DKR-KABUM-25-RA-006: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
(One intermediate revision by one other user not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=
|sectionheading=No
|fulltitle=
|fulltitletib=བྱང་གཏེར་དགོངས་པ་ཟང་ཐལ་གྱི་གསན་ཡིག།
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 25: . Delhi: Shechen Publications, 1994.
|fulltitle=byang gter dgongs pa zang thal gyi gsan yig
|citation=[[Khyentse, Dilgo]]. ''Byang gter dgongs pa zang thal gyi gsan yig''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 25: 79-81. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
Line 16: Line 17:
|volyigtib=ར་
|volyigtib=ར་
|totalvolumes=25
|totalvolumes=25
|beginfolioline=1a
|textnuminvol=006
|textnuminvol=006
|pagenumbers=79-81
|totalpages=6
|beginfolioline=1a1
|endfolioline=3b4
|totalfolios=3
|multivolumework=No
|rectonotes=gsan yig
|versonotes=dgongs pa zang thal
|pdflink=File:DKR-KABUM-25-RA-006.pdf
|pdflink=File:DKR-KABUM-25-RA-006.pdf
}}
}}

Latest revision as of 08:13, 1 June 2024

Wylie title byang gter dgongs pa zang thal gyi gsan yig DKR-KABUM-25-RA-006.pdf
Location dil mgo mkhyen brtse bka' 'bum
Volume 25, Text 6, Pages 79-81 (Folios 1a1 to 3b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Byang gter dgongs pa zang thal gyi gsan yig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 25: 79-81. Delhi: Shechen Publications, 1994.
Genre Records of Teachings Received - thob yig - gsan yig
[edit]
༄༅། །བྱང་གཏེར་དགོངས་པ་ཟང་ཐལ་གྱི་གསན་ཡིག་ནི། ཀུན་ཏུ་བཟང་པོ་དགོངས་པ་ཟང་ཐལ་དུ་བསྟན་པའི་མན་ངག་གི་ཡི་གེ་དབྱིངས་དང་ཡེ་ཤེས་སོགས་ཟུང་འཇུག་མཚོན་བྱེད་རིགས་ལྔའི་ས་བོན་གྱི་ཁ་བྱང་ཅན་དུ་རིགས་ལྔ་ནས་དབང་ཆོག ཨོཾ༽ ཉ༽ སྤྲོས་བཅས་བུམ་པའི་དབང༌། ཏ༽ སྤྲོས་མེད་གསང་དབང༌། ཐ༽ ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་དབང༌། ད༽ རབ་ཏུ་སྤྲོས་མེད་དེ་ཁོ་ན་ཉིད་ཀྱི་དབང༌། ན༽ དབང་བཞི་འདོན་བདེར་ཆུ་འབབས་སུ་བཀོད་པ། ཧཱུྃ ཀི༽ རིག་པ་རྩལ་གྱི་དབང༌། ཁི༽ རྫོགས་པ་ཆེན་པོའི་དབང་གི་ཆོ་ག གི༽ སྙིང་པོ་ཐུགས་ཀྱི་དབང༌། ངི༽ ངེས་དོན་ལྟ་བུའི་དབང༌། ཅི༽ རིག་པ་རང་གསལ་གྱི་དབང༌། ཆི༽ ཡེ་ཤེས་སྤྱི་བླུགས་ཀྱི་དབང༌། ཇི༽ རྒྱལ་ཐབས་སྤྱི་བླུགས་ཀྱི་དབང༌། ཉི༽ ཁྱད་པར་གྱི་དབང་རྣམས་བཀླག་ཆོག་ཏུ་བཀོད་པ། ཧྲཱིཿ ཨེ༽ དབང་ཆོག་སྣང་བའི་རྒྱན། ཨཱཿ གོ༽ དབང་ཆོག་བཅས་གོང་གསལ་རྣམས་ཐོབ། ༈ ལུང་སྐོར། ཨོཾ༽ ཡིད་ཆེས་བརྒྱུད་པའི་ལམ་རྒྱུས་སྟོང་ཐུན་སྤྱི་ཆིངས་ཆེན་མོ། ལུང་བྱང་ཡེ་ཤེས་ཐུགས་ཀྱི་ལྡེའུ་མིག །ཟབ་མོ་ཆོས་ཀྱི་ལུང༌། གསང་སྔགས་བསྟན་པ་རྣམ་གསུམ་གྱི་ཆོས་འབྱུང༌། ལུང་བསྟན་རིན་པོ་ཆེའི་ལྡེའུ་མིག །ལས་ཅན་གྱི་ཐེམ་བྱང༌། ཟབ་མོ་དབང་ལྔའི་དབྱེ་བ། བརྒྱུད་པའི་གསོལ་འདེབས། རིགས་ལྔའི་ཕྱི་སྒྲུབ་སོགས་གཏེར་གཞུང་ཆོག་གྲངས། རིགས་དང་མཁའ་འགྲོའི་ཕྲིན་ལས་ལྷན་ཐབས། རིག་ལྔའི་མཆོད་འབུལ། རིགས་ལྔའི་ཚོགས་མཆོད། མཁའ་འགྲོའི་ལས་བྱང་མཆོད་ཕྲེང༌། རྩ་གནས་ལུས་ཀྱི་འཁོར་ལོ། ཕག་མོའི་ཐུན་བཞིའི་རྣལ་འབྱོར་གྱི་ཁྲིད། མཁའ་འགྲོའི་གསང་བའི་མན་ངག །མཁའ་འགྲོ་མའི་དུས་ཀྱི་འཆིང་རྒྱ་དྲུག་གི་མན་ངག །རྡོ་རྗེ་ཕག་མོའི་དགྱེས་པ་ཕྲིན་ལས་ཀྱི་རྒྱུད། རྣལ་འབྱོར་སྒྲུབ་པའི་ལས་རིམ་གྱི་འགྲེལ་པ། ཕག་མོའི་གསང་བའི་ཟབ་རྒྱ། ཕག་མོའི་ཟབ་རྒྱའི་ཁྲིད་ཡིག །ཐིག་ལེ་གེགས་སེལ་བཅས་ཐོབ། ཧཱུྃ༽ བཀྲ་ཤིས་ཞི་ཁྲོའི་ལྷན་ཐབས། ཞི་ཁྲོ་ལྷུན་གྲུབ་ཀྱི་ཕྲིན་ལས་དང་ཛཔ་བསྐུལ་བྱང་གཅིག །ཐུགས་དམ་བསྐུལ་བ། དམིགས་རིམ་གྲུབ་མཆོག་ཞལ་ལུང༌། རིགས་དྲུག་འཁོར་བའི་གནས་འདྲེན། རིག་རྩལ་དབང་གི་འབྲེལ་པ། བླ་མའི་སྒྲུབ་ཐབས། ཁྲིད་ཡིག་གནད་ཀྱི་གཟེར་བུ། ཆོས་ཉིད་མངོན་སུམ་གྱི་ཁྲིད། ཡང་དག་དོན་གྱི་སྙན་བརྒྱུད་རྩ་བའི་མན་ངག་གཉིས་པ། ཡེ་ཤེས་མངོན་སུམ་དུ་བསྟན་པའི་སྙན་བརྒྱུད་ཡི་གེ་མེད་པ། སྙན་བརྒྱུད་ཡི་གེ་མེད་པ་མཐར་ཐུག་པ། ཐུགས་ཀྱི་དགོངས་པ་ཡི་གེ་མེད་པའི་སྙན་བརྒྱུད་རིན་པོ་ཆེ། བེ་རོ་ཙཱ་ནའི་སྙན་བརྒྱུད་དང་པོ། བཻ་རོའི་སྙན་བརྒྱུད་བར་པ། བཻ་རོའི་སྙན་བརྒྱུད་ཕྱི་མ། བཻ་རོའི་ཐུགས་བརྒྱུད་ཟབ་མོ། སེམས་དང་རིག་པ་དབྱེ་བའི་རྒྱུད། སེམས་རིག་དབྱེ་བའི་རྒྱུད་ཕྱི་མ་བཅས་ཐོབ། ཏྲཱྃ༽ གནད་ཏིག་ཞལ་གདམས་ཟབ་མོའི་ཐེམ་བཅུ། སྐྱེ་མེད་མ་བཅོས་རང་བྱུང་རང་ཤར་བ་ཕྲིན་ལས་ཀྱི་རྒྱུད། རང་ཤར་ལས་བྱུང་བའི་མན་ངག་གསལ་སྒྲོན། འཁྲུལ་པ་རྩད་གཅོད་ཀྱི་རྒྱུད། རིན་ཆེན་ཕྲེང་བའི་རྒྱུད། ཁྱད་འཕགས་སྙན་རྒྱུད། པད་མའི་མན་ངག་དང་གཉིས། པདྨའི་མན་ངག་གསུམ་པ། གནད་ཡིག་གསང་བའི་སྒྲོན་མེ། སངས་རྒྱས་ཀྱི་དགོངས་པ་རང་ཆས་སུ་བསྟན་པའི་རྒྱུན། སངས་རྒྱས་ཀྱི་འདས་རྗེས་རིམ་གསུམ། བཏགས་གྲོལ་བྱོན་ཚུལ། སངས་རྒྱུས་ཐམས་ཅད་ཀྱི་སྲས་གཅིག་པའི་རྒྱུད། བཏགས་གྲོལ་ཆེན་མོ། བཏགས་གྲོལ་རྒྱུད་དྲུག་གི་དུས་གནད་ཞལ་ཆེམས། བཏགས་གྲོལ་རྒྱབ་ཡིག་གསང་བའི་གནད་བཀྲོལ་གནད་ཀྱི་ཡི་གེ་ཐེམ་ཡིག་བཅུ་པ། རིག་པ་གནད་དགུའི་བཏགས་གྲོལ། བཏགས་གྲོལ་ཉམས་སུ་ལེན་ཚུལ་ཀུན་མཁྱེན་ཐུགས་རྗེ་ཞེས་པ། མཐོང་གྲོལ་རིན་ཆེན། བཏགས་གྲོལ་དབང༌། པདྨའི་བཀའ་ཡིག་དང་པོ། སངས་རྒྱས་རང་ཆས་ཆེན་པོའི་རྒྱུད། ཡེ་ཤེས་རང་ཤར་བའི་རྒྱུད། ཡེ་ཤེས་རང་ལ་གནས་པ་རྩ་བའི་རྒྱུད། ཡེ་ཤེས་ཆེན་པོ་བསྟན་པའི་རྒྱུད་ཕྱི་མ། རིག་པ་ཡེ་ཤེས་རང་གསལ་བའི་རྒྱུད། དགོངས་ཟང་བསྟན་པའི་རྩ་རྒྱུད། རྟགས་ཀྱི་ཡེ་ཤེས། སྒྲོན་མེ་རྩ་བ་ངོ་དབྱིངས་བསྟན་པ། རྡོར་སེམས་དགོངས་པ་རང་ཤར་གྱི་རྒྱུད། ཚད་ཀྱི་ཡི་གེ །སངས་རྒྱས་ངོ་སྤྲོད་ཀྱི་བཤད་རྒྱུད། དགོངས་ཟང་མན་ངག་ཁུག་པ་ལྔའི་གདམས་བྱ། སྙིང་ཏིག་ཁུག་པ་ལྔ། བར་དོ་འོད་གསལ་སྒྲོན་མ། ངོ་སྤྲོ་ཉི་ཤུ་རྩ་གཅིག །བར་དོ་རང་སྣང་གི་རྒྱུད། ཧྲཱིཿ༽ མན་ངག་སྙིང་པོ་དགོངས་རྒྱུད་རྡོ་རྗེ་སེམས་དཔའི་གསུང༌། ཀུན་ཏུ་བཟང་པོའི་དགོངས་པ་ཡེ་ཤེས་ཟང་ཐལ་གྱི་སྒྲོན་མ། སྙན་བརྒྱུད་དྲུག་གི་སྔོན་འགྲོ། དགོངས་ཟང་རྒྱུད་ཆེན་མཐོང་ཐོས་བཏགས་པ། སྨོན་ལམ་བཏབ་པ་ཙམ་གྱི་སངས་རྒྱས་བའི་རྒྱུད། བི་མའི་སྙན་བརྒྱུད་ཆེན་མོ་རྒྱལ་པོ་ལ་གདམས་པ། ཡང་གསང་བླ་ན་མེད་པ་རྫོགས་པ་ཆེན་པོའི་འགྲེལ་པ་ཡེ་ཤེས་རང་གསལ་འགྲེལ་ཊིག་ཆེན་མོ། རྩ་རླུང་གནད་ཀྱི་སྒྲོན་མེ། བི་མའི་ཚེ་ཁྲིད་ཟབ་མོ། བཅུད་ལེན་ཁྱད་པར་ཅན་བདུད་རྩིའི་ཕྲེང་བ། སྙན་བརྒྱུད་སྡེ་གསུམ་གྱི་རྩ་བ་རྩ་གསུམ་རིན་ཆེན་སྒྲོན་མེ། གསང་བ་རྨད་བྱུང་གི་ལྡེའུ་མིག །གསང་བ་རྨད་བྱུང་གི་བླ་མའི་རྣལ་འབྱོར་བརྒྱུད་འདེབས། གསང་བ་རྨད་བྱུང་གི་ལོག་ནོན། གསང་བ་རྨད་བྱུང་ཆོས་འབྱུང་གླིང་གཞི། གསང་བ་རྨད་བྱུང་གི་དབང་ཟབ་མོའི་ཆོ་ག །བཀའ་སྲུང་མཆོད་པའི་ཕྲིན་ལས། དབང་ཆོག་སྣང་བའི་རྒྱུན། ཨཱཿ༽ སྔོན་འགྲོ་གཟེར་ལྔའི་རྩ་བ། གསོལ་འདེབས། སྙིང་པོ་བཅུད་བསྡུས་རིག་པའི་དབང༌། གཏེར་གཞུང༌། རང་ཤར་རྩ་བའི་རྒྱུད། ཀུན་གྲོལ་རྡོ་རྗེ་སེམས་དཔའི་རྒྱུད། ངོ་སྤྲོད་རང་རིག་རང་གསལ། ཞུས་ལེན་གནད་ཀྱི་ཡི་གེ །སྐུ་གསུམ་གཏན་ལ་དབབ་པའི་རྒྱུད། མ་རིག་མུན་སེལ་སྒྲོན་མེ་སྙིང་པོ་བཅུད་བསྡུས། ཨོ་རྒྱན་པདྨས་མཛད་པའི་ཞལ་ཆེམས་སྒྲོན་མ་རྣམ་གསུམ། ཞལ་ཆེམ་རིན་ཆེན་གཟེར་བུ། གེགས་སེལ་ནོར་བུ་རིན་པོ་ཆེའི་མཛོད། ཟབ་ལམ་གནད་ཀྱི་ཐེམ་བཅུ། བར་དོ་ལྔའི་ངོ་སྤྲོད། ལམ་རྒྱུས་བརྒྱུད་ཡིག་བཅས་ཐོབ་བོ། ༈ བརྒྱུད་ཡིག་རྒྱས་པ་འབྲི་མ་ཐུབ་ཀྱང་མདོར་བསྡུས་ཙམ་གཤམ་གསལ་ལྟར་རོ། ༈ བྱང་གཏེར་དགོངས་པ་ཟང་ཐལ་རིང་བརྒྱུད་སྲས་སློབ་ཀྱི་བརྒྱུད་པ་ལྟར་ལ། ཉེ་བརྒྱུད་ནི། རིག་འཛིན་རྒོད་ལྡེམ། རྗེ་བླ་མ་མཁྱེན་བརྩེའི་དབང་པོ། ཨ་འཛོམ་འབྲུག་པ་རིན་པོ་ཆེ། མཁན་ཆེན་ཐེག་མཆོག་བསྟན་འཛིན། རྩེ་སྤྲུལ་ཕྲིན་ལས་བཟང་པོ། དེས་ཐུགས་བརྩེ་བ་ཆེན་པོས་དགྱེས་བཞིན་བདག་མངྒ་ལ་ལ་གནང་བའོ། །ཀ་དག་གི་བརྒྱུད་ཡིག་ལྟར་རོ། །འདི་རྣམས་ད་ལྟ་བརྒྱུད་ཡིག་མདོར་བསྡུས་ཙམ་ཡིན། ཞིབ་པ་ཐོབ་ཡིག་ལྟར་མཁྱེན་དགོས་ཞུ།། །།
[edit]

@#/_/byang gter dgongs pa zang thal gyi gsan yig ni/__kun tu bzang po dgongs pa zang thal du bstan pa'i man ngag gi yi ge dbyings dang ye shes sogs zung 'jug mtshon byed rigs lnga'i sa bon gyi kha byang can du rigs lnga nas dbang chog__oM)_nya)_spros bcas bum pa'i dbang*/_ta)_spros med gsang dbang*/_tha)_shin tu spros med shes rab ye shes dbang*/_da)_rab tu spros med de kho na nyid kyi dbang*/_na)_dbang bzhi 'don bder chu 'babs su bkod pa/_hU~M_ki)_rig pa rtsal gyi dbang*/_khi)_rdzogs pa chen po'i dbang gi cho ga_gi)_snying po thugs kyi dbang*/_ngi)_nges don lta bu'i dbang*/_ci)_rig pa rang gsal gyi dbang*/_chi)_ye shes spyi blugs kyi dbang*/_ji)_rgyal thabs spyi blugs kyi dbang*/_nyi)_khyad par gyi dbang rnams bklag chog tu bkod pa/_hrIH_e)_dbang chog snang ba'i rgyan/_AH_go)_dbang chog bcas gong gsal rnams thob/__!__lung skor/_oM)_yid ches brgyud pa'i lam rgyus stong thun spyi chings chen mo/_lung byang ye shes thugs kyi lde'u mig_/zab mo chos kyi lung*/_gsang sngags bstan pa rnam gsum gyi chos 'byung*/_lung bstan rin po che'i lde'u mig_/las can gyi them byang*/_zab mo dbang lnga'i dbye ba/_brgyud pa'i gsol 'debs/_rigs lnga'i phyi sgrub sogs gter gzhung chog grangs/_rigs dang mkha' 'gro'i phrin las lhan thabs/_rig lnga'i mchod 'bul/_rigs lnga'i tshogs mchod/_mkha' 'gro'i las byang mchod phreng*/_rtsa gnas lus kyi 'khor lo/_phag mo'i thun bzhi'i rnal 'byor gyi khrid/_mkha' 'gro'i gsang ba'i man ngag_/mkha' 'gro ma'i dus kyi 'ching rgya drug gi man ngag_/rdo rje phag mo'i dgyes pa phrin las kyi rgyud/_rnal 'byor sgrub pa'i las rim gyi 'grel pa/_phag mo'i gsang ba'i zab rgya/_phag mo'i zab rgya'i khrid yig_/thig le gegs sel bcas thob/__hU~M)_bkra shis zhi khro'i lhan thabs/_zhi khro lhun grub kyi phrin las dang dzapa bskul byang gcig_/thugs dam bskul ba/_dmigs rim grub mchog zhal lung*/_rigs drug 'khor ba'i gnas 'dren/_rig rtsal dbang gi 'brel pa/_bla ma'i sgrub thabs/_khrid yig gnad kyi gzer bu/_chos nyid mngon sum gyi khrid/_yang dag don gyi snyan brgyud rtsa ba'i man ngag gnyis pa/_ye shes mngon sum du bstan pa'i snyan brgyud yi ge med pa/_snyan brgyud yi ge med pa mthar thug pa/_thugs kyi dgongs pa yi ge med pa'i snyan brgyud rin po che/_be ro tsA na'i snyan brgyud dang po/_bai ro'i snyan brgyud bar pa/_bai ro'i snyan brgyud phyi ma/_bai ro'i thugs brgyud zab mo/_sems dang rig pa dbye ba'i rgyud/_sems rig dbye ba'i rgyud phyi ma bcas thob/__trA~M)_gnad tig zhal gdams zab mo'i them bcu/_skye med ma bcos rang byung rang shar ba phrin las kyi rgyud/_rang shar las byung ba'i man ngag gsal sgron/_'khrul pa rtsad gcod kyi rgyud/_rin chen phreng ba'i rgyud/_khyad 'phags snyan rgyud/_pad ma'i man ngag dang gnyis/_pad+ma'i man ngag gsum pa/_gnad yig gsang ba'i sgron me/_sangs rgyas kyi dgongs pa rang chas su bstan pa'i rgyun/_sangs rgyas kyi 'das rjes rim gsum/_btags grol byon tshul/_sangs rgyus thams cad kyi sras gcig pa'i rgyud/_btags grol chen mo/_btags grol rgyud drug gi dus gnad zhal chems/_btags grol rgyab yig gsang ba'i gnad bkrol gnad kyi yi ge them yig bcu pa/_rig pa gnad dgu'i btags grol/_btags grol nyams su len tshul kun mkhyen thugs rje zhes pa/_mthong grol rin chen/_btags grol dbang*/_pad+ma'i bka' yig dang po/_sangs rgyas rang chas chen po'i rgyud/_ye shes rang shar ba'i rgyud/_ye shes rang la gnas pa rtsa ba'i rgyud/_ye shes chen po bstan pa'i rgyud phyi ma/_rig pa ye shes rang gsal ba'i rgyud/_dgongs zang bstan pa'i rtsa rgyud/_rtags kyi ye shes/_sgron me rtsa ba ngo dbyings bstan pa/_rdor sems dgongs pa rang shar gyi rgyud/_tshad kyi yi ge_/sangs rgyas ngo sprod kyi bshad rgyud/_dgongs zang man ngag khug pa lnga'i gdams bya/_snying tig khug pa lnga/_bar do 'od gsal sgron ma/_ngo spro nyi shu rtsa gcig_/bar do rang snang gi rgyud/__hrIH)_man ngag snying po dgongs rgyud rdo rje sems dpa'i gsung*/_kun tu bzang po'i dgongs pa ye shes zang thal gyi sgron ma/_snyan brgyud drug gi sngon 'gro/_dgongs zang rgyud chen mthong thos btags pa/_smon lam btab pa tsam gyi sangs rgyas ba'i rgyud/_bi ma'i snyan brgyud chen mo rgyal po la gdams pa/_yang gsang bla na med pa rdzogs pa chen po'i 'grel pa ye shes rang gsal 'grel Tig chen mo/_rtsa rlung gnad kyi sgron me/_bi ma'i tshe khrid zab mo/_bcud len khyad par can bdud rtsi'i phreng ba/_snyan brgyud sde gsum gyi rtsa ba rtsa gsum rin chen sgron me/_gsang ba rmad byung gi lde'u mig_/gsang ba rmad byung gi bla ma'i rnal 'byor brgyud 'debs/_gsang ba rmad byung gi log non/_gsang ba rmad byung chos 'byung gling gzhi/_gsang ba rmad byung gi dbang zab mo'i cho ga_/bka' srung mchod pa'i phrin las/_dbang chog snang ba'i rgyun/__AH)_sngon 'gro gzer lnga'i rtsa ba/_gsol 'debs/_snying po bcud bsdus rig pa'i dbang*/_gter gzhung*/_rang shar rtsa ba'i rgyud/_kun grol rdo rje sems dpa'i rgyud/_ngo sprod rang rig rang gsal/_zhus len gnad kyi yi ge_/sku gsum gtan la dbab pa'i rgyud/_ma rig mun sel sgron me snying po bcud bsdus/_o rgyan pad+mas mdzad pa'i zhal chems sgron ma rnam gsum/_zhal chem rin chen gzer bu/_gegs sel nor bu rin po che'i mdzod/_zab lam gnad kyi them bcu/_bar do lnga'i ngo sprod/_lam rgyus brgyud yig bcas thob bo/__!__brgyud yig rgyas pa 'bri ma thub kyang mdor bsdus tsam gsham gsal ltar ro/__!__byang gter dgongs pa zang thal ring brgyud sras slob kyi brgyud pa ltar la/_nye brgyud ni/_rig 'dzin rgod ldem/_rje bla ma mkhyen brtse'i dbang po/_a 'dzom 'brug pa rin po che/_mkhan chen theg mchog bstan 'dzin/_rtse sprul phrin las bzang po/_des thugs brtse ba chen pos dgyes bzhin bdag mang+ga la la gnang ba'o/__/ka dag gi brgyud yig ltar ro/__/'di rnams da lta brgyud yig mdor bsdus tsam yin/_zhib pa thob yig ltar mkhyen dgos zhu//_//

Footnotes

Other Information