DKR-KABUM-02-KHA-011: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-011
No edit summary
m (Text replacement - "Khyentse Metadata" to "Text")
 
(7 intermediate revisions by 2 users not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=བླ་མའི་རྣལ་འབྱོར་བྱིན་རླབས་ཉིན་བྱེད།
|fulltitle=bla ma'i rnal 'byor byin rlabs nyin byed
|citation=[[Khyentse, Dilgo]]. ''Bla ma'i rnal 'byor byin rlabs nyin byed''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 2: 66-74. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|tibgenre=Guru Yoga Texts - bla ma'i rnal 'byor
|terma=No
|dkroutline=Two
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=002
|volumenumber=KHA
|volnumtib=༢
|volyigtib=ཁ་
|totalvolumes=25
|textnuminvol=011
|textnuminvol=011
|pagenumbers=66-74
|totalpages=18
|beginfolioline=1a
|endfolioline=9b4
|totalfolios=9
|multivolumework=No
|rectonotes=bla rnal
|versonotes=byin rlabs nyin byed
|colophontib=* '''First colophon:''' །ཞེས་པའང་སྤྱིར་བདག་ལྟ་བུའི་སོ་སོའི་སྐྱེ་བོ་ལ་བླ་རྣལ་སྦྱོར་བ་བྱིན་རླབས་དང་དགོས་པ་གཏན་ནས་མེད་ཀྱང་རིས་མེད་པའི་ཐུབ་བསྟན་རིན་པོ་ཆེར་གུས་ཤིང་དམ་པའི་རྣམ་ཐར་འཆང་བ་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཆོས་ཀྱི་བློ་གྲོས་ནས་ཐུན་མིན་དད་བརྩེ་ཆེན་པོས་རིན་ཆེན་སྣ་ཚོགས་པའི་མཎྜལ་དང༌། འཇམ་མགོན་རྡོ་རྗེ་འཆང་རྣམ་གཉིས་ཀྱི་ཐུགས་སྲས་ཁྱུང་སྤྲུལ་རིག་འཛིན་ཆེན་པོའི་དངོས་སློབ་ཀློང་ཆེན་ཡེ་ཤེས་རྡོ་རྗེས་ཐུན་མོང་མ་ཡིན་པའི་དག་སྣང་ཡིད་ཆེས་ཀྱིས་མུ་ཏིག་གི་ཆུན་འཕྱང་དང༌། འབྲས་བཟང༌། ལྷ་རྫས་ཀྱི་རྟེན་བཅས་གསུང་བསྐུལ་ནན་བསྐྱར་གནང་བ་ལྡོག་མ་ནུས་པར་རྒྱལ་ཁམས་ཀུན་ཏུ་མཁྱེན་བརྩེའི་སྤྲུལ་སྐུར་གྲགས་པའི་མཚན་ལ་ཁག་བསྙེལ་ནས་འཕགས་པའི་ས་ལ་བཞུགས་པའི་སྐྱེས་ཆེན་རྣམས་དང་དོན་དམ་གྱི་དབྱིངས་སུ་ཐ་མི་དད་པའི་གདུང་ཤུགས་ཀྱིས་འདི་ལྟར་སྦྱར་བ་རང་གཞན་ལ་ཕན་པའི་ཡིད་ཀྱིས་རྨོངས་རྟུལ་འདུ་གསུམ་པ་བཀྲ་ཤིས་དཔལ་འབྱོར་གྱིས་བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་དྲུང་ནས་ས་སྤྲེལ་རྒྱལ་ཟླའི་ཚེས་བཅུ་ལ་གྲུབ་པར་བགྱིས་པ་འབྲེལ་ཚད་འཇམ་མགོན་བླ་མ་ཆེན་པོའི་ཡེ་ཤེས་གཟིགས་པའི་འབབ་སྟེགས་སུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལྟར་བླ་མའི་རྣལ་འབྱོར་གཅིག་ལ་བསགས་སྦྱང་གི་མན་ངག་ཐམས་ཅད་འདུས་ན་ལེགས་པའི་ཡན་ལག་ཏུ་མཐོང་ནས་སྔར་བྲིས་པ་ལ་བཀླག་ཆོག་ཏུ་མངྒ་ལ་རང་གིས་བྲིས་པ་དོན་ལྡན་དུ་གྱུར་ཅིག
* '''Second colophon:''' །ཅེས་རྣམ་དཀར་བྱེད་པོའི་མོས་འདུན་བཞིན་མངྒ་ལས་བྲིས་པའོ། །སརྦ་མངྒ་ལཾ། དགེའོ།།
|colophonwylie=* '''First colophon:''' /zhes pa'ang spyir bdag lta bu'i so so'i skye bo la bla rnal sbyor ba byin rlabs dang dgos pa gtan nas med kyang ris med pa'i thub bstan rin po cher gus shing dam pa'i rnam thar 'chang ba zhwa de'u 'khrul zhig mchog sprul rin po che 'gyur med chos kyi blo gros nas thun min dad brtse chen pos rin chen sna tshogs pa'i maN+Dal dang*/_'jam mgon rdo rje 'chang rnam gnyis kyi thugs sras khyung sprul rig 'dzin chen po'i dngos slob klong chen ye shes rdo rjes thun mong ma yin pa'i dag snang yid ches kyis mu tig gi chun 'phyang dang*/_'bras bzang*/_lha rdzas kyi rten bcas gsung bskul nan bskyar gnang ba ldog ma nus par rgyal khams kun tu mkhyen brtse'i sprul skur grags pa'i mtshan la khag bsnyel nas 'phags pa'i sa la bzhugs pa'i skyes chen rnams dang don dam gyi dbyings su tha mi dad pa'i gdung shugs kyis 'di ltar sbyar ba rang gzhan la phan pa'i yid kyis rmongs rtul 'du gsum pa bkra shis dpal 'byor gyis bal yul mchod rten chen po bya rung kha shor gyi drung nas sa sprel rgyal zla'i tshes bcu la grub par bgyis pa 'brel tshad 'jam mgon bla ma chen po'i ye shes gzigs pa'i 'bab stegs su 'gyur bar byin gyis brlab tu gsol/_de ltar bla ma'i rnal 'byor gcig la bsags sbyang gi man ngag thams cad 'dus na legs pa'i yan lag tu mthong nas sngar bris pa la bklag chog tu mang+ga la rang gis bris pa don ldan du gyur cig
* '''Second colophon:''' /ces rnam dkar byed po'i mos 'dun bzhin mang+ga las bris pa'o/_/sarba mang+ga laM/_dge'o//
|pdflink=File:DKR-KABUM-02-KHA-011.pdf
|pdflink=File:DKR-KABUM-02-KHA-011.pdf
}}
}}
Line 26: Line 46:
==Other Information==
==Other Information==
{{Footer}}
{{Footer}}
[[Category:DKR-KABUM-Volume-02-KHA]]
 
[[Category:DKR-KABUM-Volume-02-KHA]]
[[Category:DKR-KABUM-Volume-02-KHA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]

Latest revision as of 08:00, 1 June 2024

Wylie title bla ma'i rnal 'byor byin rlabs nyin byed DKR-KABUM-02-KHA-011.pdf
Location dil mgo mkhyen brtse bka' 'bum
Volume 2, Text 11, Pages 66-74 (Folios 1a to 9b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Bla ma'i rnal 'byor byin rlabs nyin byed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 66-74. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor
Colophon
  • First colophon: །ཞེས་པའང་སྤྱིར་བདག་ལྟ་བུའི་སོ་སོའི་སྐྱེ་བོ་ལ་བླ་རྣལ་སྦྱོར་བ་བྱིན་རླབས་དང་དགོས་པ་གཏན་ནས་མེད་ཀྱང་རིས་མེད་པའི་ཐུབ་བསྟན་རིན་པོ་ཆེར་གུས་ཤིང་དམ་པའི་རྣམ་ཐར་འཆང་བ་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཆོས་ཀྱི་བློ་གྲོས་ནས་ཐུན་མིན་དད་བརྩེ་ཆེན་པོས་རིན་ཆེན་སྣ་ཚོགས་པའི་མཎྜལ་དང༌། འཇམ་མགོན་རྡོ་རྗེ་འཆང་རྣམ་གཉིས་ཀྱི་ཐུགས་སྲས་ཁྱུང་སྤྲུལ་རིག་འཛིན་ཆེན་པོའི་དངོས་སློབ་ཀློང་ཆེན་ཡེ་ཤེས་རྡོ་རྗེས་ཐུན་མོང་མ་ཡིན་པའི་དག་སྣང་ཡིད་ཆེས་ཀྱིས་མུ་ཏིག་གི་ཆུན་འཕྱང་དང༌། འབྲས་བཟང༌། ལྷ་རྫས་ཀྱི་རྟེན་བཅས་གསུང་བསྐུལ་ནན་བསྐྱར་གནང་བ་ལྡོག་མ་ནུས་པར་རྒྱལ་ཁམས་ཀུན་ཏུ་མཁྱེན་བརྩེའི་སྤྲུལ་སྐུར་གྲགས་པའི་མཚན་ལ་ཁག་བསྙེལ་ནས་འཕགས་པའི་ས་ལ་བཞུགས་པའི་སྐྱེས་ཆེན་རྣམས་དང་དོན་དམ་གྱི་དབྱིངས་སུ་ཐ་མི་དད་པའི་གདུང་ཤུགས་ཀྱིས་འདི་ལྟར་སྦྱར་བ་རང་གཞན་ལ་ཕན་པའི་ཡིད་ཀྱིས་རྨོངས་རྟུལ་འདུ་གསུམ་པ་བཀྲ་ཤིས་དཔལ་འབྱོར་གྱིས་བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་དྲུང་ནས་ས་སྤྲེལ་རྒྱལ་ཟླའི་ཚེས་བཅུ་ལ་གྲུབ་པར་བགྱིས་པ་འབྲེལ་ཚད་འཇམ་མགོན་བླ་མ་ཆེན་པོའི་ཡེ་ཤེས་གཟིགས་པའི་འབབ་སྟེགས་སུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལྟར་བླ་མའི་རྣལ་འབྱོར་གཅིག་ལ་བསགས་སྦྱང་གི་མན་ངག་ཐམས་ཅད་འདུས་ན་ལེགས་པའི་ཡན་ལག་ཏུ་མཐོང་ནས་སྔར་བྲིས་པ་ལ་བཀླག་ཆོག་ཏུ་མངྒ་ལ་རང་གིས་བྲིས་པ་དོན་ལྡན་དུ་གྱུར་ཅིག
  • Second colophon: །ཅེས་རྣམ་དཀར་བྱེད་པོའི་མོས་འདུན་བཞིན་མངྒ་ལས་བྲིས་པའོ། །སརྦ་མངྒ་ལཾ། དགེའོ།།
  • First colophon: /zhes pa'ang spyir bdag lta bu'i so so'i skye bo la bla rnal sbyor ba byin rlabs dang dgos pa gtan nas med kyang ris med pa'i thub bstan rin po cher gus shing dam pa'i rnam thar 'chang ba zhwa de'u 'khrul zhig mchog sprul rin po che 'gyur med chos kyi blo gros nas thun min dad brtse chen pos rin chen sna tshogs pa'i maN+Dal dang*/_'jam mgon rdo rje 'chang rnam gnyis kyi thugs sras khyung sprul rig 'dzin chen po'i dngos slob klong chen ye shes rdo rjes thun mong ma yin pa'i dag snang yid ches kyis mu tig gi chun 'phyang dang*/_'bras bzang*/_lha rdzas kyi rten bcas gsung bskul nan bskyar gnang ba ldog ma nus par rgyal khams kun tu mkhyen brtse'i sprul skur grags pa'i mtshan la khag bsnyel nas 'phags pa'i sa la bzhugs pa'i skyes chen rnams dang don dam gyi dbyings su tha mi dad pa'i gdung shugs kyis 'di ltar sbyar ba rang gzhan la phan pa'i yid kyis rmongs rtul 'du gsum pa bkra shis dpal 'byor gyis bal yul mchod rten chen po bya rung kha shor gyi drung nas sa sprel rgyal zla'i tshes bcu la grub par bgyis pa 'brel tshad 'jam mgon bla ma chen po'i ye shes gzigs pa'i 'bab stegs su 'gyur bar byin gyis brlab tu gsol/_de ltar bla ma'i rnal 'byor gcig la bsags sbyang gi man ngag thams cad 'dus na legs pa'i yan lag tu mthong nas sngar bris pa la bklag chog tu mang+ga la rang gis bris pa don ldan du gyur cig
  • Second colophon: /ces rnam dkar byed po'i mos 'dun bzhin mang+ga las bris pa'o/_/sarba mang+ga laM/_dge'o//
[edit]
༄༅། གུ་རུ་ཡོ་ག་ཨ་དྷིཥྛསཱུརྻདཱི་པཾ་བི་ཛ་ཧཱ་རམ།

༄༅། བླ་མའི་རྣལ་འབྱོར་བྱིན་རླབས་ཉིན་བྱེད་བཞུགས།

༄༅། །ན་མོ་མ་ཧཱ་གུ་རུ་བྷྱཿ ཐེག་པ་ཆེ་ཆུང་ཐུན་མོང་གི་ལམ་ངེས་འབྱུང་དང༌། ཐེག་ཆེན་ལམ་གྱི་རྩ་བ་སྙིང་རྗེ། གསང་སྔགས་ལམ་གྱི་རྩ་བ་དག་སྣང་དང་མོས་གུས་སྲོག་ཏུ་བཟུང་བས་བླ་མའི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཉམས་སུ་ལེན་པ་ནི་མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་སྙིང་པོ་མཐར་ཐུག་ཡིན་ཏེ། དེའི་ཚུལ་ཉུང་གསལ་སྙིང་པོའི་གནད་དྲིལ་གྱིས་ཉམས་སུ་ལེན་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། བླ་མ་མཁྱེན། ལན་གསུམ། དལ་འབྱོར་རྙེད་དཀའ་དོན་ཆེན་ཐོབ་དུས་འདིར། །སྣོད་བཅུད་མི་རྟག་དྲན་པས་རྒྱུད་བསྐུལ་ནས། །སྲིད་གསུམ་སྡུག་བསྔལ་མཚོ་ལས་ངེས་འབྱུང་ཕྱིར། །བླང་དོར་མ་ནོར་ལམ་ལ་བརྩོན་ནུས་ཤོག །ཅེས་དང༌། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །ངེས་འབྱུང་སྙིང་རྗེ་ཡིད་ཆེས་དད་པ་ཡིས། །བླ་མ་དཀོན་མཆོག་རྩ་གསུམ་སྐྱབས་སུ་མཆི། །འགྲོ་ཀུན་སྲིད་ཞི་ལས་གྲོལ་སེམས་བསྐྱེད་དོ། །ཅེས་ལན་གསུམ་སོགས་ཅི་ནུས་བརྗོད་ཅིང་དོན་ལ་གཞོལ་བར་བྱ། གཉིས་པ་ལ་བཞི་ལས། དང་པོ་ཚོགས་རྟེན་གསལ་གདབ་ལ། ཐོག་མར་གནས་ཡོ་བྱིན་གྱིས་བརླབ་པ་ནི། རྟེན་མཆོད་སོགས་ཡོད་ན། སྭ་བྷཱ་ཝས་སྦྱངས། སྣོད་བཅུད་རྣམ་དག་འོག་མིན་སྟུག་པོ་བཀོད། །དཔག་ཡས་ཡོན་ཏན་རྒྱན་བཀོད་བསམ་མི་ཁྱབ། །ཀུན་བཟང་མཆོད་པ་རྒྱ་མཚོའི་སྤྲིན་ཆེན་པོ། །བདེ་བ་ཆེན་པོའི་ལོངས་སྤྱོད་ལྷུན་གྲུབ་གྱུར། ཨོཾ་སརྦ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཆོས་ཀུན་དམིགས་མེད་ཀ་ནས་དག་པའི་ངང༌། །ཅིར་སྣང་ཡེ་ཤེས་རོལ་མོར་འབྱམས་ཀླས་པའི། །སྣོད་བཅུད་རྣམ་དག་རྡོ་རྗེའི་འོག་མིན་ཆེ། །ངེས་པ་ལྔ་ལྡན་ལྷུན་རྫོགས་ཞིང་གི་དབུས། །འཇའ་ཟེར་ཐིག་ལེ་མཆོད་པའི་སྤྲིན་འཁྲིགས་པར། །རང་ཉིད་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། །དམར་གསལ་གྲི་ཐོད་རྡོ་རྗེའི་ཁ་ཊྭཱཾ་ཅན། །པད་ཉི་འཇིགས་བྱེད་དུས་མཚན་སྟེང་འགྱིང་ཞིང༌། །སྤྱན་གསུམ་དག་པ་མཁའ་སྤྱོད་གནས་གཟིགས་པའི། །མདུན་གྱི་ནམ་མཁར་རིན་ཆེན་སེང་གེའི་ཁྲིར། །དར་ཟབ་འབོལ་བརྩེགས་རི་དྭགས་གདན་གྱི་སྟེང༌། །སྲིད་ཞི་ཀུན་ཁྱབ་གཞོན་ནུ་བུམ་སྐུའི་ཀློང༌། །རབ་འབྱམས་སྲས་བཅས་རྒྱལ་བའི་མཁྱེན་བརྩེའི་གཏེར། །གང་འདུལ་གདུལ་བྱའི་མོས་པ་བཞིན་འཆར་བའི། །དཔལ་ལྡན་བླ་མ་གརྃ་དབྃང་མདོྃ་སྔགྃས་གླིངྃ༌། །དཀར་གསལ་མཛེས་འཛུམ་མཚན་དཔེའི་གཟི་བྱིན་འབར། །ཕྱག་གཡས་ཆོས་འཆད་པད་དཀར་སྡོང་བུ་འཛིན། །གེ་སར་སྟེང་དུ་རལ་གྲི་གླེགས་བམ་མཛེས། །གཡོན་པ་མཉམ་བཞག་འཆི་མེད་ཚེ་བུམ་དང༌། །པད་སྡོང་དབུས་སུ་ཐབས་ཤེས་རྡོར་དྲིལ་མཚན། །དབུ་སྐྲ་ལྕང་ལོ་ངུར་སྨྲིག་ཆོས་གོས་གསུམ། །པདྨ་མཐོང་གྲོལ་རིགས་ཀྱི་ཅོད་པན་འཛིན། །ཞབས་ཟུང་མི་གཡོ་རྡོ་རྗེའི་སྐྱིལ་ཀྲུང་ཅན། །སྐྱབས་ཀུན་འདུས་པའི་བདག་ཉིད་ཆེན་པོར་གསལ། །ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་དབྱངས། །མཁྱེན་བརྩེའི་དབང་པོ་འཇིགས་བྲལ་པཎ་ཆེན་ཚུལ། །མཆོག་སྦྱིན་མཉམ་བཞག་རྡོར་དྲིལ་པད་སྡོང་རྩེར། །འཆི་མེད་ཚེ་བུམ་གླེགས་བམ་རལ་གྲི་འཛིན། །རྣམ་གསུམ་ཆོས་གོས་ངུར་སྨྲིག་ན་བཟས་བཀླུབས། །པད་ཟླའི་སྟེང་ན་དགྱེས་པའི་ཚུལ་གྱིས་བཞུགས། །དེ་ཡི་ཐུགས་ཀར་འཇམ་དཔལ་ཁྲག་འཐུང་ཆེ། །ཕྱག་རྒྱ་ཟིལ་གནོན་དཀར་དམར་མཐིང་ཞལ་ཅན། །ཕྱག་དྲུག་འཁོར་ལོ་རལ་གྲི་རྡོ་རྗེ་གཡས། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན་ཕྱག་ཅན། །ཞབས་བཞིས་པད་ཉི་གཤིན་རྗེ་ཆུ་གླང་བརྫིས། །དཔལ་དང་དུར་ཁྲོད་དྲག་པོའི་ཆས་ཀུན་རྫོགས། །དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་འཕྲོག་མཛད། །ཡེ་ཤེས་གཟི་བྱིན་འོད་ཟེར་དཔལ་དུ་འབར། །མདུན་དུ་གང་ཐུགས་ངེས་འབྱུང་སྙིང་རྗེའི་གཟུགས། །ཨུ་པཱ་སི་ཀ་པད་དཀར་འཆང་བ་དངོས། །གཡས་སུ་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་གྱི། །བྱིན་རླབས་སྤྱི་གཟུགས་གསང་བདག་གྲགས་པ་རྒྱལ། །རྒྱབ་ཏུ་རྡོ་རྗེའི་ལམ་གྱི་སྤང་རྟོགས་གཟུགས། །མཐོང་ཐོས་དྲན་གྲོལ་མཉམ་མེད་སྒམ་པོ་པ། །གཡོན་དུ་ཕྱི་ནང་གཞན་གསུམ་ཡེ་ཤེས་སུ། །དག་པ་རྟོགས་ལྡན་ཟླ་བ་སེང་གེའི་ཞབས། །དབུ་གཙུག་བཀའ་གཏེར་བསྟན་པའི་བདག་པོ་ཆེ། །རྩ་གསུམ་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང༌། །རིགས་ཀྱི་བདག་པོ་རྗེ་བཙུན་འཇམ་དཔལ་དབྱངས། །འཁོར་དུ་མཆོག་གསུམ་རྩ་གསུམ་སྐུ་གསུམ་གྱི། །རྣམ་རོལ་འཕགས་བོད་མཁས་གྲུབ་རྒྱ་མཚོས་བསྐོར། །འཁོར་འདས་ཀུན་ཁྱབ་ཡེ་ཤེས་སྙིང་པོའི་གཟུགས། །སྲིད་ཞིའི་འཇིགས་འཕྲོག་དྲན་པས་གདུང་སེལ་ཞིང༌། །མངོན་མཐོ་ངེས་ལེགས་ཡོན་ཏན་རྒྱ་མཚོའི་དཔལ། །ཡིད་བཞིན་སྩོལ་པའི་བདག་ཉིད་ཆེན་པོར་གསལ། །སྐབས་འདིར་རྒྱས་པར་སྤྲོ་ན་སྤྱན་འདྲེན་དང༌། ཕྱག་འཚལ་མཆོད་ཕྲེང་སོགས་བླ་མཆོད་རིགས་མཐུན་གཞན་ལས་འབྱུང་བ་ལྟར། གཉིས་པ་བསགས་སྦྱངས་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་ནི། སྐྱབས་གནས་ཀུན་འདུས་དྲིན་ཆེན་བླ་མ་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང༌། །ལུས་དང་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་འབུལ། །ཚེ་རབས་བསགས་པའི་སྡིག་ལྟུང་སྙིང་ནས་བཤགས། །བྱང་ཆུབ་སྤྱོད་མཆོག་རྒྱ་མཚོར་རྗེས་ཡི་རང༌། །ཆོས་འཁོར་བསྐོར་བཞིན་རྟག་ཏུ་བཞུགས་གསོལ་འདེབས། །དགེ་ཚོགས་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །ཞེས་གྲུབ་ན་ཕྱག་དང་བཅས་ཅི་ནུས་སུ་བྱ། ཡང་དང་པོའི་ལས་ཅན་དག་གམ། རྒྱུན་དུ་ཡང་རུང་སྟེ། བསགས་སྦྱངས་དམིགས་བསལ་བྱ་བར་སྤྲོ་ན། རྡོར་སེམས་སྒོམ་བཟླས་ནི། རང་ཉིད་ཐ་མལ་ལུས་གྱུར་ཐོག་མེད་ནས། །བསགས་པའི་སྡིག་ལ་འགྱོད་པས་གསོལ་བཏབ་པས། །བླ་མའི་ཐུགས་ཀར་རྡོར་སེམས་ཡབ་ཡུམ་ལས། །བདུད་རྩིའི་རྒྱུན་བབ་སྡིག་ལྟུང་ཀུན་བྱང་གྱུར། །ཡི་གེ་བརྒྱ་པ་བཟླ་ཞིང༌། མཐར་སྤྲོ་ན་མི་ཕམ་རིན་པོ་ཆེའི་གསུང་ཀློང་བཤགས་སོགས་ཀྱང་བརྗོད་པ་དང༌། བསྡུ་ན། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་བྱིན་པར་མོས་ལ། མཐར། ཐུགས་ཀའི་རྡོར་སེམས་འོད་ཞུ་རང་ལ་ཐིམ། །རང་ཉིད་རྡོ་རྗེ་རྣལ་འབྱོར་མ་རུ་གསལ། །ཞེས་སོ། །མཎྜལ་འབུལ་བ་ནི། སྤྲོ་ན་ཚོམ་བུ་སོ་བདུན་མ་སོགས་ཀྱང་བྱ། དཀྱུས་སུ། ཨོཾ་ཨཱཿཧཱུྃ། །སྐུ་གསུམ་ཞིང་ཁམས་ལོངས་སྤྱོད་དང༌། །ཕྱི་ནང་གསང་བའི་མཆོད་པའི་སྤྲིན། །དཀོན་མཆོག་རྩ་བ་གསུམ་ལ་འབུལ། །བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པཱ་རི་ཝ་ར་རཏྣ་མཎྜ་ལ་པཱུ་ཛ་མེགྷ་ཨཱཿཧཱུྃ། ཞེས་དབུལ་བར་བྱའོ། །གསུམ་པ་ཕུར་ཚུགས་སུ་གསོལ་བ་གདབ་པ་ནི། སངས་རྒྱས་ཀུན་གྱི་མཁྱེནྃ་གཉིས་ཡེ་ཤེས་གཟུགས། །བརྩེྃ་ཆེན་ཡེ་ཤེས་རྣམ་རོལ་འཇམ་དཔལ་དབྱངས། །ཐུབ་བསྟན་ཤིང་རྟ་མཁས་གྲུབ་དབང་པོ་ཆེ། །པྃདྨྃ་མདོྃ་སྔགྃས་གླིངྃ་པརྃ་གསོལ་བ་འདེབས། །ཁྱེད་ནི་ཟག་མེད་ཡོན་ཏན་ཀུན་གྱི་གཏེར། །རྡོ་རྗེ་གསུམ་གྱི་ཡེ་ཤེས་ཆེན་པོ་ཡིས། །བདག་གི་སྒོ་གསུམ་སྨིན་གྲོལ་བྱིན་བརླབས་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །སྲས་བཅས་རྒྱལ་བའི་རྣམ་ཐར་མ་ལུས་པ། །རྗེ་བཙུན་འཇམ་དཔལ་དབྱངས་ལ་རྫོགས་པ་བཞིན། །བདག་ཀྱང་འགྲོ་ཀུན་སྲིད་ཞི་ལས་སྒྲོལ་བའི། །ཐུགས་བསྐྱེད་མཛད་པ་དེ་བཞིན་འགྲུབ་པར་ཤོག །ཅེས་ཅི་ནུས་དང༌། གཞན་ཡང་སྐྱེས་ཕྲེང་གསོལ་འདེབས་སོགས་གང་འོས་བྱ། ཨོཾ་ཨཱཿབཛྲ་མ་ཧཱ་གུ་རུ་མངྒ་ལ་ཤྲཱི་བྷཱུ་ཏི་སརྦ་སིདྡྷི་ཧཱུྃ། ཞེས་པའི་མཚན་སྔགས་ཀྱང་ཅུང་ཟད་བཟླ། བླ་མ་ཡི་དམ་དབྱེར་མེད་དུ་བྱེད་ན། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་མངྒ་ལ་ཤྲཱི་བྷཱུ་ཏི་ཨ་ར་པ་ཙ་ན་དྷཱིཿདྷཱིཿདྷཱིཿསརྦ་སིདྡྷི་ཧཱུྃ། ཞེས་བཟླས་པས་མཆོག་ཏུ་ཟབ་པ་ཡིན། ཚེས་བཅུ་སོགས་ཀྱི་སྐབས་ཚོགས་མཆོད་བྱེད་ན་ཐབས་ཤེས་ཀྱི་དམ་རྫས་བཟའ་བཅའི་ཚོགས་རྣམས་འདུ་བྱས་ལ་ཆུ་ཆང་གིས་བྲན་ཏེ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཀ་པཱ་ལའི་སྣོད་དུ་ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་ཁོལ་བ་ཉིད་ཡོངས་སུ་དག་ཅིང་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃཿ ཞེས་བྱིན་གྱིས་བརླབས་ནས། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ། དཔལ་ལྡན་བླ་མའི་ངོ་བོ་སྲིད་ཞིར་ཁྱབ། །གདུལ་བྱའི་སྣང་ཆར་རྣམ་པ་གང་འདུལ་སྟོན། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །དཔའ་བོ་རྣལ་འབྱོར་མ་དང་ཆོས་སྐྱོང་བཅས། །གནས་འདིར་བྱོན་ལ་ཚོགས་གཉིས་རྟེན་དུ་བཞུགས། །དགྱེས་པའི་སྐུ་ནི་རྡོ་རྗེའི་གར་དང་བཅས། །གསུང་མཆོག་བརྡ་གླུ་བདེ་གསལ་མི་རྟོག་ཐུགས། །ཡེ་ཤེས་སྒྱུ་འཕྲུལ་བསམ་མི་ཁྱབ་དང་བཅས། །བྱིན་ཆེན་ཕོབ་ལ་དབང་དང་དངོས་གྲུབ་སྩོལ། །སརྦ་ས་མ་ཡ་ཛཿཛཿ ཚོགས་རྫས་རྣམས་ཀྱི་ཕུད་དང་པོ་བླ་མ་རྩ་གསུམ་རྟེན་གྱི་དྲུང་དུ་ཕུལ་ཏེ། ཨོཾ་ཨཱཿཧཱུྃ་ཧོཿ ཚོགས་མཆོད་ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན། །ལྷ་རྫས་འདོད་ཡོན་ཕུན་སུམ་ཚོགས་པ་འདི། །བཀའ་གདམས་དགེ་བའི་བཤེས་གཉེན་ཚོགས་ལ་འབུལ། །བྱང་ཆུབ་སེམས་མཆོག་འབྱོང་བར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ་ཧོཿ ཚོགས་མཆོད་ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན། །རིགས་ལྔ་ཡེ་ཤེས་ལྔ་ཡི་དམ་ཚིག་རྫས། །གསང་ཆེན་ལམ་འབྲས་རྣལ་འབྱོར་ཚོགས་ལ་འབུལ། །དབང་བཞིའི་ཉམས་ལེན་མཐར་སོན་བྱིན་གྱིས་རློབས། ཨོཾ་ཨཱཿཧཱུྃ་ཧོཿ ཚོགས་མཆོད་ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན། །བདེ་ཆེན་རྡོ་རྗེའི་ཐབས་ཤེས་དམ་རྫས་འདི། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཚོགས་ལ་འབུལ། །ཐབས་གྲོལ་ལམ་མཆོག་མཐར་ཕྱིན་མཛད་དུ་གསོལ། །ཨོཾ་ཨཱཿཧཱུྃ་ཧོཿ ཚོགས་མཆོད་ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན། །རྡོ་རྗེའི་ཕུང་ཁམས་དག་པའི་དམ་རྫས་བཅུད། །དུས་ཀྱི་འཁོར་ལོའི་གྲུབ་ཐོབ་རྣམས་ལ་འབུལ། །སྦྱོར་དྲུག་བསྙེན་སྒྲུབ་རྣལ་འབྱོར་མཐར་སོན་མཛོད། །ཨོཾ་ཨཱཿཧཱུྃ་ཧོཿ ཚོགས་མཆོད་ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན། །འོད་གསལ་སྒྲོན་དྲུག་སྣང་བཞིའི་མཆོད་པའི་སྤྲིན། །ཐེག་མཆོག་རྡོ་རྗེའི་ལམ་སྟོན་རྣམས་ལ་འབུལ། །ཟག་ཟད་འཇའ་ལུས་རྡོ་རྗེའི་དངོས་གྲུབ་སྩོལ། །མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་ཚོགས་ཀྱི་དམ་རྫས་སུ་རོལ་ལ། ཕྱི་མ་ལྷག་མའི་ཚུལ་དུ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། ཨེ་ཨ་རལླི་ཕེཾ་གྱིས་ལྷག་མགྲོན་སྤྱན་དྲངས། ཨོཾ་ཨཱཿཧཱུྃ་ཧོཿ ཚོགས་ལྷག་ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན། །ཕྱི་ཡི་བཀའ་སྲུང་གིང་ལང་དབང་ཕྱུག་མ། །ནང་གི་བཀའ་སྲུང་གནས་ཡུལ་ཌཱ་ཀིའི་ཚོགས། །གསང་བའི་བཀའ་སྲུང་ཡེ་ཤེས་ཆོས་སྐྱོང་ལ། །འབུལ་ལོ་འདོད་དགུའི་ཕྲིན་ལས་མ་ལུས་སྒྲུབས། །ས་ལམ་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཨོཾ་ཨུཙྪིཥཊ་བ་ལིཾ་ཏ་ཁཱ་ཧི། རིག་འཛིན་བླ་མ་རྩ་གསུམ་ལྷར། །ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །བཞི་པ་དབང་བླང་ཞིང་ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག་པ་ནི། །རྗེ་བཙུན་བླ་མའི་ཡེ་ཤེས་རྣམ་པར་འཕྲུལ། །ཨུ་པཱ་སི་ཀ་སྤྱན་རས་གཟིགས་སུ་གྱུར། །འཕགས་མཆོག་ཐུགས་རྗེའི་དབང་ཕྱུག་གསོལ་བ་འདེབས། །ངེས་འབྱུང་སྙིང་རྗེའི་ལམ་གྱི་གཞི་ཚུགས་ཤོག །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་པ་དང༌། །སྐྱེས་པ་ཉམས་པ་མེད་པར་ཡང༌། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་སྨོན་ལམ་བྱས་ལ་ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་གྱི་དམིགས་པ་རྣམས་ལ་ཡང་ཡང་སེམས་གཞོལ་ཞིང་བླ་མ་ལ་ཕུར་ཚུགས་སུ་གསོལ་བ་གདབ། བླ་མ་སྤྱན་རས་གཟིགས་དབང་དགྱེས་འཛུམ་གྱིས། །བྱོན་ནས་རང་གི་སྙིང་དབུས་ཞུགས་པ་ཡིས། །གཞན་ཕན་བྱང་ཆུབ་སེམས་མཆོག་རྒྱུད་ལ་འབྱོངས། །ཚོགས་གཉིས་རྫོགས་སྨིན་སྦྱངས་མཐར་སོན་པར་ཤོག །ཡང༌། བླ་མའི་གཡས་བཞུགས་རྗེ་བཙུན་གྲགས་པ་རྒྱལ། །རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་དུ་གྱུར། །སྨིན་མཚམས་ནས་སྤྲོས་གདན་གསུམ་དབང་ལྷ་ཡིས། །བུམ་པའི་དབང་བསྐུར་རང་ཉིད་ལྷ་རུ་གསལ། །རང་གི་གཞི་ལུས་རྩ་བའི་ཡི་དམ་གང་ཡིན་གྱི་གསལ་སྣང་བཟུང་ལ་དེའི་བཟླས་པའང་ཅུང་ཟད་བྱ། བུམ་པའི་དབང་གིས་ཕུང་ཁམས་ལྷ་རུ་གསལ། །སྣང་སྟོང་སྒྱུ་མ་སྤྲུལ་སྐུའི་གོ་འཕང་ཐོབ། །བླ་མ་རྡོ་རྗེ་འཆང་དང་དབང་ལྷ་བཅས། །རང་གི་དཔྲལ་བའི་ཐིག་ལེར་ཐིམ་པར་གྱུར། །སྐྱེ་ཞིང་སྐྱེ་བར་བླ་མ་ལྷ་དང་སྔགས། །རྡོ་རྗེ་ཐེག་པའི་དགོངས་དོན་ལ་གུས་ཤིང༌། །བློ་བརྩོན་མཆོག་ལྡན་ཡོན་ཏན་ཀུན་ཚང་བས། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །སླར་ཡང་རྗེ་བཙུན་སྒམ་པོ་པ་ཆེན་པོ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་རུ་གྱུར། །རང་འོད་ཧེ་རུ་ཀ་དང་མཉམ་སྦྱོར་བའི། །བྱང་ཆུབ་སེམས་ཀྱིས་གསང་བའི་དབང་བསྐུར་ཏེ། །བདུད་རྩི་རོལ་བས་རང་ཉིད་སྐད་ཅིག་གིས། །རྡོ་རྗེ་བཙུན་མོའི་ཡེ་ཤེས་སྐུ་རུ་གྱུར། །ཞེས་རང་ཕག་མོར་གསལ་བའི་ལུས་དབུས་རྩ་གསུམ་འཁོར་ལོ་བཞི་དང༌། དབུ་མའི་ཡར་མར་གྱི་རྩེར་ཨ་ཧཾ་འབར་འཛག་གི་དམིགས་པ་གཏད་པས་དགའ་བཞི་སྐྱེས་པར་བསམས་ལ་རླུང་བུམ་ཅན་ཅི་ནུས་བཟུང༌། བུམ་ཅན་བཟུང་མ་ནུས་ན་མཁའ་འགྲོ་གང་རུང་གི་སྔགས་དང༌། ཨ་ཧ་རི་ནི་ས་ཧཱུྃ། ཞེས་བཟླས་ཀྱང་རུང༌། གསང་བའི་དབང་གིས་རྩ་རླུང་ལས་སུ་རུང༌། །ཐིག་ལེ་བདེ་སྟོང་ལོང་སྐུ་འགྲུབ་པར་གྱུར། །ཕག་མོ་འོད་དམར་རྣམ་པས་མགྲིན་པར་ཐིམ། །རླུང་སེམས་ལས་རུང་ལྷན་སྐྱེས་མངོན་དུ་གྱུར། །གཡོན་གྱི་ཟླ་བ་སེང་གེ་དུས་འཁོར་གྱུར། །སྣ་ཚོགས་ཡུམ་ལས་སྤྲོས་པས་ཐར་པ་སྟེར། །པདྨ་བྷཉྫ་མོཀྵ་ཧོཿ རྡོ་རྗེ་འཆང་ཉིད་སྙེམས་མར་དགྱེས་རོལ་ཏེ། །སྙོམས་འཇུག་འཕོ་མེད་དགའ་བ་སྐྱེས་པར་མོས། ཡིད་རིག་ལ་རོལ་པའི་དམིགས་པ་གཏད་ཅིང༌། གསུམ་པའི་དབང་གིས་ཐིག་ལེ་བདེ་སྟོང་སྨིན། །ལྷན་སྐྱེས་དཔེ་དོན་མངོན་གྱུར་རྟེན་འབྲེལ་འགྲིག །དུས་ཀྱི་འཁོར་ལོ་འོད་ཞུ་སྙིང་གར་ཐིམ། །དཔེ་དོན་ཡེ་ཤེས་མངོན་གྱུར་ཆོས་སྐུ་འགྲུབ། །གནས་གསུམ་ཕོ་ཉའི་འདུ་བ་ལ་སྤྱོད་པས། །ཤེས་རབ་བརྡ་ཡི་བདུད་རྩི་འཐུང་བྱེད་ཅིང༌། །ཕྱི་ནང་གཞན་གསུམ་དབུ་མར་དག་པ་ཡིས། །མཆོག་ཏུ་མི་འགྱུར་ཕྱག་རྒྱ་ཆེ་འགྲུབ་ཤོག །དབུས་ཀྱི་བླ་མའི་གནས་གསུམ་འོད་ཟེར་དང༌། །སྐུ་དང་ཡིག་འབྲུ་ཧཱུྃ་ཡིག་ལྔ་ལྡན་འོད། །བདག་གི་ལྟེ་བར་ཐིམ་པས་བཞི་པ་ཐོབ། །བླ་མ་འོད་ཞུ་རང་དང་གཉིས་མེད་འདྲེས། །དགོངས་རྒྱུད་བྱིན་རླབས་ཐོབ་པའི་སྐལ་ལྡན་གྱུར། །ཅོག་བཞག་བཞི་ལྡན་ཁྲེགས་ཆོད་དགོངས་པ་དང༌། །མངོན་སུམ་འོད་གསལ་སྣང་བཞིའི་ཉམས་ལེན་གྱིས། །ཟུང་འཇུག་རྡོ་རྗེ་སྙིང་པོའི་གསེང་ལམ་ནས། །སྐུ་བཞིའི་གོ་འཕང་ཚེ་འདིར་མངོན་གྱུར་ཤོག །ཅེས་ཐུགས་ཡིད་བསྲེས་ཏེ་རང་རིག་གཉུག་མའི་རང་ངོ་ཅི་ནུས་སུ་སྐྱོང༌། འཿཨཿཧཿཤཿསཿམཿམ་མ་ཀོ་ལང་ས་མནྟཿ ཞེས་བཟླ། སླར་ཡང་གུ་རུ་རིན་པོ་ཆེའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་བདུན་པས་གསོལ་བ་ཡང་ཡང་བཏབ་པའི་རྐྱེན་གྱིས། རིགས་བདག་ཨོ་རྒྱན་བླ་མས་དགོངས་པ་གཏད། །ཐུགས་ནས་ལྔ་ལྡན་ཐིག་ལེ་སྙིང་གར་བསྟིམ། །རིག་པ་རྩལ་གྱི་དབང་ཆེན་བསྐུར་བ་ཡིས། །བཀའ་གཏེར་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི། །སྨིན་གྲོལ་ཡོངས་རྫོགས་ཐུགས་ཡིད་གཅིག་ཏུ་འདྲེས། །གསང་གསུམ་རྡོ་རྗེ་བཞི་དབྱིངས་མངོན་སངས་རྒྱས། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་གྱུར། །ཕྱོགས་དུས་འགྲོ་ཁམས་རྒྱ་མཚོ་ཇི་སྙེད་པར། །དེ་སྙེད་རྒྱལ་ཀུན་ངོ་བོ་པདྨ་ཡི། །ཕྲིན་ལས་བྱེད་པོར་བདག་ཉིད་གྱུར་ནས་ཀྱང༌། །སྲས་བཅས་རྒྱལ་བའི་སྤྱོད་ལ་འཇུག་པར་ཤོག །ཅེས་བརྗོད་ཅིང་བསམས་ལ་མཉམ་པར་བཞག །ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་བདག་སོགས་ཡིད་ཅན་ཀུན། །འཁོར་ལོའི་མགོན་པོས་འབྲལ་མེད་རྗེས་སུ་བཟུང༌། །དད་དང་མོས་གུས་དམ་ཚིག་རྣམ་དག་པས། །རྗེ་བཙུན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །བཀའ་གདམས་ལམ་གྱིས་ངེས་འབྱུང་སྙིང་རྗེ་འབྱོངས། །གསང་ཆེན་རྒྱུད་སྡེའི་ལམ་འབྲས་སྨིན་གྲོལ་རྫོགས། །ཐབས་གྲོལ་རྡོ་རྗེའི་ཆོས་དྲུག་མཐར་ཕྱིན་ནས། །སྦྱོར་བ་ཡན་ལག་དྲུག་གི་ཏིང་འཛིན་འབྱོངས། །མཐའ་བྲལ་དབུ་མའི་ཡང་དག་ལྟ་བ་རྟོགས། །འོད་གསལ་ཕྱག་ཆེན་སྒོམ་པ་ཚད་དུ་འཁྱོལ། །ཐེག་མཆོག་རྫོགས་ཆེན་འབྲས་བུའི་མཐར་ཐུག་ཏུ། །སྐུ་གསུམ་བླ་མའི་གོ་འཕང་མངོན་གྱུར་ཤོག །ཅེས་སོགས་བསྔོ་སྨོན་དང༌། །ཚོགས་མཆོད་སོགས་ཀྱི་སྐབས་བཀྲ་ཤིས་ནི། བྱིན་རླབས་སྤྲིན་འཁྲིགས་རིག་འཛིན་བླ་མ་ཡི། །ཡེ་ཤེས་རྣམ་རོལ་རབ་འབྱམས་ཡི་དམ་ལྷ། །འདོད་དགུ་མྱུར་སྩོལ་ཌཱ་ཀི་ཆོས་སྲུང་གིས། །རྟག་སྐྱོང་དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག །ཅེས་སོགས་ཀྱིས་མཐའ་རྒྱས་པར་བྱས་ནས། ཐུན་མཚམས་སུ་སྣང་གྲགས་རྟོག་གསུམ་བླ་མའི་གསང་གསུམ་དུ་ཤེས་པས་ཡོངས་གྲུབ་ཆེན་པོའི་མོས་གུས་དང་མ་བྲལ་བའི་སྤྱོད་ལམ་ཐམས་ཅད་ཆོས་སྤྱོད་བཅུ་སོགས་ཚོགས་གཉིས་བསགས་སྦྱངས་ཀྱིས་དུས་འདའ་བར་བྱའོ། །ཞེས་པའང་སྤྱིར་བདག་ལྟ་བུའི་སོ་སོའི་སྐྱེ་བོ་ལ་བླ་རྣལ་སྦྱོར་བ་བྱིན་རླབས་དང་དགོས་པ་གཏན་ནས་མེད་ཀྱང་རིས་མེད་པའི་ཐུབ་བསྟན་རིན་པོ་ཆེར་གུས་ཤིང་དམ་པའི་རྣམ་ཐར་འཆང་བ་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཆོས་ཀྱི་བློ་གྲོས་ནས་ཐུན་མིན་དད་བརྩེ་ཆེན་པོས་རིན་ཆེན་སྣ་ཚོགས་པའི་མཎྜལ་དང༌། འཇམ་མགོན་རྡོ་རྗེ་འཆང་རྣམ་གཉིས་ཀྱི་ཐུགས་སྲས་ཁྱུང་སྤྲུལ་རིག་འཛིན་ཆེན་པོའི་དངོས་སློབ་ཀློང་ཆེན་ཡེ་ཤེས་རྡོ་རྗེས་ཐུན་མོང་མ་ཡིན་པའི་དག་སྣང་ཡིད་ཆེས་ཀྱིས་མུ་ཏིག་གི་ཆུན་འཕྱང་དང༌། འབྲས་བཟང༌། ལྷ་རྫས་ཀྱི་རྟེན་བཅས་གསུང་བསྐུལ་ནན་བསྐྱར་གནང་བ་ལྡོག་མ་ནུས་པར་རྒྱལ་ཁམས་ཀུན་ཏུ་མཁྱེན་བརྩེའི་སྤྲུལ་སྐུར་གྲགས་པའི་མཚན་ལ་ཁག་བསྙེལ་ནས་འཕགས་པའི་ས་ལ་བཞུགས་པའི་སྐྱེས་ཆེན་རྣམས་དང་དོན་དམ་གྱི་དབྱིངས་སུ་ཐ་མི་དད་པའི་གདུང་ཤུགས་ཀྱིས་འདི་ལྟར་སྦྱར་བ་རང་གཞན་ལ་ཕན་པའི་ཡིད་ཀྱིས་རྨོངས་རྟུལ་འདུ་གསུམ་པ་བཀྲ་ཤིས་དཔལ་འབྱོར་གྱིས་བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་དྲུང་ནས་ས་སྤྲེལ་རྒྱལ་ཟླའི་ཚེས་བཅུ་ལ་གྲུབ་པར་བགྱིས་པ་འབྲེལ་ཚད་འཇམ་མགོན་བླ་མ་ཆེན་པོའི་ཡེ་ཤེས་གཟིགས་པའི་འབབ་སྟེགས་སུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལྟར་བླ་མའི་རྣལ་འབྱོར་གཅིག་ལ་བསགས་སྦྱང་གི་མན་ངག་ཐམས་ཅད་འདུས་ན་ལེགས་པའི་ཡན་ལག་ཏུ་མཐོང་ནས་སྔར་བྲིས་པ་ལ་བཀླག་ཆོག་ཏུ་མངྒ་ལ་རང་གིས་བྲིས་པ་དོན་ལྡན་དུ་གྱུར་ཅིག ༈ ཤྲཱི་མངྒ་ལ་ཛ་ཡནྟུ། རྒྱལ་བའི་ཡེ་ཤེས་མཚན་དཔེའི་ཟླ་རྒྱས་གང༌། །མངོན་འཕགས་ཁྱོད་གསུང་སྣང་བ་ཕྲ་མོས་ཀྱང༌། །མཐའ་ཀླས་གདུལ་ཞིང་ཀུན་དའི་ཚལ་ཡངས་པོ། །ཅིག་ཅར་འབྱེད་མཛད་རིགས་བདག་བླྃ་མའིྃ་ཞབས། །རྡུལ་བྲལ་ཡིད་བཞིན་དབང་གི་རྒྱལ་པོ་ནི། །རྒྱལ་མཚན་རྩེ་མོར་ཐོབ་ལ་ཅོ་འདྲི་བའི། །སྐུ་གཅིག་རྣམ་འཕྲུལ་དུ་མའི་རྣལྃ་འབྱོར་ལམ། །བྱིནྃ་རླབྃས་འདོད་དགུ་འཇོ་བའི་དཔལ་དུ་འབར། །འདིར་ཐོབ་ལེགས་བྱས་སྐྱ་རེངས་ཀྱིས་དྲངས་པའི། །མགོན་མཆོག་ཞབས་སེན་ཉིནྃ་བྱེདྃ་བཀྲ་ཤིས་ཀྱི། །རེ་ཁཱ་མི་ཤིགས་ཁམས་སུ་རབ་བརླིང་ནས། །འགྲོ་ཀུན་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་པའང་ཆོས་སྟོན་སྤེལ་བའི་སྲི་ཞུ་དང་ཆབས་ཅིག་པར་མགོན་པོ་གང་གི་འབངས་ཐ་ཀུན་རྨོངས་དགེ་སྦྱོང་དྷརྨ་མ་ཏིས་སྨོན་པ་སིདྡྷི་རསྟུ། ༈ ན་མོ་གུ་རུ་བྷྱཿ ཟབ་རྒྱས་ཆོས་ཀྱི་བདུད་རྩིའི་སྐྱེས་རྨད་བྱུང༌། །མཆོག་དམན་འགྲོ་ལ་ཕུལ་བས་བླ་མ་རུ། །མཐོང་ནས་དེ་ཚུལ་རྣལ་འབྱོར་པ་རྩམ་འོས་ཞེས། །ཆོས་སྤྱན་མངའ་བའི་དམ་པས་བཀའ་བསྩལ་བས། །ལྡོག་མ་ནུས་པས་འཇམ་མགོན་ཆོས་ཀྱི་རྗེའི། །རིས་མེད་སྐྱེས་ཆེན་དབང་པོ་གཞུ་རིས་ཀྱིས། །བདག་མིང་ཆར་སྤྲིན་བརྒྱན་པའི་ཚུལ་འདི་ཉིད། །དད་མོས་ཆོས་འབྲེལ་ཀུན་ལ་ཕན་པའི་བློས། །ཉེ་གནས་དགེ་སྦྱོང་དངོས་གྲུབ་རྒྱ་མཚོ་ཡིས། །འཕྲུལ་པར་རྣམ་དཀར་ཟླ་བའི་བདུད་རྩི་འདི། །ཨ་མ་གཡང་འཛོམས་ཐོག་གྲང་མཁའ་མཉམ་འགྲོའི། །ལས་ཉོན་མུན་བསལ་ཕན་བདེའི་ཀུ་མུད་བཞད། །རྗེ་བཙུན་བླ་མ་ཞབས་པད་བསྐལ་བརྒྱར་བརྟན། །དད་སློབ་སྐྱེས་བུའི་བསམ་དོན་ཆོས་བཞིན་འགྲུབ། །རིས་མེད་བསྟན་འགྲོའི་དགེ་མཚན་འཕེལ་རྒྱས་བརྟན། །མཁྱེན་བརྩེའི་དབང་པོའི་རྣམ་ཐར་མངོན་གྱུར་ཤོག །ཅེས་རྣམ་དཀར་བྱེད་པོའི་མོས་འདུན་བཞིན་མངྒ་ལས་བྲིས་པའོ། །སརྦ་མངྒ་ལཾ། དགེའོ།། །།
[edit]

@#/_gu ru yo ga a d+hiSh+ThasUr+YadI paM bi dza hA ram/ @#/_bla ma'i rnal 'byor byin rlabs nyin byed bzhugs/ @#/__/na mo ma hA gu ru b+h+yaH_theg pa che chung thun mong gi lam nges 'byung dang*/_theg chen lam gyi rtsa ba snying rje/_gsang sngags lam gyi rtsa ba dag snang dang mos gus srog tu bzung bas bla ma'i rdo rje gsum gyi rnal 'byor nyams su len pa ni mdo rgyud man ngag thams cad kyi snying po mthar thug yin te/_de'i tshul nyung gsal snying po'i gnad dril gyis nyams su len pa la gsum/_sngon 'gro/_dngos gzhi/_rjes so/__/dang po ni/_bla ma mkhyen/_lan gsum/_dal 'byor rnyed dka' don chen thob dus 'dir/_/snod bcud mi rtag dran pas rgyud bskul nas/_/srid gsum sdug bsngal mtsho las nges 'byung phyir/_/blang dor ma nor lam la brtson nus shog_/ces dang*/_bdag sogs 'gro kun deng nas byang chub bar/_/nges 'byung snying rje yid ches dad pa yis/_/bla ma dkon mchog rtsa gsum skyabs su mchi/_/'gro kun srid zhi las grol sems bskyed do/__/ces lan gsum sogs ci nus brjod cing don la gzhol bar bya/_gnyis pa la bzhi las/_dang po tshogs rten gsal gdab la/_thog mar gnas yo byin gyis brlab pa ni/_rten mchod sogs yod na/_swa b+hA was sbyangs/_snod bcud rnam dag 'og min stug po bkod/_/dpag yas yon tan rgyan bkod bsam mi khyab/_/kun bzang mchod pa rgya mtsho'i sprin chen po/_/bde ba chen po'i longs spyod lhun grub gyur/_oM sarba ma hA pU dza AHhU~M/_oM ma hA shU n+ya tA dz+nyA na badz+ra swa b+hA wa at+ma ko\u0f85haM/_chos kun dmigs med ka nas dag pa'i ngang*/_/cir snang ye shes rol mor 'byams klas pa'i/_/snod bcud rnam dag rdo rje'i 'og min che/_/nges pa lnga ldan lhun rdzogs zhing gi dbus/_/'ja' zer thig le mchod pa'i sprin 'khrigs par/_/rang nyid rgyal yum rdo rje rnal 'byor ma/_/dmar gsal gri thod rdo rje'i kha T+wAM can/_/pad nyi 'jigs byed dus mtshan steng 'gying zhing*/_/spyan gsum dag pa mkha' spyod gnas gzigs pa'i/_/mdun gyi nam mkhar rin chen seng ge'i khrir/_/dar zab 'bol brtsegs ri dwags gdan gyi steng*/_/srid zhi kun khyab gzhon nu bum sku'i klong*/_/rab 'byams sras bcas rgyal ba'i mkhyen brtse'i gter/_/gang 'dul gdul bya'i mos pa bzhin 'char ba'i/_/dpal ldan bla ma gara~M dba~Mng mdo~M sngaga~Ms glinga~M*/_/dkar gsal mdzes 'dzum mtshan dpe'i gzi byin 'bar/_/phyag g.yas chos 'chad pad dkar sdong bu 'dzin/_/ge sar steng du ral gri glegs bam mdzes/_/g.yon pa mnyam bzhag 'chi med tshe bum dang*/_/pad sdong dbus su thabs shes rdor dril mtshan/_/dbu skra lcang lo ngur smrig chos gos gsum/_/pad+ma mthong grol rigs kyi cod pan 'dzin/_/zhabs zung mi g.yo rdo rje'i skyil krung can/_/skyabs kun 'dus pa'i bdag nyid chen por gsal/_/thugs kar ye shes sems dpa' 'jam dpal dbyangs/_/mkhyen brtse'i dbang po 'jigs bral paN chen tshul/_/mchog sbyin mnyam bzhag rdor dril pad sdong rtser/_/'chi med tshe bum glegs bam ral gri 'dzin/_/rnam gsum chos gos ngur smrig na bzas bklubs/_/pad zla'i steng na dgyes pa'i tshul gyis bzhugs/_/de yi thugs kar 'jam dpal khrag 'thung che/_/phyag rgya zil gnon dkar dmar mthing zhal can/_/phyag drug 'khor lo ral gri rdo rje g.yas/_/be con gtun shing sdigs mdzub g.yon phyag can/_/zhabs bzhis pad nyi gshin rje chu glang brdzis/_/dpal dang dur khrod drag po'i chas kun rdzogs/_/dran pa tsam gyis srid zhi'i 'jigs 'phrog mdzad/_/ye shes gzi byin 'od zer dpal du 'bar/_/mdun du gang thugs nges 'byung snying rje'i gzugs/_/u pA si ka pad dkar 'chang ba dngos/_/g.yas su rgyud sde rgya mtsho'i smin grol gyi/_/byin rlabs spyi gzugs gsang bdag grags pa rgyal/_/rgyab tu rdo rje'i lam gyi spang rtogs gzugs/_/mthong thos dran grol mnyam med sgam po pa/_/g.yon du phyi nang gzhan gsum ye shes su/_/dag pa rtogs ldan zla ba seng ge'i zhabs/_/dbu gtsug bka' gter bstan pa'i bdag po che/_/rtsa gsum kun 'dus o rgyan rdo rje 'chang*/_/rigs kyi bdag po rje btsun 'jam dpal dbyangs/_/'khor du mchog gsum rtsa gsum sku gsum gyi/_/rnam rol 'phags bod mkhas grub rgya mtshos bskor/_/'khor 'das kun khyab ye shes snying po'i gzugs/_/srid zhi'i 'jigs 'phrog dran pas gdung sel zhing*/_/mngon mtho nges legs yon tan rgya mtsho'i dpal/_/yid bzhin stsol pa'i bdag nyid chen por gsal/_/skabs 'dir rgyas par spro na spyan 'dren dang*/_phyag 'tshal mchod phreng sogs bla mchod rigs mthun gzhan las 'byung ba ltar/_gnyis pa bsags sbyangs spel gsum gyi gnad bsdus pa yan lag bdun pa ni/_skyabs gnas kun 'dus drin chen bla ma la/_/bdag dang mkha' mnyam 'gro ba ma lus kun/_/sgo gsum gus pa chen pos phyag 'tshal zhing*/_/lus dang longs spyod kun bzang mchod sprin 'bul/_/tshe rabs bsags pa'i sdig ltung snying nas bshags/_/byang chub spyod mchog rgya mtshor rjes yi rang*/_/chos 'khor bskor bzhin rtag tu bzhugs gsol 'debs/_/dge tshogs 'gro kun rnam mkhyen thob phyir bsngo/_/zhes grub na phyag dang bcas ci nus su bya/_yang dang po'i las can dag gam/_rgyun du yang rung ste/_bsags sbyangs dmigs bsal bya bar spro na/_rdor sems sgom bzlas ni/_rang nyid tha mal lus gyur thog med nas/_/bsags pa'i sdig la 'gyod pas gsol btab pas/_/bla ma'i thugs kar rdor sems yab yum las/_/bdud rtsi'i rgyun bab sdig ltung kun byang gyur/_/yi ge brgya pa bzla zhing*/_mthar spro na mi pham rin po che'i gsung klong bshags sogs kyang brjod pa dang*/_bsdu na/_mgon po bdag ni mi shes rmongs pa yis/_/dam tshig las ni 'gal zhing nyams/_/bla ma mgon pos skyabs mdzod cig_/gtso bo rdo rje 'dzin pa kye/_/thugs rje chen po'i bdag nyid can/_/'gro ba'i gtso la bdag skyabs mchi/_/sku gsung thugs rtsa ba dang yan lag gi dam tshig nyams chag thams cad mthol lo bshags so/_/sdig sgrib nyes ltung dri ma'i tshogs thams cad byang zhing dag par mdzad du gsol/_/zhes gsol ba btab pas/_rdo rje sems dpa' dgyes bzhin 'dzum pa dang bcas pas rigs kyi bu khyod kyi sdig sgrib nyes ltung thams cad dag pa yin no zhes gnang ba byin par mos la/_mthar/_thugs ka'i rdor sems 'od zhu rang la thim/_/rang nyid rdo rje rnal 'byor ma ru gsal/_/zhes so/__/maN+Dal 'bul ba ni/_spro na tshom bu so bdun ma sogs kyang bya/_dkyus su/_oM AHhU~M/_/sku gsum zhing khams longs spyod dang*/_/phyi nang gsang ba'i mchod pa'i sprin/_/dkon mchog rtsa ba gsum la 'bul/_/bzhes nas mchog thun dngos grub stsol/_/oM AHhU~M gu ru de wa DA ki nI sa pA ri wa ra rat+na maN+Da la pU dza meg+ha AHhU~M/_zhes dbul bar bya'o/__/gsum pa phur tshugs su gsol ba gdab pa ni/_sangs rgyas kun gyi mkhyena~M gnyis ye shes gzugs/_/brtse~M chen ye shes rnam rol 'jam dpal dbyangs/_/thub bstan shing rta mkhas grub dbang po che/_/pa~Md+ma~M mdo~M sngaga~Ms glinga~M para~M gsol ba 'debs/_/khyed ni zag med yon tan kun gyi gter/_/rdo rje gsum gyi ye shes chen po yis/_/bdag gi sgo gsum smin grol byin brlabs nas/_/thugs yid gcig tu 'dres par byin gyis rlobs/_/sras bcas rgyal ba'i rnam thar ma lus pa/_/rje btsun 'jam dpal dbyangs la rdzogs pa bzhin/_/bdag kyang 'gro kun srid zhi las sgrol ba'i/_/thugs bskyed mdzad pa de bzhin 'grub par shog_/ces ci nus dang*/_gzhan yang skyes phreng gsol 'debs sogs gang 'os bya/_oM AHbadz+ra ma hA gu ru mang+ga la shrI b+hU ti sarba sid+d+hi hU~M/_zhes pa'i mtshan sngags kyang cung zad bzla/_bla ma yi dam dbyer med du byed na/_oM AHhU~M badz+ra ma hA gu ru mang+ga la shrI b+hU ti a ra pa tsa na d+hIHd+hIHd+hIHsarba sid+d+hi hU~M/_zhes bzlas pas mchog tu zab pa yin/_tshes bcu sogs kyi skabs tshogs mchod byed na thabs shes kyi dam rdzas bza' bca'i tshogs rnams 'du byas la chu chang gis bran te/_raM yaM khaM/_stong pa'i ngang las rlung me thod pa'i sgyed pu gsum gyi steng du ka pA la'i snod du tshogs rdzas sha lnga bdud rtsi lnga zhu zhing khol ba nyid yongs su dag cing kha dog dri ro nus bcud phun sum tshogs pa zag med ye shes kyi bdud rtsi'i rgya mtsho chen por gyur/_oM AHhU~MH_zhes byin gyis brlabs nas/_tshogs zhing spyan 'dren pa ni/_hU~M/_dpal ldan bla ma'i ngo bo srid zhir khyab/_/gdul bya'i snang char rnam pa gang 'dul ston/_/bla ma yi dam sangs rgyas byang chub sems/_/dpa' bo rnal 'byor ma dang chos skyong bcas/_/gnas 'dir byon la tshogs gnyis rten du bzhugs/_/dgyes pa'i sku ni rdo rje'i gar dang bcas/_/gsung mchog brda glu bde gsal mi rtog thugs/_/ye shes sgyu 'phrul bsam mi khyab dang bcas/_/byin chen phob la dbang dang dngos grub stsol/_/sarba sa ma ya dzaHdzaH_tshogs rdzas rnams kyi phud dang po bla ma rtsa gsum rten gyi drung du phul te/_oM AHhU~M hoH_tshogs mchod zag med ye shes bdud rtsi'i sprin/_/lha rdzas 'dod yon phun sum tshogs pa 'di/_/bka' gdams dge ba'i bshes gnyen tshogs la 'bul/_/byang chub sems mchog 'byong bar byin gyis rlobs/_/oM AHhU~M hoH_tshogs mchod zag med ye shes bdud rtsi'i sprin/_/rigs lnga ye shes lnga yi dam tshig rdzas/_/gsang chen lam 'bras rnal 'byor tshogs la 'bul/_/dbang bzhi'i nyams len mthar son byin gyis rlobs/_oM AHhU~M hoH_tshogs mchod zag med ye shes bdud rtsi'i sprin/_/bde chen rdo rje'i thabs shes dam rdzas 'di/_/bka' brgyud grub thob rgya mtsho'i tshogs la 'bul/_/thabs grol lam mchog mthar phyin mdzad du gsol/_/oM AHhU~M hoH_tshogs mchod zag med ye shes bdud rtsi'i sprin/_/rdo rje'i phung khams dag pa'i dam rdzas bcud/_/dus kyi 'khor lo'i grub thob rnams la 'bul/_/sbyor drug bsnyen sgrub rnal 'byor mthar son mdzod/_/oM AHhU~M hoH_tshogs mchod zag med ye shes bdud rtsi'i sprin/_/'od gsal sgron drug snang bzhi'i mchod pa'i sprin/_/theg mchog rdo rje'i lam ston rnams la 'bul/_/zag zad 'ja' lus rdo rje'i dngos grub stsol/_/ma hA ga Na tsakra pU dza khA hi/_bar pa tshogs kyi dam rdzas su rol la/_phyi ma lhag ma'i tshul du/_oM AHhU~M ha ho hrIHsa byin gyis brlabs/_e a ral+li pheM gyis lhag mgron spyan drangs/_oM AHhU~M hoH_tshogs lhag zag med ye shes bdud rtsi'i sprin/_/phyi yi bka' srung ging lang dbang phyug ma/_/nang gi bka' srung gnas yul DA ki'i tshogs/_/gsang ba'i bka' srung ye shes chos skyong la/_/'bul lo 'dod dgu'i phrin las ma lus sgrubs/_/sa lam bar chad sol la dngos grub stsol/_/oM uts+tshiShaT ba liM ta khA hi/_rig 'dzin bla ma rtsa gsum lhar/_/tshogs kyi mchod pa phul ba yis/_/bdag gzhan 'gro ba ma lus pa/_/dkyil 'khor gcig tu 'grub par shog__/bzhi pa dbang blang zhing thugs yid bsres te mnyam par bzhag pa ni/_/rje btsun bla ma'i ye shes rnam par 'phrul/_/u pA si ka spyan ras gzigs su gyur/_/'phags mchog thugs rje'i dbang phyug gsol ba 'debs/_/nges 'byung snying rje'i lam gyi gzhi tshugs shog_/byang chub sems mchog rin po che/_/ma skyes pa rnams skyes pa dang*/_/skyes pa nyams pa med par yang*/_/gong nas gong du 'phel bar shog_/ces smon lam byas la theg pa chen po'i blo sbyong don bdun gyi dmigs pa rnams la yang yang sems gzhol zhing bla ma la phur tshugs su gsol ba gdab/_bla ma spyan ras gzigs dbang dgyes 'dzum gyis/_/byon nas rang gi snying dbus zhugs pa yis/_/gzhan phan byang chub sems mchog rgyud la 'byongs/_/tshogs gnyis rdzogs smin sbyangs mthar son par shog_/yang*/_bla ma'i g.yas bzhugs rje btsun grags pa rgyal/_/rigs kun khyab bdag rdo rje 'chang du gyur/_/smin mtshams nas spros gdan gsum dbang lha yis/_/bum pa'i dbang bskur rang nyid lha ru gsal/_/rang gi gzhi lus rtsa ba'i yi dam gang yin gyi gsal snang bzung la de'i bzlas pa'ang cung zad bya/_bum pa'i dbang gis phung khams lha ru gsal/_/snang stong sgyu ma sprul sku'i go 'phang thob/_/bla ma rdo rje 'chang dang dbang lha bcas/_/rang gi dpral ba'i thig ler thim par gyur/_/skye zhing skye bar bla ma lha dang sngags/_/rdo rje theg pa'i dgongs don la gus shing*/_/blo brtson mchog ldan yon tan kun tshang bas/_/dngos grub rnam gnyis bde blag 'grub gyur cig_/slar yang rje btsun sgam po pa chen po/_/rje btsun rdo rje rnal 'byor ma ru gyur/_/rang 'od he ru ka dang mnyam sbyor ba'i/_/byang chub sems kyis gsang ba'i dbang bskur te/_/bdud rtsi rol bas rang nyid skad cig gis/_/rdo rje btsun mo'i ye shes sku ru gyur/_/zhes rang phag mor gsal ba'i lus dbus rtsa gsum 'khor lo bzhi dang*/_dbu ma'i yar mar gyi rtser a haM 'bar 'dzag gi dmigs pa gtad pas dga' bzhi skyes par bsams la rlung bum can ci nus bzung*/_bum can bzung ma nus na mkha' 'gro gang rung gi sngags dang*/_a ha ri ni sa hU~M/_zhes bzlas kyang rung*/_gsang ba'i dbang gis rtsa rlung las su rung*/_/thig le bde stong long sku 'grub par gyur/_/phag mo 'od dmar rnam pas mgrin par thim/_/rlung sems las rung lhan skyes mngon du gyur/_/g.yon gyi zla ba seng ge dus 'khor gyur/_/sna tshogs yum las spros pas thar pa ster/_/pad+ma b+hany+dza mok+Sha hoH_rdo rje 'chang nyid snyems mar dgyes rol te/_/snyoms 'jug 'pho med dga' ba skyes par mos/_yid rig la rol pa'i dmigs pa gtad cing*/_gsum pa'i dbang gis thig le bde stong smin/_/lhan skyes dpe don mngon gyur rten 'brel 'grig_/dus kyi 'khor lo 'od zhu snying gar thim/_/dpe don ye shes mngon gyur chos sku 'grub/_/gnas gsum pho nya'i 'du ba la spyod pas/_/shes rab brda yi bdud rtsi 'thung byed cing*/_/phyi nang gzhan gsum dbu mar dag pa yis/_/mchog tu mi 'gyur phyag rgya che 'grub shog_/dbus kyi bla ma'i gnas gsum 'od zer dang*/_/sku dang yig 'bru hU~M yig lnga ldan 'od/_/bdag gi lte bar thim pas bzhi pa thob/_/bla ma 'od zhu rang dang gnyis med 'dres/_/dgongs rgyud byin rlabs thob pa'i skal ldan gyur/_/cog bzhag bzhi ldan khregs chod dgongs pa dang*/_/mngon sum 'od gsal snang bzhi'i nyams len gyis/_/zung 'jug rdo rje snying po'i gseng lam nas/_/sku bzhi'i go 'phang tshe 'dir mngon gyur shog_/ces thugs yid bsres te rang rig gnyug ma'i rang ngo ci nus su skyong*/_'aHaHhaHshaHsaHmaHma ma ko lang sa man+taH_zhes bzla/_slar yang gu ru rin po che'i gsol 'debs rdo rje'i tshig rkang bdun pas gsol ba yang yang btab pa'i rkyen gyis/_rigs bdag o rgyan bla mas dgongs pa gtad/_/thugs nas lnga ldan thig le snying gar bstim/_/rig pa rtsal gyi dbang chen bskur ba yis/_/bka' gter rgyud lung man ngag thams cad kyi/_/smin grol yongs rdzogs thugs yid gcig tu 'dres/_/gsang gsum rdo rje bzhi dbyings mngon sangs rgyas/_/don gnyis lhun grub chos kyi rgyal por gyur/_/phyogs dus 'gro khams rgya mtsho ji snyed par/_/de snyed rgyal kun ngo bo pad+ma yi/_/phrin las byed por bdag nyid gyur nas kyang*/_/sras bcas rgyal ba'i spyod la 'jug par shog_/ces brjod cing bsams la mnyam par bzhag_/thun las ldang ba na/_dge ba 'di yis bdag sogs yid can kun/_/'khor lo'i mgon pos 'bral med rjes su bzung*/_/dad dang mos gus dam tshig rnam dag pas/_/rje btsun bla ma'i go 'phang myur thob shog_/bka' gdams lam gyis nges 'byung snying rje 'byongs/_/gsang chen rgyud sde'i lam 'bras smin grol rdzogs/_/thabs grol rdo rje'i chos drug mthar phyin nas/_/sbyor ba yan lag drug gi ting 'dzin 'byongs/_/mtha' bral dbu ma'i yang dag lta ba rtogs/_/'od gsal phyag chen sgom pa tshad du 'khyol/_/theg mchog rdzogs chen 'bras bu'i mthar thug tu/_/sku gsum bla ma'i go 'phang mngon gyur shog_/ces sogs bsngo smon dang*/_/tshogs mchod sogs kyi skabs bkra shis ni/_byin rlabs sprin 'khrigs rig 'dzin bla ma yi/_/ye shes rnam rol rab 'byams yi dam lha/_/'dod dgu myur stsol DA ki chos srung gis/_/rtag skyong don gnyis lhun grub bkra shis shog_/ces sogs kyis mtha' rgyas par byas nas/_thun mtshams su snang grags rtog gsum bla ma'i gsang gsum du shes pas yongs grub chen po'i mos gus dang ma bral ba'i spyod lam thams cad chos spyod bcu sogs tshogs gnyis bsags sbyangs kyis dus 'da' bar bya'o/__/zhes pa'ang spyir bdag lta bu'i so so'i skye bo la bla rnal sbyor ba byin rlabs dang dgos pa gtan nas med kyang ris med pa'i thub bstan rin po cher gus shing dam pa'i rnam thar 'chang ba zhwa de'u 'khrul zhig mchog sprul rin po che 'gyur med chos kyi blo gros nas thun min dad brtse chen pos rin chen sna tshogs pa'i maN+Dal dang*/_'jam mgon rdo rje 'chang rnam gnyis kyi thugs sras khyung sprul rig 'dzin chen po'i dngos slob klong chen ye shes rdo rjes thun mong ma yin pa'i dag snang yid ches kyis mu tig gi chun 'phyang dang*/_'bras bzang*/_lha rdzas kyi rten bcas gsung bskul nan bskyar gnang ba ldog ma nus par rgyal khams kun tu mkhyen brtse'i sprul skur grags pa'i mtshan la khag bsnyel nas 'phags pa'i sa la bzhugs pa'i skyes chen rnams dang don dam gyi dbyings su tha mi dad pa'i gdung shugs kyis 'di ltar sbyar ba rang gzhan la phan pa'i yid kyis rmongs rtul 'du gsum pa bkra shis dpal 'byor gyis bal yul mchod rten chen po bya rung kha shor gyi drung nas sa sprel rgyal zla'i tshes bcu la grub par bgyis pa 'brel tshad 'jam mgon bla ma chen po'i ye shes gzigs pa'i 'bab stegs su 'gyur bar byin gyis brlab tu gsol/_de ltar bla ma'i rnal 'byor gcig la bsags sbyang gi man ngag thams cad 'dus na legs pa'i yan lag tu mthong nas sngar bris pa la bklag chog tu mang+ga la rang gis bris pa don ldan du gyur cig_!_shrI mang+ga la dza yan+tu/_rgyal ba'i ye shes mtshan dpe'i zla rgyas gang*/_/mngon 'phags khyod gsung snang ba phra mos kyang*/_/mtha' klas gdul zhing kun da'i tshal yangs po/_/cig car 'byed mdzad rigs bdag bla~M ma'i~M zhabs/_/rdul bral yid bzhin dbang gi rgyal po ni/_/rgyal mtshan rtse mor thob la co 'dri ba'i/_/sku gcig rnam 'phrul du ma'i rnala~M 'byor lam/_/byina~M rlaba~Ms 'dod dgu 'jo ba'i dpal du 'bar/_/'dir thob legs byas skya rengs kyis drangs pa'i/_/mgon mchog zhabs sen nyina~M byeda~M bkra shis kyi/_/re khA mi shigs khams su rab brling nas/_/'gro kun rjes su 'dzin pa'i rgyur gyur cig_/ces pa'ang chos ston spel ba'i sri zhu dang chabs cig par mgon po gang gi 'bangs tha kun rmongs dge sbyong d+harma ma tis smon pa sid+d+hi rastu/_!_na mo gu ru b+h+yaH_zab rgyas chos kyi bdud rtsi'i skyes rmad byung*/_/mchog dman 'gro la phul bas bla ma ru/_/mthong nas de tshul rnal 'byor pa rtsam 'os zhes/_/chos spyan mnga' ba'i dam pas bka' bstsal bas/_/ldog ma nus pas 'jam mgon chos kyi rje'i/_/ris med skyes chen dbang po gzhu ris kyis/_/bdag ming char sprin brgyan pa'i tshul 'di nyid/_/dad mos chos 'brel kun la phan pa'i blos/_/nye gnas dge sbyong dngos grub rgya mtsho yis/_/'phrul par rnam dkar zla ba'i bdud rtsi 'di/_/a ma g.yang 'dzoms thog grang mkha' mnyam 'gro'i/_/las nyon mun bsal phan bde'i ku mud bzhad/_/rje btsun bla ma zhabs pad bskal brgyar brtan/_/dad slob skyes bu'i bsam don chos bzhin 'grub/_/ris med bstan 'gro'i dge mtshan 'phel rgyas brtan/_/mkhyen brtse'i dbang po'i rnam thar mngon gyur shog__/ces rnam dkar byed po'i mos 'dun bzhin mang+ga las bris pa'o/___/sarba mang+ga laM/_dge'o//_//

Footnotes

Other Information