེས་ཀྱིཿ འབྱུང་པོའི་རིགས་གྱུར་དམ་སྲི་སྒབ་འདྲེ་དངཿ ཡི་དྭགས་ཤ་ཟ་སྨྱོ་བྱེད་བརྗེད་བྱེད་སྡེཿ སྟོང་ཕྲག་བརྒྱད་ཅུ་བྱིས་གདོན་བཅོ་ལྔ་སོགསཿ གནས་གདོན་ལུས་གདོན་སྣང་སྲིད་ལྷ་འདྲེའི་རིགསཿ ཤ་ལ་རྔམས་ཤིང་ཁྲག་ལ་སྡང་བ་རྣམསཿ སྐད་ཅིག་མྱུར་བ་ཉིད་དུ་འདིར་འདུས་ཤིགཿ ཕཊཿ ཁྱེད་ཅག་འདིར་འདུས་གཟུགས་མེད་ལྷ་འདྲེའི་ཚོགསཿ ཐོག་མ་མེད་ནས་འཁོར་བར་འཁྱམས་པའི་ཚེཿ ཕ་དང་མ་རུ་མ་གྱུར་གཅིག་ཀྱང་མེདཿ དྲིན་ལེན་གསོ་ཕྱིར་ཤ་ཁྲག་ལུས་མཆོད་འབུལཿ བདག་གི་སྒྱུ་མ་ལུས་ཀྱི་ཞེན་པ་དངཿ གཅེས་འཛིན་བྲལ་ཞིང་ཕོངས་པ་མེད་པར་གཏོངཿ ཁྱེད་རྣམས་དགྱེས་པའི་འདོད་ཡོན་ཚིམ་པར་རོལཿ ཤ་འདོད་ཤ་ཟོ་ཁྲག་འདོད་ཁྲག་ལ་འཐུང་ཿ རུས་པ་རྐང་དང་ལྷ་བ་ཚིལ་བུ་ཞགཿ ཀླད་པ་སྙིང་དང་རྒྱུ་མ་ནང་རོལ་སོགསཿ སོ་སོར་གང་ལ་གང་འདོད་ལོངས་སུ་སྤྱོདཿ གོས་མེད་ལྤགས་པ་སྐྲ་སེན་བ་སྤུའི་ཚོགསཿ གོས་སུ་སྤྲུལ་ལ་གྱོན་པས་ཚ་གྲང་སེལཿ སེང་གེའི་དམག་ཚོགས་ཤ་ལ་རོལ་པ་དངཿ དམག་ཆེན་གནང་ཆེན་ཆོད་བཞིན་ཟོ་འཐུང་ལཿ ཟ་མ་ནུས་པ་སོ་སོའི་གནས་སུ་ཁྱེརཿ ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་པརཿ ཤ་ཁྲག་མི་ཟད་གཏེར་ལ་ལོངས་སྤྱོད་ཅིགཿ ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལཿ ནད་དང་གནོད་པ་རྐྱེན་དང་བར་ཆད་གཏོངཿ ཚེ་བསོད་སྟོབས་འབྱོར་ཁ་རྗེ་དབང་ཐང་ལཿ བར་དུ་གཅོད་ཅིང་བསམ་ངན་སྦྱོར་རྩུབ་ཀྱིཿ ལོག་འདྲེན་གནོད་བྱེད་བགེགས་ཀྱི་ཚོགས་རྣམས་ལཿ རང་ལུས་དཀར་སྟོན་ཟག་མེད་གཏེར་ཆེན་སྦྱིནཿ གཏི་མུག་ཤ་ཡི་རི་ལ་ཚིམ་པར་ཟོཿ འདོད་ཆགས་ཁྲག་གི་མཚོ་ལ་ངོམ་པར་འཐུངཿ ཞེ་སྡང་ལྷ་བ་རུས་པ་འགྲང་བར་མུརཿ ང་རྒྱལ་དོན་སྣོད་ནང་རོལ་ཞིམ་ཟས་གྱིསཿ ཕྲག་དོག་ལྤགས་པའི་ཐང་ཆེན་དྲོ་བར་གྱོནཿ ཁོང་ཁྲོ་གདུག་པའི་བསམ་སྦྱོར་ཀུན་ཞི་ཞིངཿ ཞི་བ་བྱང་ཆུབ་སེམས་དང་ལྡན་པར་གྱིསཿ ཕཊཿ «དམིགས་པ་གསལ་གདབ་རང་ཉིད་ཡིད་ཆེས་པར་བྱཿ» ཕཊཿ ཤ་ཁྲག་དམར་སྟོན་ལྷག་ལ་རེ་བ་ཡིཿ འབྱུང་ཆེན་གཙོ་བོ་རྣམས་ཀྱི་རྗེས་འབྲང་བཿ ཁས་ཞེན་དབང་ཆུང་མདོག་ངན་གཟི་བརྗིད་བྲལཿ དབང་པོ་མ་ཚང་ནད་དང་སྡུག་བསྔལ་གྱིསཿ མནར་བའི་རིགས་དང་ད་ལྟ་གློ་བུར་སླེབསཿ ལྷག་མ་གདུང་ཞིང་ཟ་རྔམས་ཀུན་ལྡན་ལཿ ལས་བྱེད་སྤྲུལ་པའི་མཁའ་འགྲོ་གྲངས་མེད་ཀྱིསཿ རང་རང་སོ་སོར་ངོམ་ཞིང་ཚིམ་པར་སྦྱིནཿ ལོངས་སུ་སྤྱོད་ཅིང་དགའ་མགུ་ཡི་རང་ཚིམཿ གནས་སྐབས་ན་ཚ་སྡུག་བསྔལ་ཡོངས་ཞི་ཞིངཿ གཟུགས་བཟང་ལོངས་སྤྱོད་དཔལ་ཡོན་ཀུན་ལྡན་ཞིངཿ མཐར་ཐུག་བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ནསཿ མ་གཅིག་ཡུམ་ཆེན་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ «དམིགས་པ་གསལ་གདབ་དགེ་སྡིག་གཏོང་ལེན་བྱཿ བརྟུལ་ཞུགས་ལམ་སློང་འཇིགས་མེད་བཙན་ས་ཟིནཿ ཐ་མལ་ལུས་ཀྱི་འཛིན་ཞེན་ཀུན་བྲལ་ནསཿ འཁོར་འདས་མཉམ་པ་ཉིད་དུ་རོ་གཅིག་རྟོགསཿ བདག་ཏུ་འཛིན་པའི་འཆིང་བ་ཀུན་གྲོལ་ཞིངཿ འོད་གསལ་ཆེན་པོའི་ཉམས་ལེན་གཞི་ཚུག་གོཿ ལྔ་པ་ཁྲོས་མ་ལྷ་ལྔའི་བྱིན་འབེབས་ནིཿ ཟབ་མོ་མཆོད་སྦྱིན་དམིགས་པའི་འཁྲུལ་འཁོར་གནདཿ ལྟ་བའི་གདེངས་ལྡན་རིག་པ་ངར་བསྐྱེད་ཅིངཿ ཅང་ཏེའུ་མི་རྐང་གླིང་བུའི་སྒྲ་དང་བཅསཿ »ཕཊཿ ཆོས་དབྱིངས་ཀུན་ཁྱབ་སྤྲོས་བྲལ་ཀློང་ཡངས་ནསཿ ཀུན་བཟང་ཡུམ་གྱི་ཐུགས་རྗེའི་རྩ་སྣང་གིཿ ཡེ་ཤེས་ལྔ་ལྡན་འོད་ལྔའི་ཆོ་འཕྲུལ་ལསཿ སྣང་བ་རྣམ་དག་ཐུགས་རྗེའི་སྤྲུལ་པའི་ཞིངཿ གཏུམ་ཆེན་ཨུ་ཙ་ལ་ཡི་དུར་ཁྲོད་ནིཿ རི་རབ་རུས་པའི་རང་བཞིན་ཀེང་རུས་གཟུགསཿ རྩི་ཤིང་ནགས་ཚལ་མཆོན་ཆ་སྣ་ཚོགས་གཟེངསཿ ཆུ་ཀླུང་རྣག་ཁྲག་དུག་ཆུའི་རྦ་ཀློང་འཁྲུགསཿ ཡེ་ཤེས་དུས་མཐའི་མེ་ཆེན་འབར་ཞིང་བསྲེགཿ སྤུ་གྲི་རེག་གཅོད་རླུང་ནག་འཚུབས་མ་འཁྲིགསཿ ངུར་མོ་གདུག་པའི་སྒྲ་སྐད་ས་ཆེན་གཡོཿ རྩུབ་འགུར་འཇིགས་སུ་རུང་བའི་དུར་ཁྲོད་ནསཿ སྤྲུལ་པའི་གར་བསྒྱུར་ཡུམ་ཆེན་ཁྲོས་མ་ནགཿ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེདཿ རྒྱལ་བ་ཀུན་གྱི་ཐུགས་ཀྱི་བདག་ཉིད་མཿ སངས་རྒྱས་རིན་ཆེན་པདྨ་ལས་ཀྱི་རིགསཿ སྐུ་གསུང་ཡོན་ཏན་ཕྲིན་ལས་སྤྲུལ་པོ་བཞིཿ སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ་མཛད་མཿ བརྩེ་བ་ཆེན་པོའི་ཐུགས་རྗེས་ཉེར་གཟིགས་ལཿ བདག་ལ་དབང་བསྐུར་བྱིན་གྱི་བལ་ཏུ་གསོལཿ འགྱུར་མེད་ཆོས་དབྱིངས་ཡེ་ཤེས་རྩལ་སྣང་ལསཿ སྐུ་མདོག་མཐིང་གསལ་བཻཌཱུརྱ་སྣང་བཿ ཆོས་སྐུའི་དགོངས་པ་གཡོ་བ་མེད་པའི་རྟགསཿ རིག་པ་དེ་བཞིན་ཉིད་དབྱིངས་བྱིན་ཕོབ་ཅིགཿ སྤྱི་གཙུག་ཕག་ཞལ་འཆི་མེད་ལམ་དུ་གཟིགསཿ སྐུ་གསུམ་ཞིང་ཁམས་ཀུན་ལ་དབང་བསྒྱུར་རྟགསཿ ཀ་དག་གཞི་ཐོག་གྲོལ་བར་བྱིན་ཕོབ་ཅིགཿ སྤྱན་གསུམ་འབྲུ་ཚུགས་ཁམས་གསུམ་གཟིགས་པ་ནིཿ ཁམས་གསུམ་ས་དགུ་ཟིལ་གྱིས་གནོན་པའི་རྟགསཿ གཡོ་མེད་ཏིང་ངེ་འཛིན་གྱིས་བྱིན་ཕོབ་ཅིགཿ སྙན་ཆ་ཨ་ལུང་ཐུར་དུ་དཔྱངས་པ་ནིཿ འགྲོ་དྲུག་བདེ་སྡུག་མ་འདྲེས་གསལ་བའི་རྟགསཿ སེམས་ཅན་བདེ་ལ་འགོད་པར་བྱིན་ཕོབ་ཅིགཿ ཤངས་ནས་ཡེ་ཤེས་རླུང་ཆེན་ཕྱུར་བ་ཡིསཿ མ་རིག་དུག་ལྔ་དབྱིངས་སུ་གཏོར་བའི་རྟགསཿ ཉོན་མོངས་རང་གྲོལ་ཆེན་པོར་བྱིན༴ ཞལ་གདངས་མཆེ་གཙིགས་ལྗགས་དམར་བརྐྱང་བ་ཡིསཿ འཁོར་འདས་སྲིད་གསུམ་ཟས་སུ་ཟ་བའི༴ ཆོས་སྐུའི་རྒྱལ་ས་ཟིན་པར་བྱིན༴ དབུ་སྐྲ་གནག་སྣུམ་གྱེན་དཀྲིས་ཐུར་དུ་དཔྱངསཿ སངས་རྒྱས་རྣམས་དང་དགོངས་པ་མཉམ་པའི༴ འགྲོ་དོན་རྒྱུན་ཆད་མེད་པར་བྱིན༴ སྨིན་མ་སྨ་ར་ཨག་ཚོམ་དམར་སེར་འབརཿ འཁྲུལ་སྣང་རྟོག་ཚོགས་དབྱིངས་སུ་སྲེག་པའི༴ བདུད་བཞིའི་གཡུལ་ལས་རྒྱལ་བར༴ ཕྱག་གཡས་གྲི་གུག་རྣོ་དབལ་ལྡན་པ་ཕྱརཿ མ་རིག་གཟུང་འཛིན་དབྱིངས་སུ་གསོད་པའི༴ སྒྲོལ་བ་སྙིང་རྗེ་ཆེན་པོར༴ ནུ་མ་འབུར་ཞིང་བྷ་ག་རྒྱས་པ་ནིཿ ཐུགས་རྗེ་ཆགས་པས་རྗེས་སུ་འཛིན་པའི༴ སྦྱོར་བ་བདེ་བ་ཆེན་པོར་བྱིན༴ གཡོན་པས་བདུད་རྩིའི་ཐོད་པ་བསྣམས་པ་ཡིསཿ སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་རྟགསཿ རིག་འཛིན་ཚེ་ལ་དབང་བ་བྱིན༴ ཁ་ཊྭཱཾ་རྩེ་གསུམ་མཆན་དུ་བརྟེན་པ་ནིཿ དཔའ་བོ་ཡབ་དང་འདུལ་འབྲལ་མེད་པའི༴ དགའ་བཞིའི་ཡེ་ཤེས་བསྐྱེད་པར་བྱིན༴ ཞབས་གཉིས་ཁྲོ་མོའི་གར་སྟབས་ཁྲབ་པ་ནིཿ བདུད་ཀྱི་དཔུང་ཚོགས་ཐལ་བར་བརླག་པའི༴ ཐུགས་རྗེའི་རྗེས་འཛིན་ཆེན་པོར་བྱིན་ཕོབ་ཅིག །ཆུ་སྐྱེས་འདབ་སྟོང་གདན་དུ་བཏིང་བ་ནིཿ བག་ཆགས་སྒྲིབ་པའི་སྐྱོན་གྱིས་མ་གོས་རྟགསཿ དགེ་སྡིག་བླང་དོར་བྲལ་བར་བྱིན༴ ཉི་མ་ཟླ་བའི་དཀྱིལ་འཁོར་བཀོད་པ་ནིཿ སྐྱེ་གནས་བཞི་ཡི་བག་ཆགས་སྦྱོང་བའི༴ ཐབས་ཤེས་འདུལ་བྲལ་མེད་པར་བྱིན༴ རྟོག་མེད་རོ་ཡི་གདན་ལ་འགྱིངས་པ་ནིཿ རྣམ་པར་རྟོག་པ་དབྱིངས་སུ་དག་པའི༴ འཁྲུལ་པོ་གཞི་ཐོག་གྲོལ་བར་བྱིན༴ ཞལས་ནས་ཁྲོ་མོའི་གད་རྒྱངས་སྒྲོགས་པ་ནིཿ ལོག་འདྲེན་གདུག་པའི་ཚོགས་ཀུན་འདུལ་བའི༴ ཕྲིན་ལས་རྟོགས་པ་མེད་པར་བྱིན༴ བསྐལ་པའི་ཡེ་ཤེས་མེ་དཔུང་འབར་བ་ནིཿ ཉོན་མོངས་བག་ཆགས་མ་ལུས་བསྲེགས་པའི༴ འགྲོ་དྲུག་གནས་སུ་སྤོར་བར༴ ཞི་བའི་ཐུགས་ལས་འབར་བའི་སྐུར་སྣང་བཿ གདུག་པའི་རྣམ་ཤེས་དབྱིངས་སུ་སྒྲོལ་བའི་རྟགསཿ ཁམས་གསུམ་འཁོར་བ་སྟོང་པར་བྱིན་ཕོབ་ཅིགཿ རང་ལས་སྤྲུལ་པའི་མཁའ་འགྲོ་བྱེ་བ་འབུམཿ འགྲོ་དོན་སྤྲུལ་པ་རྒྱུན་ཆད་མེད་པའི༴ སྐྱེ་མེད་ཆོས་ཀྱི་སྐུ་རུ་ཕྱིན༴ སྐུ་ལས་སྤྲུལ་པའི་བདེ་ཆེན་དཀར་མོ་ནིཿ མེ་ལོང་ཡེ་ཤེས་གསལ་བའི་རང་མདངས་སྟོནཿ ཞི་བ་ཆེན་པོའི་དངོས་གྲུབ་བྱིན༴ ཡོན་ཏན་སྤྲུལ་པའི་སེར་མོ་དོན་གྲུབ་མཿ མཉམ་པ་ཉིད་ཀྱི་ཡེ་ཤེས་རང་རྩལ་སྟོནཿ སྣ་ཚོགས་རྒྱས་པའི་དངོས་གྲུབ་བྱིན༴ གསུང་གི་སྤྲུལ་པའི་དམར་མོ་སྒྲ་སྒྲོགས་དཔལཿ སོ་སོར་རྟོག་པའི་ཡེ་ཤེས་བདེ་རྩལ་འབརཿ ཀུན་ལ་དབང་བསྒྱུར་དངོས་གྲུབ་བྱིན༴ ཕྲིན་ལས་སྤྲུལ་པའི་སྣ་ཚོགས་མཐར་ཕྱིན་རྒྱལཿ བྱ་བ་གྲུབ་པའི་ཡེ་ཤེས་རང་རྩལ་སྟོནཿ ཚར་གཅོད་རྗེས་འཛིན་ཆེན་པོར༴ རང་རང་རིགས་ཀྱི་སྣ་ཚོགས་སྤྲུལ་པ་འགྱེདཿ གཏུམ་ཆེན་རབ་ཁྲོས་ཐུགས་བསྐྱེད་གློག་ལྟར་མྱུརཿ རང་མདོག་ངུར་མོའི་སྒྲ་ཆེན་ཕྱོགས་བཅུར་སྒྲོགསཿ སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རྒྱུད་བསྐུལ་ཞིཿ དཔལ་ཆེན་ཁྲོ་བོ་ཁྲོ་མོ་ལས་ལ་འདུཿ མ་མོ་མཁའ་འགྲོའི་ཚོགས་རྣམས་འདར་ཞིང་འདུདཿ བཀའ་སྲུང་དྲེགས་པའི་ཚོགས་རྣམས་སྤངས་ཤིང་བརྒྱལཿ མ་གཅིག་བདུད་འདུལ་ཁྲོས་མ་ལྷ་ལྔ་མརཿ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགསཿ གདུང་བས་འབོད་དོ་བུ་ཡི་དོན་ལ་དགོངསཿ ཐུགས་དམ་བསྐུལ་ལོ་བདུད་སྡེའི་དཔུང་ཚོགས་གཞོམཿ ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལཿ ཐོགས་མེད་གཞོམ་གཞིག་བྲལ་བ་རྡོ་རྗེའི་སྐུཿ འོད་ལུས་འཛིན་ཞེན་བྲལ་བར་བྱིན༴ ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལཿ འགགས་མེད་བདེན་ཚིག་འགྲུབ་པར་རྡོ་རྗེའི་གསུངཿ གྲགས་སྟོང་མཁའ་འགྲོའི་བརྔ་རུ་བྱིན༴ ཡིད་ལ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ རྟོག་མེད་རེ་སྙོམས་ཆེན་པོ་རྡོ་རྗེའི་ཐུགསཿ བརྗོད་བྲལ་བློ་འདས་ཆེན་པོར་བྱིན༴ བྱིན་ཆེན་ཕྱིན་ཕོབ་ཆོས་སྐུའི་མཁའ་འགྲོ་མཿ དབང་ཆེན་དབང་བསྐུར་ཡུལ་ཆེན་གསང་ཡེ་མཿ དངོས་གྲུབ་མཆོག་སྩོལ་ཁྲོས་མ་ལྷ་ལྔ་མཿ གསོལ་བཏབ་འབྲས་བུ་དུས་འདིར་མཆིས་པར་མཛོདཿ ཕཊཿ «བདུན་པ་རྩེ་གཅིག་བྱིན་ཆེན་དབབ་པ་ཡིསཿ ལུས་ལ་བདེ་བ་ངག་ལ་ནུས་པ་འབྱུང་ཿ ཆོས་ཉིད་ཉམས་ཀྱི་སྣང་བ་འལམ་འོལཿ སེམས་ཉིད་སྤྲོས་བྲལ་མ་བཅོས་ངང་ལ་བཞགཿ གཟུང་འཛིན་འཁྲུལ་པའི་བག་ཆགས་ཡོངས་དག་ནསཿ རང་རིག་ཡི་དམ་ལྷ་དང་དབྱེར་མེད་འགྱུརཿ དེ་ནས་བམ་ཆེན་རོ་འགྱེད་ཆེན་པོ་ནིཿ »ཕཊཿ མ་དག་འཁྲུལ་སྣང་སྒྱུ་མའི་གྲོང་ཁྱེར་དབུསཿ རྣམ་ཤེས་འོད་ཀྱི་ཐིག་ལེ་དབྱིངས་སུ་འཕགསཿ སྐར་མདའ་ཆད་བཞིན་གཙོ་མོའི་ཐུགས་ཀློང་འདྲེསཿ སྨྲ་བསམ་བརྗོད་པ་བྲལ་བའི་ངང་ཉིད་ལསཿ སླར་ཡང་ཨ་ཡིག་མཐིང་གསལ་ཕྱིར་འཕྲོས་པསཿ རང་རིག་ཡུམ་ཆེན་མ་གཅིག་ཁྲོས་མ་ནགཿ གཏུམ་རྔམས་དྲག་པོའི་ཆ་ལུགས་སྐུ་ལ་རྫོགསཿ གཡང་གཞི་གྲི་གུག་འཛིན་པ་ལམ་གྱིས་གསལཿ ཕཊཿ མདུན་དུ་རང་ལུས་བེམ་པོ་རི་རབ་ཙམཿ གྲི་གུག་སྙིང་གར་བརྒྱབ་པས་བེམ་པོ་ཞིགཿ བདུད་རྩི་འོ་མའི་རྒྱ་མཚོས་ས་གཞི་གངཿ ཐུགས་ལས་སྤྲུལ་པའི་མཁའ་འགྲོ་གྲངས་མེད་ཀྱིསཿ ཐོད་པས་བཅུས་ཤིང་ཚོགས་ཞིང་ལྷ་ཚོགས་མཆོདཿ དཀོན་མཆོག་སྲི་ཞུ་མགོན་པོ་ཡོན་ཏན་མགྲོནཿ ཟག་མེད་བདུད་རྩིའི་མཆོད་པས་མཉེས་ཤིང་ཚིམཿ ལྷ་ཚོགས་བཀྲག་མདངས་གཟི་བརྗིད་རབ་རྒྱས་ཤིངཿ སྐུ་ལས་འོད་ཟེར་སྣ་ཚོགས་འཕྲོས་གྱུར་པསཿ བེམ་པོའི་བདུད་རྩིར་ཕོག་པས་གནས་འགྱུར་ཞིངཿ བདག་ལུས་གྲངས་མེད་སྟོང་གསུམ་འཇིག་རྟེན་ཁྱབཿ ལ་ལ་དཀར་གསུམ་ལ་ལ་མངར་གསུམ་དངཿ རིན་ཆེན་འབྲུ་སྣ་དར་ཟབ་སྨན་གྱི་རིགསཿ ཁང་བཟང་སྐྱེད་མོས་ཚལ་དང་ལྷ་དང་མིའིཿ བཟའ་བཏུང་འདོད་ཡོན་ལོངས་སྤྱོད་དཔག་ཏུ་མེདཿ གང་ལ་གང་འདོད་མི་ཟད་གཏེར་ཆེན་པོཿ རིགས་དྲུག་སྙིང་རྗེའི་མགྲོན་དུ་གྱུར་རྣམས་ལཿ སྦྱིན་པས་མཉེས་ཤིང་དགའ་མགུ་ཡི་རང་ཚིམཿ ལན་ཆགས་བདག་པོ་བདག་མོའི་ཚོགས་རྣམས་ཀྱངཿ ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་པརཿ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་ལ་སྤྱོདཿ ཤ་མཁོན་བུ་ལོན་ལན་ཆགས་ཀུན་བྱང་ནསཿ འགྱུར་མེད་བདེ་ཆེན་དཔལ་ལ་ལོངས་སྤྱོད་གྱུརཿ ཕཊཿ སླར་ཡང་བདག་དང་བསྲུང་བྱ་དབྱེར་མེད་ཀྱིཿ ལུས་སེམས་བྲལ་བའི་བེམ་པོ་ཆེ་ཞིང་ཚོཿ བཀྲག་མདངས་ལྡན་པ་ས་གཞིའི་ཁམས་ཁྱབ་པཿ ཁྲོས་མས་གྲི་གུག་བརྒྱབ་པས་ལྤགས་པ་བཤུསཿ ཤ་སྣ་ལྔ་ཡི་རི་རབ་སྤུངས་པ་ལཿ རྩ་བར་ཁྲག་ཞག་རྒྱ་མཚོའི་རྦ་ཀློང་འཁྲུགསཿ མཐའ་བསྐོར་རྐང་དང་ལྤགས་པའི་རྭ་བས་བསྐོརཿ ནང་རོལ་བཀྲམ་ཞིང་རྒྱུ་མའི་ཞགས་པས་དཀྲིསཿ དྲོད་རླངས་མ་ཡལ་དྲི་དང་འཐུལ་ལེ་བཿ མཐོ་བ་སྲིད་པའི་རྩེ་མོ་མན་ཆད་དངཿ དཔའ་བ་ན་རག་དམྱལ་ཁམས་ཡན་ཆད་ལཿ རྒྱུ་བའི་སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགསཿ ལྷ་ཀླུ་གཟའ་བཙན་བདུད་སྲིན་མ་མོ་དམུཿ གཉན་དང་ས་བདག་ཐེའུ་རང་རྒྱལ་འགོང་དངཿ བསེན་མོའི་རིགས་གྱུར་ཤ་དང་ཁྲག་ལ་སྡངཿ འབྱུང་པོ་གདུག་པའི་ཚོགས་ཀུན་མྱུར་དུ་འདུསཿ ཤ་ཁྲག་དོན་སྙིང་ནང་རོལ་ཚིམ་པར་རོལཿ ངོམས་ཤིང་འགྲངས་ནས་གདུག་སེམས་ཀུན་ཞི་ཞིངཿ ཕྱག་འཚལ་གུས་འདུད་སྲོག་གི་སྙིང་པོ་ཕུལཿ ཕཊཿ ཤ་ཁྲག་ནང་རོལ་སྟོང་གསུམ་ཁྱབ་པའི་སྟེངཿ བྱད་མ་དགྲ་གདོན་བདག་ལ་སྡང་བ་དངཿ གདུག་པའི་སེམས་ལྡན་མ་ལུས་ཀུན་འདུས་ཤིངཿ ཤ་ཁྲག་ནང་རོལ་རྔམས་ཟས་བྱས་པ་ཡིསཿ རྟེན་དང་བརྟེན་པ་དུག་ཁྲག་རྒྱ་མཚོའི་དབུསཿ དབང་མེད་ཆུད་ཅིང་རྦ་རླབས་དུག་རླངས་ཕྱུརཿ གཏིང་དུ་ཚུད་ཅིང་དྲན་མེད་བརྒྱལ་ཞིང་འཚུབསཿ དམ་པ་རྒྱ་གར་ཁྲོས་མ་གྲངས་མེད་ཀྱིསཿ མཐའ་ནས་བསྐོར་ཞིང་ཕཊ་སྒྲ་དིར་དིར་སྒྲོགསཿ ཁྲོ་བོ་ཁྲོ་མོའི་དམག་ཚོགས་གྲངས་མེད་སྤྲུལཿ དུག་ཁྲག་རྒྱ་མཚོ་དགྲ་གདོན་བཅས་པ་ཀུནཿ ལྷག་མེད་རྔུབ་ཅིང་སྲིད་གསུམ་སྟོང་པར་སྦྱངསཿ དམིགས་མེད་ཆོས་དབྱིངས་ཁྱབ་བརྡལ་ཆེན་པོའི་ངངཿ ཕཊཿ «ཌཱ་མ་རུ་དང་གླིང་བུས་སྒྲ་ཆེན་སྒྲོགསཿ དམིགས་པ་མཐའ་རྫོགས་སྒོ་གསུམ་ཐང་ཆད་ཚེཿ བརྟུལ་ཞུགས་རོ་ཉལ་དབྱིངས་རིག་མ་བུ་བསྲེཿ སྐྱེ་མེད་ཆོས་སྐུའི་རིག་པ་བརྗོད་དུ་མེདཿ འགགས་མེད་ལོངས་སྐུའི་འཁོར་འདས་ཀུན་ལ་ཁྱབཿ རྩོལ་མེད་སྤྲུལ་སྐུ་སྣ་ཚོགས་རྩལ་ཤར་བཿ དུ་མ་རོ་གཅིག་ཁྱབ་བརྡལ་ལྷུན་གྱིས་གྲུབཿ སྤྲོས་བྲལ་ལམ་བཅོས་ཀ་དག་ངོ་བོར་བལྟཿ རྗེས་ཐོབ་སྣང་བ་ཧུར་བསྐྱེད་རིག་རྩལ་སྦྱངསཿ གང་ཤར་མི་ཞེན་ཤར་གྲོལ་དུས་མཉམ་བལྟཿ རྟེན་འབྲེལ་སྣ་ཚོགས་ཐབས་ལ་མཁས་པ་ནིཿ འཛིན་པ་རང་གྲོལ་རྣལ་འབྱོར་ཁྱད་ཆོས་སོཿ རྗེས་ལ་ཞི་བྱེད་གནད་ཀྱི་སྡོམ་པ་ནིཿ» ཨེ་མ་ཧོཿ ཀུན་བཟང་ཡུམ་གྱི་ངོ་བོ་ཉིདཿ འཁོར་འདས་ཐམས་ཅད་སྤྲུལ་པའི་གཞིཿ རྒྱལ་བ་ཀུན་གྱི་ཡུམ་ཆེན་མོཿ གསང་བ་ཡེ་ཤེས་ཌཱཀྐི་མཿ ཁྱོད་སྒྲུབ་ཁྱོད་ཀྱི་དགོངས་པ་རྟོགསཿ ད་ནི་འཁོར་འདས་གཞི་ལ་རྫོགསཿ རང་སེམས་ཆོས་སྐུར་ངོ་འཕྲོད་པསཿ སངས་རྒྱས་ཐོབ་པའི་རེ་བ་ཞིཿ སྣང་སེམས་དབྱེར་མེད་འདྲེས་པ་ཡིཿ འཁོར་བར་འཁྱམས་ཀྱི་དོགས་པ་ཞིཿ བསྒྲུབ་བྱ་སྒྲུབ་བྱེད་ལས་འདས་པསཿ ཟག་བཅས་ཆོས་ཀྱི་ཕན་པ་ཞིཿ སྟོང་ཉིད་སྐྱོན་གྱིས་མ་གོས་པསཿ མི་དགེ་སྡིག་པའི་སྤོངས་སེམས་ཞིཿ རིག་པ་བཅར་ཕོག་ངོ་འཕྲོད་པསཿ ས་ལམ་བགྲོད་པའི་རྩིས་གདབ་ཞིཿ བསྐྱེད་རིམ་འཛིན་ཞེན་བྲལ་བ་ཡིསཿ བསྙེན་སྒྲུབ་ནུས་མཐུའི་རྟོག་པ་ཞིཿ འགལ་རྐྱེན་གྲོགས་སུ་ཤར་བ་ཡིསཿ བར་ཆད་བདུད་ཀྱི་དོགས་པ་བཞིཿ མཁའ་འགྲོ་རིག་པའི་རྩལ་ཤར་བསཿ ཚོགས་དང་གཏོར་མའི་འཛིན་པ་ཞིཿ ཕུང་པོ་གཟན་དུ་སྒྱུར་བ་ཡིསཿ བསོད་ནམས་ཚོགས་ཆེན་རེ་བ་ཞིཿ རྐྱེན་ངན་ལམ་དུ་སློང་བ་ཡིསཿ འདྲེ་གདོན་འབྱུང་པོའི་འཇིགས་སྐྲག་ཞིཿ སྣང་བ་སྒྱུ་མར་རྟོགས་པ་ཡིསཿ གནས་དང་ཡུལ་གྱིས་འཛིན་པ༴ སྣང་བ་དག་པ་རབ་འབྱམས་ལཿ བཟང་ངན་ཐེ་ཚོམ་གཙང་རྩོག་ཞིཿ ཞི་བ་བྱང་ཆུབ་སྟོང་ཆེན་གནདཿ མ་གཅིག་གསང་བ་ཡེ་ཤེས་ཀྱིཿ དགོངས་པ་བཅར་ཕོག་ཐུགས་སུ་ཆུདཿ བརྟུལ་ཞུགས་ཨ་ཙར་དམར་པོ་ཡིཿ ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོསཿ འཛིན་པ་རང་གྲོལ་རྣལ་འབྱོར་བཿ བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནསཿ ཟག་བཅས་འོད་ཀྱི་སྐུ་རུ་ཡལཿ ཟག་མེད་གཞོན་ནུ་བུམ་སྐུར་འགྲུབཿ དགེ་ཚོགས་འཛད་མེད་རྒྱ་མཚོའི་གཏེརཿ མཁའ་ཁྱབ་མར་གྱུར་འགྲོ་བ་རྣམསཿ བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོཿ མཆོད་དང་སྦྱིན་པའི་ཡུལ་གྱུར་པའིཿ བཟང་ངན་ལས་ཀྱི་འབྲེལ་བསྡུས་ཀུནཿ བྱང་ཆུབ་སེམས་གཉིས་རྒྱུད་ལ་སྐྱེསཿ ཉོན་མོངས་འཁྲུལ་པའི་བག་ཆགས་ཞིཿ མ་གཅིག་ཆོས་སྐུ་ཡུམ་ཆེན་མོའིཿ གོ་འཕང་མྱུར་དུ་ཐོབ་པར་ཤོགཿ རང་རིག་མ་བཅོས་དོན་གྱི་ལྷཿ ཡེ་ཤེས་ལྔ་ཡི་ངོ་བོ་ཉིདཿ མ་གཅིག་ཁྲོས་མ་ལྷ་ལྔ་མརཿ དབྱེར་མེད་ཆེན་པོ་ཨེ་མ་ཧོཿ «སྤྱོད་པ་རྒྱུན་གྱི་རྣལ་འབྱོར་སྐྱོངཿ དངོས་ཉམས་རྨི་ལམ་གང་ལ་ཡངཿ ཚད་བཞིའི་འབྲས་བུ་མཐར་ཕྱིན་ཚེཿ རྗེས་ཆོག་རང་གཞུང་མཐར་རྒྱས་བྱཿ ཨེ་མ་ལྔ་ཕྲག་ཐ་མའི་དུསཿ འགྲོ་ཀུན་སྡུག་བསྔལ་དྲག་པོར་སྤྱོདཿ ཁྱད་པར་པྲེ་ཏ་པུ་རིའི་ཡུལཿ སེམས་ཅན་བསོད་ནམས་མངའ་ཐང་དམནཿ ཚེ་ཐུང་ནད་མང་ལོངས་སྤྱོད་དབུལཿ ལོག་ལྟ་ཐེ་ཚོམ་ཉོན་མོངས་འཁྲུགསཿ དམག་འཁྲུགས་ནད་ཡམས་མུ་གེས་མནརཿ དམ་ཆོས་སྒྲུབ་པའི་ལོང་མེད་ཅིངཿ སྐལ་ལྡན་སྡུག་བསྔལ་དྲག་པོས་མནརཿ ང་སྤྲུལ་དམ་པ་ནག་པོ་ཉིདཿ བརྟུལ་ཞུགས་ཕལ་པའི་གཟུགས་སུ་སྤྲུལཿ ལྷ་ལྕམ་མེ་ཏོག་མནྡཱརཿ མི་ཡུལ་སྐྱེ་བ་ཉེར་གཅིག་གིཿ ཐ་མར་རྫོགས་པའི་སྐབས་ཡིན་ཏེཿ འགྲོ་དོན་མཐའ་རུ་རྫོགས་པ་ལཿ ཆོས་གཞན་བྱིན་རླབས་ཡོད་མོད་ཀྱངཿ སྙིགས་མའི་སྟོབས་ཀྱི་དམ་མེད་ཞུགསཿ ཡང་གསང་ཐུགས་ཀྱི་ཐིག་ལེའི་གཞུངཿ ཉམས་ལེན་འཛིན་པ་རང་གྲོལ་འདིཿ པདྨ་འདམ་གྱི་དབུས་སྐྱེས་ཀྱང་ཿ འདམ་གྱི་དྲི་མས་མ་གོས་བཞིནཿ བར་ཆད་སྡིག་སྒྲིབ་ཀྱིས་མི་ཚུགསཿ དམ་ཉམས་རང་གཤེད་འབེབས་པ་ཡིནཿ འདི་ལ་རྐྱེན་གྱི་མི་གོས་པའིཿ ཡང་གསང་ལས་ཀྱང་ཆེས་གསང་བཿ སྙིང་པོ་བཅུད་ཀྱི་གདམས་པ་སྟེཿ སྟོན་པ་དྲི་མ་མེད་པ་ངསཿ གསང་བ་ཡེ་ཤེས་ཀུན་དགའ་མོའིཿ ཐུགས་སུ་གབ་པ་མངོན་དུ་ཕྱུངཿ བདག་འདྲ་ཨ་ཙར་དམར་པོས་རྟོགསཿ སྨིན་ནག་འདུས་པའི་གནས་མཆོག་གིཿ ཨུ་ཙ་ལ་ཡི་དུར་ཁྲོད་དུཿ མ་གཅིག་ཁྲོས་མ་ནག་མོ་ཡིཿ མཁའ་དབྱིངས་ཐུགས་ཀྱི་ཀློང་དུ་སྦསཿ མ་འོངས་བསྐལ་པའི་ཐ་མ་ལཿ བྱང་ཕྱོགས་ཁ་བ་ཅན་གྱི་རིརཿ ལྷ་ལྕམ་འགྲོ་དོན་སྤྱོད་པའི་ཚེཿ བརྟུལ་ཞུགས་དམ་པ་ནག་པོ་དང་ཿ ཌཱཀྐི་ཟུང་གི་ལག་ཏུ་སྤྲོདཿ བཀའ་འདི་འབར་མ་མཆེད་གསུམ་དངཿ མ་མོ་གཟའ་དང་གིང་ཆེན་བརྒྱདཿ དུར་ཁྲོད་བདག་པོ་ཡབ་ཡུམ་གྱིསཿ ཐུབ་པར་སྲུངས་ཤིག་དམ་ཚིག་རྒྱཿ དམ་ཉམས་བཀའ་རྒྱུད་ལོག་སྲེད་ཅིངཿ གཞན་དོན་སྤངས་ཤིང་རང་དོན་སྒྲུབསཿ བླ་མར་སྡང་ཞིང་གདམས་ངག་ལེནཿ ལོག་ལྟ་བསྐུར་འདེབས་རང་ཆེ་འབྱིནཿ ཐོག་དྲེད་ཆོས་ཀྱི་རྒྱུས་ཅན་གྱིཿ རླུང་ཕྱོགས་ཙམ་དུ་ཐོས་གྱུར་ཀྱང་ཿ སྲོག་སྙིང་ལོངས་ལ་སྙིང་ཁྲག་འབོསཿ ས་མ་ཡཿ ཙིཏྟ་རཀྵ་ན་ར་ཀནཿ རྒྱ་རྒྱ་རྒྱཿ སྐུ་གསུང་ཐུགས་དང་དམ་ཚིག་རྒྱཿ སྲོག་གི་སྙིང་པོ་ལན་དགུའི་རྒྱཿ ཉིན་མཚན་དུས་དྲུག་གཡེལ་མེད་དུཿ བྱ་ར་མེལ་ཚེ་གཉེར་དུ་ལོངསཿ བྱིན་རླབས་ཚན་ཁ་ཆེ་བ་དངཿ བརྒྱུད་འཛིན་མཐུ་སྟོབས་ནུས་པ་རྒྱསཿ ལས་སྐལ་དམ་ཚིག་ལྡན་རྣམས་ལཿ སྲུང་སྐྱོབས་མགོན་དང་སྡོང་གྲོགས་ཀྱིསཿ བསྟན་པ་མི་ནུབ་མཐའ་རྒྱས་ཤིངཿ ཕྱོགས་ལས་རྣམ་པར་རྒྱལ་བར་འགྱུརཿ ནམ་ཞིག་དུས་ལ་མ་བབ་པརཿ ཁ་ཐཾཿ གུཧྱཿ གནྡྷེ་རྒྱཿ ཨྠིྀཿ ཕ་གཅིག་དམ་པ་ནག་པོ་དངཿ དབྱེར་མེད་དུས་མཐའི་སྙོམས་ལས་པཿ ཌཱཀྐིའི་གསང་མཛོད་དབང་བསྒྱུར་བཿ ཁྲག་འཐུང་ལས་ཀྱི་དཔའ་བོ་ལཿ རྣམ་གསུམ་དྲིན་ལྡན་ཌཱཀྐི་མསཿ རྟེན་འབྲེལ་ཟབ་མོའི་མཚམས་སྦྱར་ཏེཿ བརྡའ་ཁྲོལ་བསྐུལ་མ་མཛད་པའི་ཚེཿ བད་རག་གསང་བའི་བརྡ་རིས་ལསཿ བསྡུས་ཤིང་དག་པར་ཕབ་པ་སྟེཿ དྲི་མེད་རྒྱལ་བས་དག་པར་མཛདཿ ཡི་གེའི་འདུ་བྱེད་དམ་ལྡན་དུཿ འཇིགས་བྲལ་འོད་ཟེར་གྱིས་བགྱིས་པསཿ ཉམས་ལོངས་ཡོན་ཏན་ནུས་པ་གསལཿ མན་ངག་ཆོས་ཀྱི་གཞུང་ཤིང་ངོཿ དགེ་བས་འཁོར་བ་དོང་སྤྲུགས་ཤོགཿ དགེའོཿ ཿ | ||
Latest revision as of 14:45, 17 June 2024
Wylie title | thugs thig 'dzin pa rang grol las nyams len gzhung shing chen mo | |
---|---|---|
Location | mdo mkhyen brtse bka' 'bum Volume 2, Text 30, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Tertön | མདོ་མཁྱེན་བརྩེ་ (Mdo mkhyen brtse) | |
Citation | ||
Genre | Activity Manual - las byang · Root Treasure - gter gzhung | |
Cycle | གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol) | |
Colophon |
ཕ་གཅིག་དམ་པ་ནག་པོ་དངཿ དབྱེར་མེད་དུས་མཐའི་སྙོམས་ལས་པཿ ཌཱཀྐིའི་གསང་མཛོད་དབང་བསྒྱུར་བཿ ཁྲག་འཐུང་ལས་ཀྱི་དཔའ་བོ་ལཿ རྣམ་གསུམ་དྲིན་ལྡན་ཌཱཀྐི་མསཿ རྟེན་འབྲེལ་ཟབ་མོའི་མཚམས་སྦྱར་ཏེཿ བརྡའ་ཁྲོལ་བསྐུལ་མ་མཛད་པའི་ཚེཿ བད་རག་གསང་བའི་བརྡ་རིས་ལསཿ བསྡུས་ཤིང་དག་པར་ཕབ་པ་སྟེཿ དྲི་མེད་རྒྱལ་བས་དག་པར་མཛདཿ ཡི་གེའི་འདུ་བྱེད་དམ་ལྡན་དུཿ འཇིགས་བྲལ་འོད་ཟེར་གྱིས་བགྱིས་པསཿ ཉམས་ལོངས་ཡོན་ཏན་ནུས་པ་གསལཿ མན་ངག་ཆོས་ཀྱི་གཞུང་ཤིང་ངོཿ དགེ་བས་འཁོར་བ་དོང་སྤྲུགས་ཤོགཿ དགེའོཿ | |
pha gcig dam pa nag po dang: dbyer med dus mtha'i snyom las pa: DAk+ki'i gsang mdzod dbang sgyur ba: khrag 'thung las kyi dpa' bo la: rnam gsum drin ldan DAk+ki mas: rten 'brel zab mo'i mtshams sbyar te: brda' khrol bskul ma mdzad pa'i tshe: bad rag gsang ba'i brda ris las: bsdus shing dag par phab pa ste: dri med rgyal bas dag par mdzad: yi ge'i 'du byed dam ldan bu: 'jigs bral 'od zer gyis bgyis pas: nyams longs yon tan nus pa gsal: man ngag chos kyi gzhung shing ngo: dge bas 'khor ba dong sprug shog: dge'o: |