DKR-KABUM-08-NYA-030: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...") |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་འཕོ་བའི་ངག་འདོན་འོད་གསལ་མཆོག་སྟེར། | |||
|fulltitle=lce btsun chen po'i bi ma la'i zab tig gi 'pho ba'i ngag 'don 'od gsal mchog ster | |||
|citation=[[Khyentse, Dilgo]]. ''lce btsun chen po'i bi ma la'i zab tig gi 'pho ba'i ngag 'don 'od gsal mchog ster''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 8: 262-264. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer='jam dbyangs mkhyen brtse'i dbang po | |||
|sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |||
|tibgenre=Liturgy - ngag 'don, Transference of Consciousness - 'pho ba | |||
|terma=Yes | |||
|dkroutline=Three | |||
|cycle=lce btsun chen po'i bi ma la'i zab tig | |||
|cycletib=ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་ | |||
|language=Tibetan | |language=Tibetan | ||
| | |volumenumber=008 | ||
| | |volnumtib=༨ | ||
|volyigtib=ཉ་ | |||
|totalvolumes=25 | |||
|textnuminvol=030 | |textnuminvol=030 | ||
|pagenumbers=262-264 | |||
|totalpages=6 | |||
|beginfolioline=1a | |||
|endfolioline=3b6 | |||
|totalfolios=3 | |||
|multivolumework=No | |||
|rectonotes='pho ba | |||
|versonotes=lce btsun snying thig | |||
|colophontib=།ཅེས་པའང་ལམ་འདི་ལ་མཆོག་ཏུ་དད་ཅིང་མོས་པའི་པདྨ་ཐར་ལམ་ནས་བསྐུལ་ངོར་ཁྲིད་ཡིག་ཐིག་ལེ་གསང་རྫོགས་ཀྱི་དགོངས་པ་བཞིན་སྔགས་བན་རྒན་པོ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ངག་འདོན་སྙིང་པོར་དྲིལ་ཏེ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །མངྒ་ལཾ། | |||
|colophonwylie=/ces pa'ang lam 'di la mchog tu dad cing mos pa'i pad+ma thar lam nas bskul ngor khrid yig thig le gsang rdzogs kyi dgongs pa bzhin sngags ban rgan po theg mchog bstan pa'i rgyal mtshan gyis ngag 'don snying por dril te bris pa don dang ldan par gyur cig__/mang+ga laM/ | |||
|recensionlink=JKW-KABAB-17-TSA-008 | |||
|pdflink=File:DKR-KABUM-08-NYA-030.pdf | |pdflink=File:DKR-KABUM-08-NYA-030.pdf | ||
}} | }} | ||
Line 16: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་འཕོ་བའི་ངག་འདོན་འོད་གསལ་མཆོག་སྟེར་བཞུགས། | {{TibP|༄༅། །ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་འཕོ་བའི་ངག་འདོན་འོད་གསལ་མཆོག་སྟེར་བཞུགས། <br><br> | ||
༄༅། །ན་མོ་གུ་རུ་ཛྙཱ་ན་ཀཱ་ཡ་ཡེ། འོད་གསལ་ཐེག་པ་མཆོག་གི་ལམ་གྱིས་ཚེ་འདི་ལ་མ་གྲོལ་ན་འཆི་བ་བར་དོ་རླུང་སེམས་གོང་འཕོའི་མན་ངག་ཇི་ལྟར་ཉམས་སུ་ལེན་ཚུལ་ནི། རྟེན་གྱི་གང་ཟག་གིས་ད་ལྟའི་སྐབས་སུ་འབྱོང་ངེས་པར་བྱས་ན་དགོས་པའི་དུས་སུ་ལས་ལ་སྦྱར་བས་གྲོལ་ཚད་མངོན་སུམ་དུ་འགྱུར་བས། ད་ལྟ་རྟགས་ཐོན་དུ་སྦྱང་པ་གལ་ཆེ་བའི་ཕྱིར། བདེ་བའི་སྟན་ལ་འཁོད་ནས། ལུས་གནད་བསྲངས། སེམས་ལྷོད་ཀྱིས་ཀློད་ལ་སྔོན་འགྲོ་ཡེ་ཤེས་གསང་རྫོགས་དམིགས་སྒོམ་རྡོ་རུས་འཕྲོད་པར་ཉམས་སུ་བླངས་རྗེས། འཕོ་བ་དངོས་ནི། ཀ་དག་གི་ངང་ལས་སེང་གེ་དང་པདྨ་ཉི་མའི་ཁྲིའི་སྟེང་དུ་རང་ཉིད་གཉུག་མའི་ལྷ་དང་དབྱེར་མེད་པའི་ངོ་བོ་སེང་ཧེ་ཤྭ་ར་རྣལ་འབྱོར་སྤྱོད་པ་ཁྲོ་འཛུམ་སྒེག་པའི་ཉམས་ཅན་ཁ་དོག་དམར་སྨུག་མཉམ་གཞག་དང་སྐྱིལ་ཀྲུང་ཅན་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལུས་ཀྱི་ཆ་ཐམས་ཅད་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གང་ཁ་ཕྱེ་བ་ལྟ་བུས་གང་བ། བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡོ་རྗེ་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོད་པ་ཐམས་ཅད་སྲེག་པར་མཛད་པ་འཁོར་དུ་བརྒྱུད་གསུམ་གྱི་བླ་མ་དང་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ། སྨིན་མཚམས་སུ་ཆོས་འབྱུང་དཀར་པོ་རྩ་བ་ཕྲ་བ་དབུ་མ་ལ་ཟུག་ཅིང༌། ཁ་གདེངས་གཡེལ་བའི་ཟུར་གཅིག་གྱེན་དུ་བསྟན་པའི་ནང་དུ་བདེ་ཆེན་ཐིག་ལེ་དགའ་བ་འཁྱིལ་པ་དཀར་པོ་འོད་འབར་བ། གཡོན་བསྐོར་དུ་དྲག་ཏུ་འཁོར་བའི་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་དྲང་པོར་རྩ་དབུ་མ་དྭངས་གསལ་མདའ་སྙུག་ཙམ་པར་སྤྱི་བོ་ནས་གསང་གནས་བར་དྲང་ཐལ་ལེར་གནས་པའི་སྙིང་གའི་ཐད་ཀྱི་ནང་དུ་རླུང་སེམས་ཐམས་ཅད་ལྷག་མེད་དུ་འདུས་པའི་ངོ་བོར་ཐིག་ལེ་འོད་ལྔའི་མདངས་ཅན་གྱི་སྦུབས་སུ་ཨ་དཀར་པོ་སྲན་མ་ཙམ་གྱིས་མཚན་པ་འོད་འབར་བ་ཆུང་ངུ་ཞིག་བསྒོམས་ལ། སེམས་ཟིན་ཟིན་དུ་གཏད། ནམ་མཁའི་དབྱིངས་ཐམས་ཅད་རང་བཞིན་སྤྲུལ་པའི་ཞིང་མཆོག་ལྔ་དུར་ཁྲོད་ཆེན་པོ་མེ་རི་འབར་བ་དང་བཅས་པས་ཡོངས་སུ་ཁྱབ་པའི་རང་གི་སྤྱི་བོར་འཇའ་འོད་ཀྱི་ཀློང་དུ་རྩ་བའི་བླ་མ་དང་དབྱེར་མེད་པའི་སེང་ཧེ་ཤྭ་ར་རྣལ་འབྱོར་སྤྱོད་པ་ཁྲོ་འཛུམ་སྒེག་པའི་ཉམས་ཅན་ཁ་དོག་དམར་སྨུག་མཉམ་བཞག་དང་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལུས་ཀྱི་ཆ་ཐམས་ཅད་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གོང་ཁ་ཕྱེ་བ་ལྟ་བུས་གང་བ། བ་སྤུའི་ཁོང་བུ་ཐམས་ཅད་ནས་རྡོ་རྗེ་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོད་པ་ཐམས་ཅད་སྲེག་པར་མཛད་པ་འཁོར་དུ་བརྒྱུད་གསུམ་གྱི་བླ་མ་དང༌། དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་དགྱེས་ཡེ་རེ་བར་དོའི་ལམ་སྣ་འདྲེན་པའི་དེད་དཔོན་ཆེན་པོ་འོད་སྐུའི་རྣམ་པར་མངོན་སུམ་དུ་བཞུགས་པ་གསལ་བཏབ་ལ། བརྒྱུད་འདེབས་ཚང་བའི་མཐར། གལ་ཏེ་ཚེ་འདིར་གྲོལ་བར་མ་གྱུར་ན། །གཞི་ལམ་འོད་གསལ་མ་བུ་གཅིག་ཏུ་འདྲེས། །དེས་ཀྱང་མ་གྲོལ་མོས་གུས་གདུང་ཤུགས་ཀྱིས། །རླུང་སེམས་གོང་འཕོ་ལམ་གྱིས་གྲོལ་བར་ཤོག །ཅེས་སྦྱར་བ་ལན་གསུམ་གྱིས་བདག་ཀྱང་བླ་མའི་ཐུགས་བདེ་ཆེན་འོད་གསལ་གྱི་ཀློང་དུ་སྐད་ཅིག་གིས་དྲང་དུ་གསོལ་སྙམ་དུ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་སུ་བཏབ། བུམ་ཅན་དང་བར་རླུང་གང་རུང་བཟུང་སྟེ་སྙིང་གི་ཨ་ལ་སེམས་རྩེ་གཅིག་ཏུ་བསྡུས་ཏེ་ངག་གམ་ཡིད་ཀྱིས་ཕཊ྄་བདུན་བརྗོད་པས་སྤྱི་བོར་ཚངས་པའི་བུ་ག་ནས་ཐོན་སྤྱི་བོའི་ལྕེ་བཙུན་ཆེན་པོའི་ཐུགས་ཀར་ཐིམ་པར་བསམས་ལ་མཉམ་པར་བཞག །སླར་ཐིག་ལེ་ཨ་དང་བཅས་པ་ཐུགས་ཀ་ནས་མར་བབ་ཚངས་བུག་ནས་སྙིང་གར་འཁོད་པར་དམིགས་ལ་སླར་ཡང་རླུང་སེམས་དེར་བསྡུས་ཏེ་འཕང་བ་སོགས་འགྲོ་ལྡོག་སྤེལ་མ་ལན་ཉེར་གཅིག་ཙམ་བྱ། ཡང་གསོལ་འདེབས་ལན་གསུམ་དང༌། ཐིག་ལེ་ཨ་དང་བཅས་པ་འགྲོ་ལྡོག་བྱེད་པའི་དམིགས་པ་རྩེ་གཅིག་ཏུ་བྱ། དེ་ལྟ་བུ་ལན་གསུམ་བྱ། ཐུན་འཇོག་ཁར་ཐིག་ལེ་ཨ་དང་བཅས་པ་སྙིང་གར་བདེ་ཕྲི་ལེ་ལྕི་ཏིག་གིས་གནས་པ་ལ། བླ་མའི་སྐུ་ལས་བདུད་རྩི་རྒྱུན་བབ་དབུ་མའི་ནང་ཐམས་ཅད་ཁེངས། བླ་མ་ཚངས་བུག་གི་ཁར་བྱོན་རྡོ་རྗེ་རྒྱ་གྲམ་ཧཾ་ཡིག་གི་མཚན་པར་གྱུར་པས་བཀག་པར་མོས་ལ་འབྲུ་གསུམ་རླུང་དང་སྦྱར་བའི་རྡོར་བཟླས་བྱས་པས་ཚེ་གེགས་ཞི་བའི་རྟེན་འབྲེལ་དང༌། །ཀློང་སྙིང་གཞི་ལམ་འབྲས་བུའི་སྨོན་ལམ་སོགས་ཀྱིས་མཚམས་སྦྱོར་བྱ། དེ་ལྟར་ཞག་བདུན་སོགས་བརྩོན་པས་མགོ་བོ་ལྕི་ཐིང་གིས་ན་བ་དང༌། ཚངས་བུག་བརྡོལ་ཏེ་ཀུ་ཤ་ཟུག་པས། ཆུ་སེར་བརྡོལ་བ་སོགས་རྟགས་མ་ཐོན་བར་སྦྱངས། རྒྱུན་དུ་དམིགས་པ་མ་བརྗེད་ཙམ་བྱ། ནམ་ཞིག་བཟློག་ཏུ་མེད་པའི་འཆི་ལྟས་ཤར་བའི་ཚེ་ལས་ལ་སྦྱར་བར་བྱ་སྟེ། འཇིག་རྟེན་འདིར་སྣང་ལ་ཆགས་ཞེན་རྩ་བ་ནས་ཕྱུང༌། དེའི་ཕྱོགས་སུ་བློ་སྐད་ཅིག་ཀྱང་མི་འཕྲེང་བར་འཕོ་བའི་དམིགས་པ་རྩེ་གཅིག་པས། སྤྱི་བོར་བླ་མ་བསྒོམ་པ་སོགས་སྔར་སྦྱངས་བའི་སྐབས་ལྟར་ལ་ཞིང་ཁམས་སུ་འགྲོ་བའི་བྲོད་པ་དང་སེམས་སྤྲོ་སང་ངེ་བ་བྱས་ནས། སྤྱི་བོའི་རྒྱ་གྲམ་བསལ་ལ་ཚངས་བུ་ག་ཧ་རེ་ཡོད་པར་བསམ། སྙིང་གའི་ཐིག་ལེ་བླ་མའི་ཐུགས་ཀར་བསྟིམས་པ་ལས་མར་མི་འབེབས་པར་སླར་སྙིང་གར་ཐིག་ལེ་གསལ་བཏབ་ལ་ཡང་ནས་ཡང་དུ་སྤར། འཕོ་བར་ཉེ་བ་ན་བླ་མ་ཇེ་མཐོར་གཤེགས་ནས་ཡལ་ཏེ་འཕོ་བྱ་འཕོ་བྱེད་བྲལ་བའི་ཀ་དག་གི་དབྱིངས་དང་རིག་པ་བསྲེས་ལ་བཞག་གོ །དེས་ཀྱང་བར་དོའི་འོད་གསལ་ངོས་ཟིན་ཅིང་གཞོན་ནུ་བུམ་སྐུར་བྱང་ཆུབ་པར་འགྱུར་རོ། །ཅེས་པའང་ལམ་འདི་ལ་མཆོག་ཏུ་དད་ཅིང་མོས་པའི་པདྨ་ཐར་ལམ་ནས་བསྐུལ་ངོར་ཁྲིད་ཡིག་ཐིག་ལེ་གསང་རྫོགས་ཀྱི་དགོངས་པ་བཞིན་སྔགས་བན་རྒན་པོ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ངག་འདོན་སྙིང་པོར་དྲིལ་ཏེ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །མངྒ་ལཾ།}} | ༄༅། །ན་མོ་གུ་རུ་ཛྙཱ་ན་ཀཱ་ཡ་ཡེ། འོད་གསལ་ཐེག་པ་མཆོག་གི་ལམ་གྱིས་ཚེ་འདི་ལ་མ་གྲོལ་ན་འཆི་བ་བར་དོ་རླུང་སེམས་གོང་འཕོའི་མན་ངག་ཇི་ལྟར་ཉམས་སུ་ལེན་ཚུལ་ནི། རྟེན་གྱི་གང་ཟག་གིས་ད་ལྟའི་སྐབས་སུ་འབྱོང་ངེས་པར་བྱས་ན་དགོས་པའི་དུས་སུ་ལས་ལ་སྦྱར་བས་གྲོལ་ཚད་མངོན་སུམ་དུ་འགྱུར་བས། ད་ལྟ་རྟགས་ཐོན་དུ་སྦྱང་པ་གལ་ཆེ་བའི་ཕྱིར། བདེ་བའི་སྟན་ལ་འཁོད་ནས། ལུས་གནད་བསྲངས། སེམས་ལྷོད་ཀྱིས་ཀློད་ལ་སྔོན་འགྲོ་ཡེ་ཤེས་གསང་རྫོགས་དམིགས་སྒོམ་རྡོ་རུས་འཕྲོད་པར་ཉམས་སུ་བླངས་རྗེས། འཕོ་བ་དངོས་ནི། ཀ་དག་གི་ངང་ལས་སེང་གེ་དང་པདྨ་ཉི་མའི་ཁྲིའི་སྟེང་དུ་རང་ཉིད་གཉུག་མའི་ལྷ་དང་དབྱེར་མེད་པའི་ངོ་བོ་སེང་ཧེ་ཤྭ་ར་རྣལ་འབྱོར་སྤྱོད་པ་ཁྲོ་འཛུམ་སྒེག་པའི་ཉམས་ཅན་ཁ་དོག་དམར་སྨུག་མཉམ་གཞག་དང་སྐྱིལ་ཀྲུང་ཅན་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལུས་ཀྱི་ཆ་ཐམས་ཅད་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གང་ཁ་ཕྱེ་བ་ལྟ་བུས་གང་བ། བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡོ་རྗེ་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོད་པ་ཐམས་ཅད་སྲེག་པར་མཛད་པ་འཁོར་དུ་བརྒྱུད་གསུམ་གྱི་བླ་མ་དང་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ། སྨིན་མཚམས་སུ་ཆོས་འབྱུང་དཀར་པོ་རྩ་བ་ཕྲ་བ་དབུ་མ་ལ་ཟུག་ཅིང༌། ཁ་གདེངས་གཡེལ་བའི་ཟུར་གཅིག་གྱེན་དུ་བསྟན་པའི་ནང་དུ་བདེ་ཆེན་ཐིག་ལེ་དགའ་བ་འཁྱིལ་པ་དཀར་པོ་འོད་འབར་བ། གཡོན་བསྐོར་དུ་དྲག་ཏུ་འཁོར་བའི་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་དྲང་པོར་རྩ་དབུ་མ་དྭངས་གསལ་མདའ་སྙུག་ཙམ་པར་སྤྱི་བོ་ནས་གསང་གནས་བར་དྲང་ཐལ་ལེར་གནས་པའི་སྙིང་གའི་ཐད་ཀྱི་ནང་དུ་རླུང་སེམས་ཐམས་ཅད་ལྷག་མེད་དུ་འདུས་པའི་ངོ་བོར་ཐིག་ལེ་འོད་ལྔའི་མདངས་ཅན་གྱི་སྦུབས་སུ་ཨ་དཀར་པོ་སྲན་མ་ཙམ་གྱིས་མཚན་པ་འོད་འབར་བ་ཆུང་ངུ་ཞིག་བསྒོམས་ལ། སེམས་ཟིན་ཟིན་དུ་གཏད། ནམ་མཁའི་དབྱིངས་ཐམས་ཅད་རང་བཞིན་སྤྲུལ་པའི་ཞིང་མཆོག་ལྔ་དུར་ཁྲོད་ཆེན་པོ་མེ་རི་འབར་བ་དང་བཅས་པས་ཡོངས་སུ་ཁྱབ་པའི་རང་གི་སྤྱི་བོར་འཇའ་འོད་ཀྱི་ཀློང་དུ་རྩ་བའི་བླ་མ་དང་དབྱེར་མེད་པའི་སེང་ཧེ་ཤྭ་ར་རྣལ་འབྱོར་སྤྱོད་པ་ཁྲོ་འཛུམ་སྒེག་པའི་ཉམས་ཅན་ཁ་དོག་དམར་སྨུག་མཉམ་བཞག་དང་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལུས་ཀྱི་ཆ་ཐམས་ཅད་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གོང་ཁ་ཕྱེ་བ་ལྟ་བུས་གང་བ། བ་སྤུའི་ཁོང་བུ་ཐམས་ཅད་ནས་རྡོ་རྗེ་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོད་པ་ཐམས་ཅད་སྲེག་པར་མཛད་པ་འཁོར་དུ་བརྒྱུད་གསུམ་གྱི་བླ་མ་དང༌། དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་དགྱེས་ཡེ་རེ་བར་དོའི་ལམ་སྣ་འདྲེན་པའི་དེད་དཔོན་ཆེན་པོ་འོད་སྐུའི་རྣམ་པར་མངོན་སུམ་དུ་བཞུགས་པ་གསལ་བཏབ་ལ། བརྒྱུད་འདེབས་ཚང་བའི་མཐར། གལ་ཏེ་ཚེ་འདིར་གྲོལ་བར་མ་གྱུར་ན། །གཞི་ལམ་འོད་གསལ་མ་བུ་གཅིག་ཏུ་འདྲེས། །དེས་ཀྱང་མ་གྲོལ་མོས་གུས་གདུང་ཤུགས་ཀྱིས། །རླུང་སེམས་གོང་འཕོ་ལམ་གྱིས་གྲོལ་བར་ཤོག །ཅེས་སྦྱར་བ་ལན་གསུམ་གྱིས་བདག་ཀྱང་བླ་མའི་ཐུགས་བདེ་ཆེན་འོད་གསལ་གྱི་ཀློང་དུ་སྐད་ཅིག་གིས་དྲང་དུ་གསོལ་སྙམ་དུ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་སུ་བཏབ། བུམ་ཅན་དང་བར་རླུང་གང་རུང་བཟུང་སྟེ་སྙིང་གི་ཨ་ལ་སེམས་རྩེ་གཅིག་ཏུ་བསྡུས་ཏེ་ངག་གམ་ཡིད་ཀྱིས་ཕཊ྄་བདུན་བརྗོད་པས་སྤྱི་བོར་ཚངས་པའི་བུ་ག་ནས་ཐོན་སྤྱི་བོའི་ལྕེ་བཙུན་ཆེན་པོའི་ཐུགས་ཀར་ཐིམ་པར་བསམས་ལ་མཉམ་པར་བཞག །སླར་ཐིག་ལེ་ཨ་དང་བཅས་པ་ཐུགས་ཀ་ནས་མར་བབ་ཚངས་བུག་ནས་སྙིང་གར་འཁོད་པར་དམིགས་ལ་སླར་ཡང་རླུང་སེམས་དེར་བསྡུས་ཏེ་འཕང་བ་སོགས་འགྲོ་ལྡོག་སྤེལ་མ་ལན་ཉེར་གཅིག་ཙམ་བྱ། ཡང་གསོལ་འདེབས་ལན་གསུམ་དང༌། ཐིག་ལེ་ཨ་དང་བཅས་པ་འགྲོ་ལྡོག་བྱེད་པའི་དམིགས་པ་རྩེ་གཅིག་ཏུ་བྱ། དེ་ལྟ་བུ་ལན་གསུམ་བྱ། ཐུན་འཇོག་ཁར་ཐིག་ལེ་ཨ་དང་བཅས་པ་སྙིང་གར་བདེ་ཕྲི་ལེ་ལྕི་ཏིག་གིས་གནས་པ་ལ། བླ་མའི་སྐུ་ལས་བདུད་རྩི་རྒྱུན་བབ་དབུ་མའི་ནང་ཐམས་ཅད་ཁེངས། བླ་མ་ཚངས་བུག་གི་ཁར་བྱོན་རྡོ་རྗེ་རྒྱ་གྲམ་ཧཾ་ཡིག་གི་མཚན་པར་གྱུར་པས་བཀག་པར་མོས་ལ་འབྲུ་གསུམ་རླུང་དང་སྦྱར་བའི་རྡོར་བཟླས་བྱས་པས་ཚེ་གེགས་ཞི་བའི་རྟེན་འབྲེལ་དང༌། །ཀློང་སྙིང་གཞི་ལམ་འབྲས་བུའི་སྨོན་ལམ་སོགས་ཀྱིས་མཚམས་སྦྱོར་བྱ། དེ་ལྟར་ཞག་བདུན་སོགས་བརྩོན་པས་མགོ་བོ་ལྕི་ཐིང་གིས་ན་བ་དང༌། ཚངས་བུག་བརྡོལ་ཏེ་ཀུ་ཤ་ཟུག་པས། ཆུ་སེར་བརྡོལ་བ་སོགས་རྟགས་མ་ཐོན་བར་སྦྱངས། རྒྱུན་དུ་དམིགས་པ་མ་བརྗེད་ཙམ་བྱ། ནམ་ཞིག་བཟློག་ཏུ་མེད་པའི་འཆི་ལྟས་ཤར་བའི་ཚེ་ལས་ལ་སྦྱར་བར་བྱ་སྟེ། འཇིག་རྟེན་འདིར་སྣང་ལ་ཆགས་ཞེན་རྩ་བ་ནས་ཕྱུང༌། དེའི་ཕྱོགས་སུ་བློ་སྐད་ཅིག་ཀྱང་མི་འཕྲེང་བར་འཕོ་བའི་དམིགས་པ་རྩེ་གཅིག་པས། སྤྱི་བོར་བླ་མ་བསྒོམ་པ་སོགས་སྔར་སྦྱངས་བའི་སྐབས་ལྟར་ལ་ཞིང་ཁམས་སུ་འགྲོ་བའི་བྲོད་པ་དང་སེམས་སྤྲོ་སང་ངེ་བ་བྱས་ནས། སྤྱི་བོའི་རྒྱ་གྲམ་བསལ་ལ་ཚངས་བུ་ག་ཧ་རེ་ཡོད་པར་བསམ། སྙིང་གའི་ཐིག་ལེ་བླ་མའི་ཐུགས་ཀར་བསྟིམས་པ་ལས་མར་མི་འབེབས་པར་སླར་སྙིང་གར་ཐིག་ལེ་གསལ་བཏབ་ལ་ཡང་ནས་ཡང་དུ་སྤར། འཕོ་བར་ཉེ་བ་ན་བླ་མ་ཇེ་མཐོར་གཤེགས་ནས་ཡལ་ཏེ་འཕོ་བྱ་འཕོ་བྱེད་བྲལ་བའི་ཀ་དག་གི་དབྱིངས་དང་རིག་པ་བསྲེས་ལ་བཞག་གོ །དེས་ཀྱང་བར་དོའི་འོད་གསལ་ངོས་ཟིན་ཅིང་གཞོན་ནུ་བུམ་སྐུར་བྱང་ཆུབ་པར་འགྱུར་རོ། །ཅེས་པའང་ལམ་འདི་ལ་མཆོག་ཏུ་དད་ཅིང་མོས་པའི་པདྨ་ཐར་ལམ་ནས་བསྐུལ་ངོར་ཁྲིད་ཡིག་ཐིག་ལེ་གསང་རྫོགས་ཀྱི་དགོངས་པ་བཞིན་སྔགས་བན་རྒན་པོ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ངག་འདོན་སྙིང་པོར་དྲིལ་ཏེ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །མངྒ་ལཾ།}} | ||
</onlyinclude> | </onlyinclude> |
Latest revision as of 08:04, 1 June 2024
Wylie title | lce btsun chen po'i bi ma la'i zab tig gi 'pho ba'i ngag 'don 'od gsal mchog ster | |
---|---|---|
Location | dil mgo mkhyen brtse bka' 'bum Volume 8, Text 30, Pages 262-264 (Folios 1a to 3b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po) | |
Citation | Khyentse, Dilgo. lce btsun chen po'i bi ma la'i zab tig gi 'pho ba'i ngag 'don 'od gsal mchog ster. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 262-264. Delhi: Shechen Publications, 1994. | |
Genre | Liturgy - ngag 'don · Transference of Consciousness - 'pho ba | |
Cycle | ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་ (lce btsun chen po'i bi ma la'i zab tig) | |
Recension Link | Other Versions on this site: ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་འཕོ་བའི་ངག་འདོན་འོད་གསལ་མཆོག་སྟེར། | |
Colophon |
།ཅེས་པའང་ལམ་འདི་ལ་མཆོག་ཏུ་དད་ཅིང་མོས་པའི་པདྨ་ཐར་ལམ་ནས་བསྐུལ་ངོར་ཁྲིད་ཡིག་ཐིག་ལེ་གསང་རྫོགས་ཀྱི་དགོངས་པ་བཞིན་སྔགས་བན་རྒན་པོ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ངག་འདོན་སྙིང་པོར་དྲིལ་ཏེ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །མངྒ་ལཾ། | |
/ces pa'ang lam 'di la mchog tu dad cing mos pa'i pad+ma thar lam nas bskul ngor khrid yig thig le gsang rdzogs kyi dgongs pa bzhin sngags ban rgan po theg mchog bstan pa'i rgyal mtshan gyis ngag 'don snying por dril te bris pa don dang ldan par gyur cig__/mang+ga laM/ |