DKR-KABUM-10-THA-057: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:08, 1 June 2024

Wylie title bstan srung khyab 'jug chen po'i mnga' gsol khrag 'thung dpa' bo dgyes pa'i gad rgyangs DKR-KABUM-10-THA-057.pdf
Location dil mgo mkhyen brtse bka' 'bum
Volume 10, Text 57, Pages 321-322 (Folios 1a1 to 2a2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Bstan srung khyab 'jug chen po'i mnga' gsol khrag 'thung dpa' bo dgyes pa'i gad rgyangs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 321-322. Delhi: Shechen Publications, 1994.
Genre Protector Rituals - gsol mchod
Deity khyab 'jug
Colophon
  • First colophon: །ཅེས་པའང་ལང་ཚོ་རྣམ་པར་སྨིན་པ་རྒན་པོ་བཀྲ་ཤིས་དཔལ་འབྱོར་དོན་ཀུན་གྲུབ་པའི་སྡེས་བསྟན་སྲུང་ཆེན་པོ་ལ་ཕྲིན་ལས་གསོལ་བའི་དོན་དུ་སུག་བྲིས་སུ་བགྱིས་པ་འོད་གསལ་རྫོགས་པ་ཆེན་པོའི་བསྟན་དང་བསྟན་འཛིན་གྱི་དཔུང་གཉེན་དུ་གྱུར་ཅིག།
  • Second colophon: །ཅེས་པའང་གཞན་ཕན་ལྷག་བསམ་གྱི་གཡར་དམ་འཆང་བ་མངྒ་ལས་བྲིས་པ་འདོད་པའི་དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག།
  • First colophon: /ces pa'ang lang tsho rnam par smin pa rgan po bkra shis dpal 'byor don kun grub pa'i sdes bstan srung chen po la phrin las gsol ba'i don du sug bris su bgyis pa 'od gsal rdzogs pa chen po'i bstan dang bstan 'dzin gyi dpung gnyen du gyur cig/
  • Second colophon: /ces pa'ang gzhan phan lhag bsam gyi g.yar dam 'chang ba mang+ga las bris pa 'dod pa'i don kun 'grub pa'i rgyur gyur cig/
[edit]
༄༅། བསྟན་སྲུང་ཁྱབ་འཇུག་ཆེན་པོའི་མངའ་གསོལ་ཁྲག་འཐུང་དཔའ་བོ་དགྱེས་པའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ།། ཧཱུྃ་ཀྵཿ གཟུང་འཛིན་ཉི་ཟླ་གཉིས་སྤངས་ཀྱིས་ཟོས་པས། །བདེ་སྟོང་འཕོ་མེད་ལོངས་སྤྱོད་རྫོགས་པའི་ཀློང༌། །མི་སྡུག་སྲིན་པོའི་ལང་ཚོའི་སྤྲིན་རུམ་གཟུགས། །མཁྱེན་བརྩེའི་སྤྱན་སྟོང་རྣམ་བཀྲ་མངའ་གསོལ་ལོ། ༡ །གཏུམ་རྔམས་སྲིན་པོའི་ཐབས་དང་གདུག་པའི་ཀླུ། །ཆགས་གཏུམ་ཁ་སྦྱོར་ཐིག་ལེའི་དྭངས་མའི་སྐུ། །ཚོགས་བརྒྱད་དབྱིངས་སྒྲོལ་སྡེ་བརྒྱད་གཟའ་མཆོག་བརྒྱད། །གདོང་མོ་སྲིང་བཞིའི་ཚོགས་བཅས་མངའ་གསོལ་ལོ། ༢ །མཁའ་མཉམ་ཨེ་ཀློང་གདུག་ཅན་སྙིང་ཁྲག་གི །རྒྱ་མཚོ་དྲག་ཤུལ་གར་དགུའི་བརྗིད་པའི་ཞལ། །ཆུ་སྲིན་རྒྱལ་མཚན་སྦྲུལ་ཞགས་མདའ་གཞུ་བཅས། །བདེ་ཆེན་དུག་རླངས་འཁྲུགས་ཁྱེད་མངའ་གསོལ་ལོ། ༣ །རྣམ་འགྱུར་སྲིད་གསུམ་ཟ་བའི་ལྟོ་ཞལ་ཅན། །ངོ་བོ་ཆོས་ཉིད་རང་བཞིན་མེད་པ་ལས། །མ་གཡོས་ཧེ་རུ་ཀ་དཔལ་ལས་མཁན་རྒྱལ། །ཐེག་མཆོག་བསྟན་སྲུང་དབང་པོར་མངའ་གསོལ་ལོ། ༤ །ཞི་བསིལ་བདུད་རྩི་མགྲིན་པར་མི་ཆུད་པའི། །མི་བསྲུན་གདུལ་དཀའི་ཡི་དྭགས་སྒྲོལ་བའི་ཕྱིར། །བརྩེ་ཆེན་སྙིང་རྗེའི་གང་བའི་གསང་བ་གསུམ། །ཁྲོས་འཁྲུགས་རྔམས་ཟིལ་འཁྲུགས་ཁྱོད་མངའ་གསོལ་ལོ། ༥ །དུས་བཞི་མཉམ་ཉིད་ཟབ་ཡངས་ཆོས་དབྱིངས་ཀློང༌། །བསམ་མི་ཁྱབ་པའི་རྣམ་ཐར་གཅིག་གྱུར་པས། །ཚར་གཅོད་རྗེས་སུ་འཛིན་པའི་ཕྲིན་ལས་སུ། །རྒྱུན་མི་ཆད་པར་འཇུག་ཁྱོད་མངའ་གསོལ་ལོ། ༦ །སྲིད་ཞིའི་མཛེས་རྒྱན་བསྟན་འགྲོའི་ཕན་བདེའི་དཔལ། །ལེགས་སྲུང་ཉེས་པ་སྐྱོབས་པའི་གོ་ཆའི་ཤུགས། །རྟག་ཁྱབ་ལྷུན་གྲུབ་འགོག་མེད་སྣང་བ་ཡིས། །རྟག་ཏུ་མེལ་ཚེས་སྐྱོངས་ཕྱིར་མངའ་གསོལ་ལོ། ༧ །ཆོས་ཉིད་དབྱིངས་ལས་གཡོ་མེད་ཆོས་ཅན་གྱི། །ཕྲིན་ལས་རྟེན་འབྱུང་འགགས་མེད་སྒྱུ་མའི་གར། །ཐེག་མཆོག་བསྟན་པའི་རྒྱལ་ཐབས་ཆེ་སྐྱོང་བའི། །བསྟན་འཛིན་ཆེན་པོའི་དཔུང་དུ་མངའ་གསོལ་ལོ། ༨ །ཆུ་འཛིན་དོ་རར་བརྩོན་པའི་གློག་ཕྲེང་ལས། །ཆེས་མྱུར་དོན་ཡོད་ཞགས་པའི་འཕྲུལ་ཐབས་ཀྱིས། །དགེ་མཚན་དྲི་ཟའི་མིག་ཡངས་འཆིང་ནུས་པའི། །བཀྲ་ཤིས་ལྷ་ཡི་རྔ་གསང་སྒྲོགས་གྱུར་ཅིག །ཅེས་པའང་ལང་ཚོ་རྣམ་པར་སྨིན་པ་རྒན་པོ་བཀྲ་ཤིས་དཔལ་འབྱོར་དོན་ཀུན་གྲུབ་པའི་སྡེས་བསྟན་སྲུང་ཆེན་པོ་ལ་ཕྲིན་ལས་གསོལ་བའི་དོན་དུ་སུག་བྲིས་སུ་བགྱིས་པ་འོད་གསལ་རྫོགས་པ་ཆེན་པོའི་བསྟན་དང་བསྟན་འཛིན་གྱི་དཔུང་གཉེན་དུ་གྱུར་ཅིག། ༈ ཧྲཱིཿ བདེ་ཆེན་དགྱེས་པའི་སྒྱུ་འཕྲུལ་བཀོད་པ་ལས། །རང་ཤར་གཙང་རིས་དཔལ་མགོན་ཁྱབ་འཇུག་ཆེ། །མཐུན་པའི་རྟེན་རྫས་མཆོད་པས་དགྱེས་དགུར་བཞེས། །ཕྲིན་ལས་རབ་འབྱམས་འདོད་དགུ་སྒྲུབ་པར་མཛོད། །ཅེས་པའང་གཞན་ཕན་ལྷག་བསམ་གྱི་གཡར་དམ་འཆང་བ་མངྒ་ལས་བྲིས་པ་འདོད་པའི་དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག། །།
[edit]

@#/_bstan srung khyab 'jug chen po'i mnga' gsol khrag 'thung dpa' bo dgyes pa'i gad rgyangs zhes bya ba bzhugs so//_hU~M k+ShaH_gzung 'dzin nyi zla gnyis spangs kyis zos pas/_/bde stong 'pho med longs spyod rdzogs pa'i klong*/_/mi sdug srin po'i lang tsho'i sprin rum gzugs/_/mkhyen brtse'i spyan stong rnam bkra mnga' gsol lo/_1_/gtum rngams srin po'i thabs dang gdug pa'i klu/_/chags gtum kha sbyor thig le'i dwangs ma'i sku/_/tshogs brgyad dbyings sgrol sde brgyad gza' mchog brgyad/_/gdong mo sring bzhi'i tshogs bcas mnga' gsol lo/_2_/mkha' mnyam e klong gdug can snying khrag gi_/rgya mtsho drag shul gar dgu'i brjid pa'i zhal/_/chu srin rgyal mtshan sbrul zhags mda' gzhu bcas/_/bde chen dug rlangs 'khrugs khyed mnga' gsol lo/_3_/rnam 'gyur srid gsum za ba'i lto zhal can/_/ngo bo chos nyid rang bzhin med pa las/_/ma g.yos he ru ka dpal las mkhan rgyal/_/theg mchog bstan srung dbang por mnga' gsol lo/_4_/zhi bsil bdud rtsi mgrin par mi chud pa'i/_/mi bsrun gdul dka'i yi dwags sgrol ba'i phyir/_/brtse chen snying rje'i gang ba'i gsang ba gsum/_/khros 'khrugs rngams zil 'khrugs khyod mnga' gsol lo/_5_/dus bzhi mnyam nyid zab yangs chos dbyings klong*/_/bsam mi khyab pa'i rnam thar gcig gyur pas/_/tshar gcod rjes su 'dzin pa'i phrin las su/_/rgyun mi chad par 'jug khyod mnga' gsol lo/_6_/srid zhi'i mdzes rgyan bstan 'gro'i phan bde'i dpal/_/legs srung nyes pa skyobs pa'i go cha'i shugs/_/rtag khyab lhun grub 'gog med snang ba yis/_/rtag tu mel tshes skyongs phyir mnga' gsol lo/_7_/chos nyid dbyings las g.yo med chos can gyi/_/phrin las rten 'byung 'gags med sgyu ma'i gar/_/theg mchog bstan pa'i rgyal thabs che skyong ba'i/_/bstan 'dzin chen po'i dpung du mnga' gsol lo/_8_/chu 'dzin do rar brtson pa'i glog phreng las/_/ches myur don yod zhags pa'i 'phrul thabs kyis/_/dge mtshan dri za'i mig yangs 'ching nus pa'i/_/bkra shis lha yi rnga gsang sgrogs gyur cig_/ces pa'ang lang tsho rnam par smin pa rgan po bkra shis dpal 'byor don kun grub pa'i sdes bstan srung chen po la phrin las gsol ba'i don du sug bris su bgyis pa 'od gsal rdzogs pa chen po'i bstan dang bstan 'dzin gyi dpung gnyen du gyur cig/_!_hrIH_bde chen dgyes pa'i sgyu 'phrul bkod pa las/_/rang shar gtsang ris dpal mgon khyab 'jug che/_/mthun pa'i rten rdzas mchod pas dgyes dgur bzhes/_/phrin las rab 'byams 'dod dgu sgrub par mdzod/_/ces pa'ang gzhan phan lhag bsam gyi g.yar dam 'chang ba mang+ga las bris pa 'dod pa'i don kun 'grub pa'i rgyur gyur cig/_//

Footnotes

Other Information