DKR-KABUM-06-CHA-001: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
Line 10: | Line 10: | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer= | |sourcerevealer=pad+ma las 'brel rtsal | ||
|sourcerevealertib=པདྨ་ལས་འབྲེལ་རྩལ་ | |sourcerevealertib=པདྨ་ལས་འབྲེལ་རྩལ་ | ||
|tibgenre=Liturgy - ngag 'don, Preliminary Practices - sngon 'gro | |tibgenre=Liturgy - ngag 'don, Preliminary Practices - sngon 'gro | ||
Line 38: | Line 38: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །རྫོགས་པ་ཆེན་པོ་ཟབ་ལམ་མཁའ་འགྲོ་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཟབ་ལམ་སྒོ་འབྱེད་བཞུགས། ན་མོ་གུ་རུ་ཛྙཱ་ན་ཌཱཀི་བྷྱཿ འདིར་རྫོགས་པ་ཆེན་པོ་ཟབ་ལམ་མཁའ་འགྲོ་སྙིང་ཐིག་གི་ཐུན་མོང་གི་སྔོན་འགྲོའི་ངག་འདོན་འཇུག་བདེར་སྤེལ་བ་ལ་དྲུག་ལས། དང་པོ་ཐུན་གྱི་སྔོན་འགྲོ་ནི། དབེན་པའི་གནས་སུ་ལུས་གནད་དྲང་པོར་བསྲང༌། ངག་གནད་རླུང་རོ་ལན་གསུམ་བསལ་བས་ནད་གདོན་སྡིག་སྒྲིབ་དག་པར་བསམ། སེམས་གནད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་སོགས་ཀྱིས་སྤྱི་བོར་བླ་མ་བསྒོམས་ནས་མོས་གུས་ཚད་མེད་པས། དུས་གསུམ་སངས་ཐམས་ཅད་ཀྱི་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། བདག་གི་རྒྱུད་བྱིན་གྱིས་རློབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ། དེ་ནི་ཐུན་ཐམས་ཅད་ཀྱི་མགོར་བྱའོ། །གཉིས་པ་སྐྱབས་འགྲོ་ནི། རང་ཉིད་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལྔ་པ་ལོ་འདབ་དང་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པས་ནམ་མཁའི་དབྱིངས་ཁྱབ་པའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་ལ་རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་ཡུམ་དང་བཅས་པའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་ཞི་ཁྲོའི་ཚོགས་ཀྱིས་བསྐོར་བ། མདུན་གྱི་ཡལ་གའི་དབུས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་རྣམས་དང༌། གཡས་ཀྱི་ཡལ་གར་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་དང༌། གཡོན་གྱི་ཡལ་གར་ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་ཀྱི་དགེ་འདུན་འཕགས་པའི་ཚོགས་རྣམས་དང༌། རྒྱབ་ཀྱི་ཡལ་གར་ཆོས་དཀོན་མཆོག་རྣམས་གླེགས་བམ་བྲག་རི་བརྩེགས་པའི་རྣམ་པ་ཅན་དང༌། དེ་རྣམས་ཀྱི་བར་མཚམས་ཐམས་ཅད་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་བར་མེད་དུ་གང་བ་ཐམས་ཅད་ཀྱང་རང་ཉིད་ལ་དགྱེས་ཤིང་བརྩེ་བའི་ཚུལ་དུ་བཞུགས་པར་བསམ་ཞིང༌། དེ་ནས་རང་དང་ལྷན་ཅིག་ཏུ་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སྐྱབས་ཡུལ་རྣམས་ཀྱི་ཡོན་ཏན་དང་ཐུགས་རྗེ་དྲན་པའི་མོས་གུས་གདུང་ཤུགས་དྲག་པོས་མ་གྱུར་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་འཇིགས་པ་དྲག་པོ་ལས་བསྐྱབ་ཏུ་གསོལ་སྙམ་པའི་བསམ་པ་རྩེ་གཅིག་པས་ངག་ཏུ། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང༌། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། ཞེས་སྐྱབས་འགྲོ་ཅི་ནུས་སུ་བྱས་ནས་ཐུན་འཇོག་ཁར། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་བྱུང་བས་སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་དྲངས་མཐར་སྐྱབས་ཡུལ་རྣམས་འོད་ཀྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པར་བསམ། རང་བཞིན་དག་པའི་དགེ་བ་འདིས། །འཁོར་བ་ངན་སོང་དོང་སྤྲུགས་ནས། །སྲིད་ན་འགའ་ཡང་མི་གནས་པར། །ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག །ཅེས་དགེ་བ་བསྔོའོ། །གཉིས་པ་སྙིང་རྗེ་བྱང་སེམས་བསྒོམ་པ་ནི། ནམ་མཁའ་ལ་མཐའ་མེད་པ་བཞིན་སེམས་ཅན་ལ་མཐའ་མེད། དེ་ཐམས་ཅད་རང་གི་ཕ་མ་མ་བྱས་པ་མེད། དེ་ཐམས་ཅད་ཞེ་འདོད་དང་ལག་ལེན་འཛོལ་བས་འཁོར་བ་མཐའ་མེད་དུ་འཁྱམས་པ་སྙིང་རེ་རྗེ། འདི་ག་གནས་ངན་དེ་དག་ཏུ་རང་གར་བོར་ན་དེ་ལས་ཁྲེལ་ཆེ་བ་སུ་ཡོད་པས། ཐར་པའི་བདེ་བ་ལ་འགོད་དགོས། དེའི་ནུས་པ་བདག་ལ་མི་འདུག་པས་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་ཆེད་ཟབ་ལམ་འདི་ཉམས་སུ་ལེན་སྙམ་པས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་བརྗོད་ཅིང༌། འཁོར་གསུམ་དམིགས་མེད་ཀྱི་ངང་དུ་མཉམ་པར་བཞག་གོ །གསུམ་པ་རྡོར་སེམས་བསྒོམས་བཟླས་ནི། སྟོབས་བཞིའི་གནད་དང་ལྡན་པས་རང་ཉིད་ཀྱི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་གསལ་ཞིང་འཚེར་བ། དེ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པའི་ཉམས་ཅན། རྡོ་རྗེ་དང་དྲིལ་བུ་འཛིན་པ་དང་སྙོམས་པར་འཇུག་པ། ཡབ་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ཡི་གེ་བརྒྱ་པའི་ཕྲེང་བས་བསྐོར་བར་བསམ། ཐུགས་ཀའི་སྔགས་ཕྲེང་ལ་དམིགས་པ་གཏད་དེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཁྱེན་སྙམ་པའི་མོས་གུས་མཆི་མ་འཁྲུགས་པ་ཙམ་བསྐྱེད་ལ། ཡི་གེ་བརྒྱ་པ་བཟླས་པས། ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་འོ་རྒྱུན་ལྟ་བུ་བབས། སྐུ་ཡི་དབྱིབས་བརྒྱུད་སྦྱོར་མཚམས་ནས་བདག་གི་ཚངས་བུག་ཏུ་ཞུགས་པས་སྡིག་སྒྲིབ་ཐམས་ཅད་རྣག་ཁྲག་དང་དུད་ཁུའི་རྣམ་པས་དབང་པོའི་སྒོ་དང༌། བ་སྤུའི་བུ་ག་ཐམས་ཅད་ནས་ཐོན་པར་བསམ་ཞིང་ཡི་གེ་བརྒྱ་པ་ཅི་ནུས་བཟླས་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་ལུས་ཀྱི་ནང་འཁོར་ལོ་བཞིའི་གནས་རྣམས་བྱང་ཆུབ་སེམས་ཀྱི་བདུད་རྩིས་སྐྱ་མེར་གྱིས་ཁེངས་སྡིག་སྒྲིབ་ཐམས་ཅད་སངས་ཀྱི་དག་ལུས་སེམས་ཟག་མེད་ཀྱི་བདེ་བས་མྱོས་པར་བསམ་ཞིང༌། རྡོ་རྗེ་སེམས་དཔའ་དགྱེས་ཤིང་འཛུམ་པར་མཛད་དེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་ཏེ་འོད་དུ་ཞུ་བ་རང་ལ་བསྟིམས། རང་ཉིད་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བས་ཨོཾ་བཛྲ་ས་ཏྭ་ཧཱུྃ་བཟླས། མཐར་བདེ་སྟོང་བརྗོད་བྲལ་གྱི་ངང་ལ་མཉམ་པར་བཞག་གོ །དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས་སོགས་བསྔོ་སྨོན་བྱའོ། །བཞི་པ་བླ་མའི་རྣལ་འབྱོར་ལ་གསུམ། དང་པོ་ཚོགས་རྟེན་གསལ་བཏབ་པ་ནི། མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་ལ་རྩ་བའི་བླ་མ་བརྒྱུད་པའི་བླ་མ་ཀུན་འདུས་ཀྱི་ངོ་བོ་དེ་ཉིད་རྣམ་པ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དྲིལ་བུ་འཛིན་པ་ཡུམ་ཕག་མོ་དམར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ་གཉིས་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ་ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་ཡུམ་པདྨའི་སྐྱིལ་ཀྲུང་གིས་རོལ་པ་སྐུ་ལ་བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་རྫོགས་ཤིང་མཁའ་འགྲོའི་སྤྲིན་ཕུང་འཕྲོ་བ་འོད་ཟེར་རྣམ་ལྔ་རབ་ཏུ་འབར་བའི་ཀློང་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས་གཉིས་སུ་མེད་པར་ཐིམ་པར་བསམ། གཉིས་པ་ཚོགས་བསགས་པ་ལ་ཐོག་མར་སྤྲུལ་སྐུའི་མཎྜལ་ནི། ཁྲིད་གཞུང་ལྟར་ཚོམ་བུ་ཉེར་བདུན་བཀོད་ལ། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །འདོད་དགུའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །ཅེས་བརྗོད་ཅིང་ཚོམ་བུ་གསོ་བ་དང་སེམས་ཀྱི་གསལ་འདེབས་རྣམས་སུམ་ཕྲུགས་སུ་བྱའོ། །གཉིས་པ་ལོངས་སྐུའི་མཎྜལ་ནི། ཚོམ་བུ་དགུ་བཀོད་ལ། འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང༌། །སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་བྲེ་ཅན། །ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །གསུམ་པ་ཆོས་སྐུའི་མཎྜལ་ནི། ཚོམས་བུ་ལྔ་བཀོད་ལ། འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང༌། །སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི། །རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས། །ཀུན་བཟང་ཆོས་སྐུའི་ཞིང་དུ་སྤྱོད་པར་ཤོག །གསུམ་པ་གསོལ་བ་འདེབས་པ་ནི། བླ་མ་ཉིད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ཤེས་པས་ཚད་མེད་པའི་མོས་གུས་མཆི་མ་འཁྲུགས་པས། བླ་བརྒྱུད་ཀྱི་གསོལ་འདེབས་རྒྱས་པའམ། བསྡུ་ན་བླ་མ་སྐུ་བཞིའི་གསོལ་འདེབས་ཙམ་དང༌། ཁྱད་པར་ཨོཾ་བཛྲ་གུ་རུ་པདྨ་སིདྡྷི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སིདྡྷི་ཕ་ལ་ཨཱཿཧཱུྃ། ཞེས་ཅི་ནུས་བཟླས། སྣོད་བཅུད་བླ་མའི་སྐུ་གསུང་ཐུགས་ཀྱི་འཁོར་ལོར་ཤེས་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྐུ་བཞིའི་བདག་ཉིད་དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་དུ་གསོལ། ཀ་དག་གནས་ལུགས་ཀྱི་ལྟ་བ་རྟོགས་པར་བྱིན་གྱིས་རློབ་ཏུ་གསོལ། ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཀ་དག་གནས་ལུགས་ཀྱི་ལྟ་བ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་དགྱེས་ཤིང་འཛུམ་པའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་རིམ་པར་ཞུགས་ཤིང་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་གང༌། སྒོ་གསུམ་གྱི་དྲི་མ་སྦྱངས། དབང་བཞི་ཐོབ། སྐུ་བཞི་མངོན་དུ་བྱས་པར་བསམ་ཞིང༌། སླར་ཡང་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས་བླ་མ་སྤྱི་བོར་བྱོན། ཚད་མེད་པའི་ཐུགས་རྗེའི་འོད་དུ་ཞུ་ནས་རང་གི་སྤྱི་བོ་ནས་ཐིམ་པས། རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་བདེ་སྟོང་ཟུང་འཇུག་གི་ངང་ཅི་ནུས་སུ་མཉམ་བཞག་བྱ་ཞིང༌། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས་དགེ་བ་བསྔོའོ། །ཞེས་པའང་འདི་ཉིད་འཆད་ཉན་མང་དུ་བགྱིས་སྐབས་ཟབ་ལམ་འདི་ལྟ་བུ་རང་རྒྱུད་ལ་སྦྱོར་བའི་ཉམས་ལེན་མཁན་སྲིད་ན་ཅི་མ་རུང་སྙམ་སྟེ་རིག་འཛིན་གཏེར་བདག་གླིང་པའི་ཁྲིད་ཡིག་ཟབ་ལམ་གསལ་བྱེད་ཀྱི་དགོངས་པ་ལྟར་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་འཛམ་གླིང་ནུབ་ཕྱོགས་ཕ་རན་སེ་ཤར་མཚམས་གྲོད་ནོབ་གྲོང་ཁྱེར་དུ་གནས་པའི་སྐབས་བྲིས་པས་ཐེག་མཆོག་སྙིང་པོའི་ལམ་བཟང་དར་རྒྱས་སུ་འགྱུར་བའི་རྒྱུར་གྱུར་ཅིག། །།}} | {{TibP|༄༅། །རྫོགས་པ་ཆེན་པོ་ཟབ་ལམ་མཁའ་འགྲོ་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཟབ་ལམ་སྒོ་འབྱེད་བཞུགས། | ||
ན་མོ་གུ་རུ་ཛྙཱ་ན་ཌཱཀི་བྷྱཿ འདིར་རྫོགས་པ་ཆེན་པོ་ཟབ་ལམ་མཁའ་འགྲོ་སྙིང་ཐིག་གི་ཐུན་མོང་གི་སྔོན་འགྲོའི་ངག་འདོན་འཇུག་བདེར་སྤེལ་བ་ལ་དྲུག་ལས། དང་པོ་ཐུན་གྱི་སྔོན་འགྲོ་ནི། དབེན་པའི་གནས་སུ་ལུས་གནད་དྲང་པོར་བསྲང༌། ངག་གནད་རླུང་རོ་ལན་གསུམ་བསལ་བས་ནད་གདོན་སྡིག་སྒྲིབ་དག་པར་བསམ། སེམས་གནད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་སོགས་ཀྱིས་སྤྱི་བོར་བླ་མ་བསྒོམས་ནས་མོས་གུས་ཚད་མེད་པས། དུས་གསུམ་སངས་ཐམས་ཅད་ཀྱི་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། བདག་གི་རྒྱུད་བྱིན་གྱིས་རློབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ། དེ་ནི་ཐུན་ཐམས་ཅད་ཀྱི་མགོར་བྱའོ། །གཉིས་པ་སྐྱབས་འགྲོ་ནི། རང་ཉིད་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལྔ་པ་ལོ་འདབ་དང་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པས་ནམ་མཁའི་དབྱིངས་ཁྱབ་པའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་ལ་རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་ཡུམ་དང་བཅས་པའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་ཞི་ཁྲོའི་ཚོགས་ཀྱིས་བསྐོར་བ། མདུན་གྱི་ཡལ་གའི་དབུས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་རྣམས་དང༌། གཡས་ཀྱི་ཡལ་གར་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་དང༌། གཡོན་གྱི་ཡལ་གར་ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་ཀྱི་དགེ་འདུན་འཕགས་པའི་ཚོགས་རྣམས་དང༌། རྒྱབ་ཀྱི་ཡལ་གར་ཆོས་དཀོན་མཆོག་རྣམས་གླེགས་བམ་བྲག་རི་བརྩེགས་པའི་རྣམ་པ་ཅན་དང༌། དེ་རྣམས་ཀྱི་བར་མཚམས་ཐམས་ཅད་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་བར་མེད་དུ་གང་བ་ཐམས་ཅད་ཀྱང་རང་ཉིད་ལ་དགྱེས་ཤིང་བརྩེ་བའི་ཚུལ་དུ་བཞུགས་པར་བསམ་ཞིང༌། དེ་ནས་རང་དང་ལྷན་ཅིག་ཏུ་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སྐྱབས་ཡུལ་རྣམས་ཀྱི་ཡོན་ཏན་དང་ཐུགས་རྗེ་དྲན་པའི་མོས་གུས་གདུང་ཤུགས་དྲག་པོས་མ་གྱུར་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་འཇིགས་པ་དྲག་པོ་ལས་བསྐྱབ་ཏུ་གསོལ་སྙམ་པའི་བསམ་པ་རྩེ་གཅིག་པས་ངག་ཏུ། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང༌། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། ཞེས་སྐྱབས་འགྲོ་ཅི་ནུས་སུ་བྱས་ནས་ཐུན་འཇོག་ཁར། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་བྱུང་བས་སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་དྲངས་མཐར་སྐྱབས་ཡུལ་རྣམས་འོད་ཀྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པར་བསམ། རང་བཞིན་དག་པའི་དགེ་བ་འདིས། །འཁོར་བ་ངན་སོང་དོང་སྤྲུགས་ནས། །སྲིད་ན་འགའ་ཡང་མི་གནས་པར། །ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག །ཅེས་དགེ་བ་བསྔོའོ། །གཉིས་པ་སྙིང་རྗེ་བྱང་སེམས་བསྒོམ་པ་ནི། ནམ་མཁའ་ལ་མཐའ་མེད་པ་བཞིན་སེམས་ཅན་ལ་མཐའ་མེད། དེ་ཐམས་ཅད་རང་གི་ཕ་མ་མ་བྱས་པ་མེད། དེ་ཐམས་ཅད་ཞེ་འདོད་དང་ལག་ལེན་འཛོལ་བས་འཁོར་བ་མཐའ་མེད་དུ་འཁྱམས་པ་སྙིང་རེ་རྗེ། འདི་ག་གནས་ངན་དེ་དག་ཏུ་རང་གར་བོར་ན་དེ་ལས་ཁྲེལ་ཆེ་བ་སུ་ཡོད་པས། ཐར་པའི་བདེ་བ་ལ་འགོད་དགོས། དེའི་ནུས་པ་བདག་ལ་མི་འདུག་པས་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་ཆེད་ཟབ་ལམ་འདི་ཉམས་སུ་ལེན་སྙམ་པས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་བརྗོད་ཅིང༌། འཁོར་གསུམ་དམིགས་མེད་ཀྱི་ངང་དུ་མཉམ་པར་བཞག་གོ །གསུམ་པ་རྡོར་སེམས་བསྒོམས་བཟླས་ནི། སྟོབས་བཞིའི་གནད་དང་ལྡན་པས་རང་ཉིད་ཀྱི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་གསལ་ཞིང་འཚེར་བ། དེ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པའི་ཉམས་ཅན། རྡོ་རྗེ་དང་དྲིལ་བུ་འཛིན་པ་དང་སྙོམས་པར་འཇུག་པ། ཡབ་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ཡི་གེ་བརྒྱ་པའི་ཕྲེང་བས་བསྐོར་བར་བསམ། ཐུགས་ཀའི་སྔགས་ཕྲེང་ལ་དམིགས་པ་གཏད་དེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཁྱེན་སྙམ་པའི་མོས་གུས་མཆི་མ་འཁྲུགས་པ་ཙམ་བསྐྱེད་ལ། ཡི་གེ་བརྒྱ་པ་བཟླས་པས། ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་འོ་རྒྱུན་ལྟ་བུ་བབས། སྐུ་ཡི་དབྱིབས་བརྒྱུད་སྦྱོར་མཚམས་ནས་བདག་གི་ཚངས་བུག་ཏུ་ཞུགས་པས་སྡིག་སྒྲིབ་ཐམས་ཅད་རྣག་ཁྲག་དང་དུད་ཁུའི་རྣམ་པས་དབང་པོའི་སྒོ་དང༌། བ་སྤུའི་བུ་ག་ཐམས་ཅད་ནས་ཐོན་པར་བསམ་ཞིང་ཡི་གེ་བརྒྱ་པ་ཅི་ནུས་བཟླས་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་ལུས་ཀྱི་ནང་འཁོར་ལོ་བཞིའི་གནས་རྣམས་བྱང་ཆུབ་སེམས་ཀྱི་བདུད་རྩིས་སྐྱ་མེར་གྱིས་ཁེངས་སྡིག་སྒྲིབ་ཐམས་ཅད་སངས་ཀྱི་དག་ལུས་སེམས་ཟག་མེད་ཀྱི་བདེ་བས་མྱོས་པར་བསམ་ཞིང༌། རྡོ་རྗེ་སེམས་དཔའ་དགྱེས་ཤིང་འཛུམ་པར་མཛད་དེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་ཏེ་འོད་དུ་ཞུ་བ་རང་ལ་བསྟིམས། རང་ཉིད་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བས་ཨོཾ་བཛྲ་ས་ཏྭ་ཧཱུྃ་བཟླས། མཐར་བདེ་སྟོང་བརྗོད་བྲལ་གྱི་ངང་ལ་མཉམ་པར་བཞག་གོ །དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས་སོགས་བསྔོ་སྨོན་བྱའོ། །བཞི་པ་བླ་མའི་རྣལ་འབྱོར་ལ་གསུམ། དང་པོ་ཚོགས་རྟེན་གསལ་བཏབ་པ་ནི། མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་ལ་རྩ་བའི་བླ་མ་བརྒྱུད་པའི་བླ་མ་ཀུན་འདུས་ཀྱི་ངོ་བོ་དེ་ཉིད་རྣམ་པ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དྲིལ་བུ་འཛིན་པ་ཡུམ་ཕག་མོ་དམར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ་གཉིས་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ་ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་ཡུམ་པདྨའི་སྐྱིལ་ཀྲུང་གིས་རོལ་པ་སྐུ་ལ་བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་རྫོགས་ཤིང་མཁའ་འགྲོའི་སྤྲིན་ཕུང་འཕྲོ་བ་འོད་ཟེར་རྣམ་ལྔ་རབ་ཏུ་འབར་བའི་ཀློང་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས་གཉིས་སུ་མེད་པར་ཐིམ་པར་བསམ། གཉིས་པ་ཚོགས་བསགས་པ་ལ་ཐོག་མར་སྤྲུལ་སྐུའི་མཎྜལ་ནི། ཁྲིད་གཞུང་ལྟར་ཚོམ་བུ་ཉེར་བདུན་བཀོད་ལ། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །འདོད་དགུའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །ཅེས་བརྗོད་ཅིང་ཚོམ་བུ་གསོ་བ་དང་སེམས་ཀྱི་གསལ་འདེབས་རྣམས་སུམ་ཕྲུགས་སུ་བྱའོ། །གཉིས་པ་ལོངས་སྐུའི་མཎྜལ་ནི། ཚོམ་བུ་དགུ་བཀོད་ལ། འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང༌། །སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་བྲེ་ཅན། །ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །གསུམ་པ་ཆོས་སྐུའི་མཎྜལ་ནི། ཚོམས་བུ་ལྔ་བཀོད་ལ། འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང༌། །སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི། །རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས། །ཀུན་བཟང་ཆོས་སྐུའི་ཞིང་དུ་སྤྱོད་པར་ཤོག །གསུམ་པ་གསོལ་བ་འདེབས་པ་ནི། བླ་མ་ཉིད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ཤེས་པས་ཚད་མེད་པའི་མོས་གུས་མཆི་མ་འཁྲུགས་པས། བླ་བརྒྱུད་ཀྱི་གསོལ་འདེབས་རྒྱས་པའམ། བསྡུ་ན་བླ་མ་སྐུ་བཞིའི་གསོལ་འདེབས་ཙམ་དང༌། ཁྱད་པར་ཨོཾ་བཛྲ་གུ་རུ་པདྨ་སིདྡྷི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སིདྡྷི་ཕ་ལ་ཨཱཿཧཱུྃ། ཞེས་ཅི་ནུས་བཟླས། སྣོད་བཅུད་བླ་མའི་སྐུ་གསུང་ཐུགས་ཀྱི་འཁོར་ལོར་ཤེས་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྐུ་བཞིའི་བདག་ཉིད་དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་དུ་གསོལ། ཀ་དག་གནས་ལུགས་ཀྱི་ལྟ་བ་རྟོགས་པར་བྱིན་གྱིས་རློབ་ཏུ་གསོལ། ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཀ་དག་གནས་ལུགས་ཀྱི་ལྟ་བ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་དགྱེས་ཤིང་འཛུམ་པའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་རིམ་པར་ཞུགས་ཤིང་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་གང༌། སྒོ་གསུམ་གྱི་དྲི་མ་སྦྱངས། དབང་བཞི་ཐོབ། སྐུ་བཞི་མངོན་དུ་བྱས་པར་བསམ་ཞིང༌། སླར་ཡང་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས་བླ་མ་སྤྱི་བོར་བྱོན། ཚད་མེད་པའི་ཐུགས་རྗེའི་འོད་དུ་ཞུ་ནས་རང་གི་སྤྱི་བོ་ནས་ཐིམ་པས། རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་བདེ་སྟོང་ཟུང་འཇུག་གི་ངང་ཅི་ནུས་སུ་མཉམ་བཞག་བྱ་ཞིང༌། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས་དགེ་བ་བསྔོའོ། །ཞེས་པའང་འདི་ཉིད་འཆད་ཉན་མང་དུ་བགྱིས་སྐབས་ཟབ་ལམ་འདི་ལྟ་བུ་རང་རྒྱུད་ལ་སྦྱོར་བའི་ཉམས་ལེན་མཁན་སྲིད་ན་ཅི་མ་རུང་སྙམ་སྟེ་རིག་འཛིན་གཏེར་བདག་གླིང་པའི་ཁྲིད་ཡིག་ཟབ་ལམ་གསལ་བྱེད་ཀྱི་དགོངས་པ་ལྟར་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་འཛམ་གླིང་ནུབ་ཕྱོགས་ཕ་རན་སེ་ཤར་མཚམས་གྲོད་ནོབ་གྲོང་ཁྱེར་དུ་གནས་པའི་སྐབས་བྲིས་པས་ཐེག་མཆོག་སྙིང་པོའི་ལམ་བཟང་དར་རྒྱས་སུ་འགྱུར་བའི་རྒྱུར་གྱུར་ཅིག། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:02, 1 June 2024
Wylie title | rdzogs pa chen po zab lam mkha' 'gro snying thig gi sngon 'gro'i ngag 'don zab lam sgo 'byed | |
---|---|---|
Location | dil mgo mkhyen brtse bka' 'bum Volume 6, Text 1, Pages 1-5 (Folios 1a to 5b5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | པདྨ་ལས་འབྲེལ་རྩལ་ (pad+ma las 'brel rtsal) | |
Citation | Khyentse, Dilgo. Rdzogs pa chen po zab lam mkha' 'gro snying thig gi sngon 'gro'i ngag 'don zab lam sgo 'byed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 6: 1-5. Delhi: Shechen Publications, 1994. | |
Genre | Liturgy - ngag 'don · Preliminary Practices - sngon 'gro | |
Cycle | རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་ (rdzogs pa chen po mkha' 'gro snying thig) | |
Colophon |
།ཞེས་པའང་འདི་ཉིད་འཆད་ཉན་མང་དུ་བགྱིས་སྐབས་ཟབ་ལམ་འདི་ལྟ་བུ་རང་རྒྱུད་ལ་སྦྱོར་བའི་ཉམས་ལེན་མཁན་སྲིད་ན་ཅི་མ་རུང་སྙམ་སྟེ་རིག་འཛིན་གཏེར་བདག་གླིང་པའི་ཁྲིད་ཡིག་ཟབ་ལམ་གསལ་བྱེད་ཀྱི་དགོངས་པ་ལྟར་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་འཛམ་གླིང་ནུབ་ཕྱོགས་ཕ་རན་སེ་ཤར་མཚམས་གྲོད་ནོབ་གྲོང་ཁྱེར་དུ་གནས་པའི་སྐབས་བྲིས་པས་ཐེག་མཆོག་སྙིང་པོའི་ལམ་བཟང་དར་རྒྱས་སུ་འགྱུར་བའི་རྒྱུར་གྱུར་ཅིག། | |
/zhes pa'ang 'di nyid 'chad nyan mang du bgyis skabs zab lam 'di lta bu rang rgyud la sbyor ba'i nyams len mkhan srid na ci ma rung snyam ste rig 'dzin gter bdag gling pa'i khrid yig zab lam gsal byed kyi dgongs pa ltar 'gyur med theg mchog bstan pa'i rgyal mtshan gyis 'dzam gling nub phyogs pha ran se shar mtshams grod nob grong khyer du gnas pa'i skabs bris pas theg mchog snying po'i lam bzang dar rgyas su 'gyur ba'i rgyur gyur cig/ |