DKR-KABUM-10-THA-044: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
(One intermediate revision by one other user not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ཚོགས་མཆོད་ཡེ་ཤེས་གྲུབ་པའི་ཐིག་ལེ།
|fulltitle=tshogs mchod ye shes grub pa'i thig le
|citation=[[Khyentse, Dilgo]]. ''Tshogs mchod ye shes grub pa'i thig le''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 10: 203-204. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|tibgenre=Feast Offering - tshogs mchod - tshogs kyi 'khor lo
|terma=No
|dkroutline=Three
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=010
|volumenumber=THA
|volnumtib=༡༠
|volyigtib=ཐ་
|totalvolumes=25
|textnuminvol=044
|textnuminvol=044
|pagenumbers=203-204
|totalpages=4
|beginfolioline=1a1
|endfolioline=2b6
|totalfolios=2
|multivolumework=No
|versonotes=tshogs mchod
|colophontib=* '''First colophon:''' །ཅེས་པའང་ངེས་དོན་རྡོ་རྗེའི་རྣལ་འབྱོར་གྱི་ལྟ་སྒོམ་ལ་ཡིད་ཆེས་ཕྱིར་མི་ལྡོག་པ་པདྨ་འགྱུར་མེད་པས་རིང་ནས་བསྐུལ་བ་བཞིན་རང་བྱུང་གྲུབ་པའི་རྡོ་རྗེའི་སློབ་དཔོན་ཆེན་པོའི་བྱིན་གྱིས་བརླབས་པའི་བོད་ཡུལ་ཕན་བདེ་འབྱུང་བའི་གནས་ཆེན་དང་པོ་ཨ་སུ་རར་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་དུ་ག་ཎ་ཙཀྲ་ལ་ལོངས་སྤྱོད་པའི་ཚེ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དུ་འབོད་པའི་མདོ་ཁམས་ཞེ་ཆེན་པའི་བཀའ་འབངས་དེས་གང་ཤར་ཤུགས་འབྱུང་དུ་དབྱུག་ཟླའི་འཕེལ་ཚེས་བཅོ་ལྔའི་ཉིན་བྲིས་པ་འགྲོ་ཀུན་བདེ་ཆེན་ཚོགས་ཀྱི་ལོངས་སྤྱོད་ཆེན་པོའི་རྟག་ཏུ་སྨིན་པའི་རྒྱུར་གྱུར་ཅིག  །དགེའོ།  །སརྦ་མངྒ་ལཾ།།
* '''Second colophon:''' ཞེས་ཀུན་གཟིགས་མི་ཕམ་རིན་པོ་ཆེའི་གསུང་འཇམ་དཔལ་ཚོགས་བསྡུས་ཀྱི་བྱིན་རླབས་མངྒ་ལས་བྲིས་པའོ།  །དཀྱུས་སུ་བཅུག་མཛད་བྱང་མི་དགོས་སྙམ།
|colophonwylie=* '''First colophon:''' /ces pa'ang nges don rdo rje'i rnal 'byor gyi lta sgom la yid ches phyir mi ldog pa pad+ma 'gyur med pas ring nas bskul ba bzhin rang byung grub pa'i rdo rje'i slob dpon chen po'i byin gyis brlabs pa'i bod yul phan bde 'byung ba'i gnas chen dang po a su rar 'chi med rdo rje'i dkyil 'khor du ga Na tsakra la longs spyod pa'i tshe 'gyur med theg mchog bstan pa'i rgyal mtshan du 'bod pa'i mdo khams zhe chen pa'i bka' 'bangs des gang shar shugs 'byung du dbyug zla'i 'phel tshes bco lnga'i nyin bris pa 'gro kun bde chen tshogs kyi longs spyod chen po'i rtag tu smin pa'i rgyur gyur cig__/dge'o/__/sarba mang+ga laM//
* '''Second colophon:''' zhes kun gzigs mi pham rin po che'i gsung 'jam dpal tshogs bsdus kyi byin rlabs mang+ga las bris pa'o/__/dkyus su bcug mdzad byang mi dgos snyam/
|pdflink=File:DKR-KABUM-10-THA-044.pdf
|pdflink=File:DKR-KABUM-10-THA-044.pdf
}}
}}
Line 24: Line 43:
==Other Information==
==Other Information==
{{Footer}}
{{Footer}}
[[Category:DKR-KABUM-Volume-10-THA]]
[[Category:DKR-KABUM-Volume-10-THA]]
[[Category:DKR-KABUM-Volume-10-THA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]

Latest revision as of 08:08, 1 June 2024

Wylie title tshogs mchod ye shes grub pa'i thig le DKR-KABUM-10-THA-044.pdf
Location dil mgo mkhyen brtse bka' 'bum
Volume 10, Text 44, Pages 203-204 (Folios 1a1 to 2b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Tshogs mchod ye shes grub pa'i thig le. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 203-204. Delhi: Shechen Publications, 1994.
Genre Feast Offering - tshogs mchod - tshogs kyi 'khor lo
Colophon
  • First colophon: །ཅེས་པའང་ངེས་དོན་རྡོ་རྗེའི་རྣལ་འབྱོར་གྱི་ལྟ་སྒོམ་ལ་ཡིད་ཆེས་ཕྱིར་མི་ལྡོག་པ་པདྨ་འགྱུར་མེད་པས་རིང་ནས་བསྐུལ་བ་བཞིན་རང་བྱུང་གྲུབ་པའི་རྡོ་རྗེའི་སློབ་དཔོན་ཆེན་པོའི་བྱིན་གྱིས་བརླབས་པའི་བོད་ཡུལ་ཕན་བདེ་འབྱུང་བའི་གནས་ཆེན་དང་པོ་ཨ་སུ་རར་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་དུ་ག་ཎ་ཙཀྲ་ལ་ལོངས་སྤྱོད་པའི་ཚེ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དུ་འབོད་པའི་མདོ་ཁམས་ཞེ་ཆེན་པའི་བཀའ་འབངས་དེས་གང་ཤར་ཤུགས་འབྱུང་དུ་དབྱུག་ཟླའི་འཕེལ་ཚེས་བཅོ་ལྔའི་ཉིན་བྲིས་པ་འགྲོ་ཀུན་བདེ་ཆེན་ཚོགས་ཀྱི་ལོངས་སྤྱོད་ཆེན་པོའི་རྟག་ཏུ་སྨིན་པའི་རྒྱུར་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ།།
  • Second colophon: ཞེས་ཀུན་གཟིགས་མི་ཕམ་རིན་པོ་ཆེའི་གསུང་འཇམ་དཔལ་ཚོགས་བསྡུས་ཀྱི་བྱིན་རླབས་མངྒ་ལས་བྲིས་པའོ། །དཀྱུས་སུ་བཅུག་མཛད་བྱང་མི་དགོས་སྙམ།
  • First colophon: /ces pa'ang nges don rdo rje'i rnal 'byor gyi lta sgom la yid ches phyir mi ldog pa pad+ma 'gyur med pas ring nas bskul ba bzhin rang byung grub pa'i rdo rje'i slob dpon chen po'i byin gyis brlabs pa'i bod yul phan bde 'byung ba'i gnas chen dang po a su rar 'chi med rdo rje'i dkyil 'khor du ga Na tsakra la longs spyod pa'i tshe 'gyur med theg mchog bstan pa'i rgyal mtshan du 'bod pa'i mdo khams zhe chen pa'i bka' 'bangs des gang shar shugs 'byung du dbyug zla'i 'phel tshes bco lnga'i nyin bris pa 'gro kun bde chen tshogs kyi longs spyod chen po'i rtag tu smin pa'i rgyur gyur cig__/dge'o/__/sarba mang+ga laM//
  • Second colophon: zhes kun gzigs mi pham rin po che'i gsung 'jam dpal tshogs bsdus kyi byin rlabs mang+ga las bris pa'o/__/dkyus su bcug mdzad byang mi dgos snyam/
[edit]
༄༅། །ཚོགས་མཆོད་ཡེ་ཤེས་གྲུབ་པའི་ཐིག་ལེ་བཞུགས། ན་མོ་མ་ཧཱ་གུ་རུ་བྷྱཿ དཀར་ཕྱོགས་ཚེས་བཅུ་སོགས་དུས་ཁྱད་པར་ཅན་དུ་ཚོགས་ཀྱི་མཆོད་པ་བྱ་བར་འདོད་པས། ཐབས་ཤེས་ཀྱི་དམ་རྫས་ཚོགས་པར་བྱས་ལ་རང་ཉིད་གཉུག་མའི་ལྷའི་ང་རྒྱལ་ལ་གནས་པས་དམ་ཚིག་རྫས་བྱིན་བརླབ་པ་ནི། རྃ་ཡྃ་ཁྃ་གྱིས་རྫས་ཀུན་བསྲེགས་གཏོར་བཀྲུས། །སྟོང་གསལ་ངང་ལས་ཐབས་ཤེས་ཀ་པཱ་ལར། །རིགས་ལྔའི་དམ་རྫས་ཡེ་ཤེས་རོལ་བ་ཆེ། །བླ་མ་རྩ་གསུམ་མཉེས་པའི་རྒྱན་དུ་ཤར། །ཨོཾ་ཨཱཿཧཱུྃ། ལན་གསུམ། ཧཱུྃ་ཧྲཱིཿ ངེས་དོན་བླ་མ་སྲིད་ཞི་ཀུན་ལ་ཁྱབ། །བརྡ་རྟགས་བླ་མ་གང་འདུལ་དེ་བཞིན་འཆར། །ཟུང་འཇུག་བླ་མ་ཐུགས་རྗེ་ཕྲིན་ལས་གཟུགས། །འགྲོ་འདུལ་བླ་མའི་ཚུལ་དུ་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜལ་བཛྲ་ས་མ་ཡ་ཛཿཛཿས་སྤྱན་དྲང་ཞིང༌། ཨོཾ་ཨཱཿཧཱུྃ། ཕྱི་ཡི་ཚོགས་མཆོད་ཟག་མེད་འདོད་ཡོན་རོལ། །ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་སྤྲིན་རྒྱ་མཚོ། །བླ་མ་སྐུ་ཡི་རྡོ་རྗེའི་ལྷ་ལ་འབུལ། བུམ་དབང༌། །རྡོ་རྗེའི་ལམ་མཐར་སོན་པར་བྱིན་གྱིས་རློབས། །ག་ན་ཙཀྲ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ནང་གི་ཚོགས་མཆོད་ཕུང་ཁམས་རིགས་ལྔ་ཡི། །དམ་ཚིག་རྫས་མཆོག་ཐབས་ཤེས་སྒྱུ་འཕྲུལ་དྲྭ། །བླ་མ་གསུང་གི་རྡོ་རྗེའི་ལྷ་ལ་འབུལ། །བདེ་ཆེན་རྡོ་རྗེར་ཐོབ་པའི་དངོས་གྲུབ་སྩོལ། །ས་མ་ཡ་བི་ཤུདྡྷེ་ཨཿ ཨོཾ་ཨཱཿཧཱུྃ༔ གསང་བའི་ཚོགས་མཆོད་དྷཱུ་ཏིའི་ཀ་པཱ་ལར། །ཡེ་ཤེས་ཐིག་རླུང་སོགས་ཀྱི་བདུད་རྩིར་སྦྱིན། །བླ་མ་ཐུགས་ཀྱི་རྡོ་རྗེའི་ལྷ་ལ་འབུལ། །འཕོ་མེད་བདེ་མཆོག་ཡེ་ཤེས་མངོན་གྱུར་མཛོད། །ཧ་ལ་ཏྲི་མཱ་ར་ཡ་ཕཊ྄། མ་ཧཱ་མཾ་ས་རཀྟ་ཁཱ་ཧི། ཨོཾ་ཨཱཿཧཱུྃ༔ ཡང་གསང་ཚོགས་མཆོད་དབྱིངས་སྣང་སྒྲོན་མ་དྲུག །རིག་པ་རང་སྣང་དགྱེས་པས་གཉིས་མེད་རོལ། །བླ་མ་ཡེ་ཤེས་རྡོ་རྗེའི་ཚོགས་ལ་འབུལ། །འཁྲུལ་སྣང་དབྱིངས་སུ་ཟད་པའི་དངོས་གྲུབ་སྩོལ། །ཨ་ཧོ་དྷ་ཏུ་བིདྱ་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཤིན་ཏུ་རྣམ་དག་བླ་མ་དགྱེས་པའི་རྫས། །བྱིན་རླབས་བདུད་རྩིའི་དགའ་སྟོན་རོལ་བ་ཡིས། །ཕུང་ཁམས་རྡོ་རྗེའི་གྲོང་ཁྱེར་དཔའ་བོ་དང༌། །ཌཱ་ཀི་དགྱེས་པས་ལྷན་སྐྱེས་བཅུད་ཐོབ་ཤོག །ཅེས་ཚོགས་ལ་རོལ། ཨོཾ་ཨཱཿཧཱུྃ། བླ་མ་རྩ་གསུམ་དགྱེས་པའི་ལྷག་མ་དང༌། །རྣལ་འབྱོར་དམ་ཚིག་ལྡན་པའི་བཟའ་བཏུང་ཕུད། །རིག་རྩལ་དཀྱིལ་འཁོར་མུ་རན་སྐྱོང་ལ་འབུལ། །རྩོལ་མེད་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ཡེ་ཤེས་ལྷ་ཚོགས་མཉེས་པའི་བྱིན་རླབས་ཀྱིས། །གཉིས་སྣང་དབྱིངས་ཞི་ཡེ་ཤེས་རིག་རྩལ་རྒྱས། །སྣང་སེམས་དབང་འདུས་གཟུང་འཛིན་བདུད་བགེགས་ཆོམ། །རང་སྣང་ཡེ་ཤེས་འཁོར་ལོར་རོ་གཅིག་ཤོག །ཅེས་པའང་ངེས་དོན་རྡོ་རྗེའི་རྣལ་འབྱོར་གྱི་ལྟ་སྒོམ་ལ་ཡིད་ཆེས་ཕྱིར་མི་ལྡོག་པ་པདྨ་འགྱུར་མེད་པས་རིང་ནས་བསྐུལ་བ་བཞིན་རང་བྱུང་གྲུབ་པའི་རྡོ་རྗེའི་སློབ་དཔོན་ཆེན་པོའི་བྱིན་གྱིས་བརླབས་པའི་བོད་ཡུལ་ཕན་བདེ་འབྱུང་བའི་གནས་ཆེན་དང་པོ་ཨ་སུ་རར་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་དུ་ག་ཎ་ཙཀྲ་ལ་ལོངས་སྤྱོད་པའི་ཚེ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དུ་འབོད་པའི་མདོ་ཁམས་ཞེ་ཆེན་པའི་བཀའ་འབངས་དེས་གང་ཤར་ཤུགས་འབྱུང་དུ་དབྱུག་ཟླའི་འཕེལ་ཚེས་བཅོ་ལྔའི་ཉིན་བྲིས་པ་འགྲོ་ཀུན་བདེ་ཆེན་ཚོགས་ཀྱི་ལོངས་སྤྱོད་ཆེན་པོའི་རྟག་ཏུ་སྨིན་པའི་རྒྱུར་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ།། །། ༈ ཚོགས་མཆོད་ནི། ཐབས་ཤེས་ཀྱི་རྫས་ཇི་ལྟར་འབྱོར་བ་བཤམ་སྟེ། ཧཱུྃ། ཨོཾ་ལས་འདོད་ཡོན་སྣང་སྲིད་ཚོགས་སུ་བཤམ། །ཨཱཿལས་ཆོས་དབྱིངས་དང་མཉམ་ཀཱ་པ་ལར། །ཧཱུྃ་གིས་བདེ་ཆེན་ཡེ་ཤེས་རོལ་པར་གྱུར། །ཧྲཱིཿཡིས་རྩ་གསུམ་ལྷ་ཚོགས་རྒྱས་པར་བཀང༌། །ཨོཾ་ཨཱཿཧཱུྃ། ཧཱུྃ། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས། །མ་ཧཱ་གུ་རུ་བློ་ལྡན་མཆོག་སྲིད་རྩལ། །འཇམ་དཔལ་རྡོ་རྗེ་རྣོན་པོའི་དཀྱིལ་འཁོར་ལྷ། །མ་ལུས་མཆོག་གསུམ་རྩ་གསུམ་ཀུན་འདུས་པ། །ཏིལ་གྱི་གོང་བུ་བྱེ་བ་བཞིན་བཞུགས་པའི། །སྐྱབས་གནས་བསླུ་མེད་མཆོག་གི་བདག་ཉིད་ལ། །བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས། །མ་ལུས་གཅིག་ཏུ་བློ་ཡིས་ཡོངས་བསྡོམས་ནས། །བླ་མེད་གསང་བ་མཆོག་གི་མཆོད་པ་ནི། །ཀུན་ཏུ་བཟང་པོའི་རྣམ་རོལ་བདེ་བ་ཆེ། །ཆོས་དབྱིངས་ཀུན་ཁྱབ་ཡེ་ཤེས་བདུད་རྩིའི་སྤྲིན། །ཕྱི་ནང་གསང་བ་བླ་མེད་ཚོགས་མཆོད་ཉིད། །མི་ཟད་རྒྱན་གྱི་འཁོར་ལོ་ཆེན་པོ་ཉིད། །གུས་པས་འབུལ་ལོ་ཐུགས་རྗེས་བཞེས་ནས་ཀྱང༌། །རྡོ་རྗེའི་ཐུགས་དམ་དགོངས་པས་གཟུང་དུ་གསོལ། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཅིང༌། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་ཞི། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ། །མཁའ་ཁྱབ་འགྲོ་བ་ཀུན་གྱི་ཕན་བདེའི་གཏེར། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་སྐུར། །འདུ་འབྲལ་མེད་པར་མངོན་པར་བྱང་ཆུབ་ནས། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་ཀུན་གཟིགས་མི་ཕམ་རིན་པོ་ཆེའི་གསུང་འཇམ་དཔལ་ཚོགས་བསྡུས་ཀྱི་བྱིན་རླབས་མངྒ་ལས་བྲིས་པའོ། །དཀྱུས་སུ་བཅུག་མཛད་བྱང་མི་དགོས་སྙམ།
[edit]

@#/__/tshogs mchod ye shes grub pa'i thig le bzhugs/_na mo ma hA gu ru b+h+yaH_dkar phyogs tshes bcu sogs dus khyad par can du tshogs kyi mchod pa bya bar 'dod pas/_thabs shes kyi dam rdzas tshogs par byas la rang nyid gnyug ma'i lha'i nga rgyal la gnas pas dam tshig rdzas byin brlab pa ni/_ra~M ya~M kha~M gyis rdzas kun bsregs gtor bkrus/_/stong gsal ngang las thabs shes ka pA lar/_/rigs lnga'i dam rdzas ye shes rol ba che/_/bla ma rtsa gsum mnyes pa'i rgyan du shar/_/oM AHhU~M/_lan gsum/_hU~M hrIH_nges don bla ma srid zhi kun la khyab/_/brda rtags bla ma gang 'dul de bzhin 'char/_/zung 'jug bla ma thugs rje phrin las gzugs/_/'gro 'dul bla ma'i tshul du gshegs su gsol/_/oM AHhU~M badz+ra gu ru d+he wa d+hA ki ni d+harma pA la maN+Dal badz+ra sa ma ya dzaHdzaHsa spyan drang zhing*/_oM AHhU~M/_phyi yi tshogs mchod zag med 'dod yon rol/_/kun bzang sgyu 'phrul drwa ba'i sprin rgya mtsho/_/bla ma sku yi rdo rje'i lha la 'bul/_bum dbang*/_/rdo rje'i lam mthar son par byin gyis rlobs/_/ga na tsakra pU dza AHhU~M:_oM AHhU~M:_nang gi tshogs mchod phung khams rigs lnga yi/_/dam tshig rdzas mchog thabs shes sgyu 'phrul drwa/_/bla ma gsung gi rdo rje'i lha la 'bul/_/bde chen rdo rjer thob pa'i dngos grub stsol/_/sa ma ya bi shud+d+he aH_oM AHhU~M:_gsang ba'i tshogs mchod d+hU ti'i ka pA lar/_/ye shes thig rlung sogs kyi bdud rtsir sbyin/_/bla ma thugs kyi rdo rje'i lha la 'bul/_/'pho med bde mchog ye shes mngon gyur mdzod/_/ha la tri mA ra ya phaTa?/_ma hA maM sa rak+ta khA hi/_oM AHhU~M:_yang gsang tshogs mchod dbyings snang sgron ma drug_/rig pa rang snang dgyes pas gnyis med rol/_/bla ma ye shes rdo rje'i tshogs la 'bul/_/'khrul snang dbyings su zad pa'i dngos grub stsol/_/a ho d+ha tu bid+ya ga Na tsakra pU dza hoH_shin tu rnam dag bla ma dgyes pa'i rdzas/_/byin rlabs bdud rtsi'i dga' ston rol ba yis/_/phung khams rdo rje'i grong khyer dpa' bo dang*/_/DA ki dgyes pas lhan skyes bcud thob shog_/ces tshogs la rol/_oM AHhU~M/_bla ma rtsa gsum dgyes pa'i lhag ma dang*/_/rnal 'byor dam tshig ldan pa'i bza' btung phud/_/rig rtsal dkyil 'khor mu ran skyong la 'bul/_/rtsol med phrin las lhun gyis grub par mdzod/_/ye shes lha tshogs mnyes pa'i byin rlabs kyis/_/gnyis snang dbyings zhi ye shes rig rtsal rgyas/_/snang sems dbang 'dus gzung 'dzin bdud bgegs chom/_/rang snang ye shes 'khor lor ro gcig shog__/ces pa'ang nges don rdo rje'i rnal 'byor gyi lta sgom la yid ches phyir mi ldog pa pad+ma 'gyur med pas ring nas bskul ba bzhin rang byung grub pa'i rdo rje'i slob dpon chen po'i byin gyis brlabs pa'i bod yul phan bde 'byung ba'i gnas chen dang po a su rar 'chi med rdo rje'i dkyil 'khor du ga Na tsakra la longs spyod pa'i tshe 'gyur med theg mchog bstan pa'i rgyal mtshan du 'bod pa'i mdo khams zhe chen pa'i bka' 'bangs des gang shar shugs 'byung du dbyug zla'i 'phel tshes bco lnga'i nyin bris pa 'gro kun bde chen tshogs kyi longs spyod chen po'i rtag tu smin pa'i rgyur gyur cig__/dge'o/__/sarba mang+ga laM//__//_!__tshogs mchod ni/_thabs shes kyi rdzas ji ltar 'byor ba bsham ste/_hU~M/_oM las 'dod yon snang srid tshogs su bsham/_/AHlas chos dbyings dang mnyam kA pa lar/_/hU~M gis bde chen ye shes rol par gyur/_/hrIHyis rtsa gsum lha tshogs rgyas par bkang*/_/oM AHhU~M/_hU~M/_phyogs dus rgyal ba kun gyi ye shes sku/_/dpal ldan rdzogs pa'i sangs rgyas pad+ma skyes/_/ma hA gu ru blo ldan mchog srid rtsal/_/'jam dpal rdo rje rnon po'i dkyil 'khor lha/_/ma lus mchog gsum rtsa gsum kun 'dus pa/_/til gyi gong bu bye ba bzhin bzhugs pa'i/_/skyabs gnas bslu med mchog gi bdag nyid la/_/bdag gzhan sgo gsum dge tshogs longs spyod bcas/_/ma lus gcig tu blo yis yongs bsdoms nas/_/bla med gsang ba mchog gi mchod pa ni/_/kun tu bzang po'i rnam rol bde ba che/_/chos dbyings kun khyab ye shes bdud rtsi'i sprin/_/phyi nang gsang ba bla med tshogs mchod nyid/_/mi zad rgyan gyi 'khor lo chen po nyid/_/gus pas 'bul lo thugs rjes bzhes nas kyang*/_/rdo rje'i thugs dam dgongs pas gzung du gsol/_/byang chub bar du 'bral med rjes 'dzin cing*/_/phyi nang gsang ba'i bar chad dbyings su zhi/_/ji ltar bsam pa yid bzhin 'grub pa dang*/_/mchog dang thun mong dngos grub char ltar phob/_/mkha' khyab 'gro ba kun gyi phan bde'i gter/_/'jam dpal sgyu 'phrul drwa ba'i ye shes skur/_/'du 'bral med par mngon par byang chub nas/_/don gnyis lhun gyis grub par mdzad du gsol/_/zhes kun gzigs mi pham rin po che'i gsung 'jam dpal tshogs bsdus kyi byin rlabs mang+ga las bris pa'o/__/dkyus su bcug mdzad byang mi dgos snyam/

Footnotes

Other Information