DKYD-KABUM-03-GA-007: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
 
(3 intermediate revisions by 2 users not shown)
Line 1: Line 1:
༄༅ཿ ཡང་གསང་ཐིག་ལེ་སྐོར་གསུམ་ལསཿ སྔོན་འགྲོ་ལམ་བསྡུས་རིམ་པ་བཞུགསཿ ཨཱྃཿ «སྔོན་འགྲོ་ལམ་བསྡུས་ནིཿ »སྐྱབས་གནས་ཀུན་འདུས་རྗེ་བཙུན་བླ་མ་མཁྱེན་ནོཿ སྡུག་བསྔལ་འཁོར་བ་དོང་ནས་སྤྲུག་པར་ཤོགཿ རྙེད་དཀའ་རྟེན་བཟང་རིན་ཆེན་ཐོབ་དུས་འདིརཿ མི་རྟག་འཆི་བ་རྟག་ཏུ་དྲན་པ་དངཿ འཇིགས་རུང་འཁོར་བའི་སྡུག་བསྔལ་བཟོད་དཀའ་བསཿ རྒྱུ་འབྲས་བསླུ་བ་མེད་ལ་ཡིད་ཆེས་ནསཿ ཐར་པ་མཆོག་གི་ལམ་ལ་འཇུག་པའི་ཕྱིརཿ བླ་མར་རྩེ་གཅིག་མོས་གུས་གསོལ་བཏབ་མཐུསཿ བྱང་ཆུབ་བར་དུ་ཐུགས་རྗེ་ལྕགས་ཀྱུའི་བཟུངཿ ས་དང་ལམ་གྱི་ཡོན་ཏན་མཐར་ཕྱིན་ཤོགཿ «སྐྱབས་འགྲོ་ནིཿ »མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་དཔལཿ ཨོ་རྒྱན་རྡོ་རྗེ་འཆང་ལ་སྐྱབས་སུ་མཆིཿ« ལན་གསུམ། སེམས་བསྐྱེད་ནིཿ »ཕ་མར་གྱུར་པའི་མཁའ་ཁྱབ་སེམས་ཅན་ཀུནཿ སངས་རྒྱས་ཐོབ་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེདཿ« ལན་གསུམཿ རྡོར་སེམས་བསྒོམ་བཟླས་ནིཿ» སྤྱི་བོར་བླ་མ་རྡོར་སེམས་ཡབ་ཡུམ་གྱིཿ ཐུགས་ཀར་ཧཱུྃ་མཐར་སྔགས་ཀྱིས་བསྐོར་བ་ལསཿ བདུད་རྩིའི་རྒྱུན་བབས་ཉམས་ཆགས་སྡིག་སྒྲིབ་ཀུནཿ རྣམ་པར་བཀྲུས་ཤིང་ཤེལ་གོང་ལྟ་བུར་བསམཿ «ཡི་གེ་བརྒྱ་པ་དངཿ »ཨོཾ་ཨཱཿབཛྲ་ས་ཏྭ་ཧཱུཾཿ «ཞེས་བཟླས་སོཿ མཎྜལ་ནིཿ» ཨོཾ་ཨཱཿཧཱུཾཿ སྟོང་གསུམ་འཇིག་རྟེན་ལྷ་མིའི་དཔལ་འབྱོར་དངཿ ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་ཞིངཿ ཆོས་དབྱིངས་ཀ་དག་གཞོན་ནུ་བུམ་སྐུའི་ཀློངཿ སངས་རྒྱས་ཀུན་འདུས་བླ་མ་ལྷ་ལ་འབུལཿ གུ་རུ་རཏྣ་མཎྜལ་པུ་ཙ་ཧོཿ «གསོལ་འདེབས་ནིཿ »ཨེ་མ་ཧོཿ སངས་རྒྱས་ཀུན་འདུས་རྒྱལ་བ་ཀུན་ཏུ་བཟངཿ རྡོ་རྗེ་སེམས་དཔའ་སྟོན་པ་དྲི་མ་མེདཿ དགའ་རབ་དཔའ་བོ་སློབ་དཔོན་ཤྲི་སེངཿ འཇམ་དཔལ་བཤེས་གཉེན་པཎ་ཆེན་བཱི་མ་ལཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ སྐུ་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུངཿ ཤེས་རབ་ཡུམ་མཆོག་ལྷ་ལྕམ་མནྡྷ་རཿ ཡེ་ཤེས་མཚོ་རྒྱལ་རྗེ་འབངས་ཉི་ཤུ་ལྔཿ སྐྱབས་གནས་ཀུན་འདུས་དྲིན་ཆེན་བླ་མ་རྗེཿ གསོལ་བ་འདེབས་སོ༴ ཡི་དམ་ཀུན་འདུས་ཆེ་མཆོག་ཧེ་རུ་ཀཿ པདྨ་དབང་དྲག་གསང་བདག་རྡོ་རྗེ་འཛིནཿ མཁའ་འགྲོ་གཙོ་མོ་ལས་ཀྱི་དབང་མོ་ཆེཿ རྡོ་རྗེ་ཕག་མོ་གསང་ཡེ་བདུད་འདུལ་མརཿ གསོལ་བ་འདེབས་སོ༴ ཐུགས་རྒྱུད་རྟོགས་པའི་ཡེ་ཤེས་འཕོ་བ་དངཿ སྒྲིབ་པ་བཞི་དག་དབང་བཞི་ཡོངས་ཐོབ་ཅིངཿ རྡོ་རྗེ་བཞི་རྫོགས་རིག་འཛིན་རྣམ་བཞིར་སྨིནཿ སྐུ་བཞིའི་ཡེ་ཤེས་འབྲས་བུ་མངོན་གྱུར་ནསཿ གཞོན་ནུ་བུམ་སྐུའི་ཀློང་དུ་གྲོལ་བར་ཤོགཿ «སྔོན་འགྲོ་ལམ་བསྡུས་འོག་མིན་ཐེམ་སྐས་འདིཿ ཡང་གསང་ཐིག་ལེ་བསྐོར་གསུམ་ཆ་ལག་ཏེཿ ཁྲག་འཐུང་ལས་ཀྱི་དཔའ་བོའི་བརྡ་རིས་ལས༔ གནད་ལས་གནད་དུ་བསྡུས་ཏེ་ཕབ་པའོཿ དགེའོཿ དགེའོཿ དགེའོཿ ༄༅། །རྡོ་རྗེ་ཐེག་པའི་དམ་ཚིག་གི་རྟེན་ཅིག་ཤོས་རྡོར་དྲིལ་བྱིན་གྱིས་བརླབ་པ་ནི། »ཧཱུྃཿ ཡེ་ཤེས་འབར་བའི་རྡོ་རྗེ་ཆེ། །ཁྲོ་རྒྱལ་འབར་བ་ཐབས་ཀྱི་སྐུ། །བདེ་ཆེན་ཡབ་རྣམས་སྐུར་བཞུགས་པའི། །དགྱེས་པ་མཆོག་གི་ཕྲིན་ལས་མཛད་དུ་གསོལ། མ་ཧཱ་བཛྲ་ཧཱུྃ། «ཞེས་རྡོ་རྗེ་ལན་གསུམ་གསོལཿ» ཧཱུྃཿ ཤེས་རབ་ཆེན་པོའི་རང་བཞིན་ནི། །ཆོས་ཉིད་སྟོང་པ་ཆེན་པོའི་སྒྲས༔ འཁོར་བའི་བག་ཆགས་ཟིལ་གྱིས་གནོན། །དུས་གསུམ་རྒྱལ་བ་ཀུན་ཀྱང་མཉེས། །མ་ཧཱ་གྷཎྜེ་ཧོཿ «ཞེས་དྲིལ་བུ་འཁྲོལ་བ་གསུམ་སྟེ་དེ་ཁོ་ན་ཉིད་ངེས་པ་ནི། རྣམ་པ་ཐམས་ཅད་དུ་དྲན་པར་བྱའོ།། །དགེའོ།། །།
{{Text
|classification=Tibetan Publications
|subclass=Tibetan Texts
|sectionheading=No
|fulltitletib=ཡང་གསང་ཐིག་ལེ་སྐོར་གསུམ་ལསཿ སྔོན་འགྲོ་ལམ་བསྡུས་རིམ་པཿ
|fulltitle=yang gsang thig le skor gsum las sngon 'gro lam bsdus rim pa
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Preliminary Practices - sngon 'gro
|terma=Yes
|cycle=yang gsang thig le skor gsum
|cycletib=ཡང་གསང་ཐིག་ལེ་སྐོར་གསུམ་
|language=Tibetan
|volumenumber=03
|volnumtib=༣
|volyigtib=ག
|totalvolumes=8
|textnuminvol=007
|multivolumework=No
|pdflink=File:DKYD-KABUM-03-GA-007.pdf
|volumeLetter=GA
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅ཿ ཡང་གསང་ཐིག་ལེ་སྐོར་གསུམ་ལསཿ སྔོན་འགྲོ་ལམ་བསྡུས་རིམ་པ་བཞུགསཿ ཨཱྃཿ «སྔོན་འགྲོ་ལམ་བསྡུས་ནིཿ »སྐྱབས་གནས་ཀུན་འདུས་རྗེ་བཙུན་བླ་མ་མཁྱེན་ནོཿ སྡུག་བསྔལ་འཁོར་བ་དོང་ནས་སྤྲུག་པར་ཤོགཿ རྙེད་དཀའ་རྟེན་བཟང་རིན་ཆེན་ཐོབ་དུས་འདིརཿ མི་རྟག་འཆི་བ་རྟག་ཏུ་དྲན་པ་དངཿ འཇིགས་རུང་འཁོར་བའི་སྡུག་བསྔལ་བཟོད་དཀའ་བསཿ རྒྱུ་འབྲས་བསླུ་བ་མེད་ལ་ཡིད་ཆེས་ནསཿ ཐར་པ་མཆོག་གི་ལམ་ལ་འཇུག་པའི་ཕྱིརཿ བླ་མར་རྩེ་གཅིག་མོས་གུས་གསོལ་བཏབ་མཐུསཿ བྱང་ཆུབ་བར་དུ་ཐུགས་རྗེ་ལྕགས་ཀྱུའི་བཟུངཿ ས་དང་ལམ་གྱི་ཡོན་ཏན་མཐར་ཕྱིན་ཤོགཿ «སྐྱབས་འགྲོ་ནིཿ »མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་དཔལཿ ཨོ་རྒྱན་རྡོ་རྗེ་འཆང་ལ་སྐྱབས་སུ་མཆིཿ« ལན་གསུམ། སེམས་བསྐྱེད་ནིཿ »ཕ་མར་གྱུར་པའི་མཁའ་ཁྱབ་སེམས་ཅན་ཀུནཿ སངས་རྒྱས་ཐོབ་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེདཿ« ལན་གསུམཿ རྡོར་སེམས་བསྒོམ་བཟླས་ནིཿ» སྤྱི་བོར་བླ་མ་རྡོར་སེམས་ཡབ་ཡུམ་གྱིཿ ཐུགས་ཀར་ཧཱུྃ་མཐར་སྔགས་ཀྱིས་བསྐོར་བ་ལསཿ བདུད་རྩིའི་རྒྱུན་བབས་ཉམས་ཆགས་སྡིག་སྒྲིབ་ཀུནཿ རྣམ་པར་བཀྲུས་ཤིང་ཤེལ་གོང་ལྟ་བུར་བསམཿ «ཡི་གེ་བརྒྱ་པ་དངཿ »ཨོཾ་ཨཱཿབཛྲ་ས་ཏྭ་ཧཱུཾཿ «ཞེས་བཟླས་སོཿ མཎྜལ་ནིཿ» ཨོཾ་ཨཱཿཧཱུཾཿ སྟོང་གསུམ་འཇིག་རྟེན་ལྷ་མིའི་དཔལ་འབྱོར་དངཿ ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་ཞིངཿ ཆོས་དབྱིངས་ཀ་དག་གཞོན་ནུ་བུམ་སྐུའི་ཀློངཿ སངས་རྒྱས་ཀུན་འདུས་བླ་མ་ལྷ་ལ་འབུལཿ གུ་རུ་རཏྣ་མཎྜལ་པུ་ཙ་ཧོཿ «གསོལ་འདེབས་ནིཿ »ཨེ་མ་ཧོཿ སངས་རྒྱས་ཀུན་འདུས་རྒྱལ་བ་ཀུན་ཏུ་བཟངཿ རྡོ་རྗེ་སེམས་དཔའ་སྟོན་པ་དྲི་མ་མེདཿ དགའ་རབ་དཔའ་བོ་སློབ་དཔོན་ཤྲི་སེངཿ འཇམ་དཔལ་བཤེས་གཉེན་པཎ་ཆེན་བཱི་མ་ལཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ སྐུ་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུངཿ ཤེས་རབ་ཡུམ་མཆོག་ལྷ་ལྕམ་མནྡྷ་རཿ ཡེ་ཤེས་མཚོ་རྒྱལ་རྗེ་འབངས་ཉི་ཤུ་ལྔཿ སྐྱབས་གནས་ཀུན་འདུས་དྲིན་ཆེན་བླ་མ་རྗེཿ གསོལ་བ་འདེབས་སོ༴ ཡི་དམ་ཀུན་འདུས་ཆེ་མཆོག་ཧེ་རུ་ཀཿ པདྨ་དབང་དྲག་གསང་བདག་རྡོ་རྗེ་འཛིནཿ མཁའ་འགྲོ་གཙོ་མོ་ལས་ཀྱི་དབང་མོ་ཆེཿ རྡོ་རྗེ་ཕག་མོ་གསང་ཡེ་བདུད་འདུལ་མརཿ གསོལ་བ་འདེབས་སོ༴ ཐུགས་རྒྱུད་རྟོགས་པའི་ཡེ་ཤེས་འཕོ་བ་དངཿ སྒྲིབ་པ་བཞི་དག་དབང་བཞི་ཡོངས་ཐོབ་ཅིངཿ རྡོ་རྗེ་བཞི་རྫོགས་རིག་འཛིན་རྣམ་བཞིར་སྨིནཿ སྐུ་བཞིའི་ཡེ་ཤེས་འབྲས་བུ་མངོན་གྱུར་ནསཿ གཞོན་ནུ་བུམ་སྐུའི་ཀློང་དུ་གྲོལ་བར་ཤོགཿ «སྔོན་འགྲོ་ལམ་བསྡུས་འོག་མིན་ཐེམ་སྐས་འདིཿ ཡང་གསང་ཐིག་ལེ་བསྐོར་གསུམ་ཆ་ལག་ཏེཿ ཁྲག་འཐུང་ལས་ཀྱི་དཔའ་བོའི་བརྡ་རིས་ལས༔ གནད་ལས་གནད་དུ་བསྡུས་ཏེ་ཕབ་པའོཿ དགེའོཿ དགེའོཿ དགེའོཿ ༄༅། །རྡོ་རྗེ་ཐེག་པའི་དམ་ཚིག་གི་རྟེན་ཅིག་ཤོས་རྡོར་དྲིལ་བྱིན་གྱིས་བརླབ་པ་ནི། »ཧཱུྃཿ ཡེ་ཤེས་འབར་བའི་རྡོ་རྗེ་ཆེ། །ཁྲོ་རྒྱལ་འབར་བ་ཐབས་ཀྱི་སྐུ། །བདེ་ཆེན་ཡབ་རྣམས་སྐུར་བཞུགས་པའི། །དགྱེས་པ་མཆོག་གི་ཕྲིན་ལས་མཛད་དུ་གསོལ། མ་ཧཱ་བཛྲ་ཧཱུྃ། «ཞེས་རྡོ་རྗེ་ལན་གསུམ་གསོལཿ» ཧཱུྃཿ ཤེས་རབ་ཆེན་པོའི་རང་བཞིན་ནི། །ཆོས་ཉིད་སྟོང་པ་ཆེན་པོའི་སྒྲས༔ འཁོར་བའི་བག་ཆགས་ཟིལ་གྱིས་གནོན། །དུས་གསུམ་རྒྱལ་བ་ཀུན་ཀྱང་མཉེས། །མ་ཧཱ་གྷཎྜེ་ཧོཿ «ཞེས་དྲིལ་བུ་འཁྲོལ་བ་གསུམ་སྟེ་དེ་ཁོ་ན་ཉིད་ངེས་པ་ནི། རྣམ་པ་ཐམས་ཅད་དུ་དྲན་པར་བྱའོ།། །དགེའོ།། །།

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Latest revision as of 08:58, 21 June 2024

Wylie title yang gsang thig le skor gsum las sngon 'gro lam bsdus rim pa
Location mdo mkhyen brtse bka' 'bum
Volume 3, Text 7, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Preliminary Practices - sngon 'gro
Cycle ཡང་གསང་ཐིག་ལེ་སྐོར་གསུམ་ (yang gsang thig le skor gsum)
[edit]