སྔོན་འགྲོ་ལམ་བསྡུས།

From Khyentse Lineage - A Tsadra Foundation Project
DKYD-KABUM-03-GA-006
Wylie title sngon 'gro lam bsdus
Location mdo mkhyen brtse bka' 'bum
Volume 3, Text 6, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Preliminary Practices - sngon 'gro
Colophon

ཐུན་མོང་ཐུན་མིན་ལམ་བསྡུས་རིམ་པའོཿ

thun mong thun min lam bsdus rim pa'o:

[edit]
༄༅ཿ སྔོན་འགྲོ་ལམ་བསྡུས་ནི། རྒྱལ་བ་ཀུན་འདུས་བླ་མ་རྡོ་རྗེ་འཆངཿ མཁྱེན་ནོ་བདག་རྒྱུད་བྱིན་གྱིས་རླབ་ཏུ་གསོལཿ བདག་གི་དལ་འབྱོར་རྟེན་བཟང་ཐོབ་ལགས་ཀྱངཿ མྱུར་དུ་མི་རྟག་འཆི་བ་སླེབ་ལ་ཉེཿ དཀར་ནག་རྒྱུ་འབྲས་བླང་དོར་དང་འགལ་ནཿ སྡུག་བསྔལ་འཁོར་བའི་བཙོན་རར་རབ་ཏུ་མནརཿ དེ་ལས་དབུགས་དབྱུང་ཐར་བ་མཆོག་བསྒྲུབ་ཅིངཿ བཤེས་གཉེན་དམ་པའི་ཐུགས་དགོངས་ཡོངས་རྫོགས་ཤོགཿ སྐུ་གསུམ་རྡོ་རྗེ་འཆང་དངོས་བླ་མ་དངཿ རྩ་བ་གསུམ་ལ་གུས་པས་སྐྱབས་སུ་མཆིཿ མཁའ་མཉམ་འགྲོ་ཀུན་ཕ་མའི་རང་བཞིན་ལཿ བྱང་ཆུབ་མཆོག་ཏུ་འགོད་པར་སེམས་བསྐྱེད་དོཿ སྟོང་གསུམ་འཇིག་རྟེན་རིན་ཆེན་གླིང་བཞི་དངཿ ངེས་པ་ལྔ་ལྡན་རིགས་ལྔའི་ཞིང་བཀོད་རྫོགསཿ ཆོས་དབྱིངས་ཀ་དག་གཞོན་ནུ་བུམ་སྐུའི་ཀློངཿ འབུལ་ལོ་ཚོགས་ཆེན་རྣམ་གཉིས་ཡོངས་རྫོགས་ཤོགཿ གུ་རུ་རཏྣ་མཎྜ་ལ་ཧཱུྃཿ རང་གཞན་སྤྱི་བོར་པད་དཀར་རྡོ་རྗེ་སེམསཿ ཡབ་ཡུམ་སྐུ་ལས་བདུད་རྩིའི་རྒྱུན་བབ་པའིཿ ཐོགས་མེད་ཉམས་ཆགས་ཉེས་ལྟུང་སྒྲིབ་གཉིས་ཀུནཿ བྱང་ཞིང་དག་ནས་ཤེལ་གོང་ལྟ་བུར་བསམཿ ཡི་གེ་བརྒྱ་པ་དང་ནི་ཡང་སྙིང་མཆོགཿ རྡོར་སེམས་འོད་ཞུ་རང་ཉིད་ལྷར་གསལ་ངངཿ སྣོད་བཅུད་བདེ་ཆེན་དག་པའི་ཞིང་དུ་སྦྱངསཿ ཨོཾ་ཨ་བཛྲ་ས་ཏྭ་ཧཱུྃ༔ ཐུན་མོང་ཐུན་མིན་ལམ་བསྡུས་རིམ་པའོཿ