DKR-KABUM-24-YA-003: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...") |
m (Text replacement - "Khyentse Metadata" to "Text") |
||
(4 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=རྙིང་རྒྱུད་གསན་ཡིག། | |||
|fulltitle=rnying rgyud gsan yig | |||
|citation=[[Khyentse, Dilgo]]. ''Rnying rgyud gsan yig''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 24: 184-219. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
| | |tibgenre=Records of Teachings Received - thob yig - gsan yig | ||
| | |terma=No | ||
|volumenumber= | |dkroutline=Ten | ||
|volumenumber=024 | |||
|volnumtib=༢༤ | |||
|volyigtib=ཡ་ | |||
|totalvolumes=25 | |||
|textnuminvol=003 | |textnuminvol=003 | ||
|pagenumbers=184-219 | |||
|totalpages=71 | |||
|beginfolioline=1a1 | |||
|endfolioline=36a4 | |||
|totalfolios=36 | |||
|multivolumework=No | |||
|rectonotes=gsan yig | |||
|versonotes=rnying ma rgyud 'bum | |||
|pdflink=File:DKR-KABUM-24-YA-003.pdf | |pdflink=File:DKR-KABUM-24-YA-003.pdf | ||
}} | }} | ||
Line 16: | Line 31: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། སྔ་འགྱུར་རྙིང་མ་རྒྱུད་འབུམ་ལ། བཀའ་བརྒྱུད་གཏེར་བརྒྱུད་གཉིས་ལས། སྐབས་འདིར་བཀའ་ནས་བཀར་བརྒྱུད་པ་གཙོ་བོར་བཀོད་ཅིང༌། ཞར་བྱུང་གཏེར་བྱོན་གྱི་རྒྱུད་སྡེ་མེད་དུ་མི་རུང་བ་ཁ་ཤས་བསྣན་པ་སྟེ། དེ་ལ་བཀའ་བརྒྱུད་ཡོ་ག་རྣམ་པ་གསུམ་གྱི་རྒྱུད་རྣམས་བསྟན་པ་སྔ་དར་གྱི་དུས་སུ་འཕགས་པའི་ས་ལ་བཞུགས་པའི་ལོ་པཎ་རྣམས་དང༌། བློ་ཆེན་སྐལ་པ་དང་ལྡན་པ་རྣམས་ཀྱིས་གསང་བ་ཤིན་ཏུ་སྲུང་བའི་ངང་ནས་བསྒྱུར་བཤད་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབ། བླ་ནས་བཀས་བཅད་པ་མ་གཏོགས་ཐུན་མོང་དུ་དཔྱད་པ་མ་གནང་ཞིང༌། གླེགས་བམ་ཙམ་ཡང་གུད་དུ་སྦས་པས་དཀར་ཆག་ལྡན་དཀར་མར་གསང་སྔགས་ནང་རྒྱུད་སྡེ་གསུམ་ནི་བཀའ་གཉན་པས་འདིར་མ་བཀོད་དོ། །ཞེས་ཐོག་མ་ནས་བཀའ་འགྱུར་རོ་ཅོག་གི་སྡེབས་སུ་མ་བཞུགས་པས་དཔེ་ལུང་གཉིས་ཀའི་རྒྱུན་ཕྱོགས་གཅིག་བྱོན་པ་ཆེས་དཀོན་པ་ལ། གཏེར་ཆེན་རཏྣ་གླིང་པ་ཡབ་སྲས་ཀྱིས་ཟུར་འུག་པ་ལུང་དུ་རྒྱུད་རགས་རིམ་བཞུགས་པའི་མཚོན་ཕྱོགས་མཐའ་དག་ནས་དཔེ་ལུང་གི་རྒྱུན་ཐུགས་རྩོལ་ཆེན་པོས་བཙལ། དེ་རྗེས་གཙང་གོང་ར་ལོ་ཙཱ་བ་གཞན་ཕན་རྡོ་རྗེས་རྙིང་རྒྱུད་ཇི་སྙེད་པ་ཚར་གསུམ་བཞེངས་ནས་དཔེ་དང་བཀླགས་ལུང་གི་རྒྱུན་དབུས་གཙང་ཁམས་ཀོང་རྣམས་སུ་སྤེལ། དེ་དག་རྣམས་སུ་འབྱོན་དུ་མ་བཏུབ་པ་ཇི་རིགས་པ་སྨིན་གླིང་གཏེར་ཆེན་རིན་པོ་ཆེ་སྐུ་མཆེད་ཀྱི་ཐུགས་རྩོལ་ཆེན་པོས་བསབ་སྟེ་པུསྟི་ཀ་ཉི་ཤུ་རྩ་གསུམ་དུ་ལོང་བའི་དཔེ་དང་བཀླགས་ལུང་གི་རྒྱུན་བཙུགས་པས་དེང་སང་གི་བར་དུ་བོད་ཡུལ་སྔ་འགྱུར་གྱི་རིང་ལུགས་འཛིན་པ་ཀུན་ལ་ཁྱབ་བརྡལ་དུ་གྱུར་པ་ནི་དམ་པ་དེ་དག་གི་བཀའ་དྲིན་ཡིན་ལ། ཕྱིས་སུ་ས་སྐྱོང་སྡེ་དགེའི་བཙུན་མོ་ལྷ་ལྕམ་ངང་ཚུལ་རྒྱལ་མོའི་རྣམ་འཕྲུལ་སྒ་རྗེ་ཚེ་དབང་ལྷ་མོས་རྙིང་རྒྱུད་ཡོངས་རྫོགས་སྤར་དུ་བཞེངས་ཤིང༌། མ་ཧཱ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་ཏུ་གྲུབ་པའི་ཞལ་ནས་ཀུན་མཁྱེན་ཀློང་ཆེན་པའི་གསུང་རབ་གཙོ་བོར་གྱུར་པའི་སྔ་འགྱུར་མཁས་གྲུབ་ཚད་མར་གྱུར་པ་རྣམས་ཀྱི་བཞེད་དགོངས་གཅིག་ཏུ་བསྒྲིལ་བའི་དཀར་ཆག་འགོད་པར་མཛད་པ་ལ་པུསྟི་བཅུ་ཕྲག་གཉིས་ལ་ལྔ་ཡི་ལྷག་པ་བཞུགས། དེ་ལ་ཁོ་བོའི་བླ་མ་དམ་པའི་ཞལ་སྔ་ནས་སྡེ་སྤར་ལ་གང་བཞུགས་འབྲུ་གཅིག་ཀྱང་མ་ཆད་པའི་ལྗགས་ལུང་བཀའ་དྲིན་ཏུ་བསྩལ་བ་ལ་ཕལ་ཆེར་བརྒྱུད་པ་སྣ་ཚོགས་ལས་བྱོན་པ་ཡིན་ཅིང༌། བཀའ་དགོངས་ཀྱི་རྒྱུད་རྣམས་དེ་དེའི་སྐབས་སུ་འབྱུང་བས་འདིར་སྨོས་མ་དགོས་པས་མཚོན། སྐབས་འདིར་རྩ་བའི་བཀླགས་ལུང་སྨིན་གླིང་ནས་བྱོན་པ་ཉིད་གཙོ་བོར་བྱས་ཏེ་འགོད་པ་ལ། རྩ་བར་གྱུར་པ་རྒྱུད་སྡེ་དང༌། དེ་ལས་འཕྲོས་པ་སྒྲུབ་སྡེ་དང་གཉིས་ལས། དང་པོ་ལ་བསྐྱེད་རྫོགས་གསུམ་ཡོད་པའི། དང་པོ་རྫོགས་ཆེན་ཨ་ཏི་ཡོ་ག་ལས། ཐོག་མར་སེམས་སྡེའི་སྐོར་ནི། ༼ཀ༽ པར། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་རྩ་བའི་རྒྱུད་ལེའུ་ང་བདུན་པ། དེའི་ཕྱི་མ་ཕྱི་མའི་ཕྱི་མ་དང་བཅས་པ་དྲིལ་བས་ལེའུ་བརྒྱད་ཅུ་རྩ་བཞི་པ་རྒྱ་གར་གྱི་མཁན་པོ་ཤྲཱི་སེང་ཧ་དང་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་བ། བྱང་ཆུབ་སེམས་ཀྱི་མདོ་འགྲེལ་ཆེན་པོ་བཅུ་དོན་འགྲེལ་ལྔ་ཡོངས་གཏད་དང་བཅས་པ། ལ་ཟློ་གསང་བའི་འཁོར་ལོ་ལེའུ་བཅུ་པ། བློ་ཐག་བཅས་ཅིང་བསྟན་པ་གཏད་པ་དང་བཅད་པ་བཤད་རྒྱུད་བཞི་ལ། ལྟ་བ་ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལེའུ་བཅུ་གསུམ་པ་རྒྱུད་གཏད་པ་དང་བཅས་པ། སྒོམ་པ་རྒྱ་མཚོ་དང་མཉམ་པ་རྙོགས་པ་མེད་པའི་རྒྱུད་ལེའུ་བདུན་པ་བསྟོད་པ་དང་བཅས་པ། སྤྱོད་པ་ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལེའུ་བཅུ་གཅིག་པ་རྗེས་སུ་ཡི་རང་བསྟོད་པ་དང་བཅས་པ། འབྲས་བུ་རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལེའུ་བཅུ་བཞི་པ་བསྟོད་པའི་མཇུག་བསྡུ་དང་བཅས་པ་རྣམས་ཤྲཱི་སེངྷ་དང་བཻ་རོའི་འགྱུར་ཏེ། ཀུན་བྱེད་ཆ་ལག་དང་བཅས་པ། དེ་རྣམས་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། མཁས་པ་ཉི་ཤུ་རྩ་གཅིག །སྒྲ་བསྒྱུར་བཻ་རོ་ཙ་ན། སྤང་སངས་རྒྱས་མགོན། སྦས་རཀྵི་ཏ། ཡ་ཟི་དར་མ་ཤེས་རབ། ཉང་སྟོད་ཟླ་བའི་སཻངྒ་མར་པ་ཁྲོམ་རྒྱལ། མར་པ་ཤེས་རབ་འོད། ཤངས་ཆུང་དར་མ་བསོད་གྲགས། ལྷ་རྗེ་སྒྲོ་ཕུག་པ། བཤེས་གཉེན་སྟོན་སྙིང༌། གླན་ཤཱཀྱ་བྱང་ཆུབ། གླན་རྡོ་རྗེ་འོད། གླན་བསོད་ནམས་རྒྱལ་མཚན། འགོས་དངོས་གྲུབ་མགོན། བླ་མ་ཤཱཀྱ་རྒྱལ་མཚན། བླ་མ་དཔལ་བཟང་པ། རྡོ་ཐོག་པ་རྡོ་རྗེ་རྒྱལ་མཚན། གཉལ་བདེ་ལེགས་པ། རོག་སྒྲུབ་འཇམ་དབྱངས་བཤེས་གཉེན། ཨར་དགེ་བ་ཆོས་དཔལ་རྒྱལ་མཚན། འཕྱམས་དགོན་པ་བསམ་གཏན་བཟང་པོ། གཏེར་སྟོན་རཏྣ་གླིང་པ། སྲས་ཚེ་དབང་གྲགས་པ། རྗེ་ངག་དབང་གྲགས་པ། མཉམ་མེད་ངག་དབང་ནོར་བུ། རྗེ་ནོར་བུ་ཡོངས་གྲགས། གཙུག་རྒྱན་ནོར་བུ་དབང་རྒྱལ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། བོན་ལུང་པ་ཚུལ་ཁྲིམས་རྒྱལ་མཚན། ཐུགས་སྲས་བསྟན་འཛིན་འགྱུར་མེད། གསུང་སྤྲུལ་ངག་དབང་ཀུན་བཟང་རྡོ་རྗེ། ཐུགས་སྲས་འགྱུར་མེད་མཆོག་གྲུབ་དཔལ་འབར། གསུང་སྤྲུལ་བསྟན་འཛིན་གྲུབ་མཆོག་རྡོ་རྗེ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཁྲི་ཆེན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཐམས་ཅད་མཁྱེན་པ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་དཔལ་བཟང་པོ། དེས་རྗེ་གུ་ཎ། མཁན་ཆེན་ངག་དབང་ལེགས་གྲུབ། བཀའ་འགྱུར་རིན་པོ་ཆེ་ཀློང་ཆེན་ཡེ་ཤེས་རྡོ་རྗེ། དེས་ཞལ་སྔ་ནས་བདག་མངྒ་ལ་ཐུགས་བརྩེ་བ་ཆེན་པོས་དགྱེས་ལེགས་བཞིན་བསྩལ་བའོ། །བརྒྱུད་པའི་རིམ་པ་མང་དུ་ཡོད་ཀྱང་བོན་ལུང་བར་བརྒྱུད་པ་ཐམས་ཅད་ཁ་འདྲིལ་དུ་འབབ་པས་འདིར་གཞན་རྣམས་མ་བྲིས་པས་གཏེར་ཆེན་རིན་པོ་ཆེའི་གསན་ཡིག་སོགས་སུ་གསལ་ལོ། སེམས་སྨད་བཅོ་བརྒྱད་ཀྱི་སྔ་འགྱུར་ལྔ་ནི། རུ༽ རྫོགས་པ་ཆེན་པོ་ས་གཅིག་པ་རིག་པའི་ཁུ་བྱུག་ཅེས་བྱ་བ་རྐང་པ་དྲུག །སེམས་སྒོམ་དོན་དྲུག་པ་རྐང་པ་གཅིག་གིས་དམན་པའི་ཤློ་ཀ་ལྔ། མན་ངག་རྩལ་ཆེན་ཤློ་ཀ་ཕྱེད་དང་དྲུག །བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་ཤློ་ཀ་བཅུ་བཞི། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལེའུ་དྲུག་པ་རྣམས། ཤྲཱི་སཻངྷ། བཻ་རོ་ཙ་ནས་དྷཱ་ཧེ་ནའི་འདུ་ཁང་དུ་བསྒྱུར་བ། ཕྱི་འགྱུར་བཅུ་གསུམ་ནི། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཤློ་ཀ་ཕྱེད་དང་བཅུ་གསུམ། ཡིད་བཞིན་ནོར་བུ་རྐང་པ་གཅིག་དང་བཅས་པས་ཚིགས་སུ་བཅད་པ་གསུམ། སྐྱེ་མེད་དོན་ཏིག་རྐང་པ་གཅིག་གིས་དམན་པའི་ཤློ་ཀ་བདུན། བདེ་འཇོམས་ཤློ་ཀ་ལྔ། ནམ་མཁའ་རྒྱལ་པོ་རྐང་པ་གཅིག་དང་བཅས་པའི་ཤློ་ཀ་བཅུ་གསུམ། རྗེ་བཙུན་དམ་པ་ཚིགས་བཅད་ཕྱེད་དང་དྲུག །རྩེ་མོ་བྱུང་རྒྱལ་ཤློ་ཀ་བརྒྱད། ཀུན་འདུས་ཤློ་ཀ་ཕྱེད་དང་བཅུ་གཉིས། སྲོག་གི་འཁོར་ལོ་ཤློ་ཀ་དགུ། མྱུ་གུ་ཐིག་ལེ་ཤློ་ཀ་དགུ། བདེ་བ་ཕྲ་བཀོད་ཤློ་ཀ་དྲུག །ཐེག་པ་སྤྱི་གཅོད་རྐང་པ་གཉིས་དང་བཅས་པའི་ཤློ་ཀ་བདུན། ཁམས་གསུམ་སྒྲོལ་མ་ཤློ་ཀ་ཕྱེད་དང་དྲུག་རྣམས་ལས། སྔ་འགྱུར་ལྔའི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། མཁས་པ་ཉེར་གཅིག །བཻ་རོ། གཡུ་སྒྲ་སྙིང་པོ། གཉགས་ཛྙཱ་ན་ཀུ་མཱ་ར། སོག་པོ་དཔལ་ཡེ། འོ་བྲན་དཔལ་གྱི་གཞོན་ནུ། གནུབས་སངས་རྒྱས་ཡེ་ཤེས། སོ་ཡེ་ཤེས་དབང་ཕྱུག །དན་ཡོན་ཏན་མཆོག །ངན་ཐུང་བྱང་ཆུབ་རྒྱལ་མཚན། ཀོང་ཐུང་ཤེས་རབ་ཡེ་ཤེས། ར་ཐུང་ཤེས་རབ་ཚུལ་ཁྲིམས། རོང་ཚུལ་ཁྲིམས་རྒྱལ་མཚན། སྒྲོ་གཙུག་ཏོར་གཞོན་ནུ། གླན་ཤཱཀྱ་བྱང་ཆུབ། གཙང་པ་དར་མ་རྡོ་རྗེ། འགོས་དངོས་གྲུབ་རྒྱལ་མཚན། སྲས་ཆུང་དགེ་སློང༌། འགོས་དངོས་གྲུབ་མན་སྔར་བཞིན་ནོ། །ཕྱི་འགྱུར་བཅུ་གསུམ་གྱི་བརྒྱུད་པ་ནི། ཤྲཱི་སེངྷ་ཡན་སྔར་ལྟར་ལ། དེ་ནས་པཎ་ཆེན་བི་མ་ལ་མི་ཏྲ། གཉགས་ཛྙཱ་ན་ཀུ་མཱ་ར་མན་སྔར་ལྟར་རོ། །སྔ་ཕྱི་གཉིས་ཀའི་ཉེ་བརྒྱུད་རྡོར་སེམས། དགའ་རབ། ཤྲཱི་སེདྷ་མན་སྔར་ལྟར་རོ། །སེམས་སྡེ་སྤྱིའི་སྐོར་ལ། བྱང་ཆུབ་ཀྱི་སེམས་རྩལ་ཆེན་ལེའུ་དགུ་པ། བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་ལེའུ་བཅུ་པ་ཤྲཱི་སེངྷ་དང༌། བཻ་རོས་ཞུས་ནས་འགྱུར་བ། ནམ་མཁའ་ཆེ་ཡི་གེ་མེད་པའི་རྒྱུད་ལེའུ་བརྒྱད་པ་གཏད་རྒྱ་དང་བཅས་པ་ཛྙཱ་ན་གརྦྷ་དང་བཻ་རོའི་འགྱུར། བྱང་ཆུབ་ཀྱི་སེམས་སྒོམ་རྡོ་ལ་གསེར་ཞུན་ལེའུ་མེད། བྱང་ཆུབ་སེམས་རྫོགས་པ་ཆེན་པོ་ཡེ་ཤེས་བདུན་འབྱུང་གི་རྒྱུད་ལེའུ་བརྒྱད་པ། བཀྲ་ཤིས་པའི་དཔལ་རིག་པའི་ཁུ་བྱུག་ལེའུ་ཉེར་བདུན་པ་ཤྲཱི་སཻངྷ་དང་བཻ་རོའི་འགྱུར། བཀྲ་ཤིས་མི་འགྱུར་གསལ་བར་གནས་པའི་རྒྱུད་ལེའུ་བཅུ་པ་བི་མ་ལ་དང༌། གཡུ་སྒྲའི་འགྱུར། རྒྱུད་ཀྱི་རྒྱལ་པོ་གསེར་གྱི་རུས་སྦལ་རྡོ་རྗེ་ཐེག་པ་རྩ་བའི་རྒྱུད་ལེའུ་སུམ་ཅུ་པ་བཻ་རོའི་འགྱུར། ཁྱུང་གྲགས་ཀྱི་གཏེར་མ། ༼ཁ༽ པར། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་ལེའུ་བཅུ་དྲུག་པ། བདེ་བ་ཆེན་པོ་བྱང་སེམས་རྨད་བྱུང་ལེའུ་ཞེ་གཉིས་པ་ཤྲཱི་སེངྷ་དང་བཻ་རོའི་འགྱུར། བྱང་ཆུབ་ཀྱི་སེམས་སྒོམ་པ་ཡི་གེ་མེད་པའི་རྒྱུད་སྐབས་དགུ་པ་ཤྲཱི་སཻངྷ་དང་བཻ་རོའི་འགྱུར། ཆོས་ཐམས་ཅད་སེམས་ཉིད་ཡེ་ཤེས་རྒྱལ་པོ་དངོས་གྲུབ་རང་བྱུང་དུ་དབང་བསྐུར་བའི་རྒྱུད་ལེའུ་མེད་པ། བྱང་སེམས་ཐིག་ལེ་རྒྱ་མཚོའི་གནས་ལ་འཇུག་པ་ལེའུ་བཅུ་པའི་མ་དང་གཡུ་སྒྲའི་འགྱུར། བྱང་སེམས་མན་ངག་རིན་ཆེན་ཕྲེང་བ། བང་མཛོད་འཕྲུལ་ལྡེ་ལེའུ་དྲུག་ཅུ་རེ་གཅིག་པ། བང་མཛོད་འཕྲུལ་ལྡེ་ལེ་མེད། ཡང་འབྱེད་འཕྲུལ་ལྡེ་ལེའུ་བཅུ་བཞི་པ། བང་མཛོད་འཕྲུལ་གྱི་མེ་ལོང་ལེའུ་བཅུ་པ་རྗེས་སུ་སངས་རྒྱས་ཡེ་ཤེས་ཀྱིས་སྣོད་མ་རྙེད་ནས་སྦས་པའི་ཚུལ། ཐག་རིང་དུ་འགྲོ་བ་ནམ་མཁའ་མཉམ་པའི་རྒྱུད་ལེའུ་ཉེར་ལྔ་པ། བྱང་ཆུབ་སེམས་འཁོར་ལོ་རྡོ་རྗེའི་རྒྱུད་ལེའུ་བཞི་ཛྙཱ་ན་གརྦྷ་དང༌། བཻ་རོའི་འགྱུར་ཕྱིས་སྐད་གསར་བཅད་ཀྱིས་བཅོས་པ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འཁོར་ལོའི་རྒྱུད་ལེའུ་བཅུ་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱས་པ་རྣལ་འབྱོར་པའི་རྒྱུད་ལེའུ་བཅུ་གཅིག་པ་ཛྙཱ་ན་གརྦྷ་དང་བཻ་རོའི་འགྱུར། ནམ་མཁའ་ཆེ་རྣལ་འབྱོར་མའི་རྒྱུད་ལེའུ་བཅོ་ལྔ་པ་ཛྙཱ་ན་གརྦྷ་དང་བཻ་རོའི་འགྱུར། རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ལེའུ་བཅུ་གསུམ་པ་བི་མ་དང་དཔལ་བརྩེགས་ཀྱི་འགྱུར། བྱང་ཆུབ་ཀྱི་སེམས་ཉ་མོ་བག་ལ་ཞ་པའི་རྒྱུད་ལེའུ་དྲུག་པ་བཻ་རོའི་འགྱུར། རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ལེའུ་དགུ་པ་བི་མ་དང་གཡུ་སྒྲའི་འགྱུར། བྱང་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལེའུ་དྲུག་པ་རོ་ལངས་བདེ་བ་ལ་གདམས་པ། རྨ་བྱ་མཇིང་བསྣོལ་ཕྱི་མ་མཐའི་མུན་སེལ་ལེའུ་ལྔ་པ། རྫོགས་པ་ཆེན་པོ་བཅོམ་ལྡན་འདས་དཔལ་གྱི་དཔལ་ཆོས་ཆེན་མོ་རྨད་དུ་བྱུང་བའི་རྒྱུད་ལེའུ་ཉི་ཤུ་པ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་ལེའུ་ལྔ་པ། ཤཱི་ལེནྡྲ་མི་ཏྲ་དང་མཇིང་གསལ་འབར་གྱི་འགྱུར། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལེའུ་སོ་དགུ་པའི་རྒྱུད་ཛྙཱ་ན་གརྦྷ་དང་གཡུ་སྒྲའི་འགྱུར། སྲོག་གི་འབྱུང་བ་ཞེས་བྱ་བའི་རྒྱུད་ལེའུ་བཅོ་ལྔ་པ་རྒྱ་གར་གྱི་མཁན་པོ་གཞོན་ནུ་བུམ་པའི་ཞབས་ཀྱི་འགྱུར། བྱང་ཆུབ་ཀྱི་སེམས་རྨད་བྱུང་ལེའུ་བཅུ་གཅིག་པ། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལེའུ་བདུན་པ་ཨཱ་ཙརྻ་དྲན་པ་ཡེ་ཤེས་ཀྱིས་བོད་ལ་བསྣམས་བྱོན་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་གསང་བ་སྙིང་པོ་རྣལ་མ་དོན་གྱི་རྒྱུད་ལེའུ་བཅུ་གཉིས་པ། བྱང་ཆུབ་སེམས་སྒོམ་པའི་རྒྱུད་ཐེག་པའི་སྙིང་པོ་ལེའུ་བཅུ་གཅིག་པ། ཀུན་ཏུ་བཟང་པོ་ཡེ་ཤེས་གསང་བར་སྟོན་པ་གསང་སྔགས་ཀྱི་ལམ་མཆོག་འདུས་པའི་རྒྱུད་ལེའུ་ལྔ་ཤྲཱི་སཻངྷ་དང་རྡོ་རྗེ་ཡང་དབང་གཏེར་གྱི་འགྱུར། སེམས་ལུང་ཆེན་མོའི་མདོ་གསང་སྤྱི་རྒྱུད་ལེའུ་ཉེར་ལྔ་བི་མ་དང་གཉགས་ལོས་བུ་ཚལ་དུ་འགྱུར་བ། རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལེའུ་ཉེར་གཅིག་པ་ཤྲཱི་སེངྷ་དང༌། བཻ་རོའི་འགྱུར་རྣམས་སོ། །དེ་དག་གི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། ཕྱག་རྡོར། དགའ་རབ། འཇམ་དཔལ་བཤེས་གཉེན། རྒྱལ་པོ་དྷ་ན་ཧཱ་ཏེ་ལོ། ཐུ་བོ་རཱ་ཛ། སྲས་མོ་མེ་ཏོག་གསལ། ཀླུ་ནཱ་གཱ་ཙརྻ། གནོད་སྦྱིན་མོ་བྱང་ཆུབ། སྨད་འཚོང་མ་བ་ར་ཎི། ཁ་ཆེའི་རྒྱལ་པོ་རབ་སྣང༌། སྨད་འཚོང་མ་བུདྡྷཱ་མ་ཏི། ཀུ་ཀུ་རཱ་ཛ་སྔོན་མ། ཨོ་རྒྱན་མཁན་པོ་མ་ཧཱ་ར་ཛ། ཨ་ཙཱརྻ་ཨཱ་ལོ་ཀེ །ཁྱིའི་རྒྱལ་པོ་ཕྱི་མ། བྷུ་ཏི་ཀུཊྚ། འཇམ་དཔལ་བཟང་པོ། དྲང་སྲོང་བྷ་ཥི་ཏི། སྨད་འཚོང་ཕྱི་མ་བདག་ཉིད་མ། ནཱ་གཱ་རྫུ་ན། ཤྲཱི་སེངྷ། དགེ་སློང་མ་ཀུན་དགའ་མོ། བི་མ་ལ་མི་ཏྲ། ཡང་ཤྲཱི་སཻངྷ་ནས་བཻ་རོ་ཙཱ་ནས། ཁྲི་སྲོང༌། གཡུ་སྒྲ། ཡང་ན། ཤྲཱི་སེངྷ་ནས། ཨོ་རྒྱན། བི་མ་ལ། བཻ་རོ་གསུམ་ཀ་ལ། གཉགས་ཛྙཱ་ན་ཀུ་མཱ་རས་གསན། དེས་དཔལ་གྱི་བུ་བརྒྱད་ལ་བཤད། ཉེ་བརྒྱུད་ནི། གཉགས་ཛྙཱ་ན་ཀུ་མཱ་ར་ནས། གཉགས་ཀླུའི་དབང་ཕྱུག །ང་ཀླུའི་རྒྱལ་མཚན། སྦ་ལུང་འཕགས་པ་ཤེས་རབ། འགོས་ཚུལ་ཁྲིམས་རྒྱལ་མཚན། ཡང་མདའི་ཞང་ཛྙཱ་ན་ཤེས་རབ། ཁམས་པ་ཡེ་ཤེས་ཚུལ་ཁྲིམས། འཇམ་སྙིང་དྲུང་གི་པ་ཚབ་སྟོད་གྲགས་ནག་ཤོད་པ། བྱང་ཆུབ་སྙིང་པོ། བྱང་སྒོམ་རིན་ཆེན་བཟང་པོ་གཉིས་ཀས་བྱར་པོ་འཇམ་དཔལ། དེས་ཤངས་པ་ནག་པོ། གླན་རྡོ་རྗེ་འོད། གླན་བསོད་ནམས་རྒྱལ་མཚན། འགོས་དངོས་གྲུབ་མགོན། དེ་མན་ཆད་སྤྱིའི་བརྒྱུད་པ་ནག་འབྱམས་དང༌། བྱེ་བྲག་གི་བརྒྱུད་པ། རུ༽ འི། རྟགས་ཅན་གྱི་བརྒྱུད་ལུགས་གཉིས་སྔར་ལྟར་རོ། །བསྐྱེད་པ་བློན་པོའི་རྒྱུད་ཀྱི་བྱེ་བྲག་གི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། གང་པོའི་བུ། ཨ་ཙཱརྻ་ཨཱ་ལོ་ཀེ །འཇམ་དཔལ་བཤེས་གཉེན། དྲང་སྲོང་བྷཥི་ཏ། སྨད་འཚོང་མ་བདག་ཉིད། ནཱ་གཱ་རྫུ་ན། ཁ་ཆེ་རབ་སྣང༌། སྨད་འཚོང་མ་སིདྡྷི། ཁྱི་རྒྱལ་ཕྱི་མ། བུདྡྷ་གུ་ཧྱ། འཇམ་དཔལ་བཤེས་གཉེན་ཕྱི་མ། ཤྲཱི་སེངྷ། དེ་ལ་དགེ་སློང་ཀུན་དགའ་མོ། སློབ་དཔོན་པདྨ་འབྱུང་གནས། བཻ་རོ་ཙ་ན་གསུམ་གྱིས་གསན་པ་མན་སེམས་སྡེ་སྤྱི་རྒྱུད་ལྟར་རོ། །སྡུད་པ་རྒྱལ་པོའི་སྐོར་གྱི་བརྒྱུད་པའི་བྱེ་བྲག་ནི། དགའ་རབ་ནས། རྒྱལ་པོ་ཏཱན་ཧ་ཏེ་ལོ། ཐུ་བོ་རཱ་ཛ་ཧསྟི། སྲས་མོ་བཱ་ར་ཎི། ཀླུ་རྒྱལ་འཇོག་པོ། རྒྱལ་པོ་ཡོན་ཏན་ཡན་ལག །རྒྱལ་པོ་མ་ཧཱ་ར་ཛ། སྲས་མོ་གོ་མ་དེ་ཝི། ཀུ་ཀུ་རཱ་ཛ། ཤྲཱི་སེངྷ་མན་ཆད་འདྲའོ། ༼ག༽ པར། ཀློང་སྡེའི་སྐོར་ལ། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ཅེས་བྱ་བ་ལེའུ་ཞེ་བརྒྱད་པ། ཀུན་བཟང་ནམ་མཁའ་ཆེ་རྩ་བ་བསྡུས་པ་སྐབས་བཅུ་བདུན་པ། མཇུག་ཏུ་རྡོར་སེམས་ཀྱི་བཅོམ་ལྡན་འདས་ལ་གསོལ་ཚུལ་དང་བཅས་པ་ཤྲཱི་སེངྷ་དང་བཻ་རོའི་འགྱུར། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་རིག་པ་རང་རྩལ་ཤར་བའི་རྒྱུད་ལེའུ་བཅུ་བཞི་པ་ཤྲཱི་སཻངྷ་དང་བཻ་རོའི་འགྱུར། རྡོ་རྗེ་སེམས་དཔའ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་ཉི་ཤུ་རྩ་བདུན་པ་ཤྲཱི་སེངྷ་དང་བཻ་རོས་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་བ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཀུན་ཏུ་བཟང་པོ་གསང་བ་སྙིང་པོ་བདེ་བ་ཆེན་པོ་སྤུ་གྲི་པདྨ་རལ་གྲི་འཁོར་ལོའི་རྒྱུད་ལེའུ་ཉེར་དྲུག་པ་ཤྲཱི་སེངྷ་དང་བཻ་རོའི་འགྱུར། ཡེ་ཤེས་གསང་བ་སྒྲོན་མེ་རིན་པོ་ཆེན་མན་ངག་གི་རྒྱུད་ལེའུ་བཅུ་དྲུག་པ་ཤྲཱི་སེངྷ་དང་བཻ་རོའི་འགྱུར། རིན་པོ་ཆེ་འཁོར་ལོའི་རྒྱུད་ལེའུ་བརྒྱད་པ། ཡེ་ཤེས་གསང་རྒྱུད་ལེའུ་བཅུ་གཉིས་པ་ཤྲཱི་སེངྷ་དང་བཻ་རོའི་འགྱུར། བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ལེའུ་བཅུ་པ་ཤྲཱི་སེངྷ་དང་བཻ་རོ་ཙ་ནས་དྷ་ཧེ་ནའི་འདུ་ཁང་བསྒྱུར་བ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀུན་ལ་འཇུག་པ་རྣམ་དག་སྟོན་པའི་རྒྱུད་ལེའུ་ལྔ་པ་བི་མ་མི་ཏྲ་དང༌། གཡུ་སྒྲ་སྙིང་པོའི་འགྱུར། བྱང་ཆུབ་ཀྱི་སེམས་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལེའུ་བཅུ་གཉིས་པ་ཤྲཱི་སེངྷ་དང་བཻ་རོའི་འགྱུར། རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལེའུ་བཞི། དེའི་རྒྱུད་ཕྱི་མ་ལེའུ་བཅུ་དྲུག་པ། རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ལེའུ་བཅུ་ཤྲཱི་སེངྷ་དང་བཻ་རོའི་འགྱུར་རྣམས་སོ། །དེ་རྣམས་ཀྱི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། དྷ་ན་ཧ་ཏེ་ལོ། ཐུ་བོ་རཱ་ཛ། སྲས་མོ་མེ་ཏོག་གསལ། ཀླུ་རྒྱལ་ནཱ་གཱ་ཙརྻ། གནོད་སྦྱིན་མོ་བྱང་ཆུབ། སྨད་འཚོང་མ་བ་ར་ནི། ཁ་ཆེ་གནས་བརྟན་རབ་སྣང༌། སྨད་འཚོང་བུདྡྷ་མ་ཏི། ཁྱི་རྒྱལ་ཀུ་ཀུ་རཱ་ཛ། ཨོ་རྒྱན་གྱི་དགེ་སློང་མ་ཧཱ་རཱ་ཛ། ཨ་ཙརྻ་ཨཱ་ལོ་ཀེ །ཁྱིའི་རྒྱལ་པོ་ཕྱི་མ། བུདྡྷ་གུཔྟ། འཇམ་དཔལ་བཟང་པོ། དྲང་སྲོང་བྷ་ཥི་ཏ། སྨད་འཚོང་ཕྱི་མ། ཤཱིནྟཾ་གརྦྷ། ནཱ་གཱ་རྫུ་ན། ཤྲཱི་སེངྷ། ཀུན་དགའ་མོ། བི་མ་ལ་མི་ཏྲ། བཻ་རོ་ཙཱ་ན། ཡང་ན་ཤྲཱི་སེངྷ། བཻ་རོ་ཙཱ་ན། དེ་ལ་ཁྲི་སྲོང་དང༌། གཡུ་སྒྲ་གཉིས་ཀྱིས་གསན། ཡང་ན་ཤྲཱི་སེངྷ་ལ་སློབ་དཔོན་པདྨས་གསན། པདྨ། བི་མ་ལ། བཻ་རོ་གསུམ་ལ། གཉགས་ཛྙཱ་ན་ཀུ་མ་རས་གསན། དེས་སློབ་མ་དཔལ་གྱི་བུ་བརྒྱད་ལ་བཤད། ཉེ་བརྒྱུད་ལྟར་ན་གཉགས་ཀྱིས་གཉགས་ཀླུའི་དབང་ཕྱུག་ལ། དེས་ཉང་པོ་ཀླུའི་རྒྱལ་མཚན། སྦ་ལུང་འཕགས་པ་ཤེས་རབ་མན་ཆད་སེམས་སྡེ་སྤྱི་བརྒྱུད་ལྟར་ལས། ནོར་བུ་དབང་རྒྱལ་ནས་གྱེས་པའི་རྟགས་ཅན་རྟགས་མེད་ཀྱི་བརྒྱུད་པ་སྤྱི་བྱེ་བྲག་གཉིས་ཀ་སྔར་བཞིན་ནོ། །ཡང་ན། ཐུབ་པ། ལྷའི་བུ་སེམས་ལྷག་ཅན་སོགས་ཀུན་བྱེད་ཀྱི་བརྒྱུད་པ་ཁམས་ལུགས་དང་ཅོག་རོ་ལུགས་ཀྱི་བྲག་ཟངས་ཕུའི་ཀོང་རབ་འཚོ་ཡན་སྔར་ལྟར་ལས། དེ་ནས་ལྷ་ལྕམ་ལྷ་དར། ལྷ་ལྕམ་སྒོམ་པ། ཕྱི་ཁར་མཆིན་ཡུལ་དུ་ཆི་མི་བྱང་ཆུབ་རྡོ་རྗེ། སྟག་ཚལ་གྱི་སྦོམ་སྒོམ་པོ་བྲག །ཡར་རྩེ་སྒོམ་པ་བྲག་དཀར། བན་དེ་གྲགས་པ་དཔལ། རྔོག་རྒྱལ་བ་བཀྲ་ཤིས་སོགས་སྔར་ལྟར་རོ། །རྡོ་རྗེ་གླིང་པས་ངམ་ཤོད་ཨོ་དཀར་བྲག་གི་རྟ་མགྲིན་ཕུག་པའི་དཀྱིལ་འཁོར་དབུས་ནས་སྤྱན་དྲངས་པའི་ལྟ་བ་ཀློང་ཡངས་ཆེན་པོའི་ལེའུ་ལྔ་བཅུ་རྩ་གསུམ་པའི་བརྒྱུད་པ་ནི། ཀུན་བཟང༌། རྣམ་སྣང༌། རྡོ་རྗེ་འཆང༌། རྡོ་རྗེ་སེམས་དཔའ་སོགས་རྫོགས་ཆེན་སྟོན་པ་བཅུ་གཉིས། དགའ་རབ། འཇམ་དཔལ་བཤེས་གཉེན། ཤྲཱི་སེངྷ། འཇམ་དཔལ་བཟང་པོ། ཨོ་རྒྱན་སངས་རྒྱས་གཉིས་པ། ལོ་ཆེན་བཻ་རོ། རྒྱལ་སྲས་རྡོ་རྗེ་གླིང་པ། བཀྲ་ཤིས་འབྱུང༌། ཆོས་དབྱིངས་རང་གྲོལ། ཆོས་རྗེ་རྣམ་གསུམ། བསོད་ནམས་མཚན་ཅན། བདེ་གཤེགས་མཆེད་གཉིས། འཛམ་གླིང་གྲགས་པ། པདྨ་གྲགས་པ། ལུང་རིགས་རྒྱ་མཚོ། གར་དབང་བཟང་པོ། བསྟན་འཛིན་རྣམ་རྒྱལ། ཆོས་དབང་ལྷུན་གྲུབ། རྗེ་གཏེར་བདག་གླིང་པ། པདྨ་འགྱུར་མེད་རྒྱ་མཚོ། གཅུང་ཡིད་བཞིན་ལེགས་གྲུབ། རྗེ་རཏྣ་བི་ཛ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། རྗེ་ཀརྨ་བི་ཛ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། རྡོར་འཛིན་ཚེ་དབང་བཟང་པོ། འགྱུར་མེད་བསྟན་འཛིན་འཕེལ་རྒྱས། རྗེ་གུ་ཎ་ནས་གོང་དང་འདྲ། ༼ང༽ པར། རྫོགས་པ་ཆེན་པོ་ཕྱི་ནང་གི་སྐོར་ལ། རིན་པོ་ཆེ་སྲིད་པ་བར་དོ་རང་སྣང་གི་རྒྱུད་ལེའུ་བཅུ་དྲུག་པ། | {{TibP|༄༅། {{TibChung|རྙིང་རྒྱུད་གསན་ཡིག་ནི། }} སྔ་འགྱུར་རྙིང་མ་རྒྱུད་འབུམ་ལ། བཀའ་བརྒྱུད་གཏེར་བརྒྱུད་གཉིས་ལས། སྐབས་འདིར་བཀའ་ནས་བཀར་བརྒྱུད་པ་གཙོ་བོར་བཀོད་ཅིང༌། ཞར་བྱུང་གཏེར་བྱོན་གྱི་རྒྱུད་སྡེ་མེད་དུ་མི་རུང་བ་ཁ་ཤས་བསྣན་པ་སྟེ། དེ་ལ་བཀའ་བརྒྱུད་ཡོ་ག་རྣམ་པ་གསུམ་གྱི་རྒྱུད་རྣམས་བསྟན་པ་སྔ་དར་གྱི་དུས་སུ་འཕགས་པའི་ས་ལ་བཞུགས་པའི་ལོ་པཎ་རྣམས་དང༌། བློ་ཆེན་སྐལ་པ་དང་ལྡན་པ་རྣམས་ཀྱིས་གསང་བ་ཤིན་ཏུ་སྲུང་བའི་ངང་ནས་བསྒྱུར་བཤད་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབ། བླ་ནས་བཀས་བཅད་པ་མ་གཏོགས་ཐུན་མོང་དུ་དཔྱད་པ་མ་གནང་ཞིང༌། གླེགས་བམ་ཙམ་ཡང་གུད་དུ་སྦས་པས་དཀར་ཆག་ལྡན་དཀར་མར་གསང་སྔགས་ནང་རྒྱུད་སྡེ་གསུམ་ནི་བཀའ་གཉན་པས་འདིར་མ་བཀོད་དོ། །ཞེས་ཐོག་མ་ནས་བཀའ་འགྱུར་རོ་ཅོག་གི་སྡེབས་སུ་མ་བཞུགས་པས་དཔེ་ལུང་གཉིས་ཀའི་རྒྱུན་ཕྱོགས་གཅིག་བྱོན་པ་ཆེས་དཀོན་པ་ལ། གཏེར་ཆེན་རཏྣ་གླིང་པ་ཡབ་སྲས་ཀྱིས་ཟུར་འུག་པ་ལུང་དུ་རྒྱུད་རགས་རིམ་བཞུགས་པའི་མཚོན་ཕྱོགས་མཐའ་དག་ནས་དཔེ་ལུང་གི་རྒྱུན་ཐུགས་རྩོལ་ཆེན་པོས་བཙལ། དེ་རྗེས་གཙང་གོང་ར་ལོ་ཙཱ་བ་གཞན་ཕན་རྡོ་རྗེས་རྙིང་རྒྱུད་ཇི་སྙེད་པ་ཚར་གསུམ་བཞེངས་ནས་དཔེ་དང་བཀླགས་ལུང་གི་རྒྱུན་དབུས་གཙང་ཁམས་ཀོང་རྣམས་སུ་སྤེལ། དེ་དག་རྣམས་སུ་འབྱོན་དུ་མ་བཏུབ་པ་ཇི་རིགས་པ་སྨིན་གླིང་གཏེར་ཆེན་རིན་པོ་ཆེ་སྐུ་མཆེད་ཀྱི་ཐུགས་རྩོལ་ཆེན་པོས་བསབ་སྟེ་པུསྟི་ཀ་ཉི་ཤུ་རྩ་གསུམ་དུ་ལོང་བའི་དཔེ་དང་བཀླགས་ལུང་གི་རྒྱུན་བཙུགས་པས་དེང་སང་གི་བར་དུ་བོད་ཡུལ་སྔ་འགྱུར་གྱི་རིང་ལུགས་འཛིན་པ་ཀུན་ལ་ཁྱབ་བརྡལ་དུ་གྱུར་པ་ནི་དམ་པ་དེ་དག་གི་བཀའ་དྲིན་ཡིན་ལ། ཕྱིས་སུ་ས་སྐྱོང་སྡེ་དགེའི་བཙུན་མོ་ལྷ་ལྕམ་ངང་ཚུལ་རྒྱལ་མོའི་རྣམ་འཕྲུལ་སྒ་རྗེ་ཚེ་དབང་ལྷ་མོས་རྙིང་རྒྱུད་ཡོངས་རྫོགས་སྤར་དུ་བཞེངས་ཤིང༌། མ་ཧཱ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་ཏུ་གྲུབ་པའི་ཞལ་ནས་ཀུན་མཁྱེན་ཀློང་ཆེན་པའི་གསུང་རབ་གཙོ་བོར་གྱུར་པའི་སྔ་འགྱུར་མཁས་གྲུབ་ཚད་མར་གྱུར་པ་རྣམས་ཀྱི་བཞེད་དགོངས་གཅིག་ཏུ་བསྒྲིལ་བའི་དཀར་ཆག་འགོད་པར་མཛད་པ་ལ་པུསྟི་བཅུ་ཕྲག་གཉིས་ལ་ལྔ་ཡི་ལྷག་པ་བཞུགས། དེ་ལ་ཁོ་བོའི་བླ་མ་དམ་པའི་ཞལ་སྔ་ནས་སྡེ་སྤར་ལ་གང་བཞུགས་འབྲུ་གཅིག་ཀྱང་མ་ཆད་པའི་ལྗགས་ལུང་བཀའ་དྲིན་ཏུ་བསྩལ་བ་ལ་ཕལ་ཆེར་བརྒྱུད་པ་སྣ་ཚོགས་ལས་བྱོན་པ་ཡིན་ཅིང༌། བཀའ་དགོངས་ཀྱི་རྒྱུད་རྣམས་དེ་དེའི་སྐབས་སུ་འབྱུང་བས་འདིར་སྨོས་མ་དགོས་པས་མཚོན། སྐབས་འདིར་རྩ་བའི་བཀླགས་ལུང་སྨིན་གླིང་ནས་བྱོན་པ་ཉིད་གཙོ་བོར་བྱས་ཏེ་འགོད་པ་ལ། རྩ་བར་གྱུར་པ་རྒྱུད་སྡེ་དང༌། དེ་ལས་འཕྲོས་པ་སྒྲུབ་སྡེ་དང་གཉིས་ལས། དང་པོ་ལ་བསྐྱེད་རྫོགས་གསུམ་ཡོད་པའི། དང་པོ་རྫོགས་ཆེན་ཨ་ཏི་ཡོ་ག་ལས། ཐོག་མར་སེམས་སྡེའི་སྐོར་ནི། ༼ཀ༽ པར། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་རྩ་བའི་རྒྱུད་ལེའུ་ང་བདུན་པ། དེའི་ཕྱི་མ་ཕྱི་མའི་ཕྱི་མ་དང་བཅས་པ་དྲིལ་བས་ལེའུ་བརྒྱད་ཅུ་རྩ་བཞི་པ་རྒྱ་གར་གྱི་མཁན་པོ་ཤྲཱི་སེང་ཧ་དང་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་བ། བྱང་ཆུབ་སེམས་ཀྱི་མདོ་འགྲེལ་ཆེན་པོ་བཅུ་དོན་འགྲེལ་ལྔ་ཡོངས་གཏད་དང་བཅས་པ། ལ་ཟློ་གསང་བའི་འཁོར་ལོ་ལེའུ་བཅུ་པ། བློ་ཐག་བཅས་ཅིང་བསྟན་པ་གཏད་པ་དང་བཅད་པ་བཤད་རྒྱུད་བཞི་ལ། ལྟ་བ་ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལེའུ་བཅུ་གསུམ་པ་རྒྱུད་གཏད་པ་དང་བཅས་པ། སྒོམ་པ་རྒྱ་མཚོ་དང་མཉམ་པ་རྙོགས་པ་མེད་པའི་རྒྱུད་ལེའུ་བདུན་པ་བསྟོད་པ་དང་བཅས་པ། སྤྱོད་པ་ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལེའུ་བཅུ་གཅིག་པ་རྗེས་སུ་ཡི་རང་བསྟོད་པ་དང་བཅས་པ། འབྲས་བུ་རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལེའུ་བཅུ་བཞི་པ་བསྟོད་པའི་མཇུག་བསྡུ་དང་བཅས་པ་རྣམས་ཤྲཱི་སེངྷ་དང་བཻ་རོའི་འགྱུར་ཏེ། ཀུན་བྱེད་ཆ་ལག་དང་བཅས་པ། དེ་རྣམས་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། མཁས་པ་ཉི་ཤུ་རྩ་གཅིག །སྒྲ་བསྒྱུར་བཻ་རོ་ཙ་ན། སྤང་སངས་རྒྱས་མགོན། སྦས་རཀྵི་ཏ། ཡ་ཟི་དར་མ་ཤེས་རབ། ཉང་སྟོད་ཟླ་བའི་སཻངྒ་མར་པ་ཁྲོམ་རྒྱལ། མར་པ་ཤེས་རབ་འོད། ཤངས་ཆུང་དར་མ་བསོད་གྲགས། ལྷ་རྗེ་སྒྲོ་ཕུག་པ། བཤེས་གཉེན་སྟོན་སྙིང༌། གླན་ཤཱཀྱ་བྱང་ཆུབ། གླན་རྡོ་རྗེ་འོད། གླན་བསོད་ནམས་རྒྱལ་མཚན། འགོས་དངོས་གྲུབ་མགོན། བླ་མ་ཤཱཀྱ་རྒྱལ་མཚན། བླ་མ་དཔལ་བཟང་པ། རྡོ་ཐོག་པ་རྡོ་རྗེ་རྒྱལ་མཚན། གཉལ་བདེ་ལེགས་པ། རོག་སྒྲུབ་འཇམ་དབྱངས་བཤེས་གཉེན། ཨར་དགེ་བ་ཆོས་དཔལ་རྒྱལ་མཚན། འཕྱམས་དགོན་པ་བསམ་གཏན་བཟང་པོ། གཏེར་སྟོན་རཏྣ་གླིང་པ། སྲས་ཚེ་དབང་གྲགས་པ། རྗེ་ངག་དབང་གྲགས་པ། མཉམ་མེད་ངག་དབང་ནོར་བུ། རྗེ་ནོར་བུ་ཡོངས་གྲགས། གཙུག་རྒྱན་ནོར་བུ་དབང་རྒྱལ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། བོན་ལུང་པ་ཚུལ་ཁྲིམས་རྒྱལ་མཚན། ཐུགས་སྲས་བསྟན་འཛིན་འགྱུར་མེད། གསུང་སྤྲུལ་ངག་དབང་ཀུན་བཟང་རྡོ་རྗེ། ཐུགས་སྲས་འགྱུར་མེད་མཆོག་གྲུབ་དཔལ་འབར། གསུང་སྤྲུལ་བསྟན་འཛིན་གྲུབ་མཆོག་རྡོ་རྗེ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཁྲི་ཆེན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཐམས་ཅད་མཁྱེན་པ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་དཔལ་བཟང་པོ། དེས་རྗེ་གུ་ཎ། མཁན་ཆེན་ངག་དབང་ལེགས་གྲུབ། བཀའ་འགྱུར་རིན་པོ་ཆེ་ཀློང་ཆེན་ཡེ་ཤེས་རྡོ་རྗེ། དེས་ཞལ་སྔ་ནས་བདག་མངྒ་ལ་ཐུགས་བརྩེ་བ་ཆེན་པོས་དགྱེས་ལེགས་བཞིན་བསྩལ་བའོ། །བརྒྱུད་པའི་རིམ་པ་མང་དུ་ཡོད་ཀྱང་བོན་ལུང་བར་བརྒྱུད་པ་ཐམས་ཅད་ཁ་འདྲིལ་དུ་འབབ་པས་འདིར་གཞན་རྣམས་མ་བྲིས་པས་གཏེར་ཆེན་རིན་པོ་ཆེའི་གསན་ཡིག་སོགས་སུ་གསལ་ལོ། སེམས་སྨད་བཅོ་བརྒྱད་ཀྱི་སྔ་འགྱུར་ལྔ་ནི། རུ༽ རྫོགས་པ་ཆེན་པོ་ས་གཅིག་པ་རིག་པའི་ཁུ་བྱུག་ཅེས་བྱ་བ་རྐང་པ་དྲུག །སེམས་སྒོམ་དོན་དྲུག་པ་རྐང་པ་གཅིག་གིས་དམན་པའི་ཤློ་ཀ་ལྔ། མན་ངག་རྩལ་ཆེན་ཤློ་ཀ་ཕྱེད་དང་དྲུག །བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་ཤློ་ཀ་བཅུ་བཞི། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལེའུ་དྲུག་པ་རྣམས། ཤྲཱི་སཻངྷ། བཻ་རོ་ཙ་ནས་དྷཱ་ཧེ་ནའི་འདུ་ཁང་དུ་བསྒྱུར་བ། ཕྱི་འགྱུར་བཅུ་གསུམ་ནི། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཤློ་ཀ་ཕྱེད་དང་བཅུ་གསུམ། ཡིད་བཞིན་ནོར་བུ་རྐང་པ་གཅིག་དང་བཅས་པས་ཚིགས་སུ་བཅད་པ་གསུམ། སྐྱེ་མེད་དོན་ཏིག་རྐང་པ་གཅིག་གིས་དམན་པའི་ཤློ་ཀ་བདུན། བདེ་འཇོམས་ཤློ་ཀ་ལྔ། ནམ་མཁའ་རྒྱལ་པོ་རྐང་པ་གཅིག་དང་བཅས་པའི་ཤློ་ཀ་བཅུ་གསུམ། རྗེ་བཙུན་དམ་པ་ཚིགས་བཅད་ཕྱེད་དང་དྲུག །རྩེ་མོ་བྱུང་རྒྱལ་ཤློ་ཀ་བརྒྱད། ཀུན་འདུས་ཤློ་ཀ་ཕྱེད་དང་བཅུ་གཉིས། སྲོག་གི་འཁོར་ལོ་ཤློ་ཀ་དགུ། མྱུ་གུ་ཐིག་ལེ་ཤློ་ཀ་དགུ། བདེ་བ་ཕྲ་བཀོད་ཤློ་ཀ་དྲུག །ཐེག་པ་སྤྱི་གཅོད་རྐང་པ་གཉིས་དང་བཅས་པའི་ཤློ་ཀ་བདུན། ཁམས་གསུམ་སྒྲོལ་མ་ཤློ་ཀ་ཕྱེད་དང་དྲུག་རྣམས་ལས། སྔ་འགྱུར་ལྔའི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། མཁས་པ་ཉེར་གཅིག །བཻ་རོ། གཡུ་སྒྲ་སྙིང་པོ། གཉགས་ཛྙཱ་ན་ཀུ་མཱ་ར། སོག་པོ་དཔལ་ཡེ། འོ་བྲན་དཔལ་གྱི་གཞོན་ནུ། གནུབས་སངས་རྒྱས་ཡེ་ཤེས། སོ་ཡེ་ཤེས་དབང་ཕྱུག །དན་ཡོན་ཏན་མཆོག །ངན་ཐུང་བྱང་ཆུབ་རྒྱལ་མཚན། ཀོང་ཐུང་ཤེས་རབ་ཡེ་ཤེས། ར་ཐུང་ཤེས་རབ་ཚུལ་ཁྲིམས། རོང་ཚུལ་ཁྲིམས་རྒྱལ་མཚན། སྒྲོ་གཙུག་ཏོར་གཞོན་ནུ། གླན་ཤཱཀྱ་བྱང་ཆུབ། གཙང་པ་དར་མ་རྡོ་རྗེ། འགོས་དངོས་གྲུབ་རྒྱལ་མཚན། སྲས་ཆུང་དགེ་སློང༌། འགོས་དངོས་གྲུབ་མན་སྔར་བཞིན་ནོ། །ཕྱི་འགྱུར་བཅུ་གསུམ་གྱི་བརྒྱུད་པ་ནི། ཤྲཱི་སེངྷ་ཡན་སྔར་ལྟར་ལ། དེ་ནས་པཎ་ཆེན་བི་མ་ལ་མི་ཏྲ། གཉགས་ཛྙཱ་ན་ཀུ་མཱ་ར་མན་སྔར་ལྟར་རོ། །སྔ་ཕྱི་གཉིས་ཀའི་ཉེ་བརྒྱུད་རྡོར་སེམས། དགའ་རབ། ཤྲཱི་སེདྷ་མན་སྔར་ལྟར་རོ། །སེམས་སྡེ་སྤྱིའི་སྐོར་ལ། བྱང་ཆུབ་ཀྱི་སེམས་རྩལ་ཆེན་ལེའུ་དགུ་པ། བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་ལེའུ་བཅུ་པ་ཤྲཱི་སེངྷ་དང༌། བཻ་རོས་ཞུས་ནས་འགྱུར་བ། ནམ་མཁའ་ཆེ་ཡི་གེ་མེད་པའི་རྒྱུད་ལེའུ་བརྒྱད་པ་གཏད་རྒྱ་དང་བཅས་པ་ཛྙཱ་ན་གརྦྷ་དང་བཻ་རོའི་འགྱུར། བྱང་ཆུབ་ཀྱི་སེམས་སྒོམ་རྡོ་ལ་གསེར་ཞུན་ལེའུ་མེད། བྱང་ཆུབ་སེམས་རྫོགས་པ་ཆེན་པོ་ཡེ་ཤེས་བདུན་འབྱུང་གི་རྒྱུད་ལེའུ་བརྒྱད་པ། བཀྲ་ཤིས་པའི་དཔལ་རིག་པའི་ཁུ་བྱུག་ལེའུ་ཉེར་བདུན་པ་ཤྲཱི་སཻངྷ་དང་བཻ་རོའི་འགྱུར། བཀྲ་ཤིས་མི་འགྱུར་གསལ་བར་གནས་པའི་རྒྱུད་ལེའུ་བཅུ་པ་བི་མ་ལ་དང༌། གཡུ་སྒྲའི་འགྱུར། རྒྱུད་ཀྱི་རྒྱལ་པོ་གསེར་གྱི་རུས་སྦལ་རྡོ་རྗེ་ཐེག་པ་རྩ་བའི་རྒྱུད་ལེའུ་སུམ་ཅུ་པ་བཻ་རོའི་འགྱུར། ཁྱུང་གྲགས་ཀྱི་གཏེར་མ། ༼ཁ༽ པར། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་ལེའུ་བཅུ་དྲུག་པ། བདེ་བ་ཆེན་པོ་བྱང་སེམས་རྨད་བྱུང་ལེའུ་ཞེ་གཉིས་པ་ཤྲཱི་སེངྷ་དང་བཻ་རོའི་འགྱུར། བྱང་ཆུབ་ཀྱི་སེམས་སྒོམ་པ་ཡི་གེ་མེད་པའི་རྒྱུད་སྐབས་དགུ་པ་ཤྲཱི་སཻངྷ་དང་བཻ་རོའི་འགྱུར། ཆོས་ཐམས་ཅད་སེམས་ཉིད་ཡེ་ཤེས་རྒྱལ་པོ་དངོས་གྲུབ་རང་བྱུང་དུ་དབང་བསྐུར་བའི་རྒྱུད་ལེའུ་མེད་པ། བྱང་སེམས་ཐིག་ལེ་རྒྱ་མཚོའི་གནས་ལ་འཇུག་པ་ལེའུ་བཅུ་པའི་མ་དང་གཡུ་སྒྲའི་འགྱུར། བྱང་སེམས་མན་ངག་རིན་ཆེན་ཕྲེང་བ། བང་མཛོད་འཕྲུལ་ལྡེ་ལེའུ་དྲུག་ཅུ་རེ་གཅིག་པ། བང་མཛོད་འཕྲུལ་ལྡེ་ལེ་མེད། ཡང་འབྱེད་འཕྲུལ་ལྡེ་ལེའུ་བཅུ་བཞི་པ། བང་མཛོད་འཕྲུལ་གྱི་མེ་ལོང་ལེའུ་བཅུ་པ་རྗེས་སུ་སངས་རྒྱས་ཡེ་ཤེས་ཀྱིས་སྣོད་མ་རྙེད་ནས་སྦས་པའི་ཚུལ། ཐག་རིང་དུ་འགྲོ་བ་ནམ་མཁའ་མཉམ་པའི་རྒྱུད་ལེའུ་ཉེར་ལྔ་པ། བྱང་ཆུབ་སེམས་འཁོར་ལོ་རྡོ་རྗེའི་རྒྱུད་ལེའུ་བཞི་ཛྙཱ་ན་གརྦྷ་དང༌། བཻ་རོའི་འགྱུར་ཕྱིས་སྐད་གསར་བཅད་ཀྱིས་བཅོས་པ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འཁོར་ལོའི་རྒྱུད་ལེའུ་བཅུ་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱས་པ་རྣལ་འབྱོར་པའི་རྒྱུད་ལེའུ་བཅུ་གཅིག་པ་ཛྙཱ་ན་གརྦྷ་དང་བཻ་རོའི་འགྱུར། ནམ་མཁའ་ཆེ་རྣལ་འབྱོར་མའི་རྒྱུད་ལེའུ་བཅོ་ལྔ་པ་ཛྙཱ་ན་གརྦྷ་དང་བཻ་རོའི་འགྱུར། རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ལེའུ་བཅུ་གསུམ་པ་བི་མ་དང་དཔལ་བརྩེགས་ཀྱི་འགྱུར། བྱང་ཆུབ་ཀྱི་སེམས་ཉ་མོ་བག་ལ་ཞ་པའི་རྒྱུད་ལེའུ་དྲུག་པ་བཻ་རོའི་འགྱུར། རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ལེའུ་དགུ་པ་བི་མ་དང་གཡུ་སྒྲའི་འགྱུར། བྱང་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལེའུ་དྲུག་པ་རོ་ལངས་བདེ་བ་ལ་གདམས་པ། རྨ་བྱ་མཇིང་བསྣོལ་ཕྱི་མ་མཐའི་མུན་སེལ་ལེའུ་ལྔ་པ། རྫོགས་པ་ཆེན་པོ་བཅོམ་ལྡན་འདས་དཔལ་གྱི་དཔལ་ཆོས་ཆེན་མོ་རྨད་དུ་བྱུང་བའི་རྒྱུད་ལེའུ་ཉི་ཤུ་པ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་ལེའུ་ལྔ་པ། ཤཱི་ལེནྡྲ་མི་ཏྲ་དང་མཇིང་གསལ་འབར་གྱི་འགྱུར། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལེའུ་སོ་དགུ་པའི་རྒྱུད་ཛྙཱ་ན་གརྦྷ་དང་གཡུ་སྒྲའི་འགྱུར། སྲོག་གི་འབྱུང་བ་ཞེས་བྱ་བའི་རྒྱུད་ལེའུ་བཅོ་ལྔ་པ་རྒྱ་གར་གྱི་མཁན་པོ་གཞོན་ནུ་བུམ་པའི་ཞབས་ཀྱི་འགྱུར། བྱང་ཆུབ་ཀྱི་སེམས་རྨད་བྱུང་ལེའུ་བཅུ་གཅིག་པ། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལེའུ་བདུན་པ་ཨཱ་ཙརྻ་དྲན་པ་ཡེ་ཤེས་ཀྱིས་བོད་ལ་བསྣམས་བྱོན་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་གསང་བ་སྙིང་པོ་རྣལ་མ་དོན་གྱི་རྒྱུད་ལེའུ་བཅུ་གཉིས་པ། བྱང་ཆུབ་སེམས་སྒོམ་པའི་རྒྱུད་ཐེག་པའི་སྙིང་པོ་ལེའུ་བཅུ་གཅིག་པ། ཀུན་ཏུ་བཟང་པོ་ཡེ་ཤེས་གསང་བར་སྟོན་པ་གསང་སྔགས་ཀྱི་ལམ་མཆོག་འདུས་པའི་རྒྱུད་ལེའུ་ལྔ་ཤྲཱི་སཻངྷ་དང་རྡོ་རྗེ་ཡང་དབང་གཏེར་གྱི་འགྱུར། སེམས་ལུང་ཆེན་མོའི་མདོ་གསང་སྤྱི་རྒྱུད་ལེའུ་ཉེར་ལྔ་བི་མ་དང་གཉགས་ལོས་བུ་ཚལ་དུ་འགྱུར་བ། རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལེའུ་ཉེར་གཅིག་པ་ཤྲཱི་སེངྷ་དང༌། བཻ་རོའི་འགྱུར་རྣམས་སོ། །དེ་དག་གི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། ཕྱག་རྡོར། དགའ་རབ། འཇམ་དཔལ་བཤེས་གཉེན། རྒྱལ་པོ་དྷ་ན་ཧཱ་ཏེ་ལོ། ཐུ་བོ་རཱ་ཛ། སྲས་མོ་མེ་ཏོག་གསལ། ཀླུ་ནཱ་གཱ་ཙརྻ། གནོད་སྦྱིན་མོ་བྱང་ཆུབ། སྨད་འཚོང་མ་བ་ར་ཎི། ཁ་ཆེའི་རྒྱལ་པོ་རབ་སྣང༌། སྨད་འཚོང་མ་བུདྡྷཱ་མ་ཏི། ཀུ་ཀུ་རཱ་ཛ་སྔོན་མ། ཨོ་རྒྱན་མཁན་པོ་མ་ཧཱ་ར་ཛ། ཨ་ཙཱརྻ་ཨཱ་ལོ་ཀེ །ཁྱིའི་རྒྱལ་པོ་ཕྱི་མ། བྷུ་ཏི་ཀུཊྚ། འཇམ་དཔལ་བཟང་པོ། དྲང་སྲོང་བྷ་ཥི་ཏི། སྨད་འཚོང་ཕྱི་མ་བདག་ཉིད་མ། ནཱ་གཱ་རྫུ་ན། ཤྲཱི་སེངྷ། དགེ་སློང་མ་ཀུན་དགའ་མོ། བི་མ་ལ་མི་ཏྲ། ཡང་ཤྲཱི་སཻངྷ་ནས་བཻ་རོ་ཙཱ་ནས། ཁྲི་སྲོང༌། གཡུ་སྒྲ། ཡང་ན། ཤྲཱི་སེངྷ་ནས། ཨོ་རྒྱན། བི་མ་ལ། བཻ་རོ་གསུམ་ཀ་ལ། གཉགས་ཛྙཱ་ན་ཀུ་མཱ་རས་གསན། དེས་དཔལ་གྱི་བུ་བརྒྱད་ལ་བཤད། ཉེ་བརྒྱུད་ནི། གཉགས་ཛྙཱ་ན་ཀུ་མཱ་ར་ནས། གཉགས་ཀླུའི་དབང་ཕྱུག །ང་ཀླུའི་རྒྱལ་མཚན། སྦ་ལུང་འཕགས་པ་ཤེས་རབ། འགོས་ཚུལ་ཁྲིམས་རྒྱལ་མཚན། ཡང་མདའི་ཞང་ཛྙཱ་ན་ཤེས་རབ། ཁམས་པ་ཡེ་ཤེས་ཚུལ་ཁྲིམས། འཇམ་སྙིང་དྲུང་གི་པ་ཚབ་སྟོད་གྲགས་ནག་ཤོད་པ། བྱང་ཆུབ་སྙིང་པོ། བྱང་སྒོམ་རིན་ཆེན་བཟང་པོ་གཉིས་ཀས་བྱར་པོ་འཇམ་དཔལ། དེས་ཤངས་པ་ནག་པོ། གླན་རྡོ་རྗེ་འོད། གླན་བསོད་ནམས་རྒྱལ་མཚན། འགོས་དངོས་གྲུབ་མགོན། དེ་མན་ཆད་སྤྱིའི་བརྒྱུད་པ་ནག་འབྱམས་དང༌། བྱེ་བྲག་གི་བརྒྱུད་པ། རུ༽ འི། རྟགས་ཅན་གྱི་བརྒྱུད་ལུགས་གཉིས་སྔར་ལྟར་རོ། །བསྐྱེད་པ་བློན་པོའི་རྒྱུད་ཀྱི་བྱེ་བྲག་གི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། གང་པོའི་བུ། ཨ་ཙཱརྻ་ཨཱ་ལོ་ཀེ །འཇམ་དཔལ་བཤེས་གཉེན། དྲང་སྲོང་བྷཥི་ཏ། སྨད་འཚོང་མ་བདག་ཉིད། ནཱ་གཱ་རྫུ་ན། ཁ་ཆེ་རབ་སྣང༌། སྨད་འཚོང་མ་སིདྡྷི། ཁྱི་རྒྱལ་ཕྱི་མ། བུདྡྷ་གུ་ཧྱ། འཇམ་དཔལ་བཤེས་གཉེན་ཕྱི་མ། ཤྲཱི་སེངྷ། དེ་ལ་དགེ་སློང་ཀུན་དགའ་མོ། སློབ་དཔོན་པདྨ་འབྱུང་གནས། བཻ་རོ་ཙ་ན་གསུམ་གྱིས་གསན་པ་མན་སེམས་སྡེ་སྤྱི་རྒྱུད་ལྟར་རོ། །སྡུད་པ་རྒྱལ་པོའི་སྐོར་གྱི་བརྒྱུད་པའི་བྱེ་བྲག་ནི། དགའ་རབ་ནས། རྒྱལ་པོ་ཏཱན་ཧ་ཏེ་ལོ། ཐུ་བོ་རཱ་ཛ་ཧསྟི། སྲས་མོ་བཱ་ར་ཎི། ཀླུ་རྒྱལ་འཇོག་པོ། རྒྱལ་པོ་ཡོན་ཏན་ཡན་ལག །རྒྱལ་པོ་མ་ཧཱ་ར་ཛ། སྲས་མོ་གོ་མ་དེ་ཝི། ཀུ་ཀུ་རཱ་ཛ། ཤྲཱི་སེངྷ་མན་ཆད་འདྲའོ། ༼ག༽ པར། ཀློང་སྡེའི་སྐོར་ལ། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ཅེས་བྱ་བ་ལེའུ་ཞེ་བརྒྱད་པ། ཀུན་བཟང་ནམ་མཁའ་ཆེ་རྩ་བ་བསྡུས་པ་སྐབས་བཅུ་བདུན་པ། མཇུག་ཏུ་རྡོར་སེམས་ཀྱི་བཅོམ་ལྡན་འདས་ལ་གསོལ་ཚུལ་དང་བཅས་པ་ཤྲཱི་སེངྷ་དང་བཻ་རོའི་འགྱུར། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་རིག་པ་རང་རྩལ་ཤར་བའི་རྒྱུད་ལེའུ་བཅུ་བཞི་པ་ཤྲཱི་སཻངྷ་དང་བཻ་རོའི་འགྱུར། རྡོ་རྗེ་སེམས་དཔའ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་ཉི་ཤུ་རྩ་བདུན་པ་ཤྲཱི་སེངྷ་དང་བཻ་རོས་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་བ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཀུན་ཏུ་བཟང་པོ་གསང་བ་སྙིང་པོ་བདེ་བ་ཆེན་པོ་སྤུ་གྲི་པདྨ་རལ་གྲི་འཁོར་ལོའི་རྒྱུད་ལེའུ་ཉེར་དྲུག་པ་ཤྲཱི་སེངྷ་དང་བཻ་རོའི་འགྱུར། ཡེ་ཤེས་གསང་བ་སྒྲོན་མེ་རིན་པོ་ཆེན་མན་ངག་གི་རྒྱུད་ལེའུ་བཅུ་དྲུག་པ་ཤྲཱི་སེངྷ་དང་བཻ་རོའི་འགྱུར། རིན་པོ་ཆེ་འཁོར་ལོའི་རྒྱུད་ལེའུ་བརྒྱད་པ། ཡེ་ཤེས་གསང་རྒྱུད་ལེའུ་བཅུ་གཉིས་པ་ཤྲཱི་སེངྷ་དང་བཻ་རོའི་འགྱུར། བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ལེའུ་བཅུ་པ་ཤྲཱི་སེངྷ་དང་བཻ་རོ་ཙ་ནས་དྷ་ཧེ་ནའི་འདུ་ཁང་བསྒྱུར་བ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀུན་ལ་འཇུག་པ་རྣམ་དག་སྟོན་པའི་རྒྱུད་ལེའུ་ལྔ་པ་བི་མ་མི་ཏྲ་དང༌། གཡུ་སྒྲ་སྙིང་པོའི་འགྱུར། བྱང་ཆུབ་ཀྱི་སེམས་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལེའུ་བཅུ་གཉིས་པ་ཤྲཱི་སེངྷ་དང་བཻ་རོའི་འགྱུར། རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལེའུ་བཞི། དེའི་རྒྱུད་ཕྱི་མ་ལེའུ་བཅུ་དྲུག་པ། རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ལེའུ་བཅུ་ཤྲཱི་སེངྷ་དང་བཻ་རོའི་འགྱུར་རྣམས་སོ། །དེ་རྣམས་ཀྱི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། དྷ་ན་ཧ་ཏེ་ལོ། ཐུ་བོ་རཱ་ཛ། སྲས་མོ་མེ་ཏོག་གསལ། ཀླུ་རྒྱལ་ནཱ་གཱ་ཙརྻ། གནོད་སྦྱིན་མོ་བྱང་ཆུབ། སྨད་འཚོང་མ་བ་ར་ནི། ཁ་ཆེ་གནས་བརྟན་རབ་སྣང༌། སྨད་འཚོང་བུདྡྷ་མ་ཏི། ཁྱི་རྒྱལ་ཀུ་ཀུ་རཱ་ཛ། ཨོ་རྒྱན་གྱི་དགེ་སློང་མ་ཧཱ་རཱ་ཛ། ཨ་ཙརྻ་ཨཱ་ལོ་ཀེ །ཁྱིའི་རྒྱལ་པོ་ཕྱི་མ། བུདྡྷ་གུཔྟ། འཇམ་དཔལ་བཟང་པོ། དྲང་སྲོང་བྷ་ཥི་ཏ། སྨད་འཚོང་ཕྱི་མ། ཤཱིནྟཾ་གརྦྷ། ནཱ་གཱ་རྫུ་ན། ཤྲཱི་སེངྷ། ཀུན་དགའ་མོ། བི་མ་ལ་མི་ཏྲ། བཻ་རོ་ཙཱ་ན། ཡང་ན་ཤྲཱི་སེངྷ། བཻ་རོ་ཙཱ་ན། དེ་ལ་ཁྲི་སྲོང་དང༌། གཡུ་སྒྲ་གཉིས་ཀྱིས་གསན། ཡང་ན་ཤྲཱི་སེངྷ་ལ་སློབ་དཔོན་པདྨས་གསན། པདྨ། བི་མ་ལ། བཻ་རོ་གསུམ་ལ། གཉགས་ཛྙཱ་ན་ཀུ་མ་རས་གསན། དེས་སློབ་མ་དཔལ་གྱི་བུ་བརྒྱད་ལ་བཤད། ཉེ་བརྒྱུད་ལྟར་ན་གཉགས་ཀྱིས་གཉགས་ཀླུའི་དབང་ཕྱུག་ལ། དེས་ཉང་པོ་ཀླུའི་རྒྱལ་མཚན། སྦ་ལུང་འཕགས་པ་ཤེས་རབ་མན་ཆད་སེམས་སྡེ་སྤྱི་བརྒྱུད་ལྟར་ལས། ནོར་བུ་དབང་རྒྱལ་ནས་གྱེས་པའི་རྟགས་ཅན་རྟགས་མེད་ཀྱི་བརྒྱུད་པ་སྤྱི་བྱེ་བྲག་གཉིས་ཀ་སྔར་བཞིན་ནོ། །ཡང་ན། ཐུབ་པ། ལྷའི་བུ་སེམས་ལྷག་ཅན་སོགས་ཀུན་བྱེད་ཀྱི་བརྒྱུད་པ་ཁམས་ལུགས་དང་ཅོག་རོ་ལུགས་ཀྱི་བྲག་ཟངས་ཕུའི་ཀོང་རབ་འཚོ་ཡན་སྔར་ལྟར་ལས། དེ་ནས་ལྷ་ལྕམ་ལྷ་དར། ལྷ་ལྕམ་སྒོམ་པ། ཕྱི་ཁར་མཆིན་ཡུལ་དུ་ཆི་མི་བྱང་ཆུབ་རྡོ་རྗེ། སྟག་ཚལ་གྱི་སྦོམ་སྒོམ་པོ་བྲག །ཡར་རྩེ་སྒོམ་པ་བྲག་དཀར། བན་དེ་གྲགས་པ་དཔལ། རྔོག་རྒྱལ་བ་བཀྲ་ཤིས་སོགས་སྔར་ལྟར་རོ། །རྡོ་རྗེ་གླིང་པས་ངམ་ཤོད་ཨོ་དཀར་བྲག་གི་རྟ་མགྲིན་ཕུག་པའི་དཀྱིལ་འཁོར་དབུས་ནས་སྤྱན་དྲངས་པའི་ལྟ་བ་ཀློང་ཡངས་ཆེན་པོའི་ལེའུ་ལྔ་བཅུ་རྩ་གསུམ་པའི་བརྒྱུད་པ་ནི། ཀུན་བཟང༌། རྣམ་སྣང༌། རྡོ་རྗེ་འཆང༌། རྡོ་རྗེ་སེམས་དཔའ་སོགས་རྫོགས་ཆེན་སྟོན་པ་བཅུ་གཉིས། དགའ་རབ། འཇམ་དཔལ་བཤེས་གཉེན། ཤྲཱི་སེངྷ། འཇམ་དཔལ་བཟང་པོ། ཨོ་རྒྱན་སངས་རྒྱས་གཉིས་པ། ལོ་ཆེན་བཻ་རོ། རྒྱལ་སྲས་རྡོ་རྗེ་གླིང་པ། བཀྲ་ཤིས་འབྱུང༌། ཆོས་དབྱིངས་རང་གྲོལ། ཆོས་རྗེ་རྣམ་གསུམ། བསོད་ནམས་མཚན་ཅན། བདེ་གཤེགས་མཆེད་གཉིས། འཛམ་གླིང་གྲགས་པ། པདྨ་གྲགས་པ། ལུང་རིགས་རྒྱ་མཚོ། གར་དབང་བཟང་པོ། བསྟན་འཛིན་རྣམ་རྒྱལ། ཆོས་དབང་ལྷུན་གྲུབ། རྗེ་གཏེར་བདག་གླིང་པ། པདྨ་འགྱུར་མེད་རྒྱ་མཚོ། གཅུང་ཡིད་བཞིན་ལེགས་གྲུབ། རྗེ་རཏྣ་བི་ཛ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། རྗེ་ཀརྨ་བི་ཛ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། རྡོར་འཛིན་ཚེ་དབང་བཟང་པོ། འགྱུར་མེད་བསྟན་འཛིན་འཕེལ་རྒྱས། རྗེ་གུ་ཎ་ནས་གོང་དང་འདྲ། ༼ང༽ པར། རྫོགས་པ་ཆེན་པོ་ཕྱི་ནང་གི་སྐོར་ལ། རིན་པོ་ཆེ་སྲིད་པ་བར་དོ་རང་སྣང་གི་རྒྱུད་ལེའུ་བཅུ་དྲུག་པ། ལྷ་མ་ཡིན་གཡུལ་ངོ་བཟློག་པའི་རྒྱུད་ལེའུ་སུམ་ཅུ་པ། རོ་སྲེག་ཐལ་བ་ནག་པོའི་རྒྱུད་ལེའུ་བཅུ་དྲུག་པ། དུམ་པ་གསུམ་པ་དུམ་མཚམས་སོ་སོར་སྐད་ཤན་སྦྱར་ཡོད་པ། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལེའུ་སོ་གསུམ་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ལེའུ་དགུ་པ་བི་མ་ལ་དང༌། གཉགས་ཛྙཱ་ནའི་འགྱུར། འཇམ་དཔལ་དགོངས་པ་འདུས་པ་གསང་སྔགས་ཆེན་པོའི་རྒྱུད་གཏེར་གྱི་སྙིང་པོ་ལེའུ་དྲུག་པ་རྗེས་སུ་ཡི་རང་དང་བཅས་པ་པདྨ་དང་དཔལ་བརྩེགས་ཀྱི་འགྱུར། སྐུ་གསུམ་གྱི་སྣང་བ་གསལ་བར་བར་དོ་ངོ་སྤྲོད་པ་ངོ་སྤྲོད་བཞིའི་རྒྱུད་ལེའུ་བརྒྱད་པ། རུ༽ དུར་ཁྲོད་ཕུང་པོ་འབར་བ་མན་ངག་གི་རྒྱུད་ལེའུ་བཅུ་གཅིག་པ་བི་མ་ལས་མངའ་བདག་ལ་གདམས་པ། རྡོ་རྗེ་ཡང་རྩེའི་རྒྱུད་ལེའུ་ཉེར་གཅིག་པ་སློབ་དཔོན་ཆེན་པོས་རྗེ་འབངས་གྲོགས་གསུམ་ལ་གདམས་པ། རྡོ་རྗེ་ཡང་ཏིག་གི་སྙིང་པོའི་ལེའུ་བཅོ་ལྔ་པ་ཧཱུྃ་སྐོར་པདྨ་འབྱུང་གནས་ཀྱིས་ནམ་སྙིང་ལ་གདམས་པ། སྙིང་པོ་རིན་པོ་ཆེ་ཐམས་ཅད་གཅིག་རྒྱུད་ལེའུ་ཉེར་གསུམ་པ་རྡོ་རྗེ་དྲག་མོས། གོ་མ་དེ་ཝི། པདྨ། དེས་རྗེ་འབངས་གྲོགས་གསུམ་ལ་གནང་བ། དམ་ཚིག་བཀོད་པ་ས་གཞིའི་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱན་ལེའུ་བཞི་པ། རུ༽ འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལེའུ་སོ་གཉིས་པ། ལྷ་རྒྱུད་རིན་པོ་ཆེའི་དབང་གི་འཁོར་ལོའི་རྒྱུད་རྒྱུད་ལུང་མན་ངག་གི་ཚད་མར་གྱུར་པ་ལེའུ་བཅུ་གསུམ་པ། རྡོ་རྗེ་གསང་བ་ཆེན་པོའི་སྐུ་རིན་པོ་ཆེ་དབྱིག་གི་སྒྲོལ་མ་ཤེས་རབ་ཆེན་པོའི་མདོ་ལེ་མེད་འགྱུར་བཞི་པའོ། །དེ་རྣམས་ཀྱི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། རྒྱལ་པོ་དྷ་ན་ཧཱ་ཏེ་ལོ། སྲས་ཐུ་བོ་རཱ་ཛ། པྲ་ཧསྟི། སྲས་མོ་མེ་ཏོག་གསལ། ཀླུའི་རྒྱལ་པོ་ནཱ་གཱ་ཙརྻ། གནོད་སྦྱིན་མ་བྱང་ཆུབ། སྨད་འཚོང་མ་བ་ར་ཎི། ཁ་ཆེ་རབ་སྣང༌། སྨད་འཚོང་མ་བུདྡྷ་མ་ཏི། སྲས་མོ་གོ་མ་དེ་བཱི། ཨཱ་ཙརྻ་ཨཱ་ལོ་ཀེ །ཀུ་ཀུ་རཱ་ཛ། དྲང་སྲོང་བྷ་ཥི་ཏ། སྨད་འཚོང་མ་བདག་ཉིད་མ། ནཱ་གཱ་རྫུ་ན། ཀུ་ཀུ་རཱ་ཛ་ཕྱི་མ། འཇམ་དཔལ་བཤེས་གཉེན་ཕྱི་མ། ལྷའི་མཁན་པོ་མ་ཧཱ་རཱ་ཛ། བུདྡྷ་གུཔྟ། ཤྲཱི་སེངྷ། དགེ་སློང་མ་ཀུན་དགའ་མོ། ལོ་ཆེན་བཻ་རོ། སྤང་སངས་རྒྱས་མགོན། སྦས་རཀྵི་ཏ། ཡ་ཟི་དར་མ་ཤེས་རབ། ཉང་སྟོད་སྨྲ་སེང༌། མར་པ་ཁྲོམ་རྒྱལ། མར་པ་ཤེས་རབ་འོད། ཤངས་ཆུང་དར་མ་བསོད་གྲགས། ལྷ་རྗེ་སྒྲོ་ཕུག །དགེ་བཤེས་སྟོན་སྙིང༌། གླན་ཤཱཀྱ་དབང་ཕྱུག །གླན་རྡོར་འོད། གླན་བསོད་རྒྱལ། འགོས་དངོས་གྲུབ་མགོན་མན་ཆད་རྟགས་མེད་སྤྱི་དང༌། རྟགས་ཅན་བྱེ་བྲག་གི་བརྒྱུད་ལུགས་གཉིས་ཀ་སྔར་ལྟར་རོ། །རྫོགས་པ་ཆེན་པོ་གསང་སྐོར་ལ། རུ༽ རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྤྱི་འགྲེལ་ཐིག་ལེ་ཀུན་གསལ་ཆེན་མོ་བཀླགས་པས་ཐམས་ཅད་ཤེས་པའི་རྒྱུད་ལེའུ་གོ་བདུན་པ་དཔལ་ལྡན་སེང་གེའི་འོད་ཅན་དང་བཻ་རོའི་འགྱུར། ཡེ་ཤེས་མར་མེའི་རྒྱུད་ལེའུ་གསུམ་པ་ལྔ་ལྡང་མའི་གཏེར། སངས་རྒྱས་རྡོ་རྗེ་སེམས་དཔའི་དགོངས་པ་ཚིག་གསུམ་པའི་རྒྱུད་ལེའུ་གསུམ་པ་ལྕེ་བཙུན་གྱིས་སྦས་པ་ལྕེ་སྒོམ་གྱིས་གཏེར་ནས་བཏོན་པ། མན་ངག་སྙིང་གི་དགོངས་པ་རྒྱལ་བའི་བཀའ་ལེའུ་བཅུ་བཞི་པ་ལྡང་མའི་གཏེར་མ། ཐིག་ལེ་ཀུན་འདུས་ཆེན་པོའི་རྒྱུད་ལེའུ་བཅུ་གཉིས་པ་མཇུག་ཏུ་ལེ་ཕྲན་ཞེ་བདུན་པའོ་ཞེས་ཡོད་པ། རུ༽ སྐུ་རྒྱུད་པདྨ་འཁྱིལ་བའི་རྒྱུད་ལེའུ་ཉེར་གཅིག་པ། གསུང་རྒྱུད་རྡོ་རྗེ་རྩེ་མོ་འདུས་པའི་རྒྱུད་ལེའུ་བཅུ་པ་བི་མ་ལ་དང༌། སྐ་ཅོག་ཞང་གསུམ་གྱི་འགྱུར། ཐུགས་ཀྱི་རྒྱུད་ཡེ་ཤེས་བླ་མ་ཆེན་པོ་ལེའུ་བདུན་པ། ཐིག་ལེ་གསང་བའི་རྒྱུད་ལེའུ་བཅུ་དགུ་པ། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རྒྱལ་མཚན་རྩེ་མོའི་རྒྱུད་ལེའུ་ལྔ་པ། རྡོ་རྗེ་སྲིན་པོ་རྣོ་བ་རྡོ་རྗེ་མཆུ་ཅན་གྱི་རྒྱུད། འཁོར་བ་དོང་སྤྲུགས་ཆེན་པོ་ལེའུ་བདུན་པ་བི་མ་ལས་མངའ་བདག་ལ་གདམས་པ། རུ༽ རྫོགས་པ་ཆེན་པོ་ཐིག་ལེ་གསང་བ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ལེ་མེད་རྣམས་སོ། །དེ་རྣམས་ཀྱི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། ཤྲཱི་སེངྷ། བི་མ་ལ་མི་ཏྲ། ཉང་ཏིང་འཛིན་བཟང་པོ། སྦས་བློ་གྲོས། འབྲོམ་རིན་ཆེན་འབར། ལྡང་མ་ལྷུན་གྲུབ་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །འ་སྒོམ་ཀླུ་བོ། བླ་མ་ཤེས་རབ་གྲགས། ལ་སྟོད་རྗེ་བཙུན་ཟླ་བ། རྒྱལ་བ་ཞང་སྟོན། ཞང་ཉི་འབུམ། ཞང་གུ་རུ་ཇོ་འབེར། འགོས་དངོས་གྲུབ་མགོན་མན་ཆད་རྟགས་མེད་སྤྱི་དང༌། རྟགས་ཅན་བྱེ་བྲག་གི་བརྒྱུད་ལུགས་སྔར་བཞིན་ནོ། ༼ཅ༽ །རྫོགས་པ་ཆེན་པོ་སྤྱི་ཏིའི་སྐོར་ལ། རུ༽ རྫོགས་པ་ཆེན་པོ་སྤྱི་ཏི་སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིག་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལེའུ་བཞི་བཅུ་པ་པདྨ་དང་དཔལ་བརྩེགས་ཀྱི་འགྱུར། མངའ་བདག་ཉང་གི་གཏེར་མ། དེའི་ཕྱི་མ་ལེའུ་ཞེ་གཅིག་པ་ནས་དོན་དགུའི་བར་ཡོད་པ། ཕྱི་མ་ཕྱི་མ་ལེའུ་བརྒྱད་ཅུ་པ་ནས་བརྒྱ་དང་བཅུའི་བར་ཡོད་པ་འགྱུར་གོང་འདྲ། རིན་པོ་ཆེ་བཅུད་ཀྱི་ཡང་སྙིང་ཐོག་མའི་གྲལ་ཐག་གཅོད་པ་རང་བྱུང་ཡེ་ཤེས་སྣང་སྲིད་གཏན་འབེབས་ཀྱི་སྤྲོས་གཅོད་རྩ་བའི་རྒྱུད་ལེའུ་བཅུ་གཅིག་པ་འགྱུར་དང་གཏེར་སྟོན་གོང་འདྲ། སྤྲོས་གཅོད་པ་སྡེ་ལྔའི་རྒྱུད་ལེའུ་བཅུ་བཞི་པ་གོང་འདྲ། རིན་པོ་ཆེ་བཅུད་ཐིག་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལེའུ་བཅོ་ལྔ་པ་ལོ་པཎ་དང་གཏེར་སྟོན་གོང་འདྲ། རིན་པོ་ཆེ་སྣང་གསལ་སྤྱི་འབར་བས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལེའུ་སོ་ལྔ་པ་ལོ་པཎ་གཏེར་སྟོན་གོང་འདྲ། རིན་པོ་ཆེ་སྤྱི་གནད་རྐྱེན་སེལ་ཐིག་ལེ་ཀུན་གསལ་གྱི་རྒྱུད་ལེའུ་དགུ་པ་ལོ་པཎ་དང་གཏེར་སྟོན་གོང་འདྲ། གཏེར་སྙིང་རིན་པོ་ཆེ་སྤུངས་པའི་རྒྱུད་ལེའུ་དགུ་པ་ལོ་པཎ་དང་གཏེར་སྟོན་གོང་འདྲ། ཐིག་ལེ་ཡེ་ཤེས་བཅུད་སྤངས་སྒྲོན་མ་འོད་འབར་བའི་རྒྱུད་ལེའུ་བཅུ་བདུན་པ་ལོ་པཎ་དང་གཏེར་སྟོན་གོང་འདྲ། བདུད་རྩི་བཅུད་ཐིགས་སྒྲོན་མ་བརྩེགས་པའི་རྒྱུད་ལེའུ་ཉེར་གཅིག་པ་ལོ་པཎ་དང་གཏེར་སྟོན་གོང་འདྲ། སྙིང་པོ་བཅུད་སྤུངས་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལེའུ་ཉི་ཤུ་པ་ལོ་པཎ་གཏེར་སྟོན་གོང་འདྲ། ཐུགས་ཀྱི་ཡང་སྙིང་དགོངས་པའི་བཅུད་འདུས་ཀ་དག་རྣམས་ཀྱི་གསང་སྟོན་བཅུད་དུ་དྲིལ་བ་མ་རིག་མུན་སེལ་ཉི་ཟླ་འབར་བའི་རྒྱུད་ལེའུ་བཅུ་གསུམ་པ་ལོ་པཎ་གཏེར་སྟོན་གོང་འདྲ། སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་འདུས་རི་བོ་རྩེགས་པའི་རྒྱུད་ལེའུ་ཉེར་གཅིག་པ་ལོ་པཎ་གཏེར་སྟོན་གོང་འདྲ། དྲི་མེད་ཀ་དག་གི་རྒྱུད་རིན་པོ་ཆེ་འོད་གསལ་ཆེན་པོ་ལེའུ་བཅུ་པ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩི་རྒྱ་མཚོ་འཁྱིལ་བའི་རྒྱུད་ལེའུ་གྱ་གཅིག་པ་ལོ་པཎ་གཏེར་སྟོན་གོང་འདྲ། སྐྱེ་མེད་ཀ་དག་ཟང་ཀའི་རྒྱུད་ལེའུ་བཅུ་པ་ལོ་པཎ་གཏེར་སྟོན་གོང་འདྲ། དེ་རྣམས་ཀྱི་བརྒྱུད་པ་ནི། ཀུན་བཟང༌། རྡོ་རྗེ་འཆང༌། རྡོར་སེམས། ཕྱག་རྡོར། དགའ་རབ། འཇམ་དཔལ་བཤེས་གཉེན། ཤྲཱི་སེངྷ། ཛྙཱ་ན་སཱུ་ཏྲ། ཨོ་རྒྱན་པདྨ། གཉགས་ཛྙཱ་ན། དཔལ་གྱི་བུ་བརྒྱད། གཉགས་ཀླུའི་དབང་ཕྱུག །ཉང་པོ་ཀླུའི་རྒྱལ་མཚན། སྦ་ལུང་འཕགས་པ་ཤེས་རབ། འབྲོག་མི་ཚུལ་ཁྲིམས་རྒྱལ་མཚན། ཞང་ཛྙཱ་ན་ཤེས་རབ། ཁམས་པ་ཡེ་ཤེས་ཚུལ་ཁྲིམས། པ་ཚབ་སྟོད་གྲགས་བྱང་ཆུབ་སྙིང་པོ། བྱང་སྒོམ་རིན་བཟང༌། དེ་གཉིས་ཀའི་བྱང་པོ་འཇམ་དཔལ། དེས་ཤངས་པ་ནག་པོ། གླན་རྡོར་འོད། གླན་བསོད་ནམས་རྒྱལ་མཚན། འགོས་དངོས་གྲུབ་མགོན། མན་ཆད་རྟགས་མེད་སྤྱི་དང༌། རུའི་རྟགས་ཅན་བྱེ་བྲག་རྣམ་གྲངས་ཀྱི་བརྒྱུད་ལུགས་གཉིས་ཀ་སྔར་ལྟར་རོ། །རྫོགས་པ་ཆེན་པོ་ཡང་ཏིའི་སྐོར་ལ། མ་རྒྱུད་སྤྲོས་བྲལ་དོན་གསལ་ཆེན་པོ་ལེའུ་བརྒྱ་དང་ཉི་ཤུ་རྩ་གསུམ་པ་ཨོ་རྒྱན་གྱིས་སྒྲ་རང་འགྱུར་མཛད་པ། གུ་རུ་ཆོས་དབང་གི་གཏེར་མའི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། ཤྲཱི་སེངྷ། ཨོ་རྒྱན་པདྨ། མཁར་ཆེན་བཟའ། ཁྲི་སྲོང༌། གུ་རུ་ཆོས་དབང༌། པདྨ་དབང་ཆེན། ཆོས་ཀྱི་རྒྱལ་མཚན། སངས་རྒྱས་ཀུན་སྒྲོལ། ཆོས་ཀྱི་རྡོ་རྗེ། ནོར་བུ་འཛིན་པ། ནོར་བུ་དོན་གྲུབ། སངས་རྒྱས་ནོར་བཟང༌། བཤེས་གཉེན་ཆོས་རྒྱལ། བསམ་འཕེལ་ནོར་བུ། ཆོས་ཀྱི་དབང་པོ། ཀརྨ་གུ་རུ། ཆོས་དབང་བསམ་འགྲུབ། ཆོས་དབང་ཀུན་བཟང༌། རིག་འཛིན་ཕྲིན་ལས་ལྷུན་གྲུབ། རྗེ་གཏེར་ཆེན་འགྱུར་མེད་རྡོ་རྗེ། རྗེ་རཏྣ་བི་ཛ་ཡ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། རྗེ་ཀརྨ་བི་ཛ་ཡ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཐམས་ཅད་མཁྱེན་པ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་དཔལ་བཟང་པོ། རྗེ་གུ་ཎ་མན་འདྲ། ཡང་ན་གཏེར་སྟོན་ནས། སྨན་ལུང་པ་ཤཱཀྱ་འོད། དྭགས་སྟོན། གཉན་སྟོན། སེ་ལྡིང་ཡབ་སྲས། ཆོས་འོད་པ། དཔལ་འབྱོར་དབང་ཕྱུག །ཆོས་ཀྱི་དབང་པོ། ཀརྨ་གུ་རུ་མན་འདྲ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ནམ་མཁའ་འབར་བའི་རྒྱུད་ལེའུ་བཞི་བཅུ་པ་ཤྲཱི་རཏྣ་བཛྲ་གྱིས་བཤད་ཅིང་དཔལ་ཧེ་རུས་བསྒྱུར་བ། རྒྱུད་ཐམས་ཅད་ཀྱི་སྤྱི་རྒྱུད་ཉི་ཟླ་བཀོད་པ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་པདྨ་དང་དཔལ་བརྩེགས་ཀྱིས་བསྒྱུར་བ་ཉང་གཏེར། ནམ་མཁའ་འབྲུག་སྒྲོགས་ཐོག་བབ་གློག་འདུས་སྤྱི་རྒྱལ་འཕྲུལ་གྱི་རྒྱ་མདུད་ལེའུ་བཅུ་པ་ལོ་པཎ་གཏེར་སྟོན་གོང་འདྲ། ལྟ་བ་ལ་ཤན་ཆེན་པོ་རིན་ཆེན་སྒྲོན་མ་རྩ་བའི་རྒྱུད་ལེའུ་བཅུ་བཞི་པ་ལོ་པཎ་གཏེར་སྟོན་གོང་འདྲ། ཡེ་ཤེས་རྩ་བའི་རྒྱུད་ཆེན་འཇམ་དཔལ་འདུས་པ་ལས་བསྡུས་པ་རྩ་རླུང་ཐིག་ལེའི་རྒྱུད་ལེའུ་བདུན་པ། ཡང་ཏི་ནག་པོ་བརྒྱུད་པ་གསུམ་པ་ལྟ་བ་ལ་ཐལ་གྱི་རྒྱུད་ལེ་མེད། ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པ་སྣང་བྱེད་སྤུ་གྲིའི་རྒྱུད་ལེ་མེད། ཡང་ཏི་ཀུན་བཟང་སྲོག་གི་ཐིགས་པ་འབྲས་བུ་ཡེ་གྲོལ་ཆེན་པོའི་རྒྱུད་ལེ་མེད། རུ༽ ཡང་ཏི་ཐིག་ལེ་མཐོང་རྡོལ་གྱི་རྒྱུད་རིག་པ་བཅུད་ཕྱུང་གི་བརྡ་སྲོག་གི་མཆན་ལེ་མེད། ཡང་ཏི་ནག་པོ་སྲོག་གི་འཁོར་ལོའི་རྒྱུད་ལེ་མེད། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་ལེའུ་ཉེར་བཞི་པ་པདྨ་དང་དཔལ་བརྩེགས་ཀྱི་འགྱུར་ཉང་དང་སྙེ་མོ་ཞུ་ཡས་ཀྱི་གཏེར་མའོ། །དེ་རྣམས་ཀྱི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། ཤྲཱི་སེངྷ། ཨོ་རྒྱན། ཁྲི་སྲོང༌། གཉགས་ཛྙཱ་ན། དཔལ་གྱི་བུ་བརྒྱད། ཡང་ན་གཉགས་ཛྙཱ་ན་ནས། གཉགས་ཀླུའི་བྱང་ཆུབ། དེས་ཉང་པོ་ཀླུའི་རྒྱལ་མཚན། སྦ་ལུང་འཕགས་པ་ཤེས་རབ། འབྲོག་མི་ཚུལ་རྒྱལ། ཞང་ཛྙཱ་ན་ཤེས་རབ། ཁམས་པ་ཡེ་ཚུལ། པ་ཚབ་སྟོད་གྲགས། ཡེ་ཤེས་སྙིང་པོ། རིན་ཆེན་བཟང་པོ། བྱང་པོ་འཇམ་དཔལ། ཤངས་པ་ནག་པོ། གླན་རྡོར་འོད། གླན་བསོད་ནམས་རྒྱལ་མཚན། འགོས་དངོས་གྲུབ་རྒྱལ་མཚན། སྲས་བསམ་འགྲུབ་འཕེལ། འགོས་དངོས་གྲུབ་མགོན་མན་ཆད་སྤྱི་དང༌། རྟགས་ཅན་བྱེ་བྲག་གི་བརྒྱུད་པ་གཉིས་ཀ་སྔར་བཞིན་ནོ། ༼ཆ༽ པར། ཡང་ཏི་བྲམ་ཟེའི་སྐོར་ནི། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་རྒྱུད་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་རིན་པོ་ཆེ་རྣམ་པར་བཀོད་པའི་རྒྱུད་ལེའུ་གྱ་གཅིག་པ་བི་མ་ལ་དང་ཨཱ་ཙརྻ་དྲན་པ་ཡེ་ཤེས་ཀྱི་འགྱུར། རུ༽ རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བ་རྩད་གཅོད་ཀྱི་ལེའུ་བདུན་པ། རྫོགས་པ་ཆེན་པོ་འཁོར་བ་རྩད་གཅོད་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་རིན་པོ་ཆེ་གཏེར་གྱི་འབྱུང་གནས་ལེའུ་ཉེར་བཞི་པ། རུ༽ རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལེའུ་གསུམ་པ་འགྱུར་གོང་འདྲ། འབྲོམ་རིན་ཆེན་འབར་གྱི་གཏེར་མ། རུ༽ རྫོགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་བཀའ་བགྲོས་པའི་དོན་རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལེའུ་ལྔ་པ་སྟེ་འགྱུར་གོང་འདྲ། རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་སངས་རྒྱས་ཐམས་ཅད་འབྱུང་བའི་རྒྱུད་ཡེ་ཤེས་ཆོས་ཀྱི་སྐུ། དོན་འདུས་རིག་པའི་གསུང་གསང་ཐུགས་ཀྱི་ཏིང་འཛིན་རང་བྱུང་བདེ་བ་འཁོར་ལོ་མཐར་ཕྱིན་འབྲས་བུའི་རྒྱུད་ལེའུ་ཉེར་བདུན་པ་འགྱུར་གོང་འདྲ་འབྲོམ་གཏེར། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་རིན་པོ་ཆེ་གསེར་གྱི་ཡང་ཞུན་ལེའུ་སོ་བདུན་པ་འགྱུར་གོང་འདྲ། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལེའུ་ཉེར་བདུན་པ་བི་མ་ལ་དང་གཉགས་ཀྱི་འགྱུར། རུ༽ རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལྟ་སྒོམ་ཐམས་ཅད་ཀྱི་སྙིང་པོ་རིན་པོ་ཆེ་རྣམ་པར་བཀོད་པ་ཞེས་བྱ་བའི་རྒྱུད་ལེའུ་ཉིས་བརྒྱ་སྡོམས་སུ་བསྡུས་པ་ཞེ་བཞི་པ། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང་རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལེའུ་སོ་གསུམ་པ་བི་མས་ཉང་ཏིང་འཛིན་བཟང་པོར་གཏད་པ། རུ༽ རྫོགས་པ་ཆེན་པོ་མ་རིག་མུན་པ་རབ་ཏུ་གསལ་བར་བྱེད་པ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལེའུ་ཞེ་གཅིག་པ་བི་མ་དང་དྲན་པ་ཡེ་ཤེས་ཀྱི་འགྱུར། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོའི་རྒྱུད་རིན་པོ་ཆེ་བཀོད་པ་མན་ངག་ཐམས་ཅད་སྙིང་པོ་ཡང་སྙིང་རིན་པོ་ཆེ་གཏེར་གྱི་སྒྲོན་མ་མི་ནུབ་པའི་རྒྱལ་མཚན། རྡོ་རྗེ་སེམས་དཔའ་མན་ངག་ཁོང་དོན་གསང་བ་ཡང་གསང་གི་རྒྱུད་ལེའུ་ཉེར་བརྒྱད་པ་བི་མ་ལ་དང་གཉགས་ཛྙཱ་ནས་བུ་ཚལ་དུ་བསྒྱུར་བ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལེའུ་བཅུ་བཞི་པ་ཤྲཱི་སེངྷ་དང༌། པྲ་བྷ་ཏ་དང༌། གནུབས་སངས་རྒྱས་ཡེ་ཤེས་ཀྱི་འགྱུར། དེའི་རྒྱུད་ཕྱི་མ་ལེའུ་བཞི་པ་འགྱུར་གོང་འདྲ། དེའི་ཡང་ཕྱི་མ་ལེའུ་བཞི་པ་འགྱུར་གོང་འདྲ། དེའི་ཕྱི་མའི་ཕྱི་མ་མཐར་ཐུག་གི་རྒྱུད་ལེའུ་བཞི་པ་འགྱུར་གོང་འདྲ། ཡང་ཕྱི་མ་གསང་བའི་རྒྱུད་ལེའུ་བཞི་པ་རྣམས་སོ། །ཡང་ཏི་ཡེ་ཤེས་འཁོར་ལོའི་རྒྱུད་ལེའུ་བཞི་པ་རྣམས་སོ། །ཡང་ཏི་ཡེ་ཤེས་འཁོར་ལོའི་རྒྱུད་ལེའུ་བདུན་པ། རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལེའུ་བཅུ་དགུ་པ། འཇམ་དཔལ་ཡེ་ཤེས་འདུས་པ་ཡང་ཏི་འབྲུ་གཅིག་པའི་རྒྱུད་ལེའུ་བཅུ་དྲུག་པ། འཕགས་སྤྱན་རས་གཟིགས་ཏིང་ངེ་འཛིན་རྩེ་གཅིག་པ་འཁྲུལ་པ་རྐྱེན་ཐུབ་ཀྱི་རྒྱུད་ལེའུ་བཅུ་གསུམ་པའོ། །དེ་རྣམས་ཀྱི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། བྲམ་ཟེ་བདེ་མཆོག་སྙིང་པོ། ཤྲཱི་སེངྷ། བི་མ་ལ་མི་ཏྲ། ཉང་ཏིང་འཛིན་བཟང་པོ། འབྲོམ་ཡེ་ཤེས་སྙིང་པོ། ཉང་དབང་ཕྱུག་རྒྱ་མཚོ། དན་ཡོན་ཏན་མཆོག །ངན་ཐུང་བྱང་ཆུབ་རྒྱལ་མཚན། ཀོང་ཐུང་ཤེས་རབ་རྒྱལ་མཚན། འབྲེ་གཙུག་ཏོར་ཤེས་རབ། གླན་ཤཱཀྱ་དབང་ཕྱུག །གཉོས་ཆུ་བོ་རི་པ། གླན་རྡོ་རྗེ་འོད། འགོས་དགེ་སློང༌། འགོས་དངོས་གྲུབ་མགོན་མན་ཆད་སྤྱི་དང་རྟགས་ཅན་གྱི་བརྒྱུད་པ་གཉིས་ཀ་སྔར་བཞིན་ནོ། ༼ཇ༽ །ཤིན་ཏུ་ཟབ་པ་ཡང་གསང་བླ་ན་མེད་པ་བཅུ་བདུན་གྱི་སྐོར་ནི། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལེའུ་ཉེར་ལྔ་པ། གསང་བ་ཡི་གེ་མེད་པ་རིན་པོ་ཆེ་རྒྱལ་མཚན་གྱི་རྒྱུད་ལེའུ་དྲུག་པ། རིག་པ་རང་ཤར་མན་ངག་གི་རྒྱུད་ལེའུ་བརྒྱད་ཅུ་རྩ་དྲུག་པ། རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལེའུ་བཅུ་པ། རིན་ཆེན་སྤུངས་པའི་རྒྱུད་ལེའུ་ལྔ་པ། སྐུ་གདུང་འབར་བ་ཆེན་པོའི་རྒྱུད་ལེའུ་གསུམ་པ། ༼ཉ༽ པར། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལེའུ་དྲུག་པ། བཀྲ་ཤིས་མཛེས་ལྡན་གྱི་རྒྱུད་ལེའུ་ལྔ་པ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལེའུ་བརྒྱད་པ། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ལེའུ་བཞི་པ། ངོ་སྤྲོད་སྤྲས་པའི་རྒྱུད་ལེའུ་གསུམ་པ། མུ་ཏིག་ཕྲེང་བའི་རྒྱུད་ལེའུ་བརྒྱད་པ། ཀུན་ཏུ་བཟང་མོ་ཀློང་དྲུག་གི་རྒྱུད་ལེ་སྐབས་དྲུག་པ། སྒྲོན་མ་འབར་བའི་རྒྱུད་ལེའུ་བཞི་པ། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལེའུ་བཞི་པ། སེང་གེ་རྩལ་རྫོགས་ཀྱི་རྒྱུད་ལེའུ་བཅུ་གསུམ་པ། ནོར་བུ་ཕྲ་བཀོད་ཀྱི་རྒྱུད་ལེའུ་བཅུ་བཞི་པ། འདི་དག་བི་མ་ལ་དང་སྐ་ཅོག་གཉིས་ཀྱིས་བསྒྱུར་བའོ། །ཁྲོས་ནག་གསང་བ་སྙིང་རྒྱུད་ལེའུ་སོ་གཅིག་པ། ཚངས་པར་སྤྲུལ་ནས་གསུངས་པའི་རྒྱུད་ལེའུ་ཞེ་གཅིག་པ། ཡང་སྤྲུལ་མུ་སྟེགས་བདུད་དུ་སྤྲུལ་ནས་གསུངས་པའི་ལེའུ་ལྔ་པ་རྣམས་སོ། །དེ་དག་གི་བརྒྱུད་པ་ནི། ཀུན་བཟང༌། ཞི་ཁྲོ་རབ་འབྱམས། རྡོ་རྗེ་འཆང༌། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། ཤྲཱི་སེངྷ། ཛྙཱ་ན་སཱུ་ཏྲ། བི་མ་ལ་མི་ཏྲ། ཉང་ཏིང་འཛིན་བཟང་པོ། ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །ཞང་སྟོན་བཀྲ་ཤིས་རྡོ་རྗེ། མཁས་པ་ཉི་འབུམ། གུ་རུ་ཇོ་འབེར། སེང་གེ་རྒྱབ་པ། མེ་ལོང་རྡོ་རྗེ། ཀུ་མ་རཱ་ཛ། ཀུན་མཁྱེན་ཆེན་པོ། ལྡན་སྒོམ་ཆོས་གྲགས། བསོད་ནམས་དཔལ་ལྡན། ཆོས་ཀྱི་རྡོ་རྗེ། དྲིན་ཆེན་མ་ཎི་བྷ་དྲ། སངས་རྒྱས་སེང་གེ །ནམ་མཁའ་རྒྱལ་མཚན། ཁྲ་ཚང་པ་ནམ་མཁའ་ཚེ་དབང༌། ཀརྨ་གུ་རུ། ཀུན་བཟང་དཔལ་འབྱོར། མདོ་སྔགས་བསྟན་འཛིན། གསང་བདག་ཕྲིན་ལས་ལྷུན་གྲུབ། རྗེ་གཏེར་བདག་གླིང་པ། རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། རྗེ་འགྱུར་མེད་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། རྗེ་ཀརྨ་བི་ཛ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཐམས་ཅད་མཁྱེན་པ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་དཔལ་བཟང་པོ། རྗེ་གུ་ཎ་མན་འདྲ། ༼ཏ༽ གཉིས་པ་ལུང་ཨ་ནུ་ཡོ་གའི་སྐོར་ལ། དེམས་སུ་གྲགས་པ་སྤྱི་མདོ་དགོངས་པ་འདུས་པ་ལེའུ་བདུན་ཅུ་རྩ་ལྔ་པ་བྱུང་ཚུལ་བསྟན་པ་བཅུ་གཉིས་པ་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་བྲུ་ཤའི་ཁྲོམ་དུ་བསྒྱུར་བ། མདོ་བཞི་ལས། དང་པོ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལེའུ་སུམ་ཅུ་རྩ་དྲུག་པ་པདྨ་སཾ་བྷ་ཝ་དང་བཻ་རོའི་འགྱུར། གཉིས་པ་དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་ལེའུ་བཅུ་བཞི་པ། གསུམ་པ་ཡེ་ཤེས་རྔམས་པ་གློག་གི་འཁོར་ལོའི་མདོ་ལེའུ་བཅུ་བདུན་པ་བི་མ་ལ་དང་ཅོག་རོའི་འགྱུར། བཞི་པ་སེམས་ལུང་ཆེན་མོའི་མདོ་ལེའུ་བཞི་པ། ༼ཐ༽ པར། ལྟ་བ་ཐམས་ཅད་ཀྱི་རྒྱལ་པོ་ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལེའུ་སོ་གཅིག་པ་མཇུག་ཏུ་ཆེ་བ་བརྗོད་པ་དང་བཅས་པ། དབང་ཐམས་ཅད་ཀྱི་རྒྱལ་པོ་དབང་བསྐུར་རྒྱལ་པོའི་རྒྱུད་ལེའུ་བཅུ་པ། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་ལེའུ་བཅུ་གཅིག་མཇུག་དོན་རྫོགས་མཐའ་ཅན། ཕྲིན་ལས་ཐམས་ཅད་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད་ལེའུ་བདུན་པ་མཇུག་ཏུ་ཕན་ཡོན་རྫོགས་བྱང་ཅན། སྤྱོད་པ་ཐམས་ཅད་ཀྱི་རྒྱལ་པོ་བརྩོན་པ་དོན་ལྡན་གྱི་རྒྱུད་ལེའུ་དྲུག་པ། དམ་ཚིག་ཐམས་ཅད་ཀྱི་རྒྱལ་པོ་དམ་ཚིག་བཀོད་པའི་རྒྱུད་ལེའུ་སོ་བཞི་པ། ཞི་བ་ལྷ་རྒྱུད་ལེའུ་དགུ་པ་པྲ་པ་ཏཱ་དང་པདྨ་རུ་རྩིའི་འགྱུར། རུ༽ ཆོས་ཉིད་ཞི་བ་ལྷ་རྒྱུད་ལེ་མེད་བི་མ་དང་གཉགས་ཀྱི་འགྱུར། རུ༽ ཁྲོ་བོ་ལྷ་རྒྱུད་ཆེན་མོ་ལེའུ་བདུན་པ་པྲ་པ་ཏཱ་དང་པདྨ་རུ་རྩེའི་འགྱུར། ཁྲོ་བོ་ལྷ་རྒྱུད་ཀྱི་རྟོགས་པ་ལེ་མེད་རྫོགས་བྱང་གི་མཐའ་ཅན། ཐུགས་རྗེ་ཆེན་པོ་ཤ་ཁྲག་རུས་པའི་གཏོར་རྒྱུད་ཆེན་པོ་ལེའུ་ཉེར་ལྔ་པ་ཡན་གྱི་རྩ་བ་རྫོགས་མཐའ་ཅན་དང༌། དེ་ནས་ཕྱི་མ་ཉེར་དྲུག་པ་ནས་ཞེ་བཞིའི་བར་ཡོད་པ་པདྨ་དང་བི་མ་ནམ་སྙིང་གསུམ་གྱི་འགྱུར། ཕྱིས་བ་སུ་དྷཱ་ར་ལ་སངས་རྒྱས་ཡེ་ཤེས་ཀྱི་ཞུས་པ། རྣལ་འབྱོར་ནང་པའི་ཚོགས་རྒྱུད་ཀྱི་ལེའུ་བརྒྱད་ཕྱི་མ་དང་བཅས་པར་བཅོ་ལྔ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་གསར་བཅད་ཀྱིས་བཅོས་པ། དཔལ་འབར་ཁྲོ་མོ་བདུད་རྩི་ཐིག་པའི་རྒྱུད་ལེ་མེད། སློབ་དཔོན་རྡོ་རྗེ་གྲོ་ལོད་དང་ཞང་དྲུང་གིས་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རཀྟ་དམར་གྱི་རྒྱུད་ལེའུ་བཅོ་ལྔ་པ་འགྱུར་སྔ་མ་བཞིན་ནོ། །རིན་པོ་ཆེ་མེ་ལྷ་ཞི་བར་གྱུར་པ་འབར་བའི་རྒྱུད་ལེའུ་ཉེར་དྲུག་པ། ཁྲོ་བོ་སྦྱིན་སྲེག་དུར་ཁྲོད་མོའི་རྒྱུད་ལེའུ་དུམ་དུམ་མཐའ་ཐ་སྙད་ཅན། སྐུ་གདུང་འབར་བ་སཱཙྪ་མཆོད་རྟེན་གྱི་རྒྱུད་ལེའུ་དགུ་པ་བི་ཤྭ་མི་ཏྲ་དང༌། གྱི་ལྗང་དབུ་དཀར་གྱི་འགྱུར། རྡོ་རྗེ་ཧཱུྃ་མཛད་ཆེན་པོའི་རྒྱུད་ལེའུ་བཅུ་གཅིག་པ། རྡོ་རྗེ་ཁྲོ་ལོད་དང་ཞང་དྲུང་གི་འགྱུར། ཟླ་གསང་ཆེན་པོའི་མདོ་ལེའུ་ཉེར་ལྔ་པའོ། །དེ་རྣམས་ཀྱི་བརྒྱུད་པ་སྤྱི་སྒོས་གཉིས་ལས། སྤྱི་རྒྱུད་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། རིགས་ལྔའི་སངས་རྒྱས། རིགས་གསུམ། ལྷ་ཀླུ་གནོད་སྦྱིན་གསུམ། ཕྱག་ན་རྡོ་རྗེ། རྒྱལ་པོ་ཛཿ སྲས་ཨིནྡྲ་བྷཱུ་ཏི། ནཱ་ག་པུ་ཏྲི། གུ་ཎ་པུ་ཏྲི། ཀུ་ཀུ་རཱ་ཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། པྲ་བྷསྟི། ཤཱཀྱ་སེང་གེ །ཤཱཀྱ་མི་ཏྲ། ཤཱཀྱ་སེང་གེ །ཤཱཀྱ་པྲ་བྷ། དྷ་ན་རཀྵི་ཏ། ཧཱུྃ་ཀ་ར། སྠི་ར་མ་ཏི། བདེ་བ་གསལ་མཛད། བྲུ་ཤའི་མཁན་པོ་ཆེ་བཙན་སྐྱེས། སློབ་དཔོན་བ་སུ་དྷཱ་ར། དྷརྨ་བོ་དྷི། གནུབས་སངས་རྒྱས་ཡེ་ཤེས། ཁུ་ལུང་ཡོན་ཏན་རྒྱ་མཚོ། རྒྱ་བློ་གྲོས་བྱང་ཆུབ། ཐོ་གར་ནམ་མཁའ་སྡེ། སྣ་ནམ་ཞལ་ཡོན། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས། ཡང་མཁྱེན་བླ་མ། སྒྲོ་ཕུག་པ། ཁ་རག་སྟོན་སྙིང༌། གླན་རྡོ་རྗེ་འོད། ཡང་ཁར་ཆགས་དཔལ། ལྡན་མ་རྡོར་འོད། འགོས་དགེ་སློང༌། འགོས་དངོས་གྲུབ་མགོན། འགོས་ནོར་བུ། བླ་མ་རྒྱལ་མཚན། དེ་མིན་སྤྱི་དང་རུའི་རྟགས་ཅན་གཉིས་ཀ་སྔར་བཞིན་ནོ། །ཁུ་བྱུག་རོལ་པའི་སྒོས་བརྒྱུད་ནི། སྟོན་པ་མཆོག་གི་རྒྱལ་པོ། རྒྱལ་བ་རིགས་ལྔ། རིགས་གསུམ། རྒྱལ་པོ་ཛཿ ཨིནྡྲ་བྷུ་ཏི། ནཱ་ག་པུ་ཏྲི། གུ་ཧྱ་པུ་ཏྲི། ཀུ་ཀུ་རཱཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། པྲ་ཧསྟི། ཤཱཀྱ་སེང་གེ ཱདྷ་ན་རཀྵི་ཏ། སྠི་ར་མ་ཏི། བདེ་བ་གསལ་མཛད། དྷརྨ་བོ་དྷི། གནུབས་སངས་རྒྱས་ཡེ་ཤེས། ཡོན་ཏན་རྒྱ་མཚོ། རྒྱ་བློ་གྲོས་བྱང་ཆུབ། ཐོ་གར་ནམ་མཁའ་སྡེ། སྣ་ནམ་ཞལ་ཡོན། ཟུར་པོ་ཆེ། ཡང་ན་རྒྱ་བློ་གྲོས་བྱང་ཆུབ་ནས། ཁུ་བསོད་ནམས་རྒྱལ་མཚན། ཟུར་ཆེན། ཟུར་ཆུང༌། གླན་ཤཱཀྱ་བཟང༌། གཉལ་སྟོན་ཤཱཀྱ། ཁ་རག་སྟོན་སྙིང༌། ཡོན་ཏན་འཇམ་དཔལ། དམ་པ་གཙང་ཆུང༌། འགོས་དངོས་གྲུབ་རྒྱལ་མཚན། འགོས་དངོས་གྲུབ་མགོན། བླ་མ་ཤཱཀྱ་བཟང་པོ་མན་བརྒྱུད་ལུགས་གཉིས་ཀ་སྔར་ལྟར་རོ། །སེམས་ལུང་ཆེན་མོའི་སྒོས་བརྒྱུད་ནི། ཀུན་བཟང༌། རྡོར་སེམས། ཕྱག་རྡོར། རྒྱལ་པོ་ཛཿ ནཱ་ག་བོ་དྷི། ཀུ་ཀུ་རཱ་ཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། པྲ་ཧསྟི། ཤཱཀྱ་སེང་གེ །ཤཱཀྱ་པྲ་བྷ། ཤཱཀྱ་མི་ཏྲ། དྷ་ན་རཀྵི་ཏ། སྠི་ར་མ་ཏི། བདེ་བ་གསལ་མཛད། དྷརྨ་བོ་དྷི། གནུབས་ཆེན། ཡོན་ཏན་རྒྱ་མཚོ། རྒྱ་བློ་གྲོས་བྱང་ཆུབ། སྣ་ནམ་ཚུལ་ཁྲིམས། ཐོ་གར་ནམ་མཁའ་སྡེ། ཟུར་ཆེན། ཟུར་ཆུང༌། ཐུགས་སྲས་ཀ་བ་བཞི། གདུང་བརྒྱད། ཟུར་སྒྲོ་ཕུག་པ། རྩག་ཚ་ཤཱཀ་རྡོར། རྩག་ཚ་ཤཱཀ་འབྱུང༌། གླན་རྡོར་འོད། འགོས་དགེ་སློང༌། འགོས་དངོས་གྲུབ་མགོན་སོགས་སོ། །ཀུན་འདུས་རིག་པ་གོང་འོག་གི་བརྒྱུད་པ་ནི། ཀུན་བཟང༌། རིགས་ལྔ། རིགས་གསུམ། རྒྱལ་པོ་ཛཿ ཨིནྡྲ་བྷུ་ཏི། དེ་ནས་སྣ་ནམ་ཞལ་ཡོན་བར་སྔར་ལྟར་ལས། དེ་ནས་ཟུར་པོ་ཆེ། འབངས་རྩེ་མོ་བཞི། ཐུགས་སྲས་ཀ་བ་བཞི། གདུང་མ་བརྒྱད། རྗེ་ཉ་རི་བ། རྩག་ཚ་ཤཱཀ་རྡོར་མན་སྔར་ལྟར་རོ། ༼ད༽ པར། གསུམ་པ་བསྐྱེད་པ་མ་ཧཱ་ཡོ་གའི་སྐོར་ལ་ཏནྟྲ་སྡེ་བཅོ་བརྒྱད་ལས། དང་པོ་ཐམས་ཅད་ཀྱི་རྩ་བར་གྱུར་པ་བསྡུས་དོན་ལྟ་བུའི་སྒྱུ་འཕྲུལ་སྐོར་ནི། སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་རྩ་རྒྱུད་གསང་བ་སྙིང་པོ་ལེའུ་ཉེར་གཉིས་པ་བི་མ་ལ་དང་རྨ་གཉགས་ཀྱི་འགྱུར། དེའི་བཤད་རྒྱུད་སྐོར་ལ་ཕྱི་མཐའ་ལེའུ་ལྔ་པ་ཛྙཱ་ན་གརྦྷ་དང༌། བཻ་རོའི་འགྱུར། སྒྱུ་འཕྲུལ་རྒྱས་པ་ལེའུ་བརྒྱད་ཅུ་གྱ་གཉིས་པ། དེའི་ཕྱི་མ་ལེའུ་སོ་གསུམ་པ་ནས་རྫོགས་མཐའི་བར་ལེའུ་ལྔ། རུ༽ ཕྲིན་ལས་རྫོགས་པར་སྟོན་པའི་སྒྱུ་འཕྲུལ་ལེའུ་ཞེ་དྲུག །སྒྱུ་འཕྲུལ་ལེ་ལག་ལེའུ་སོ་གསུམ། དཀྱིལ་འཁོར་རྫོགས་པར་སྟོན་པ་སྒྱུ་འཕྲུལ་ལེའུ་བརྒྱད་པ། སྒྱུ་འཕྲུལ་བླ་མ་ལེའུ་བཅུ་གསུམ་པ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་མཚན་བརྗོད་ལེའུ་བཅུ་བཞི་པ་སྟེ་སྒྱུ་འཕྲུལ་སྡེ་བརྒྱད། ༼ན༽ པར། བཤད་རྒྱུད་བཞི་ནི། གྲོལ་ལམ་རིམ་གྱིས་སྟོན་པ་རྡོ་རྗེ་མེ་ལོང་ལེའུ་ཉེར་གཅིག་འགྱུར་གོང་འདྲ་བི་མ་ལར་ཟེར་མོ་དགེ་སློང་མས་ཞུས་པ། ཐབས་ལམ་གཅིག་ཆར་སྟོན་པ་ཐལ་བའི་རྒྱུད་ལེའུ་ཉེར་དྲུག་པ་འགྱུར་གོང་འདྲ། སྒྱུ་འཕྲུལ་ངོ་མཚར་བཤད་པའི་དྲྭ་བ་རོལ་པ་ཆེན་པོ་ལེའུ་བཅུ་གསུམ་པ་འགྱུར་གོང་འདྲ། རྡོ་རྗེ་གསང་བའི་སྙིང་པོ་རྩ་བའི་རྒྱུད་ཅེས་བྱ་བ་ལེའུ་སོ་གསུམ་པ། གསང་བ་སྙིང་པོ་དེ་ཁོ་ན་ངེས་པ་ཁྲོ་བོ་སྟོབས་ཀྱི་དབང་ཕྱུག་སྒྲུབ་པའི་རྒྱུད། དཀའ་བ་གཅོད་པ་མན་ངག་སྙིང་པོ་དང༌། ཡང་ཁྲོ་བོ་སྟོབས་ཀྱི་རྣལ་འབྱོར་དབང་ཕྱུག་སྒྲུབ་པ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་གཉིས་ཀ་ལེ་མེད་བི་མ་དང་བཻ་རོའི་འགྱུར། སྒྱུ་འཕྲུལ་སྙིང་པོ་བཀོད་པའི་རྒྱུད་བརྒྱད་པ། དེ་རྣམས་ཀྱི་བརྒྱུད་པ་ནི། ཀུན་བཟང༌། རྒྱལ་ཚབ་རིགས་ལྔ། རྒྱལ་སྲས་རིགས་གསུམ། སྐལ་ལྡན་དྲྭ་མ་ལྔ། དགེ་སློང་ཀུ་ཀུ་རཱ་ཛ། རྒྱལ་པོ་ཛཿ། ཨི་ནྡྲ་བྷུ་ཏི། སེངྷ་རཱ་ཛ། ཨུ་པ་རཱ་ཛ། སྲས་མོ་གོ་མ་དེ་བཱི། གྷུ་ཏ་ཀུཊྚ། མཻ་ཏྲི་ཀ་མ་ལ། སངས་རྒྱས་གསང་བ། དེས་ཏི་སེར་རྨ་རིན་ཆེན་མཆོག །སྦས་མཉྫུ་ཤྲཱི། བྲན་ཁ་མུཏྟི་གསུམ་ལ་བཤད། རྨ་རིན་ཆེན་མཆོག་གིས་གཙུག་རུ་རིན་ཆེན་གཞོན་ནུ། གྱེ་རེ་མཆོག་སྐྱོང་གཉིས་ལ་བཤད། དེ་གཉིས་ཀས་ཁྱུང་པོ་དབྱིག་འོད། དེ་ནས་ཞང་རྒྱལ་བའི་ཡོན་ཏན། གནུབས་ཆེན། སོ་ཡེ་ཤེས་དབང་ཕྱུག །ངན་ཐུང་བྱང་ཆུབ་རྒྱལ་མཚན། ཀོང་ཐུང་ཤེར་ཡེ། ར་ཐུང་ཡེ་ཤེས་ཚུལ་ཁྲིམས། ཉང་ཤེས་རབ་མཆོག །ཉང་ཡེ་ཤེས་འབྱུང་གནས། ཟུར་ཆེན། ཟུར་ཆུང༌། གླན་ཤཱཀྱ་བྱང་ཆུབ། སྒྲོ་ཕུག་པ་ཤཱཀྱ་སེང་གེ །རྩག་ཚ་ཤཱཀ་རྡོར། རྩག་ཚ་ཤཱཀ་འབྱུང༌། གླན་རྡོར་འོད། གླན་བསོད་ནམས་རྒྱལ་མཚན། འགོས་དངོས་གྲུབ་མཆོག་མན་ཆད་སྤྱི་བརྒྱུད་ནག་འབྱམས་དང༌། རུ༽ རྟགས་ཅན་གྱི་བརྒྱུད་ལུགས་གཉིས་ཀ་སྔར་བཞིན་ནོ། །གཞན་བརྒྱུད་པ་གྱེས་འདུ་མང་བར་ཡོད་ཀྱང་མ་བྲིས། སྒྱུ་འཕྲུལ་བླ་མ་དང༌། ལྷ་མོ་སྒྱུ་དྲྭའི་སྒེར་བརྒྱུད་ནི། སློབ་དཔོན་པདྨ་ཡན་སྔར་ལྟར་ལ་དེ་ནས་སངས་རྒྱས་གསང་བ། འབྲོག་མི་དཔལ་ཡེ། སྲས་དཔལ་གྱི་ཉི་ཤར། ཁྱུང་པོ་བྱང་ཆུབ་རྒྱལ་མཚན། གྲུ་གུ་བྱང་ཆུབ་འབྱུང་གནས། ལྡན་མ་དབྱིག་གི་ཚུལ་ཁྲིམས། ཟུར་ཚ་དབང་ཕྱུག་རྒྱལ་མཚན། ལྷ་རྗེ་ཟུར་པོ་ཆེ་མན་འདྲ། འཇམ་དཔལ་སྒྱུ་དྲྭའི་བརྒྱུད་ལུགས་གཅིག་ནི། སྟོན་པ། འཇམ་དཔལ་ཡེ་ཤེས་སེམས་དཔའ། སློབ་དཔོན་འཇམ་དཔལ་བཤེས་གཉེན། སྒེག་རྡོར། བི་མ་ལ་སོགས་སོ། ༼པ༽ པར། །གཉིས་པ་བཤད་པ་དང་ཆ་མཐུན་གྱི་རྒྱུད་བཅུ་བདུན་ལས། དང་པོ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྩ་བར་གྱུར་བའི་རྒྱུད་ལྔ་ནི། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར་མཁའ་འགྲོ་སྒྱུ་མ་བདེ་མཆོག་གི་རྒྱུད་རྟོགས་པ་བཅུ་པ་བཛྲ་ཧ་སྱ་དང༌། རྨ་རིན་ཆེན་མཆོག་གི་འགྱུར། དེའི་ཕྱི་མ་རྟོགས་པ་བཅུ་གཉིས་པ་འབྲོག་མི་དཔལ་ཡེའི་འགྱུར། ཕྱི་མའི་ཕྱི་མ་ལེའུ་བཅོ་བརྒྱད་པ་ནས་ལེའུ་གསུམ་པའི་བར་ལེའུ་དྲུག །གསུང་གི་རྒྱུད་ཟླ་གསང་ཐིག་ལེའི་རྒྱུད་དཀྱིལ་འཁོར་ལྔ་དང༌། དེ་མན་ལ་ལེ་གྲངས་མེད་པ་པདྨ་སཾ་བྷ་ཝ་དང༌། སྐ་བ་དཔལ་བརྩེགས་ཀྱི་འགྱུར། ཕྱིས་ཟངས་དཀར་འཕགས་པ་ཤེས་རབ་ཀྱིས་བཅོས་པ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ་ལེའུ་བཅུ་བདུན་པ་བི་མ་དང་དཔལ་བརྩེགས་ཀྱི་འགྱུར་ལ་ཕྱིས་རིན་བཟང་གིས་བཅོས་པ། དེའི་འཕྲོ་མཐུད་དུ་ཕྱི་མའི་རྒྱུད་ལེའུ་གཅིག་བུདྡྷ་གུ་ཧྱ་དང༌། འབྲོག་མི་དཔལ་ཡེའི་འགྱུར་ལ་རིན་བཟང་གིས་བཅོས་པ། ཡོན་ཏན་རྒྱུད་དཔལ་མཆོག་དང་པོ་ཞེས་བྱ་བ་རྟོགས་པའི་རྒྱལ་པོ་རྫོགས་ཚིག་བཅུ་གསུམ་པ་སངས་རྒྱས་གསང་བ་དང༌། རྨ་རིན་ཆེན་མཆོག་གི་འགྱུར་ལ་རིན་བཟང་གིས་བཅོས་པ། དེའི་ཕྱི་མ་དང༌། ཕྱི་མའི་ཕྱི་མ་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་སོགས་དུམ་དུམ་རྫོགས་མཐའ་ཅན་མནྡྲ་ཀ་པ་ཤ་དང་ཞི་བ་འོད་ཀྱི་འགྱུར། ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེའི་རྒྱུད་ལེའུ་དགུ་པ་པཎྜི་ཏ་སྡརྨཱ་ཤྲཱི་པྲ་བྷ་དང་བི་མ་མི་ཏྲ་སོགས་ལས་རྨ་རཏྣ་ཨ་གྲས་ཞུས་ཤིང་བསྒྱུར་བ། ༼ཕ༽ པར། གཉིས་པ་སྒྲུབ་པ་ལག་ལེན་དུ་བསྟན་པ་ལ། རོལ་པའི་རྒྱུད་ལྔ་ནི། སྐུ་རྒྱུད་ཧེ་རུ་ཀ་རོལ་པ་དེང་སང་ལུང་མ་བཞུགས་པར་བྱེད་ཀྱང་ལེའུ་བཅུ་པ་ནས་བཅུ་དྲུག་བར་ལྷག་མོ་དང་བཅུ་བདུན་པ་ཡོངས་གཏད་བྱས་པ་ལེའུ་བདུན་མ་གཏོགས་ཐུགས་རྒྱུད་དང་ཞུ་དག་ཕེར། གསུང་རྒྱུད་དཔལ་རྟ་མཆོག་རོལ་པའི་རྒྱུད་ལེའུ་སོ་གཉིས་པ་པཎྜི་ཏ་བཛྲ་རཏྣ་དང་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། ཐུགས་ཀྱི་རྒྱུད་དཔལ་སྙིང་རྗེ་རོལ་པའི་རྒྱུད་འཇིག་རྟེན་ལས་འདས་པའི་མདོ་ཆེན་པོ་ལེའུ་བཅུ་པ་པཎྜི་ཏ་བིདྱཱ་ཀ་ར་སིདྷ་དང་བི་ཤྭ་མི་ཏྲ་ལས་ལོ་ཙ་བ་ཁུ་འབྱིན་བཙུན་པ་མཆོག་གི་འགྱུར་ལ་སླར་བལ་པོ་ཤྲཱི་ཀིརྟིས་བཅོས་ཤིང་ཤཱི་ལེནྡྲ་བུདྡྷ་གརྦྷས་ཁུ་འབྱིན་བཙུན་པ་ཤེས་རབ་ལ་བསྩལ་བ། ཡོན་ཏན་གྱི་རྒྱུད་རྒྱལ་པོ་ཆེན་པོ་བདུད་རྩི་རོལ་པ་རིམ་པར་ཕྱེ་བ་བརྒྱད་པ་བི་མ་དང་གཉགས་ཛྙཱ་ནའི་འགྱུར། ཕུར་པ་བཅུ་གཉིས་ཀྱི་རྒྱུད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་ཐེག་པ་ཆེན་པོའི་མདོ་ལེའུ་ཉེར་བཞི་པའོ། །གསུམ་པ་སྤྱོད་པ་ཡན་ལག་ཏུ་འགྲོ་བའི་རྒྱུད་ལྔ་ལས། རི་བོ་བརྩེགས་པ། རྔམས་གློག །དམ་ཚིག་བཀོད་པ། ཏིང་འཛིན་རྩེ་གཅིག་པ་སྔར་སོང༌། འདིར་གླང་པོ་རབ་འབོག་གི་རྒྱུད་ལེའུ་ཉེར་བརྒྱད་པ་བི་མ་མི་ཏྲ་དང༌། མང་གསལ་དཔལ་གྱིས་སྒྱུར་བ་འདི་གཅིག་པུའོ། །བཞི་པ་ཆོ་ག་མ་ཚང་ཁ་སྐོང་བར་བྱེད་པ་ཕྱི་མ་ལྟ་བུའི་རྒྱུད་ལ། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་ཐེག་པ་ཆེན་པོའི་ཡང་ཆེན་པོ་ཚུལ་ཟབ་མོ་གསང་བའི་མཆོག་ཅེས་བྱ་བ་རྣམ་སྣང་སྒྱུ་དྲྭ་རིམ་པར་ཕྱེ་བ་བཅུ་པ། འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བའི་དོན་བསྡུས་པའི་རྒྱུད་སྐབས་ཞེ་གཅིག་པ་བི་མ་ལ་དང་གཉགས་ཛྙཱ་ནའི་འགྱུར། ཏནྟྲའི་ལེ་ལག་ཏུ་གཏོགས་པ་ལ་དམ་ཚིག་ཉམས་ཆག་སྐོང་བའི་ལུང་བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ལེའུ་བཅུ་དྲུག་པ་བི་མ་ལ་དང་གཉགས་ཀྱི་འགྱུར། གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད་ལེ་མེད་དེ་རྣམས་ཀྱི་བརྒྱུད་པ་སྤྱི་ནི། ཀུན་བཟང༌། རིགས་ལྔ། རིགས་གསུམ། ཕྱག་རྡོར། བློ་གྲོས་ཐབས་ལྡན། ཀུ་ཀུ་རཱ་ཛཿ རྒྱལ་པོ་ཛཿ ཨིནྡྲ་བྷུ་ཏི། གོ་མ་དེ་ཝཱི། ཤཱཀྱ་བཱུ་ཏྲི། རཱ་ཛ་ཧསྟི། ཧཱུྃ་ཀ་ར། བུདྡྷ་གུཔྟ། པྲ་ཧསྟི། རྡོ་རྗེ་བཞད་པ། སྠི་ར་མ་ཏི། རཱ་གི་ནཱ་ག །བྲམ་ཟེ་ཉི་མ། ཀིརྟི་པདྨ། བྲམ་ཟེ་ཚངས་པ། ལྕེ་བཀྲ་ཤིས། ཁྱུང་པོ་དབྱིག་འོད། འཇམ་དཔལ་ཡེ་ཤེས། སྣང་དཔལ་ལྷ། ལྷ་རྗེ་རྒྱལ་བ་བྱང་ཆུབ། ལྕེ་བྱང་ཆུབ་ཤེས་རབ། ཡར་བློ་གྲོས། རྒྱལ་བའི་སྙིང་པོ། བླ་མ་གྲགས་པ་རྒྱལ་མཚན། གླན་རྡོར་འོད། སྟོང་རིན་ཆེན་ལྷུན་པོ། གླན་བྱང་ཆུབ་དཔལ། དགའ་དཔལ་གྲགས། ལྷ་རྗེ་རྒྱལ་བ། ལྕེ་སྒོམ་པ། སྦས་སྟོན་པ། གྲུ་གུ་སྨོན་ལམ་སེང་གེ །སྦས་གཞོན་ནུ་རིན་ཆེན། བླ་མ་བསམ་འཕེལ་བ། འགོས་དངོས་གྲུབ་མགོན་མན་ཆད་སྤྱི་རྒྱུད་ནག་འབྱམས་དང་རྟགས་ཅན་གྱི་བརྒྱུད་ལུགས་གཉིས་ཀ་སྔར་བཞིན་ནོ། །ཡང་ན་རྡོ་རྗེ་བཞད་པ་ནས། ལོ་ཙཱ་བ་ཛ་ཡ་རཀྵི་ཏ། ནམ་མཁའི་ལྷ། དར་བཙུན་དཔལ་སྐུ། ཤུད་བུ་ལེགས་པ་ལྷ། འགོས་འབར་བའི་ལྷ། ཉང་ཀླུའི་རྒྱལ་མཚན། རྔོག་དཔལ་གྱི་ལྷ། དོལ་པ་གསང་ཚུལ། དར་ཤེས་རབ་ལེགས་པ། རྔོག་ཤྲཱི་ཀ་ཡ། ཉང་ལྷ་དར། ཉང་དཀོན་འབྱུང༌། ལྕེ་སྟོན་དགེ་སློང༌། སྦས་སྟོན་གྲུ་གུ་སྨོན་ལམ་སེང་གེ་སོགས་སྔར་ལྟར་རོ། །སྒོས་རྒྱུད་ལ། སངས་རྒྱས་ཉམས་སྦྱོར་གྱི་བརྒྱུད་པ་ནི། ཀུན་བཟང༌། རྒྱལ་བ་རིགས་ལྔ། ཕྱག་རྡོར། ལི་ཙཱ་བི་དྲི་མ་མེད་པར་གྲགས་པ། རྒྱལ་པོ་ཛཿ ཨུ་པ་རཱ་ཛ། མུཀྟི་བཛྲ། བུདྡྷ་མུཀྟི། བི་མ་ལ་མི་ཏྲ། རྨ་རིན་ཆེན་མཆོག །གྱེ་རེ་མཆོག་སྐྱོང༌། གཙུག་རུ་རིན་གཞོན། འགོས་ཚུལ་བྱང༌། ཅོག་རོ་རྒྱ་ཡོན། ལང་གྲོ་གཞོན་ནུ་མཆོག །རྔོག་འཇམ་དཔལ། རྗེ་དབུ་བྱང་ཆུབ་འོད། རོང་བན་རིན་ཚུལ། རོང་ཟོམ་ཆོས་བཟང༌། ཡམ་ཤུད་བློ་གྲོས་འབྱུང་གནས། འགོས་ཟླ་འཕར། འགོས་འབུམ་གྲགས། འགོས་དངོས་གྲུབ་རྒྱལ་མཚན། སྲས་བསམ་འཕེལ། འགོས་དངོས་གྲུབ་མགོན་མན་ཆད་འདྲ། ཟླ་གསང་ཐིག་ལེའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། དཔལ་ཟླ་གསང་ཐིག་ལེ། རིགས་ལྔ། ཕྱག་རྡོར། ལི་ཙཱ་བི། རྒྱལ་པོ་ཛཿ ཨུ་པ་ར་ཛ། ཀུ་ཀུ་རཱ་ཛ། ཡུ་རི་ག་པ། ཉི་ཟླ་རྡོ་རྗེ། གྷ་ཧུ་ར་མུ་ཧ། སངས་རྒྱས་གསང་བ། བི་མ་ལ་མི་ཏྲ། གཉགས་ཛྙཱ་ན། རྨ་རིན་ཆེན་མཆོག །གཙུག་གྱེར་རྣམ་གཉིས། དར་རྗེ་དཔལ་གྲགས། ཞང་རྒྱལ་ཡོན། གནུབས་སངས་རྒྱས་ཡེ་ཤེས། སོ་ཡེ་ཤེས་དབང་ཕྱུག །ངན་ཐུང་བྱང་རྒྱལ། ཀོང་ཐུང་ཤེས་ཡེ། ར་ཐུང་ཡོན་ཚུལ། ཉང་ཤེར་འབྱུང༌། ཟུར་ཆེན། ཟུར་ཆུང༌། སྒྲོ་ཕུག་པ། ཡམ་ཤུད་བློ་གྲོས་འབྱུང་གནས་མན་མཉམ་སྦྱོར་ལྟར་རོ། །དཔལ་མཆོག་གི་བརྒྱུད་པ་ནི། སངས་རྒྱས་གསང་བ་ཡན་ཟླ་གསང་ཐིག་ལེ་ལྟར་ལས། དེས་སྦས་མཉྫུ་ཤྲཱི་དང༌། བྲན་ཁ་མུརྟི་གཉིས་ལ་གནང༌། གཉིས་ཀས་ཁུ་བྱང་ཆུབ་འོད། དེ་ནས་ངོམ་འདྲེ་ནམ་མཁའ། ལྷོ་བཟའ་བྱང་ཆུབ་སྙིང་པོ། འབྲི་སྙ་ཡེ་ཤེས་བློ་གྲོས། ཤོ་མོ་བ་ཨ་ཙཱ་ར། གནུབས་བབས་ཤུ། ཅོག་རོ་ཤེས་རབ་འབྱུང་གནས། སྒྲོ་སྟོན་འཕགས་པ་ཤེས་རབ། རྟག་ཆུང་ཐར་པ་རྒྱལ་མཚན། བླ་ཆེན་ཁྱུང་སྟོན་པ། སེང་གེ་བ་རྒྱལ་བའི་རྡོ་རྗེ། ལྕེ་སྟོན། སྦ་སྒོམ། གྲུ་གུ་སྨོན་སེང༌། སྦས་གཞོན་རིན། བླ་མ་བསམ་འཕེལ་བ། འགོས་དངོས་གྲུབ་མན་འདྲ། ཐབས་ཞགས་ཀྱི་བརྒྱུད་ལུགས་གཅིག་ལ། བི་མ་ལ་ཡན་མཉམ་སྦྱོར་ལྟར་ལས། དེ་ལ་གཉགས་དང་གཡུ་སྒྲས་གསན། གཡུ་སྒྲས་ཅོག་རོ་རྒྱལ་ཡོན། འབེ་ཡོན་ཏན་གྲགས། འགོས་ཡེ་ཤེས་དབང་ཕྱུག །ལྷ་ལུང་དཔལ་རྡོར། སོག་པོ་རྒྱལ་བའི་སེམས་དཔའ། ཡང་དགོན་ལྷུན་གྲུབ་རྡོ་རྗེ། འགོས་རྒྱལ་བའི་སྙིང་པོ། ཤངས་སྟོན་དཔལ་གྱི་རིན་ཆེན། བླ་མ་དྲན་སྟོན་པ། མིང་གེ་རྒྱལ་བའི་རྡོ་རྗེ་མན་དཔལ་མཆོག་བཞིན་ནོ། ༈ །སྤྱི་དོན་གཉིས་པ་སྒྲུབ་སྡེའི་སྐོར་ལ་བདུན་གྱི། དང་པོ་འཇམ་དཔལ་གཤིན་རྗེའི་སྐོར་ལ། ༼བ༽ པར། དཔལ་ཟླ་གསང་ནག་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལེའུ་བདུན་ཅུ་དོན་བཞི་པ་ལོ་ཙཱ་བ་གསུམ་གྱི་ལན་གྲངས་གསུམ་དུ་བཅོས་ཤིང་གཏན་ལ་ཕབ་པ། དཔལ་ཟླ་གསང་ནག་པོ་ངན་སྔགས་ཐམས་ཅད་ཀྱི་རྩ་བའི་རྒྱུད་ལེའུ་དོན་བཞི་པ་འཇམ་དཔལ་བཤེས་གཉེན་གྱིས་ཚངས་པ་ཀླུ་གནོན་གྱི་བསེའི་ཀ་བ་ལ་སྦས་པ་ཛྙཱ་ན་གརྦྷས་རྙེད་པ་ནམ་མཁའི་སྙིང་པོས་སིནྡྷུ་རའི་ནགས་ཚལ་དུ་བསྒྱུར་བ། དཔལ་ཟླ་གསང་ནག་པོ་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལེའུ་ང་བརྒྱད་པ་བ་སུ་དྷཱ་ར་དང་གནུབས་སངས་རྒྱས་ཀྱི་འགྱུར། ཟླ་གསང་དྲག་སྔགས་ནག་པོ་ཤན་པ་སྤུ་གྲིའི་རྒྱུད་ལེའུ་གོ་བདུན་པ་བ་སུ་དྷཱ་ར་དང༌། གནུབས་ཀྱི་བན་ཆུང་ཡང་དབང་གཏེར་གྱིས་བལ་ཡུལ་གྱི་གནས་བྷ་ར་པའི་བྲག་ཕུག་ཏུ་བསྒྱུར་ཏེ་གཏན་ལ་ཕབ་པ། དཔལ་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད་ལེའུ་བཅུ་བཞི་པ་འགྱུར་གོང་འདྲ། མ་རུ་རྩེ་རོ་ལངས་གསང་བ་དཔའ་བོ་གར་མཁན་མཆོག་གི་རྒྱུད་ལེའུ་དགུ་མཇུག་ཏུ་བསྟོད་པ་དང་བཅས་པ། འཇམ་དཔལ་དམར་པོའི་འཇིག་རྟེན་འདས་མདོ་ལེའུ་ཉེར་ལྔ་པ། མ་རུ་རྩེའི་སྔགས་རྒྱུད་ལེའུ་བཅུ་བདུན་པ། དྲེགས་པ་ཕོ་མོ་འདུས་རྒྱུད་ལེའུ་བཅུ་བདུན་པ། ༼མ༽ འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལེའུ་ཉེར་དྲུག་པ། དཔལ་གཤིན་རྗེ་ནག་པོ་མེ་རླུང་སྐྱིན་ཐང་འཁྲུགས་པའི་རྒྱུད་ལེའུ་ང་གསུམ་པ། གཤིན་རྗེ་ནག་པོའི་རྒྱུད་ལེའུ་སོ་གསུམ་པ་སློབ་དཔོན་ཆེན་པོ་མ་ཧཱ་ནོ་ཀུ་ཀུ་ཏ་པ་ཏས་བསྒྱུར་བ་ཁྲོ་བོ་རྣམ་པར་རྒྱལ་བ་ཤིན་ཏུ་གསང་བ་པྲ་ཁོག་སྣང་གི་རྒྱུད་ཕྱི་མའི་ཕྱི་མ་དང་བཅས་པའི་ལེའུ་ཉེར་གཉིས་པ། དཔལ་ཚེ་བདག་ནག་པོ་ཕྲིན་ལས་ཀྱི་དགོངས་པ་ཐམས་ཅད་རྫོགས་པའི་རྒྱུད་ལེའུ་སུམ་ཅུ་པ། ཚེ་བདག་སྡིག་པ་སྙིང་འཛིང་གསང་བའི་རྒྱུད་ལེའུ་བཅོ་ལྔ་པ་བ་སུ་དྷཱ་ར་དང༌། གནུབས་སངས་རྒྱས་ཡེ་ཤེས་ཀྱི་འགྱུར་རྒྱ་ཞང་ཁྲོམ་གྱི་གཏེར་བྱོན་དྲག་པོ་སྔགས་རྒོད་སྡིག་པ་སྙིང་འཛིང་གི་རྒྱུད་དམ། མ་ཚང་བ་ཁ་སྐོང་བ་སྙིང་པོ་དོན་གྱི་གསང་རྒྱུད་བསམ་གཏན་ལྷ་ཡུལ་དུ་གྲགས་པ་འགྱུར་གོང་འདྲ། འཕགས་པ་འཇམ་དཔལ་གཤིན་རྗེ་རྒྱལ་པོ་སྡིག་པ་སྟོབས་ཆེན་གསང་བའི་རྒྱུད་ལེའུ་ཉེར་གཅིག་པ་རྡོ་རྗེ་ཁྲི་གཙུག་གི་འགྱུར། འཇམ་དཔལ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལེའུ་བཅུ་གསུམ་པ་དང༌། དེའི་འཕྲོ་མཐུད་དུ་ཕྱི་མའི་ལེའུ་གཅིག །གཤིན་རྗེ་ནག་པོ་གསང་བ་དེ་ཁོ་ན་ཉིད་ཕྱི་མའི་རྒྱུད་ལེའུ་ལྔ་པ་བ་སུ་དྷཱ་ར་དང་གནུབས་ཆེན་གྱི་འགྱུར། དཔལ་གཤིན་རྗེ་ཁྲི་དྲུག་སྟོང་པ་ནས་དྲག་པོ་རྣོ་དབལ་མཚོན་ཆའི་སྐབས་ཁོལ་དུ་བཏོན་པ་ཚེ་བདག་ནག་པོ་དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལེའུ་ཉེར་གཅིག་པའོ། །འཇམ་དཔལ་ཁྲོ་བོ་སྙིང་གཟེར་གསང་བའི་རྒྱུད་ལེའུ་ལྔ་པ་བ་སུ་དྷཱ་ར་དང་སངས་རྒྱས་ཡེ་ཤེས་ཀྱི་འགྱུར། དྲག་པོ་འཕུང་བྱེད་མཆོད་རྟེན་ནག་པོའི་རྒྱུད་ལེའུ་ཉེར་གཅིག་པ། ངན་སྔགས་གཙུག་ལག་གི་རྒྱུད་ཕྱི་མ་ཡང་ཕྱི་མ་ལེའུ་བརྒྱད་པ། འཇིག་རྟེན་གསུམ་གྱི་ཤེས་པ་བསྒྲལ་བའི་རྒྱུད་ལེའུ་བདུན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་པའི་རྒྱུད་ལེའུ་དགུ་པ་བ་སུ་དྷཱ་ར་དང༌། རྡོ་རྗེ་ཡང་དབང་གཏེར་གྱི་འགྱུར། གནོད་སྦྱིན་གདོང་གསུམ་པ་ཆུ་ཐིགས་སྔོན་མོའི་རྒྱུད་ལེའུ་བཅོ་བརྒྱད་པ། དེའི་ཕྱི་མའམ་འདུས་རྒྱུད་དུ་གྲགས་པ་ངན་སྔགས་ཕྱིར་བཟློག་གི་རྒྱུད་ལེའུ་བདུན་པ་གནུབས་རྡོ་རྗེ་ཁྲིས་དཀའ་བ་སྤྱད་ནས་བསྒྱུར་བ། འཕགས་པ་འཇམ་དཔལ་མ་རུ་རྩེ་མཆེད་བཞི་རྩ་བའི་སྔགས་རྒྱུད་ལེའུ་དགུ་པ། ཕྱི་མའི་ཕྱི་མ་དབང་ཕྱུག་ཆེན་པོའི་ཡི་རངས་ཏེ་བསྟོད་པ་དང་བཅས་པའོ། །དེ་རྣམས་ཀྱི་བརྒྱུད་པ་ནི། ཀུན་བཟང༌། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། སློབ་དཔོན་པདྨ། བལ་པོ་བ་སུ་དྷཱ་ར། གནུབས་ཆེན། སོ་ཡེ་ཤེས་དབང་ཕྱུག །དན་ཡོན་ཏན་མཆོག །ངན་ཐུང་བྱང་ཆུབ། ཀོང་ཐུང་སངས་རྒྱས་ཤེས་རབ། རྔོག་ཚུལ་རྒྱལ། འབྲེ་གཙུག་གཏོར་གཞོན་ནུ། གླན་ཤཱཀྱ་དབང་ཕྱུག །གཉོས་ཆུ་བོ་རི་པ། གླན་རྡོར་འོད། འགོས་དགེ་སློང༌། འགོས་དངོས་གྲུབ་མགོན་མན་ཆད་སྤྱི་རྒྱུད་ནག་འབྱམས་དང༌། རྟགས་ཅན་གྱི་བརྒྱུད་པ་གཉིས་ཀ་སྔར་བཞིན་ནོ། །ཡང་ན་གནུབས་ཆེན་ནས་ཁུ་ལུང་པ། རྒྱ་བློ་གྲོས་བྱང་ཆུབ། ཐོ་གར་ནམ་མཁའ་སྡེ། སྣ་ནམ་ཞལ་ཡོན། ཟུར་ཆེན། ཟུར་ཆུང༌། ཡམ་ཤོད་བློ་གྲོས་བྱང་ཆུབ། འགོས་ཟླ་བ། འགོས་འབུམ་གྲགས། འགོས་དངོས་གྲུབ་རྒྱལ་མཚན། འགོས་དགེ་སློང༌། འགོས་དངོས་གྲུབ་མགོན་མན་སྔར་བཞིན་ནོ། །ཡང་ན་རྡོ་རྗེ་འཆང༌། འཇམ་དཔལ། གཤིན་རྗེའི་བདག་པོ། ཕྱག་རྡོར། དགའ་རབ། འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ །ཤཱིནྟཾ་གརྦྷ། དྷ་ན་ཏ་ལ། ཁྲག་འཐུང་ནག་པོ། བལ་པོ་བ་སུ་དྷཱ་ར་མན་གོང་བཞིན་ནོ། །འཇམ་དཔལ་ཟླ་གསང་སྐོར་གྱི་བརྒྱུད་ལུགས་གཅིག་ནི། སྔར་ཏནྟྲའི་ཟླ་གསང་ཐིག་ལེའི་བརྒྱུད་པ་བཞིན་ནོ། །ཚེ་བདག་གཤེད་དམར་ཁ་ཐུན་སོགས་ལ་སྒོས་རྒྱུད་ཡོད་པ་སོ་སོའི་ཆོས་སྡེའི་སྐབས་སུ་ཤེས་པར་བྱའོ། ༼ཙ༽ པར། གཉིས་པ་རྟ་མགྲིན་གྱི་སྐོར་ལ། དཔལ་རྟ་མཆོག་རོལ་པའི་རྒྱུད་ལེའུ་ཉིས་བརྒྱ་དང་བརྒྱད་བ་ལོ་ཙཱ་བ་རཀྵི་སིདྷ་དང༌། ལྕེ་ཀུ་ཀུ་རཱ་ཛའི་འགྱུར། དབང་རྒྱས་རྟ་མཆོག་རོལ་པའི་རྒྱུད་ཆེན་མོ་ལེའུ་བཅུ་དྲུག་པ་པདྨ་དང༌། གཉགས་ཀྱི་འགྱུར། པདྨ་དབང་ཆེན་དྲེགས་པ་གསུང་བཟློག་ཡོན་ཏན་ལེའུ་དགུ་པ་པདྨ་དང༌། ཁ་ཆེ་ཨཱ་ནནྡའི་འགྱུར། རུ༽ དཔལ་པདྨ་དབང་ཆེན་གར་གྱི་དབང་ཕྱུག་དྲེགས་པ་ཅན་གཟན་ལ་འབེབས་པ། ཕྲིན་ལས་ཀྱི་རྒྱུད་ལེའུ་བཅུ་གཅིག་པ་པདྨ་དང༌། ཁ་ཆེ་ཨཱ་ནནྡའི་འགྱུར། རུ༽ དཔལ་པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད་ལེའུ་བཅུ་གཅིག་པ་ལོ་པཎ་གོང་འདྲ། དཔལ་པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལེའུ་བཅུ་གསུམ་པ་འགྱུར་གོང་འདྲ། དཔལ་དབང་ཆེན་འདུས་པའི་རྒྱུད་དམ་གལ་པོའི་རྒྱུད་དུ་གྲགས་པ་ལེའུ་སོ་ལྔ་པ་པཎྜི་ཏ་རཀྵི་ཏ་དང་ལོ་ཙ་བ་ལྕེ་ཀུ་ཀུ་རཱ་ཛའི་འགྱུར་གནུབས་ཆེན་གྱིས་ཞུས་པ། དབང་ཆེན་འདུས་པའི་ཏནྟྲ་ལེའུ་རེ་གཉིས་པ། ༼ཚ༽ པར། དབང་ཆེན་འདུས་པའི་རྒྱུད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ལུང་བསྟན། རྣལ་འབྱོར་ཆེན་པོའི་གསང་བ་རྣམ་པར་ཕྱེ་བ་རྣལ་འབྱོར་སྤྱོད་པའི་དཔལ་རྡོ་རྗེ་ཕྲེང་བའི་མངོན་པར་བརྗོད་པ་རྟ་མཆོག་རོལ་པའི་ལུང་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ལེའུ་ཉེར་བཞི་པ་ལོ་ཙཱ་བ་སྦ་སང་ཤི་ཏ་དང༌། རྒྱལ་བ་མཆོག་དབྱངས། ཅོག་རོ་རྣམས་ཀྱི་འགྱུར། རུ༽ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་པ་བདེ་གཤེགས་སྤྱི་དྲིལ་རྟ་མགྲིན་རྔོག་མ་ལེ་བརྒན་གྱི་རྒྱུད་ལེའུ་བཅུ་བདུན་པ་ཨོ་རྒྱན་དང༌། ཁ་ཆེ་ཨཱ་ནནྟ། བཻ་རོ་གསུམ་གྱི་འགྱུར་ཉང་གཏེར། དཔལ་རྟ་མགྲིན་ལས་རྒྱུད་ལེའུ་བཅུ་གཅིག་པ་ཨོ་རྒྱན་དང་རྒྱལ་བ་མཆོག་དབྱངས་ཀྱི་འགྱུར། རྟ་མགྲིན་གསང་རྒྱུད་ལེའུ་ཉེར་ལྔ་པ། དཔལ་པདྨ་དབང་ཆེན་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལེའུ་ཉེར་དགུ་པ་ཨོ་རྒྱན་རང་འགྱུར། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལེའུ་བཅུ་གསུམ་པ་བཻ་རོའི་འགྱུར་གཏེར་སྟོན་རྣམ་གསུམ་གྱིས་ཡེར་པ་སེ་བ་ལུང་ནས་སྤྱན་དྲངས་པ། རྟ་མགྲིན་དཔའ་བོ་གཅིག་པ་གསང་བ་ཕྲིན་ལས་རྒྱུད་ལེའུ་ཉེར་གཉིས་པ་རཏྣའི་གཏེར་མ། ཕྱིར་བཟློག་སྟོབས་ཆེན་རྟ་མགྲིན་གྱི་རྒྱུད་ལེའུ་དྲུག་པ་ཨོ་རྒྱན་དང༌། ལྡན་མའི་འགྱུར། རྟ་མགྲིན་ནཱ་ག་ཀླུ་འདུལ་གྱི་རྒྱུད་ལེའུ་སོ་བདུན་པའོ། །དེ་རྣམས་ཀྱི་བརྒྱུད་པ་ལ་ཡང་གསང་ཁྲོས་རྒྱུད་མ་གཏོགས་པའི་སྤྱི་རྒྱུད་ནི། ཀུན་བཟང༌། པདྨ་ཧེ་རུ་ཀ །ཀླུ་སྒྲུབ། པདྨ་འབྱུང་གནས། རྒྱལ་བ་མཆོག་དབྱངས། རྨ་རིན་ཆེན་མཆོག །གཙུག་གྱེར་རྣམ་གཉིས། གཉིས་ཀས་ཁུ་བྱང་འོད། དེས་ཁྱུང་པོ་དབྱིག་འོད། ཁྱུང་པོ་དཔལ་གྱི་རྡོ་གྲགས། ཞང་རྒྱལ་ཡོན་གསུམ་ལ། ཞང་གིས་གནུབས་ཆེན། དེ་ནས་རིམ་པར་སོ་ཡེ་ཤེས་དབང་ཕྱུག །ངན་མི་བྱང་ཆུབ་རྒྱལ་མཚན། ཀོང་ཐུང་ཤེར་ཡེ། ར་ཐུང་ཡེ་ཚུལ། ཉང་ཡེ་མཆོག །ཉང་ཡེ་འབྱུང༌། ཟུར་ཆེན། ཟུར་ཆུང༌། ཀ་བཞི་གདུང་བརྒྱད། རྗེ་ཉ་རི་བ་ཐག་པ། ཤཱཀ་རྡོར། ལྕེ་ཤཱཀྱ་འབྱུང༌། གླན་རྡོར་འོད། གླན་བསོད་རྒྱལ། འགོས་དངོས་གྲུབ་མན་ཆད་སྤྱི་རྒྱུད་ནག་འབྱམས་དང༌། རུ་རྟགས་ཅན་གྱི་བརྒྱུད་ལུགས་གཉིས་ཀ་སྔར་བཞིན་ནོ། །ཡང་ན་ཀུན་རིགས་རྣམ་པར་སྣང་མཛད། སྣང་མཐའ། སྤྱན་རས་གཟིགས། ཀླུ་སྒྲུབ་མན་སྔར་ལྟར་རོ། ཡང་ན་ཀུན་བཟང༌། སྣང་མཐའ། ཕྱག་རྡོར། རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛ། ཨིནྡྲ་བྷུ་ཏི་བར་པ། སིདྷརཱ་ཛ། གོ་མ་དེ་བཱི། ཀླུ་སྒྲུབ་མན་འདྲ། རྟ་མགྲིན་ཡང་གསང་དང་དཔའ་བོ་གཅིག་པ་ཕྲིན་ལས་ཀྱི་རྒྱུད་གཉིས་ཀྱི་བརྒྱུད་པ་ནི་སོ་སོ་ལྟར་རོ། ༼ཛ༽ པར། གསུམ་པ་ཡང་དག་ཐུགས་ཀྱི་སྐོར་ནི། དཔལ་ཁྲག་འཐུང་འདུས་པའི་རྒྱུད་ལེའུ་སོ་གཉིས་པ་མཇུག་དོན་དང་བཅས་པ་པདྨ་དང་བཻ་རོས་འགྱུར། དེའི་འཕྲོ་མཐུད་དུ་རྒྱུད་ཕྱི་མ་ཧེ་རུ་ཀ་གལ་པོ་མངོན་པར་འབྱུང་བའི་རྒྱུད་ལེའུ་གཅིག་ཏུ་རྫོགས་པ་འགྱུར་གོང་འདྲ། ཁྲག་འཐུང་གལ་པོ་ཆེ་རྒྱུད་ལུང་ཐམས་ཅད་ཀྱི་རྒྱལ་པོ་བརྟག་པ་ཉེར་གསུམ་པ་པདྨས་བ་སུ་དྷཱ་ར་ལ་གནང་བ། ཧེ་རུ་ཀ་ཐུགས་ཀྱི་རྒྱུད་གལ་པོ་ཆེ་བྱ་བའི་རྒྱུད་ལེའུ་དགུ་པ་པདྨ་དང་ནམ་སྙིང་གི་འགྱུར། ཧེ་རུ་ཀ་གལ་པོ་ཞི་ཁྲོ་འབུམ་གྱི་རྒྱུད་ལེའུ་བཅུ་དྲུག་པ་མཇུག་ན་རྒྱུད་ཀྱི་ཕན་ཡོན་དང་བཅས་པ། འཇིག་རྟེན་ལས་འདས་པའི་མདོ་ལེའུ་བཅུ་གཅིག་པ་པདྨ་དང་ནམ་སྙིང་གིས་འགྱུར། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལེའུ་ཉེར་གཉིས་པ། དེ་བཞིན་རིགས་ཀྱི་སྒྲུབ་ལུགས་གསང་བ་མེ་དཔུང་གི་རྒྱུད་ལེའུ་ཉེར་གཉིས་པའོ། །དེ་རྣམས་ཀྱི་བརྒྱུད་པ་ནི། ཀུན་བཟང༌། རིགས་ལྔ། རིགས་གསུམ་མགོན་པོ། དགའ་རབ། ཤྲཱི་སེངྷ། ཨིནྡྲ་བྷུ་ཏི། ཀུ་ཀུ་རི། རྡོ་རྗེ་ཕྲེང་བའི་འོད། རྡོ་རྗེ་རྣོན་པོ། ཤར་ཚོགས་དབང༌། བློ་གྲོས་གཟི་བརྗིད། དུར་ཁྲོད་བདེ་བ། ཁ་ཆེ་ཀུ་ཀུ་རི་པ། ཧཱུྃ་ཀཱ་ར། ཀུན་དགའ་སྙིང་པོ། བི་ཤྭ་མི་ཏྲ། ནམ་མཁའི་སྙིང་པོ། མཚོ་རྒྱལ། དཔལ་གྱི་དབང་ཕྱུག །སྒྲོ་ཉ་ཡེ་ཤེས། གྲུ་གུ་ཡོན་ཏན་བཤེས་གཉེན། རིག་བྱེད་འཕགས་པ། ཤཱཀྱ་འབྱུང་གནས། བཟང་སྒོམ་པ། དེས་ཟུར་དང་སྦ་སྒོམ་གཉིས་ལ། གཉིས་ཀས་སྦས་དོན་བྲིས། དེས་སྐྱོ་གསང་བདག །ཞང་འཁོར་ལོ་རྒྱལ་པོ། འགོས་དངོས་གྲུབ་རྒྱལ་མཚན་ཡབ་སྲས། འགོས་དངོས་གྲུབ་མགོན་མན་ཆད་སྤྱི་རྟགས་ཅན་གཉིས་སྔར་ལྟར་རོ། །ཡང་ན་ཧཱུྃ་ཀ་ར་ནས། པདྨ་ཐོད་ཕྲེང་རྩལ་ནམ་མཁའི་སྙིང་པོ་མན་འདྲ། སོ་ལུགས་ཀྱི་བརྒྱུད་པ་ནི། ཧཱུྃ་ཀ་ར་ནས། པདྨ་སཾ་བྷ་བ། ནམ་སྙིང༌། བཻ་རོ། གཡུ་སྒྲ་སྙིང་པོ། གཉགས་ཛྙཱ་ན། སོག་པོ་དཔལ་ཡེ། གནུབས་ཆེན། སོ་ཡེ་ཤེས་དབང༌། ཀལྤོ་དབང་གི་གཙུག་ཏོར། རཱ་ཛ་ཆོས་སེང༌། ཡེ་ཤེས་རྡོ་རྗེ། དར་མ་བརྩོན་འགྲུས། དར་སྲི། མཚོ་རྡོ་རྗེ་འོད། དར་མ་ཀུན་དགའ། དར་མ་སྙིང་པོ། ཞང་བྱང་ཆུབ་སེམས་དཔའ། འགོས་དངོས་གྲུབ་མན་སྔར་ལྟར་རོ། །ཇོ་མོ་ལུགས་ཀྱི་བརྒྱུད་པ་ནི། ཨོ་རྒྱན་པདྨ་ནས། ནམ་སྙིང༌། མཚོ་རྒྱལ། དཔལ་གྱི་དབང་ཕྱུག །སྐྱོ་གུ་རྟ་རྡོ་རྗེ། འཇམ་དཔལ་ཡེ་ཤེས་འབྱུང་གནས། ལ་བྱིངས་ཡེ་ཤེས་བརྩེགས། རླངས་དཔལ་སེང༌། ཅོག་རོ་དཔལ་གྱི་དབང་ཕྱུག །ལྕམ་དཔལ་གྱི་མཆོད། སོ་ཡེ་ཤེས་དབང་ཕྱུག་མན་གོང་འདྲ། གཞན་བརྒྱུད་པ་གྱེས་འདུས་མང་བར་ཡོད་ཀྱང་འདིར་མ་བྲིས་སོ། །བཞི་པ་བདུད་རྩི་ཡོན་ཏན་གྱི་སྐོར་ནི་བདུད་རྩི་ཡེ་ཤེས་གསང་བ་འཁོར་ལོའི་རྒྱུད་ལེའུ་ཉེར་གཉིས་པ་བི་མ་དང་གཉགས་ཀྱི་འགྱུར། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་ཉེ་བའི་སྙིང་པོ་བདུད་རྩི་མཆོག་གི་ལུང་ཞེས་བྱ་བ་བདུད་རྩི་བམ་པོ་བརྒྱད་པ། བདུད་རྩི་རང་བཞིན་གྱི་རྒྱུད་བདུད་རྩི་བུམ་པ་དུམ་བུ་གསུམ་པ། བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ལེའུ་བདུན་པ་བི་མ་ལ་དང་གཉགས་ཀྱི་འགྱུར། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་རིན་པོ་ཆེ་ཕྲེང་བའི་རྒྱུད་ལེའུ་བཅུ་བདུན་པ་འགྱུར་གོང་འདྲ། བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལེའུ་བཅུ་པ་འགྱུར་གོང་འདྲ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དུ་འཁྲུངས་ཤིང་སྐྱེ་བར་བྱེད་པའི་འབྲས་བུ་རིན་པོ་ཆེའི་འོད་ལྟར་བསྟན་པའི་རྒྱུད་ལེའུ་ཉེར་བདུན་པ་མཇུག་བསྡུ་དང་བཅས་པ། བདུད་རྩི་ལས་རྒྱ་མཚོའི་རྒྱུད་ལེའུ་ཉི་ཤུ་པ་འགྱུར་གོང་འདྲ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོ་མཆོག་ཅེས་བྱ་བའི་རྒྱུད་ལེའུ་བཅོ་ལྔ་པ་གནུབས་ཀྱི་སྲུ་ལེགས་སྒྲོན་ལ་གཏད་པ་བདུད་རྩི་ཆེན་པོ་ཆོས་ཉིད་གསང་བའི་རྒྱུད་ལེའུ་དྲུག་པ་འགྱུར་གོང་འདྲ། བདུད་རྩི་འཁྱིལ་བ་འཆི་མེད་ཚེ་ཡི་རྒྱུད་ལེའུ་བཞི་པ་བི་མ་དང་མཇིང་གསལ་འབར་གྱི་འགྱུར། སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་གྱི་རྒྱུད་ལེའུ་དྲུག་ཅུ་པ་མཁོ་མཐིང་ནས་ཉང་གིས་སྤྱན་དྲངས་པའོ། །དེ་རྣམས་ཀྱི་བརྒྱུད་པ་ནི། ཀུན་བཟང༌། རིགས་ལྔའི་སངས་རྒྱས། སྤྲུལ་སྐུ་འཇམ་དཔལ། རྡོ་རྗེ་ཆོས། དེ་ནས་ལྷ་ལས་བརྒྱུད་པ་ཚངས་པ་ཐོར་ཚུགས་ཅན། ཙ་ར་ཀ་ཐ་སྐར་བུ། ནབ་སོ་སྐྱེས་ལྷ་རྒྱལ། ལྗང་སྔོན། ལྷ་མཆོག་དཀའ་ཐུབ། མུ་ཁྱུད་འཛིན། འགྲོ་སྐྱོང་ལྷ། གཤོལ་འགྲོས་འཛིན། མེ་བཞིན་འཇུག །ཛི་ན་མི་ཏྲ། ཀླུ་ལས་བརྒྱུད་པ། ཀླུ་རྒྱལ་འཇོག་པོ། དགའ་བོ། ཉེ་དགའ་བོ། གནོད་སྦྱིན་ནས་བརྒྱུད་པ། འབྱུང་བའི་ལྷ་མོ། དགེ་བསྙེན་ལི་ཙཱ་བི། དགའ་རབ། འཇམ་དཔལ་བཤེས་གཉེན། ཀུ་ཀུ་རཱ་ཛ། ཨུ་བ་རཱ་ཛ། ཨོ་རྒྱན་ཐོར་ཅོག་ཅན། ཨིནྡྲ་བྷུ་ཏི། མ་ཧཱ་རཱ་ཛ། ཉིན་བྱེད་སེང་གེ །སངས་རྒྱས་གསང་བ། བི་མ་མི་ཏྲ། ཤྲཱི་སེངྷ། པདྨ་འབྱུང་གནས། རྒྱལ་བ་མཆོག་དབྱངས། གཉགས་ཛྙཱ་ན་ཀུ་མཱ་ར། སོག་པོ་དཔལ་ཡེ། གནུབས་ཆེན། སྲུ་ལེགས་སྒྲོན། སྲས་གཞོན་ནུ་སྙིང་པོ། རྡོ་རྗེ་དབང་ཕྱུག །བླ་མ་བསོད་གྲགས། བྱང་ཆུབ་མཆོག །བྱང་ཆུབ་རྒྱལ་མཚན། ཡེ་ཤེས་མཆོག །ངན་མི་བྱང་རྒྱལ། ཀོང་ཐུང་ཤེར་ཡེ། ཀླུ་ཤེས་རབ་ཕན། རྒྱ་ཆོས་ཀྱི་གཟི་བརྗིད། རྒྱ་སྟོན་འཁོར་ལོ། ཞང་ཞལ་དཀར་བ། འགོས་དངོས་གྲུབ་རྒྱལ་མཚན། དེ་སྲས་ཕུ་བོ་བསམ་འགྲུབ་འཕེལ། བར་པ་དགེ་སློང༌། གཅུང་འགོས་དངོས་གྲུབ་མགོན་གསུམ་ལ་གསུངས། འགོས་དངོས་གྲུབ་མགོན་ནས་བླ་མ་ཤཱཀྱ་རྒྱལ་མཚན་མན་སྤྱི་དང༌། རུ་རྟགས་ཅན་གྱི་བརྒྱུད་པ་གཉིས་ཀ་སྔར་བཞིན་ནོ། །ཡང་ན། འཇམ་དཔལ། རྡོ་རྗེ་ཆོས་ནས། དགའ་རབ། དེ་ནས་བི་མ་ལའི་བར་སྔར་ལྟར་ལས། དེས་བལ་པོ་གླང་གཉགས་ཅན་དང༌། གཉགས་རྟག་སྒྲ་ལྷ་མཚོའམ་ཛྙཱ་ན་ཀུ་མཱ་ར་ལ་བཤད། གཉགས་ཛྙཱ་ནས་སོག་པོ་དཔལ་ཡེ་ལ་བཤད་པ་མན་འདྲ། ཡང་ན་སོག་པོ་དཔལ་ཡེ་ནས། འོ་བྲན་དཔལ་གྱི་གཞོན་ནུ། གནུབས་ཆེན་མན་འདྲ། ཡང་ན་སྲས་གཞོན་ནུ་སྙིང་པོ་ནས་ཀོང་ཤེར་ཡེ་མན་འདྲ། ༼ཝ༽ ལྔ་པ་ཕུར་པ་ཕྲིན་ལས་ཀྱི་སྐོར་ལ། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ལེའུ་བཅུ་བདུན་པ་པདྨ་དང་ངམ་བྲེ་ས་ལེའི་འགྱུར། རྡོ་རྗེ་ཁྲོས་པ་རྩ་བའི་མ་བུ་པདྨ་དང་ལྕེ་ཀུ་ཀུ་རཱ་ཛ་ཛ་ཡ་རཀྵའི་ཏའི་འགྱུར། རུ༽ དཔལ་རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པ་རྩ་བའི་རྒྱུད་ཀྱི་བཤད་པ་ཞེས་བྱ་བ་ལེའུ་བཅུ་གསུམ་པ་རྡོ་རྗེ་སེམས་མ་དང་འགར་ཤེར་འབྱུང་གི་འགྱུར་ལ་འབྲོམ་རྒྱལ་བས་བཅོས་པ། རུ༽ རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལེའུ་ཉི་ཤུ་པ་པདྨ་དང་བྲང་ཏི་ཛ་ཡ་རཀྵི་ཏའི་འགྱུར། རྡོ་རྗེ་ཕུར་པ་བཤད་རྒྱུད་དྲི་མེད་འོད་ལྡན་ལེའུ་ཞེ་བཞི་པ། ཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུད་དམ་ཀརྨ་གུ་རུའི་རྒྱུད་ལེའུ་བཅོ་ལྔ་པ་བི་མ་ལ་དང་གཉགས་ཛྙཱ་ནའི་འགྱུར་ལ་རྨས་གསར་བཅད་ཀྱིས་བཅོས་པ། ཕུར་པ་ཕྲིན་ལས་ཀརྨ་ལས་ཀྱི་རྒྱུད་ལེའུ་བཅུ་བཞི་པ། པདྨ་དང་རོང་ཟོམ་གཞོན་བློའི་འགྱུར། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕུར་པ་ཞེས་བྱ་བ་དྲག་པོ་ལས་ཀྱི་རྟོག་པ་ལེའུ་བཅོ་བརྒྱད་པ། རྡོ་རྗེ་ཕུར་པ་ཆེན་པོ་གཏོར་མའི་རྒྱུད་ལེའུ་བདུན་པ་གཏད་ཚིག་དང་བཅས་པ། རུ༽ ཕུར་པ་ཡཀྵ་ཟ་བྱེད་འབར་བ་དམ་ཚིག་གི་རྒྱུད་ལེའུ་བཅུ་གཅིག་པ། རྡོ་རྗེ་ཕུར་པ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུད་ལེའུ་ཉེར་བརྒྱད་པ་སློབ་དཔོན་བྷ་ཤི་ཏའི་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པ་སངས་རྒྱས་འདུས་པའི་རྒྱུད་ལེའུ་བཅོ་ལྔ་པ་ཛྙཱ་ན་གྷརྦྷ་དང་བཻ་རོའི་འགྱུར། ཡན་ལག་གི་རྒྱུད་བཅུ་ལ། ཁྲོ་བོ་ཧཱུྃ་ཀ་རའི་རྒྱུད་ལེའུ་ལྔ་པ། རྣམ་པར་རྒྱལ་བའི་རྒྱུད་ལེའུ་བདུན་པ། དབྱུག་པ་སྔོན་པོའི་རྒྱུད་ལེའུ་ལྔ་པ། གཤིན་རྗེ་གཤེད་པོའི་རྒྱུད་ལེའུ་བཞི་པ། མི་གཡོ་བའི་རྒྱུད་ལེའུ་ལྔ་པ། རྟ་མགྲིན་གྱི་རྒྱུད་ལེའུ་དྲུག་པ། གཞན་གྱི་མི་ཐུབ་པའི་རྒྱུད་ལེའུ་ལྔ་པ། བདུད་རྩི་འཁྱིལ་བའི་རྒྱུད་ལེའུ་དྲུག་པ། ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད་ལེའུ་བདུན་པ། སྟོབས་པོ་ཆེ་ཡི་རྒྱུད་ལེའུ་ལྔ་པའོ། །རྡོ་རྗེ་ཕུར་པ་མེ་ལོང་གསལ་བའི་སྤུ་གྲི་རེག་ཆོད་འཁོར་ལོའི་རྩིབས་ཀྱི་རྒྱུད་ལེའུ་བདུན་པ། རྒྱུད་ཀྱི་རྒྱལ་པོ་དཔལ་འཇིག་རྟེན་སྣང་བྱེད་ཀྱི་རྒྱུད་ལེའུ་ཉེར་བདུན་པ་ཛྙཱ་ན་གརྦྷ་དང་བཻ་རོའི་འགྱུར། ཕུར་པ་དམ་པ་གསང་ཆེན་རྡོ་རྗེ་ཕྲེང་བའི་རྒྱུད་ལེའུ་དྲུག་པ་འགྱུར་གོང་འདྲ། ༼ཞ༽ པར་ རུ༽ ཕུར་པ་རྡོ་རྗེ་བཀོད་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལེའུ་བཅོ་ལྔ་པ་ཤྲཱི་ཛྙཱ་ནའི་འགྱུར་ལ། པདྨ་དང་དཔལ་ཡེའི་འགྱུར་བཅོས། འཕགས་པ་སངས་རྒྱས་ཐམས་ཅད་ཡེ་ཤེས་ཆེན་པོའི་རྒྱུད་ལེའུ་ང་གཉིས་པ། རྡོ་རྗེ་ཕུར་པ་ཆོས་ཐམས་ཅད་ཀྱི་གསང་བའི་དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔ་པ། སྦས་པ་ཟབ་མོ་མདུང་རྩེའི་རྒྱུད་ལེའུ་དགུ་པ་ཛྙཱ་ན་གརྦྷ་དང་བཻ་རོའི་འགྱུར། རྡོ་རྗེ་ཕུར་པ་མདུང་རྩེ་དམར་པོའི་རྒྱུད་ལེའུ་བཅུ་དགུ་པ། བསྭེ་སྒྲོམ་དམར་པོའི་རྒྱུད་ལེའུ་བཞི་པ་པདྨས་སྲས་ལྕམ་སྲིང་ལ་གཏད་པ། ཤྭ་ན་མ་དཀར་ནག་གི་རྒྱུད་ལེའུ་བཞི་པ། རྡོ་རྗེ་ཕུར་པ་ཕྲིན་ལས་ཀྱི་འཁོར་ལོ་གབ་པ་གསང་བའི་རྒྱུད་ལེའུ་བཅུ་གཉིས་པ་ཨོ་རྒྱན་དང་ལོ་ཙཱ་བ་གཉགས་ཛྙཱ་ནའི་འགྱུར། རྡོ་རྗེ་འབར་བ་གསང་བའི་རྒྱུད། ཀལྤ་དུམ་བུའི་རྒྱུད་ལེ་མེད་ཛྙཱ་ན་གརྦྷ་དང་བཻ་རོའི་འགྱུར། རུ༽ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བའི་མཆོག་དམ་པ་གསང་བ་ཆེན་པོ་རྡོ་རྗེ་འབར་བའི་རྒྱུད་ལེའུ་བཅུ་བདུན་པ་བམ་པོ་སོ་བཞི་པ་རྫོགས་མཐའ་ཅན་འགྱུར་གོང་འདྲ། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལེའུ་ཞེ་བཞི་པ་ལྕེ་དང་བྲང་ཏིའི་འགྱུར། རུ༽ ཕུར་པ་གསང་བའི་དགོངས་རྒྱུད་ལེའུ་གྱ་གཉིས་པ་པདྨ་དང་ལོ་ཙཱ་བ་ལྕེ་དང་བྲང་ཏིའི་འགྱུར། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ཐིག་ལེ་མཆོག་གི་ཕུར་པ་འབུམ་སྡེའི་ནང་ནས་ཕྱུང་བ་ལེའུ་ཉེར་གཉིས་པ་ནག་པོ་ཞབས་དང༌། ལོ་ཙཱ་བ་ཤྲཱི་བ་ལ་ཀུ་ཌ་དྷ་ན་དེ་བིའི་འགྱུར། ཕུར་པ་གསང་བའི་སྔགས་རྒྱུད་འབྱུང་པོ་ཀུན་འདུལ་གསང་བའི་ཕྲིན་ལས་རྫོགས་པ་ལེའུ་བཅུ་དྲུག་པ་ལྕེ་དང་བྲང་ཏིའི་འགྱུར། རྡོ་རྗེ་ཕུར་པ་གསང་བ་གདམས་ངག་ཅན་གྱི་རྒྱུད་ལེའུ་བཅོ་བརྒྱད་པ། ཕུར་པ་བཅུ་གཉིས་འབྱུང་བའི་རྒྱུད་ཆུང་ངུ་ལེའུ་གཉིས་པ་བི་མ་དང་གཉགས་ཀྱི་འགྱུར། རྡོ་རྗེ་ཕུར་པ་བཅུ་གཉིས་ཀྱི་ཏནྟྲ་ལེའུ་བཅུ་གཉིས་པ་པདྨ་དང༌། ལོ་ཙཱ་བ་ལྕེ་བྲང་ཏིའི་འགྱུར་རྣམས་སོ། །དེ་རྣམས་ཀྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ། ལྷུན་གྲུབ་རིག་འཛིན། ཕྱག་རྒྱའི་རིག་འཛིན། ཚེ་དབང་རིག་འཛིན། རྣམ་སྨིན་རིག་འཛིན། ལྷ་དབང་བརྒྱ་བྱིན། ཀླུ་རྒྱལ་འཇོག་པོ། རྒྱལ་པོ་ཛཿ ཨོ་རྒྱན་སངས་རྒྱས་གཉིས་པ། ཇོ་མོ་མཚོ་རྒྱལ། ལྕེ་ཀུ་ཀུ་རཱ་ཛ། མཁར་ཆེན་དཔལ་གྱི་དབང་ཕྱུག །ལ་བྱིངས་ཡེ་ཤེས་བརྩེགས། མེ་ནུ་རྒྱལ་བའི་སྙིང་པོ། རྗེ་བཙུན་དཔལ་གྱི་སྒྲོན་མ། ཟ་རི་ཀླུའི་རྒྱལ་མཚན། ཨཱ་ཙརྻ་ས་ལེ་ལང་ལབ་བྱང་རྡོར། སྣ་ནམ་ཤེར་ཚུལ། སྟོད་ཚབ་འཕགས་པ་རྒྱ་མཚོ། རྒྱ་སྟོན་སངས་རྒྱས། ར་ཐུང་ཤེས་རབ་རྒྱལ་མཚན། འགོས་རྡོ་རྗེ་རྒྱལ་མཚན། ཉང་དར་མ་སེང་གེ །ཡོན་ཏན་རྡོ་རྗེ། རམ་སྟོན་གྲུབ་པ་རྡོ་རྗེ། འགོས་དངོས་གྲུབ་རྒྱལ་མཚན། འགོས་དངོས་གྲུབ་མགོན་ནས་སྤྱི་རྒྱུད་དང༌། རུ་རྟགས་ཅན་གྱི་བརྒྱུད་པ་གཉིས་ཀ་སྔར་བཞིན་ནོ། །ཡང་ན། སློབ་དཔོན་ཆེན་པོ་ནས། བི་མ་མི་ཏྲ། བལ་པོ་ཤཱི་ལ། བྲང་ཏི་ཛ་ཡ་རཀྵི་ཏ། ཛྙཱན་ཀུ་མཱ་ར་ཛ། ལྕེ་ཀུ་ཀུ་རཱ་ཛ། ཁྲི་སྲོང་ལྡེའུ་བཙན། ལྕམ་མཆོད་གནས་མ། རྡོ་རྗེ་བདུད་འཇོམས། ཤུད་བུ་དཔལ་སེང༌། མཆིམས་ཤཱཀྱ་པྲ་བྷ། མཁར་ཆེན་མཚོ་རྒྱལ། ཤཱཀྱ་པྲ་བྷ། དཔལ་གྱི་དབང་ཕྱུག །ལ་བྱིངས་ཡེ་ཤེས་བརྩེགས། མེ་ནུ་རྒྱལ་སྙིང༌། ལོ་དཔལ་གྱི་བློ་གྲོས། ངམ་འབྲེ་ཀླུའི་རྒྱལ་མཚན། ཨཱ་ཙརྻ་ས་ལེ། ལང་ལབ་མན་གོང་འདྲ། ཡང་ན་ཇོ་མོ་མཚོ་རྒྱལ་ལམ། ཨཱ་ཙརྻ་ས་ལེ། ལང་ལབ་བྱང་རྡོར། སྣ་ནམ་ཤེར་ཚུལ། རྨ་སྒོམ་ཤཱཀྱ་ཚུལ་ཁྲིམས། དར་མ་ཤཱཀྱ། ཁྱུང་པོ་ཚལ་པ། མཚམས་ཕུག་པ། གུ་རུབ་པ་དགྲ་བཅོམ། གུ་རུབ་པ་ཡང་དག །བྷ་སྟོན་ལྷ་འབར། འགོས་འབུམ་གྲགས། འགོས་དངོས་གྲུབ་རྒྱལ་མཚན། སྲས་གཅུང་པོ། འགོས་དངོས་གྲུབ་མགོན་མན་འདྲ། ཕུར་པ་པདྨ་རྒྱལ་པོ་ལུགས་ཀྱི་བརྒྱུད་པ་ནི། ཨོ་རྒྱན་པདྨས། སྣ་ནམ་རྡོ་རྗེ་བདུད་འཇོམས། ཤུད་བུ་དཔལ་སེང༌། མཆིམས་ཤཱཀྱ་པྲ་བྷ་གསུམ་ལ་བཤད། དེའི་ནང་ནས་སྣ་ནམ་གྱིས། ལ་བྱིངས་ཡེ་ཤེས་བརྩེགས། སྙིང་བན་སེ་དཔལ། རྩེ་བན་རྒྱལ་རྩེ་གསུམ་ལ་བཤད། དེའི་ནང་ནས་ལ་བྱིངས་ཀྱིས། ཅོག་རོ། ལྷ་ལུང་དཔལ་རྡོར། སྲས་མོ་ཞང་དཔལ། དཔལ་གྱི་མཆོད་གནས་མ། སྟོད་འདུལ་དཔལ་གྱི་ལྷུན་པོ། རྡོ་རྗེ་ལྷུན་པོ། ཡེ་ཤེས་ལྷུན་པོ་སྟེ་བདུན་ལ་བཤད། བདུན་ཀས་ངན་ཐུང་རྒྱལ་མཚན་ལ། དེ་ནས་བདུད་རྩི་འབར། བླ་ཆེན་བྱང་ཆུབ་རྒྱལ་མཚན། རྒྱ་དབང་ཕྱུག་འཕགས། རྒྱ་ཆོས་ཀྱི་གཟི་བརྗིད། འགོས་དངོས་གྲུབ་རྒྱལ་མཚན། སྲས་གཉིས། འགོས་དངོས་གྲུབ་མགོན་མན་འདྲ། ཕུར་པ་ལྕམ་ལུགས་ཀྱི་བརྒྱུད་པ་ནི། སློབ་དཔོན་པདྨ་ནས། ལྕམ་དཔལ་གྱི་མཆོད་གནས། སོ་ཡེ་ཤེས་དབང་ཕྱུག །སྲས་ཀལྤོ་དབང་ཕྱུག །གཙུག་ཏོར། སོ་རྒྱལ་པོ། སོ་རཱ་ཛ་འབར། སོ་ཆོས་སེང༌། སོ་དར་མ་སྙིང་པོ། སོ་དར་སེང༌། སློབ་དཔོན་ཨ་སེང༌། དར་མ་བརྩོན་འགྲུས། སྲས་གཟི་བརྗིད། འགོས་དངོས་གྲུབ་རྒྱལ་མཚན་སོགས་སོ། །རྡོ་རྗེ་ཕུར་པ་སྟོད་ཀྱི་བརྒྱུད་པ་ནི། མཁར་ཆེན་བཟའ་ནས། མཁར་ཆེན་དབང་གི་དབང་ཕྱུག །ལ་བྱིངས་ཡེ་ཤེས་བརྩེགས། མེ་ནུ་རྒྱལ་བའི་སྙིང་པོ། ལོ་དཔལ་གྱི་བློ་གྲོས། ལྕེ་སྟོན་བཟང་པོ། ལྕེ་མོ་དཔལ་སྒྲོན། ངམ་འབྲེ་ཀླུའི་རྒྱལ་མཚན། ངམ་འབྲེ་སྲས་མཚོ། ལང་ལབ་བྱང་རྡོར། སྣ་ནམ་ཤེར་ཚུལ། རྒྱལ་སྟོན་པ་སངས་རྒྱས། རྒྱ་ཐུང་ཤེར་རྒྱལ། དགེ་བཤེས་སྨན་སྟོན། ཉང་དར་མ་ཡེ་ཤེས། རྒྱལ་སྟོན་ཡོན་ཏན། ར་སྟོན་གྲུབ་པ་རྡོ་རྗེ། འགོས་དངོས་གྲུབ་རྒྱལ་མཚན་མན་ཆད་སྔར་ལྟར་རོ། ༼ཟ༽ པར། དྲུག་པ་མ་མོ་རྦོད་གཏོང་གི་སྐོར་ནི། ཡུམ་གཟུངས་མའི་དངོས་གྲུབ་ཆེན་མོའི་རྒྱུད་མ་མོ་སྲིད་པ་རྫོང་ཆེན་མོ་འབྲས་བུ་ངེས་པར་བསྟན་པའི་རྒྱུད་ལེའུ་ཉེར་གཉིས་པ་དཔལ་གྱི་འགྱུར། དེའི་ཕྱི་མ་ཉེར་གསུམ་པ་ནས་ང་གསུམ་པའི་བར་རོ། །སྲིད་པའི་རྒྱུད་ལུང་གི་རྒྱུད་ཕྱི་མ་ཁ་འབར་མ་ནག་མོ་ལས་རྒྱ་མཚོའི་རྒྱུད་ལེའུ་དགུ་པ། མ་མོའི་ལས་རྒྱུད་ལེའུ་བཅུ་བཞི་པ་གུ་ཧྱ་གསང་བ་དང༌། འབྲོག་མིའི་འགྱུར། མ་མོ་ཐམས་ཅད་ཀྱི་ལས་རྒྱུད་ལུང་ཞེས་པ་ལེའུ་བཅུ་དྲུག་པ། མ་མོ་འབུམ་གྱི་ཏི་ཀ་སྔགས་ཀྱི་སྲུང་མ་དཔལ་ཨེ་ཀ་ཛཱ་ཊི་རྩ་བའི་རྒྱུད་ལེའུ་ཉེར་བདུན་པ། དེའི་ཕྱི་མ་ལེའུ་ཉེར་བརྒྱད་པ་ནས་ལེའུ་གོ་དྲུག་དྷ་ན་སཾ་སྐྲྀ་ཏ་དང་འབྲོག་མིའི་འགྱུར། ལས་ཀྱི་མཁའ་འགྲོ་མ་དེ་ཁོ་ན་ཉིད་གསུམ་དུ་འདུས་པ་ཞེས་བྱ་བའི་རྩིབས་ཀྱི་རྒྱུད་ཆེན་པོ་ལེའུ་བཞི་པ་ཤཱནྟིཾ་གརྦྷ་དང་ལྕེ་བཀྲ་ཤིས་ཀྱི་འགྱུར། རུ༽ མ་མོ་སྲིད་པ་མཚོ་བཞིའི་རྒྱུད་བསྟན་པ། ལས་རྒྱ་མཚོ་ཞེས་བྱ་བ་ལེའུ་ཉེར་གཉིས་པའོ། རུ༽ །མ་མོ་འདུས་པའི་རྒྱུད་དམ་གསང་བ་གཏན་ཚིགས་ཞེས་བྱ་བའི་རྒྱུད་ལེའུ་བརྒྱད་པ། མ་མོ་སྲིད་པ་ཟླ་གསང་ཐིག་ལེའི་རྒྱུད་ལེའུ་བཅུ་གཉིས་པ་གུ་ཧྱ་གསང་བ་དང༌། འབྲོག་མི་དཔལ་ཡེའི་འགྱུར། ཐུགས་ཀྱི་ཡང་སྙིང་མ་མོ་རྩ་བའི་རྒྱུད་འབུམ་ཏིག་ལེའུ་ཞེ་བརྒྱད་པ། དེའི་རྒྱུད་ཕྱི་མ་མ་མོ་བྱང་ཆུབ་ཀྱི་སེམས་གསང་བའི་རྒྱུད་ལེའུ་ཞེ་དགུ་པ་ནས་བརྒྱ་ཞེ་གཅིག་པའི་བར་ལེའུ་གོ་གསུམ་ཡོད་པ། མ་མོ་སྣང་སྲིད་ཐིག་ལེའི་རྒྱུད་ལུང་བྱང་སྐོར་གྱི་རྩ་རྒྱུད་ཅེས་བྱ་བ་ལེའུ་སོ་གཅིག་པ་གནུབས་ནམ་མཁའི་སྙིང་པོའི་འགྱུར། མ་མོ་སྣང་སྲིད་ཐིག་ལེ་བྱང་སྐོར་གྱི་རྒྱུད་ཕྱི་མ་ལེའུ་བཅུ་གཉིས་པའོ། རུ༽ །འཕགས་པ་ལྷ་མོ་རྡོ་རྗེ་ནག་མོ་དབང་ཕྱུག་མ་ཞེས་བྱ་བ་སྔགས་ཀྱི་རྒྱུད་ཀྱི་རྒྱལ་པོ་བཅོ་ལྔ་པ། རུ༽ དེའི་རྒྱུད་ཕྱི་མ་ལེའུ་བཅུ་གཉིས་པ། དེའི་ཕྱི་མའི་ཕྱི་མ་ཚིག་རྐང་ཡོངས་སུ་གཅོད་པ་ཞེས་བྱ་བའི་རྒྱུད་ལེའུ་བདུན་པ། འཕགས་པ་ལྷ་མོ་ནག་མོའི་རྒྱུད་ལེའུ་བཅུ་གཅིག་པ། དེའི་ཕྱི་མའི་རྒྱུད་ལེའུ་བཅུ་གཉིས་པ། ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་པོའི་རྒྱུད་ལེའུ་ཉེར་བཞི་པ། སྙིང་ཐིག་བཀོལ་བའི་རྒྱུད་འུག་པའི་གདོང་ཞེས་བྱ་བ་ལེའུ་ཉི་ཤུ་པ། དབྱིངས་གསང་བ་འཁོར་ལོའི་རྒྱུད་ལེའུ་དགུ་པ་རྣམས་སོ། །དེ་རྣམས་ཀྱི་བརྒྱུད་པ་ནི། ཆོས་སྐུ་མངོན་རྫོགས་རྒྱལ་པོ། ལོངས་སྐུ་རྣམ་པར་སྣང་མཛད། སྡུད་པ་པོ་ཕྱག་རྡོར། ཡུམ་ཆེན་ཕྲ་མེན་རྒྱ་མཚོ། ལྷ་མོ་མཛེས་ལྡན་མ། ལྷ་གྲགས་ལྡན་ཕྱོགས་སྐྱོང༌། ལྷ་མོ་ཡོངས་འཁྱུད་བདེ་མ། ལི་ཙཱ་བི་དྲི་མེད། ཟ་གད་སྐྱ་རིམ་པ། ཁྱེའུ་མ་ཏི་ཆུང་རྒྱུད། སློབ་དཔོན་རོ་ལངས་བདེ་བ། སངས་རྒྱས་གསང་བ། བི་མ་མི་ཏྲ། དྷ་ན་སཾ་སྐྲྀ་ཏ། འབྲོག་མི་དཔལ་ཡེ། གཉགས་ཛྙཱ་ན་ཀུ་མཱ་ར། རྨ་རིན་ཆེན་མཆོག །གཙུག་རུ་རིན་ཆེན་གཞོན་ནུ། གྱེ་རེ་མཆོག་སྐྱོང༌། དར་རྗེ་དཔལ་གྲགས། ཞང་རྒྱལ་ཡོན། གནུབས་ཆེན། སོ་ཡེ་ཤེས་འབར། ངན་ཐུང་བྱང་རྒྱལ། ཀོང་ཐུང་ཤེར་ཚུལ། ར་ཐུང་ཡེར་ཚུལ། ཉང་ཡེ་འབྱུང༌། ཟུར་ཆེན། ཟུར་ཆུང༌། ཉ་རི་བ། ཡམ་ཤུད་ཆུ་ཀླུང༌། འགོས་ཟླ་འབར། འགོས་འབུམ་གྲགས། འགོས་དངོས་གྲུབ་རྒྱལ་མཚན། སྲས་གཅུང་པོ། འགོས་དངོས་གྲུབ་མགོན་མན་ཆད་སྤྱི་དང་རྟགས་ཅན་གྱི་བརྒྱུད་ལུགས་གོང་བཞིན་ནོ། །ཡང་ན་སངས་རྒྱས་གསང་བ་ནས། འབྲོག་མི་དཔལ་ཡེ། སྲས་ཟླ་འོད་ཉི་ཤར། ཁྱུང་པོ་བྱང་ཆུབ་རྒྱལ་མཚན། གྲུ་གུ་བྱང་ཆུབ་འབྱུང་གནས། ལྡན་པ་དབྱིག་གི་ཚུལ་ཁྲིམས། ཟུར་ཚ་དབང་ཕྱུག་རྒྱལ་མཚན། ཟུར་པོ་མན་ཆད་སྔར་བཞིན་ནོ། །ཡང་ན་ཟུར་ཆུང་ནས། སྒྲོ་ཕུག་ཤཱཀ་སེང༌། སྒ་སྟོན་བློ་གྲོས་སྙིང་པོ། རམ་སྟོན་གྲུབ་པ་རྡོ་རྗེ། འགོས་དངོས་གྲུབ་རྒྱལ་མཚན་སོགས། མ་མོ་མཁའ་འགྲོ་སྤྱི་འདུས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ་མ། རྡོ་རྗེ་ཐོད་ཕྲེང་རྩལ། པཎྜི་ཏ་གསང་བའི་མཚོ། བུདྡྷ་གུཔྟ། བཛྲ་སིདྡྷི། སྤྲིན་གྱི་ཤུགས་ཅན། པ་ཚབ་ཉི་མ་གྲགས། དཔལ་ཆེན་རྒྭ་ལོ། ཞང་གཡུ་བྲག་པ། རྗེ་མི་བསྐྱོད་རྡོ་རྗེ། བླ་མ་ལྕེ་སྒོམ་པ། གྲུ་གུ་སྨོན་ལམ་སེང་གེ །སྦ་སྟོན་གཞོན་ནུ་རིན་ཆེན། བླ་མ་བསམ་འཕེལ། བླ་མ་ཤཱཀྱ་རྒྱལ་མཚན་མན་སྤྱི་ལྟར་རོ། །ཡང་ན་རྡོ་རྗེ་འཆང༌། དཔལ་ཟླ་གསང་རིན་ཆེན། རྒྱལ་བ་རིགས་ལྔ། ཕྱག་ན་རྡོ་རྗེ། དམ་པའི་རིགས་ཅན་དྲྭ་མ་ལྔ། ལི་ཙཱ་བི་དྲི་མེད་གྲགས་པ། རྒྱལ་པོ་ཛཿ ཨུ་པ་རཱ་ཛ། ཀུ་ཀུ་རཱ་ཛ། མ་ཏི། ཉི་ཟླ་རྡོ་རྗེ། བྷ་ཧུ་ར་མུ་ཏཾ། སངས་རྒྱས་གསང་བ་མན་གོང་ལྟར་རོ། །འདིར་བཀའ་བརྒྱད་བདེ་འདུས་ཀྱི་སྐོར་བཞུགས་ཀྱང་དེ་ཉིད་ཀྱི་ཆོས་སྡེ་ངོ་བོའི་སྐབས་སུ་ཤེས་སོ། ༼ཨ༽ པར། བསྟན་སྲུང་གི་སྐོར་ནི། དཔལ་མགོན་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆའི་འཁོར་ལོའི་རྒྱུད་ལེའུ་སོ་དྲུག་པ་བྲམ་ཟེ་གསལ་བའི་རྒྱན་དང༌། བལ་པོ་ནོར་འཛིན་གྱིས་གནུབས་ལ་གཏད་པ་དང༌། ནག་པོ་ཆེན་པོ་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལེའུ་བཅོ་བརྒྱད་པ། དཔལ་མགོན་པོ་གསང་བ་སྙིང་གི་འཁོར་ལོ་དངོས་གྲུབ་ཆེན་པོ་འབྱུང་བའི་རྒྱུད་ལེའུ་བཅོ་ལྔ་པ་གནུབས་སངས་རྒྱས་ཡེ་ཤེས་ཀྱི་འགྱུར། དཔལ་ནག་པོ་ཆེན་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལེའུ་ཞེ་ལྔ་དང༌། དུམ་བུ་དྲུག་པ་དྷ་ན་སཾ་སྐྲྀ་ཏ་དང་བཻ་རོའི་འགྱུར། དཔལ་ནག་པོ་ཆེན་པོ་དུར་ཁྲོད་ནག་པོའི་རྒྱུད་བརྟག་པ་བཅུ་གཉིས་པ་གྱི་ལྗང་དབུ་དཀར་གྱི་འགྱུར། མན་ངག་བརྩེགས་པ་གྲི་གུག་གི་རྒྱུད་ལེའུ་ཉེར་གཅིག་པ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དཔལ་ནག་པོ་ཆེན་པོ་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོའི་རྒྱུད་ལེའུ་བཅུ་པ་སྣ་ནམ་རྡོ་རྗེ་བླ་མའི་འགྱུར། ནག་པོ་ཆེན་པོ་གཟུགས་ཅན་གཅེར་བུའི་རྒྱུད་ལེའུ་བཅུ་གཉིས་པ། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་རྒྱུད་ལེའུ་བཅོ་ལྔ་པ་སྣ་ནམ་གྱི་འགྱུར། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྩ་རྒྱུད་བཅུ་གསུམ་པ་དང༌། ཕྱི་མ་ལེའུ་གཅིག་རལ་གཅིག་མ་ཆོས་དབྱིངས་བདག་མོ་སྤུ་གྲི་ཡ་མའི་རྒྱུད་ལེའུ་ཉེར་ལྔ་པ་ཡང་དབང་གཏེར་གྱི་འགྱུར། ཨེ་ཀ་ཛཱ་ཊི་སྦ་པ་ནག་མོའི་རྒྱུད་ལེའུ་ལྔ་པ། ཨེ་ཀ་ཛཱ་ཊི་ཟ་བྱེད་སྤྱང་རྒྱལ་མའི་རྒྱུད་དེ་བ་ཙནྡྲ་དང་བཻ་རོའི་འགྱུར། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལེའུ་ཉེར་གཉིས་པ་མཁའ་འགྲོ་མ་སྡོམ་པའི་ཀ་ལ་མ་དང་ཅོག་རོའི་འགྱུར། ཧེ་སྡུད་འབར་བ་རེ་མ་ཏི་མཆེད་བཞིའི་རྒྱུད་ལེའུ་བཅུ་གཅིག་པ། དཔལ་ལྷ་མོ་ནག་མོ་ཐུགས་ཀྱི་སྲོག་སྒྲུབ་ཙིཏྟ་གསང་བའི་རྒྱུད་ལེའུ་བཅོ་བརྒྱད་པ། བདུད་བྱ་རོག་མགོ་བརྩེགས་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀིང་ཀང་རྟོག་ཏིའི་མདོ་སྙིང་གཟེར་ནག་པོའི་རྒྱུད་ལེའུ་བཅོ་ལྔ་པ། མ་མོ་སྲིད་པའི་བེམས་ཆེན་མོ་ལེའུ་སོ་ལྔ་པ་ཡན་མི་གསལ། དེ་མན་ལེའུ་གྲངས་དང་མིང་གསལ་ཁ་མེད་པ་སྐབས་ལེ་མ་ངེས་པས་མཚམས་ཡོད་པ་ཡང་དབང་གཏེར་གྱི་འགྱུར། འབྱུང་པོ་འདུས་པ་ཆེན་པོའི་རྒྱུད་ལྷ་འདྲེ་སྟོང་གི་དྲ་བ་ལེའུ་ང་གསུམ་པ་རྣམས་སོ། །དཔལ་མགོན་དུར་ཁྲོད་མཚོན་ཆ་མངོན་རོལ་འཁོར་ལོའི་རྒྱུད་དང༌། ནག་པོ་ཆེན་པོ་སྐུ་གསུང་ཐུགས་ཁྲོས་རྒྱུད་གཉིས་ཀྱི་བརྒྱུད་པ་བོན་ལུང་པ། རྗེ་གཏེར་ཆེན་བླ་མ། པདྨ་འགྱུར་མེད་རྒྱ་མཚོ། ཡིད་བཞིན་ལེགས་གྲུབ། རཏྣ་བི་ཛ། ཨོ་ཌི་ཡ་ན། ཀརྨ་བི་ཛ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། འགྱུར་མེད་བསྟན་འཛིན་འཕེལ་རྒྱས། རྗེ་གུ་ཎ་མན་གོང་འདྲ། ལེགས་ལྡན་དང་ཕྱག་བཞི་པའི་བརྒྱུད་པ་ཆོས་སྡེ་སོ་སོ་ལས་བྱུང་བ་ལྟར་ཤེས་སོ། །དེ་མན་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རིགས་ལྔ། རིགས་གསུམ། ལྷ་ཀླུ་གནོད་སྦྱིན་གསུམ། རྒྱལ་པོ་ཛ། ཨིནྡྲ་བྷུ་ཏི། ནཱ་ག་པཱུ་ཏྲ། གུ་ཧྱ་བོ་དྷི། ཀུ་ཀུ་རཱ་ཛཿ རོ་ལངས་བདེ་བ། རྡོ་རྗེ་བཞད་པ། པྲ་ཧསྟི། ཤཱཀྱ་སེང་གེ །དྷ་ན་རཀྵི་ཏ། སྠི་ར་མ་ཏི། བདེ་བ་གསལ་མཛད། དྷརྨ་བོ་དྷི། པཎྜི་ཏ་ཟླ་མགོན། ལྕེ་ལོ་སྒང་པ། འགོས་ཁང་པར་བ། འགོས་འབུམ་གྲགས། འགོས་དངོས་གྲུབ་རྒྱལ་མཚན། སྲས་དགེ་སློང༌། འགོས་དངོས་གྲུབ་མན་ཆད་རུ་རྟགས་དང༌། རྟགས་མེད་ཀྱི་བརྒྱུད་ལུགས་གཉིས་ཀ་སྔར་བཞིན་ནོ། །ཡང་ན་འགོས་འབུམ་གྲགས་ནས། ཕོ་རོག་མདོ་སྡེ་མགོན། ཞང་ཞལ་དཀར་བ། འགོས་དངོས་གྲུབ་རྒྱལ་མཚན་སོགས་སོ། །དེ་ལྟར་ཡོ་ག་གསུམ་གྱི་རྒྱུད་རྣམས་ཐམས་ཅད་བརྒྱུད་པ་སོ་སོ་ནས་བརྒྱུད་དེ་འགོས་དངོས་གྲུབ་མགོན་ལ་བཀའ་བབས། དེ་ནས་རིམ་པར་བླ་མ་ཤཱཀྱ་རྒྱལ་མཚན། བླ་མ་དཔལ་བཟང་པོ། རྒྱ་མན། རྡོ་ཐོག་ཐེལ་པ། རྡོ་རྗེ་རྒྱལ་མཚན། གཉལ་བདེ་ལེགས་པ། གྲ་རི་ཁྲོད་པ། རོག་སྟོན་འཇམ་དབྱངས་བཤེས་གཉེན། གྲམ་ཨར་དགེ །སྐྱོར་སྟོན་ཆོས་དཔལ་རྒྱལ་མཚན། འབྲོག་འཕྱམས་དགོན་པ་བསམ་གཏན་བཟང་པོ། གཏེར་སྟོན་རཏྣ་གླིང་པ། སྲས་ཚེ་དབང་གྲགས་པ། རྗེ་ངག་དབང་གྲགས་པ། མཉམ་མེད་ངག་དབང་ནོར་བུ། དྲིན་ཅན་ནོར་བུ་ཡོངས་གྲགས། རྒྱལ་སྲས་ནོར་བུ་དབང་རྒྱལ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། བོན་ལུང་པ་ཚུལ་ཁྲིམས་རྒྱལ་མཚན། ཐུགས་སྲས་བསྟན་འཛིན་འགྱུར་མེད། གསུང་སྤྲུལ་ཀུན་བཟང་རྡོ་རྗེ། ཐུགས་སྲས་མཆོག་གྲུབ་དཔལ་འབར། གསུང་སྤྲུལ་བསྟན་འཛིན་གྲུབ་མཆོག་རྡོ་རྗེ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། རྗེ་བླ་མ་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཐམས་ཅད་མཁྱེན་པ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་དཔལ་བཟང་པོ། རྗེ་བླ་མ་འཇམ་མགོན་རྡོ་རྗེ་འཆང་རྒྱལ་བའི་ལུང་བསྟན་བློ་གྲོས་མཐའ་ཡས་མཛོད་ཆེན་ལྔ་ཡི་མངའ་བདག་མཆོག་གིས་ཐུགས་རྗེ་ཚད་མེད་པས། མཁན་ཆེན་ངག་དབང་ལེགས་གྲུབ། དེས་ཀློང་ཆེན་ཡེ་ཤེས་རྡོ་རྗེ་ལ་བསྩལ་ཏེ། དེ་ལས་ཚང་སྤྲུགས་སུ་བདག་མངྒལ་ལ་བཀའ་དྲིན་དུ་བསྩལ་བ་དང༌། ཀུན་མཁྱེན་བླ་མ་མཉྫུ་གྷོ་ཥའི་དམིགས་པ་མེད་པའི་བརྩེ་བའི་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་དབུགས་དབྱུང་བཅས་བཀའ་དྲིན་གཞལ་དུ་མེད་པ་སྐལ་བཟང་བྱིན་རླབས་ཀྱི་སྤྲིན་ཕུང་འཕྲོ་བའང་ནོས་སོ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 09:12, 1 June 2024
Wylie title | rnying rgyud gsan yig | |
---|---|---|
Location | dil mgo mkhyen brtse bka' 'bum Volume 24, Text 3, Pages 184-219 (Folios 1a1 to 36a4) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Rnying rgyud gsan yig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 24: 184-219. Delhi: Shechen Publications, 1994. | |
Genre | Records of Teachings Received - thob yig - gsan yig |