DKR-KABUM-08-NYA-029: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:04, 1 June 2024

Wylie title lce btsun chen po'i bi ma la'i zab tig gi 'pho ba'i brgyud 'debs 'od gsal rang grol DKR-KABUM-08-NYA-029.pdf
Location dil mgo mkhyen brtse bka' 'bum
Volume 8, Text 29, Pages 261 (Folios 1a1 to 1b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation Khyentse, Dilgo. Lce btsun chen po'i bi ma la'i zab tig gi 'pho ba'i brgyud 'debs 'od gsal rang grol. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 261. Delhi: Shechen Publications, 1994.
Genre Lineage Supplications - brgyud 'debs  ·  Transference of Consciousness - 'pho ba
Cycle ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་ (lce btsun chen po'i bi ma la'i zab tig)
Recension Link Other Versions on this site: ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་འཕོ་བའི་བརྒྱུད་འདེབས་འོད་གསལ་རང་གྲོལ།
Colophon

།ཅེས་པའང་ཟབ་ཆོས་འདི་ཉིད་ལ་དད་པའི་གཡར་དམ་འཆང་བ་པདྨ་ཐར་ལམ་ནས་བསྐུལ་ངོར་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།

/ces pa'ang zab chos 'di nyid la dad pa'i g.yar dam 'chang ba pad+ma thar lam nas bskul ngor mang+ga la shrI b+hU tis bris pa don dang ldan par gyur cig/_//

[edit]
༄༅། །ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་འཕོ་བའི་བརྒྱུད་འདེབས་འོད་གསལ་རང་གྲོལ་བཞུགས་སོ། །སྲིད་ཞིའི་ཁྱབ་བདག་ཀུན་བཟང་གདོད་མའི་མགོན། །རང་བྱུང་རིག་པ་སྐུར་སྨིན་རྡོ་རྗེ་སེམས། །རྩོལ་མེད་ཐེག་མཆོག་སྟོན་པ་དགའ་རབ་ལ། །གསོལ་བ་འདེབས་སོ་དབྱིངས་རིག་སྦུབས་འཇུག་དང༌། རླུང་སེམས་གོང་འཕོའི་གྲོལ་ཚད་མངོན་གྱུར་ཤོག །ཨ་ཏིའི་མཛོད་འཛིན་འཇམ་དཔལ་བཤེས་གཉེན་ཞབས། །རིག་པ་རྩལ་གྱི་དབང་ཐོབ་ཤྲཱི་སེངྷ། །འཕོ་ཆེན་རྡོ་རྗེའི་སྐུར་བཞེངས་བི་མ་ལར། །གསོལ་བ་འདེབས་སོ་དབྱིངས་རིག་སྦུབས་འཇུག་དང༌། རླུང་སེམས་གོང་འཕོའི་གྲོལ་ཚད་མངོན་གྱུར་ཤོག །གང་དེས་རྗེས་བཟུང་མི་སློབ་ལམ་མཐར་ཕྱིན། །འོད་གསལ་སྐུ་བརྙེས་ལྕེ་བཙུན་སེང་གེ་དབང༌། །གསང་འཛིན་མཁའ་འགྲོ་དཔལ་གྱི་བློ་གྲོས་མར། །གསོལ་བ་འདེབས་སོ་དབྱིངས་རིག་སྦུབས་འཇུག་དང༌། རླུང་སེམས་གོང་འཕོའི་གྲོལ་ཚད་མངོན་གྱུར་ཤོག །བི་མ་ཡབ་སྲས་ཡེ་ཤེས་སྒྱུ་མའི་གར། །ཁྱབ་བདག་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཞབས། །སྡེ་གསུམ་ཤིང་རྟ་པདྨ་གར་དབང་ལ། །གསོལ་བ་འདེབས་སོ་དབྱིངས་རིག་སྦུབས་འཇུག་དང༌། རླུང་སེམས་གོང་འཕོའི་གྲོལ་ཚད་མངོན་གྱུར་ཤོག །དགོངས་ཀློང་ཚད་ཕེབས་པདྨ་བི་ཛ་ཡ། །སྣང་བཞི་མཐར་ཕྱིན་སྣ་ཚོགས་རང་གྲོལ་དང༌། །ཡེ་ཤེས་མཛོད་བརྙེས་ལས་རབ་གླིང་པ་ལ། །གསོལ་བ་འདེབས་སོ་དབྱིངས་རིག་སྦུབས་འཇུག་དང༌། རླུང་སེམས་གོང་འཕོའི་གྲོལ་ཚད་མངོན་གྱུར་ཤོག །འཇམ་དཔལ་དབྱངས་དངོས་ཡེ་ཤེས་རྡོ་རྗེ་དང༌། །ཟབ་ལམ་སྟོན་མཛད་བཀྲ་ཤིས་དཔལ་འབྱོར་སོགས། །རབ་འབྱམས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལ། །གསོལ་བ་འདེབས་སོ་དབྱིངས་རིག་སྦུབས་འཇུག་དང༌། རླུང་སེམས་གོང་འཕོའི་གྲོལ་ཚད་མངོན་གྱུར་ཤོག །ཟག་པ་རང་ཟད་འབྱུང་བ་རང་སར་དེངས། །དྲན་པ་རང་གྲོལ་ཟང་ཐལ་འོད་ཀྱི་ལུས། །སེང་གེ་དབང་ཕྱུག་ཉིད་དང་མཉམ་གྱུར་ནས། །གྲོལ་པ་རྣམ་བཞིས་འཁོར་བ་དོང་སྤྲུགས་ཤོག །ཅེས་པའང་ཟབ་ཆོས་འདི་ཉིད་ལ་དད་པའི་གཡར་དམ་འཆང་བ་པདྨ་ཐར་ལམ་ནས་བསྐུལ་ངོར་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།
[edit]

@#/__/lce btsun chen po'i bi ma la'i zab tig gi 'pho ba'i brgyud 'debs 'od gsal rang grol bzhugs so/__/srid zhi'i khyab bdag kun bzang gdod ma'i mgon/_/rang byung rig pa skur smin rdo rje sems/_/rtsol med theg mchog ston pa dga' rab la/_/gsol ba 'debs so dbyings rig sbubs 'jug dang*/_rlung sems gong 'pho'i grol tshad mngon gyur shog_/a ti'i mdzod 'dzin 'jam dpal bshes gnyen zhabs/_/rig pa rtsal gyi dbang thob shrI seng+ha/_/'pho chen rdo rje'i skur bzhengs bi ma lar/_/gsol ba 'debs so dbyings rig sbubs 'jug dang*/_rlung sems gong 'pho'i grol tshad mngon gyur shog_/gang des rjes bzung mi slob lam mthar phyin/_/'od gsal sku brnyes lce btsun seng ge dbang*/_/gsang 'dzin mkha' 'gro dpal gyi blo gros mar/_/gsol ba 'debs so dbyings rig sbubs 'jug dang*/_rlung sems gong 'pho'i grol tshad mngon gyur shog_/bi ma yab sras ye shes sgyu ma'i gar/_/khyab bdag 'od gsal sprul pa'i rdo rje'i zhabs/_/sde gsum shing rta pad+ma gar dbang la/_/gsol ba 'debs so dbyings rig sbubs 'jug dang*/_rlung sems gong 'pho'i grol tshad mngon gyur shog_/dgongs klong tshad phebs pad+ma bi dza ya/_/snang bzhi mthar phyin sna tshogs rang grol dang*/_/ye shes mdzod brnyes las rab gling pa la/_/gsol ba 'debs so dbyings rig sbubs 'jug dang*/_rlung sems gong 'pho'i grol tshad mngon gyur shog_/'jam dpal dbyangs dngos ye shes rdo rje dang*/_/zab lam ston mdzad bkra shis dpal 'byor sogs/_/rab 'byams rtsa gsum rgyal ba'i dkyil 'khor la/_/gsol ba 'debs so dbyings rig sbubs 'jug dang*/_rlung sems gong 'pho'i grol tshad mngon gyur shog_/zag pa rang zad 'byung ba rang sar dengs/_/dran pa rang grol zang thal 'od kyi lus/_/seng ge dbang phyug nyid dang mnyam gyur nas/_/grol pa rnam bzhis 'khor ba dong sprugs shog_/ces pa'ang zab chos 'di nyid la dad pa'i g.yar dam 'chang ba pad+ma thar lam nas bskul ngor mang+ga la shrI b+hU tis bris pa don dang ldan par gyur cig/_//

Footnotes

Other Information