DKYD-KABUM-03-GA-024: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
(2 intermediate revisions by 2 users not shown) | |||
Line 1: | Line 1: | ||
༁ྃཿ ཡང་གསང་པདྨ་ཐུགས་ཐིག་ལསཿ དགའ་རབ་དཔའ་བོའི་ཐུགས་བཅུད་བཞུགསཿ | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|sectionheading=No | |||
|fulltitletib=ཡང་གསང་པདྨ་ཐུགས་ཐིག་ལསཿ དགའ་རབ་དཔའ་བོའི་ཐུགས་བཅུད་བཞུགསཿ | |||
|fulltitle=yang gsang pad+ma thugs thig las dga' rab dpa' bo'i thugs bcud | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=mdo mkhyen brtse bka' 'bum | |||
|author=Mdo mkhyen brtse | |||
|authortib=མདོ་མཁྱེན་བརྩེ་ | |||
|sourcerevealer=Mdo mkhyen brtse | |||
|sourcerevealertib=མདོ་མཁྱེན་བརྩེ་ | |||
|tibgenre=Sadhanas - Evocation Ritual - sgrub thabs | |||
|terma=Yes | |||
|cycle=yang gsang pad+ma thugs thig | |||
|cycletib=ཡང་གསང་པདྨ་ཐུགས་ཐིག་ | |||
|language=Tibetan | |||
|volumenumber=03 | |||
|volnumtib=༣ | |||
|volyigtib=ག | |||
|totalvolumes=8 | |||
|textnuminvol=024 | |||
|multivolumework=No | |||
|colophontib=བདག་འདྲ་དགའ་རབ་དཔའ་བོས་དག་པར་ཕབ་པར་ཡི་གེ་པ་ནི་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་ཡོངས་སུ་དགེ་བར་གྱུར་ཅིག་གུཿ | |||
|colophonwylie=bdag 'dra dga' rab dpa' bos dag par phab par yi ge pa ni rig pa'i ye shes kyis bgyis pas yongs su dge bar gyur cig gu: | |||
|pdflink=File:DKYD-KABUM-03-GA-024.pdf | |||
|volumeLetter=GA | |||
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༁ྃཿ ཡང་གསང་པདྨ་ཐུགས་ཐིག་ལསཿ དགའ་རབ་དཔའ་བོའི་ཐུགས་བཅུད་བཞུགསཿ | |||
«༁ྃཿ སྟོན་པ་མཆོག་ལ་གུས་པས་འདུད། ཐུགས་ཐིག་ཤིན་ཏུ་གསང་བསྐོར་ལསཿ ཤེས་རབ་ལྷ་མཆོག་བསྒྲུབ་པའི་ཐབསཿ འཁོར་བ་རང་གྲོལ་མུན་སེལ་བསྟནཿ སྒོག་ཙོང་ཆང་དང་དྲི་ངན་ཟསཿ རིགས་ངན་འགྲོགས་དང་མཛེ་ཡུག་སྤངཿ དངོས་གཞི་ཉམས་ལེན་རིམ་པ་ནིཿ རླུང་རོ་ལན་གསུམ་བསལ་བྱས་ལཿ གཏི་མུག་བླུན་རྨོངས་སྡིག་ལྟུང་དགཿ མི་གཙང་ཉམས་གྲིབ་ཀུན་དག་བསམཿ »ན་མོཿ རྩ་གསུམ་ཀུན་འདུས་མགོན་པོ་འཇམ་དབྱངས་ལཿ དུས་རྣམས་རྟག་ཏུ་བདག་ནི་སྐྱབས་སུ་མཆིཿ སེམས་ཅན་སངས་རྒྱས་ས་ལ་འགོད་པའི་ཕྱིརཿ ཤེས་རབ་ལྷ་མོ་བསྒྲུབ་པར་སེམས་བསྐྱེད་དོཿ རང་རིག་གསལ་སྟོང་སྙིང་རྗེའི་ངང་ཉིད་ལསཿ སྣོད་བཅུད་སྟོང་གསལ་འཇའ་འོད་གུར་ཁང་འཁྲིགསཿ ནེའུ་སེང་སྨན་ལྗོངས་མེ་ཏོག་རྣམ་པར་བཀྲཿ བདུད་རྩིའི་མཚོ་དབུས་པདྨ་སྟོང་ལྡན་ཁརཿ ཉི་ཟླའི་གདན་ལ་དྷཱིཿཡིག་ཡོངས་གྱུར་ལསཿ བཅོམ་ལྡན་མགོན་པོ་བླ་མ་འཇམ་དཔལ་དབྱངསཿ དྲི་མེད་དུང་མདོག་མཚན་དཔེའི་གཟི་འོད་འབརཿ ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་ངལ་བསོའི་རྒྱསཿ ཨུཏྤལ་ལ་གནས་རལ་གྲི་གླེགས་བམ་འཛིནཿ ཞི་ཚུལ་དགུ་ལྡན་དར་གོས་རིན་ཆེན་བརྒྱན། ལོངས་སྐུའི་ཆས་རྫོགས་སེམས་དཔའི་སྐྱིལ་ཀྲུང་བཞུགསཿ ཐུགས་དབུས་ཟེར་ལྔ་འཁྲིགས་པའི་འོད་ཀློང་དུཿ ཤེས་རབ་སྒྲ་དབྱངས་ལྷ་མོ་དཀར་དམར་མདངསཿ མཛེས་འཛུམ་ཞལ་གཅིག་ཕྱག་ཟུང་སྒྲ་སྙན་འཁྲོལཿ འཇའ་ཚོན་སྟོད་གཡོགས་སྨད་དཀྲིས་ནོར་བུས་བརྒྱནཿ ཙོག་པུར་བཞུགས་ཅིང་ཞི་ཆགས་དགའ་བདེའི་ཉམསཿ ཐུགས་ཀའི་འོད་ཀྱིས་ཞིང་ཁམས་རབ་འབྱམས་མཆོདཿ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་དབྱེར་མེད་བསྟིམསཿ བདེ་གཤེགས་སྤྱན་དྲངས་དབུ་མར་བྱིན་གྱིས་རླབསཿ ཕྱག་འཚལ་ཕྱི་ནང་མཆོད་འབུལ་སྡིག་ལྟུང་བཤགསཿ རྗེས་སུ་ཡི་རངས་ཐུགས་དམ་གནད་ནས་བསྐུལཿ རྩེ་གཅིག་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ འཕགས་མའི་ཐུགས་ཀར་འོད་དཀར་གྱིཿ འཁོར་ལོ་རྩིབས་བརྒྱད་དབྱངས་ཡིག་མཚནཿ ལྟེ་བར་ཉི་ཟླའི་གའུའི་དབུསཿ སྲོག་གི་སྙིང་པོ་གཟི་འོད་འབརཿ འཁོར་ལོ་གཡོན་དུ་འཁོར་བ་ཡིསཿ གཏི་མུག་རྨོངས་འཁྲུལ་བག་ཆགས་སྦྱངསཿ གཟུང་འཛིན་ཆགས་སྡང་དབྱིངས་སུ་དགཿ གསལ་སྟོང་བདེ་ཆེན་ཡེ་ཤེས་ངངཿ «ཨཱ་ལི་བརྒྱ་རྩ་བརྒྱད་བཟླ་ཞིངཿ »ཨོཾ་ཝ་ཀྱེ་དམ་སྭ་ར་སྭ་སྟི་སིདྡྷི་ཕ་ལ་ཧོཿ« འབུམ་གཅིག་བཟླས་པས་མི་ཤེས་རྨོངས་ལ་སེལཿ འབུམ་གཉིས་བཟླས་པས་ཤེས་རབ་མཆོག་དང་ལྡནཿ འབུམ་གསུམབཟླས་པས་མི་བརྗེད་གཟུངས་ཐོབ་འགྱུརཿ ཞལ་མཐོང་ཆོས་སྟོན་འོད་གསལ་སྣང་བ་ལཿ ལུང་སྟོན་མ་གཅིག་བུ་བཞིན་རྩེ་བས་སྐྱོངཿ རྟག་ཏུ་འདི་ལ་ཡི་དམ་བྱེད་པས་ནཿ མན་ངག་བླ་མའི་ཞལ་ལས་ཤེས་པར་བྱཿ ཐུན་མཐར་»ཨཱ«་ལི་བརྒྱ་རྩ་བརྒྱད་བཟླ་ཞིངཿ» ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་དྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ས་ཥ་ས་ཧཿཀྵཿ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥནྟ་ཐཱ་ག་ཏ་ཧྱ་ཝ་དཏ། ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལཿ ཕྱི་ནང་གསང་བའི་མཆོད་པ་དམ་པ་འབུལཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོདཿ བག་མེད་འགལ་འཁྲུལ་ཉམས་ཆགས་མཐོལ་ལོ་བཤགསཿ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལཿ ཨོཾ་བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ་ཤཔྟ་པཱུ་ཙ་ཧོཿ «སྟོང་ཚིག་མཆོད་བསྟོད་བཤགས་དང་དངོས་གྲུབ་བསྐུལཿ »བརྩེ་ལྡན་ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་གྱིསཿ བདག་བློ་སྒྲིབ་གཉིས་བག་ཆགས་ཡོངས་སྦྱངས་ནསཿ ཤེས་རབ་མཆོག་དང་མི་བརྗེདགཟུངས་ཐོབ་ཅིང་ཿ ཁྱེད་ཀྱི་གསང་བ་གསུམ་དང་དབྱེར་མེད་འདྲེསཿ སྡུག་བསྔལ་མ་རྒན་ཉམ་ཐག་སེམས་ཅན་རྣམསཿ གང་ལ་གང་འདུལ་ཆོས་སྟོན་དོན་སྤྱོད་ཅིངཿ བདག་གི་བཟང་ངན་འབྲེལ་བས་བསྡུས་པའི་འགྲོཿ འོག་མིན་ཞིང་དུ་མངོན་འཚང་རྒྱ་བར་ཤོགཿ« རོ་ལངས་ཐལ་མདོག་སྙིང་གི་ནོར་བུའི་ཆོསཿ མགོན་པོ་འཇམ་དཔལ་དབྱངས་ཀྱིས་བདག་ལ་གནངཿ བྱིན་རླབས་ཡོན་ཏན་བསྐལ་པར་བརྗོད་མི་ལངཿ ད་ལྟ་དྲིན་ལྡན་མ་ལ་བརྩེ་བས་ཕུལཿ མ་འོངས་རང་ནོར་ལག་ཏུ་ལོན་པར་ཤོགཿ རླུང་ཕྱོགས་ཙམ་ཡང་གཞན་ལ་མ་སྤེལ་ཅིགཿ བཀའ་འདི་འབར་མ་རྡོ་རྗེ་གཤོག་རྒོད་མཿ ཐུབ་པར་སྲུངས་ཤིང་དམ་ཚིག་སྲོག་གི་རྒྱཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ ཁ་ཐཾཿ བདག་འདྲ་དགའ་རབ་དཔའ་བོས་དག་པར་ཕབ་པར་ཡི་གེ་པ་ནི་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་ཡོངས་སུ་དགེ་བར་གྱུར་ཅིག་གུཿ | «༁ྃཿ སྟོན་པ་མཆོག་ལ་གུས་པས་འདུད། ཐུགས་ཐིག་ཤིན་ཏུ་གསང་བསྐོར་ལསཿ ཤེས་རབ་ལྷ་མཆོག་བསྒྲུབ་པའི་ཐབསཿ འཁོར་བ་རང་གྲོལ་མུན་སེལ་བསྟནཿ སྒོག་ཙོང་ཆང་དང་དྲི་ངན་ཟསཿ རིགས་ངན་འགྲོགས་དང་མཛེ་ཡུག་སྤངཿ དངོས་གཞི་ཉམས་ལེན་རིམ་པ་ནིཿ རླུང་རོ་ལན་གསུམ་བསལ་བྱས་ལཿ གཏི་མུག་བླུན་རྨོངས་སྡིག་ལྟུང་དགཿ མི་གཙང་ཉམས་གྲིབ་ཀུན་དག་བསམཿ »ན་མོཿ རྩ་གསུམ་ཀུན་འདུས་མགོན་པོ་འཇམ་དབྱངས་ལཿ དུས་རྣམས་རྟག་ཏུ་བདག་ནི་སྐྱབས་སུ་མཆིཿ སེམས་ཅན་སངས་རྒྱས་ས་ལ་འགོད་པའི་ཕྱིརཿ ཤེས་རབ་ལྷ་མོ་བསྒྲུབ་པར་སེམས་བསྐྱེད་དོཿ རང་རིག་གསལ་སྟོང་སྙིང་རྗེའི་ངང་ཉིད་ལསཿ སྣོད་བཅུད་སྟོང་གསལ་འཇའ་འོད་གུར་ཁང་འཁྲིགསཿ ནེའུ་སེང་སྨན་ལྗོངས་མེ་ཏོག་རྣམ་པར་བཀྲཿ བདུད་རྩིའི་མཚོ་དབུས་པདྨ་སྟོང་ལྡན་ཁརཿ ཉི་ཟླའི་གདན་ལ་དྷཱིཿཡིག་ཡོངས་གྱུར་ལསཿ བཅོམ་ལྡན་མགོན་པོ་བླ་མ་འཇམ་དཔལ་དབྱངསཿ དྲི་མེད་དུང་མདོག་མཚན་དཔེའི་གཟི་འོད་འབརཿ ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་ངལ་བསོའི་རྒྱསཿ ཨུཏྤལ་ལ་གནས་རལ་གྲི་གླེགས་བམ་འཛིནཿ ཞི་ཚུལ་དགུ་ལྡན་དར་གོས་རིན་ཆེན་བརྒྱན། ལོངས་སྐུའི་ཆས་རྫོགས་སེམས་དཔའི་སྐྱིལ་ཀྲུང་བཞུགསཿ ཐུགས་དབུས་ཟེར་ལྔ་འཁྲིགས་པའི་འོད་ཀློང་དུཿ ཤེས་རབ་སྒྲ་དབྱངས་ལྷ་མོ་དཀར་དམར་མདངསཿ མཛེས་འཛུམ་ཞལ་གཅིག་ཕྱག་ཟུང་སྒྲ་སྙན་འཁྲོལཿ འཇའ་ཚོན་སྟོད་གཡོགས་སྨད་དཀྲིས་ནོར་བུས་བརྒྱནཿ ཙོག་པུར་བཞུགས་ཅིང་ཞི་ཆགས་དགའ་བདེའི་ཉམསཿ ཐུགས་ཀའི་འོད་ཀྱིས་ཞིང་ཁམས་རབ་འབྱམས་མཆོདཿ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་དབྱེར་མེད་བསྟིམསཿ བདེ་གཤེགས་སྤྱན་དྲངས་དབུ་མར་བྱིན་གྱིས་རླབསཿ ཕྱག་འཚལ་ཕྱི་ནང་མཆོད་འབུལ་སྡིག་ལྟུང་བཤགསཿ རྗེས་སུ་ཡི་རངས་ཐུགས་དམ་གནད་ནས་བསྐུལཿ རྩེ་གཅིག་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ འཕགས་མའི་ཐུགས་ཀར་འོད་དཀར་གྱིཿ འཁོར་ལོ་རྩིབས་བརྒྱད་དབྱངས་ཡིག་མཚནཿ ལྟེ་བར་ཉི་ཟླའི་གའུའི་དབུསཿ སྲོག་གི་སྙིང་པོ་གཟི་འོད་འབརཿ འཁོར་ལོ་གཡོན་དུ་འཁོར་བ་ཡིསཿ གཏི་མུག་རྨོངས་འཁྲུལ་བག་ཆགས་སྦྱངསཿ གཟུང་འཛིན་ཆགས་སྡང་དབྱིངས་སུ་དགཿ གསལ་སྟོང་བདེ་ཆེན་ཡེ་ཤེས་ངངཿ «ཨཱ་ལི་བརྒྱ་རྩ་བརྒྱད་བཟླ་ཞིངཿ »ཨོཾ་ཝ་ཀྱེ་དམ་སྭ་ར་སྭ་སྟི་སིདྡྷི་ཕ་ལ་ཧོཿ« འབུམ་གཅིག་བཟླས་པས་མི་ཤེས་རྨོངས་ལ་སེལཿ འབུམ་གཉིས་བཟླས་པས་ཤེས་རབ་མཆོག་དང་ལྡནཿ འབུམ་གསུམབཟླས་པས་མི་བརྗེད་གཟུངས་ཐོབ་འགྱུརཿ ཞལ་མཐོང་ཆོས་སྟོན་འོད་གསལ་སྣང་བ་ལཿ ལུང་སྟོན་མ་གཅིག་བུ་བཞིན་རྩེ་བས་སྐྱོངཿ རྟག་ཏུ་འདི་ལ་ཡི་དམ་བྱེད་པས་ནཿ མན་ངག་བླ་མའི་ཞལ་ལས་ཤེས་པར་བྱཿ ཐུན་མཐར་»ཨཱ«་ལི་བརྒྱ་རྩ་བརྒྱད་བཟླ་ཞིངཿ» ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་དྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ས་ཥ་ས་ཧཿཀྵཿ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥནྟ་ཐཱ་ག་ཏ་ཧྱ་ཝ་དཏ། ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལཿ ཕྱི་ནང་གསང་བའི་མཆོད་པ་དམ་པ་འབུལཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོདཿ བག་མེད་འགལ་འཁྲུལ་ཉམས་ཆགས་མཐོལ་ལོ་བཤགསཿ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལཿ ཨོཾ་བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ་ཤཔྟ་པཱུ་ཙ་ཧོཿ «སྟོང་ཚིག་མཆོད་བསྟོད་བཤགས་དང་དངོས་གྲུབ་བསྐུལཿ »བརྩེ་ལྡན་ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་གྱིསཿ བདག་བློ་སྒྲིབ་གཉིས་བག་ཆགས་ཡོངས་སྦྱངས་ནསཿ ཤེས་རབ་མཆོག་དང་མི་བརྗེདགཟུངས་ཐོབ་ཅིང་ཿ ཁྱེད་ཀྱི་གསང་བ་གསུམ་དང་དབྱེར་མེད་འདྲེསཿ སྡུག་བསྔལ་མ་རྒན་ཉམ་ཐག་སེམས་ཅན་རྣམསཿ གང་ལ་གང་འདུལ་ཆོས་སྟོན་དོན་སྤྱོད་ཅིངཿ བདག་གི་བཟང་ངན་འབྲེལ་བས་བསྡུས་པའི་འགྲོཿ འོག་མིན་ཞིང་དུ་མངོན་འཚང་རྒྱ་བར་ཤོགཿ« རོ་ལངས་ཐལ་མདོག་སྙིང་གི་ནོར་བུའི་ཆོསཿ མགོན་པོ་འཇམ་དཔལ་དབྱངས་ཀྱིས་བདག་ལ་གནངཿ བྱིན་རླབས་ཡོན་ཏན་བསྐལ་པར་བརྗོད་མི་ལངཿ ད་ལྟ་དྲིན་ལྡན་མ་ལ་བརྩེ་བས་ཕུལཿ མ་འོངས་རང་ནོར་ལག་ཏུ་ལོན་པར་ཤོགཿ རླུང་ཕྱོགས་ཙམ་ཡང་གཞན་ལ་མ་སྤེལ་ཅིགཿ བཀའ་འདི་འབར་མ་རྡོ་རྗེ་གཤོག་རྒོད་མཿ ཐུབ་པར་སྲུངས་ཤིང་དམ་ཚིག་སྲོག་གི་རྒྱཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ ཁ་ཐཾཿ བདག་འདྲ་དགའ་རབ་དཔའ་བོས་དག་པར་ཕབ་པར་ཡི་གེ་པ་ནི་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་ཡོངས་སུ་དགེ་བར་གྱུར་ཅིག་གུཿ | ||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Latest revision as of 10:24, 21 June 2024
Wylie title | yang gsang pad+ma thugs thig las dga' rab dpa' bo'i thugs bcud | |
---|---|---|
Location | mdo mkhyen brtse bka' 'bum Volume 3, Text 24, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Tertön | མདོ་མཁྱེན་བརྩེ་ (Mdo mkhyen brtse) | |
Citation | ||
Genre | Sadhanas - Evocation Ritual - sgrub thabs | |
Cycle | ཡང་གསང་པདྨ་ཐུགས་ཐིག་ (yang gsang pad+ma thugs thig) | |
Colophon |
བདག་འདྲ་དགའ་རབ་དཔའ་བོས་དག་པར་ཕབ་པར་ཡི་གེ་པ་ནི་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་ཡོངས་སུ་དགེ་བར་གྱུར་ཅིག་གུཿ | |
bdag 'dra dga' rab dpa' bos dag par phab par yi ge pa ni rig pa'i ye shes kyis bgyis pas yongs su dge bar gyur cig gu: |