JKCL-KABUM-03-GA-092: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 3: . Bir, H.P.: Khyentse Labrang, 2012. | |fulltitletib=རིག་འཛིན་རྣམས་ཀྱི་བསྐུལ་ཁ་སྐོང་དང་བཅས། | ||
|fulltitle=rig 'dzin rnams kyi bskul kha skong dang bcas | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''rig 'dzin rnams kyi bskul kha skong dang bcas''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 3: 369-374. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | ||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|tibgenre=Supplications - | |tibgenre=Invocations - bskul ba, Lineage Supplications - brgyud 'debs | ||
|terma=No | |terma=No | ||
|jkcloutline=Three | |jkcloutline=Three | ||
Line 16: | Line 18: | ||
|totalvolumes=12 | |totalvolumes=12 | ||
|textnuminvol=092 | |textnuminvol=092 | ||
|pagenumbers=369-374 | |||
|totalpages=6 | |||
|beginfolioline=1a1 | |||
|endfolioline=3b5 | |||
|totalfolios=3 | |||
|multivolumework=No | |||
|colophontib=།ཅེས་པའང་དགེ་བཱི་མ་ལ་མི་ཏྲ་ནས། །དེས་ངག་དབང་ཀུན་དགའ་བསོད་ནམས་བར་དུ་བྱོན་པའི་རིག་པ་འཛིན་པ་ཆེན་པོ་རྣམས་ཀྱི་བསྐུལ་དགེ། | |||
|colophonwylie=/ces pa'ang dge bI ma la mi tra nas/____/des ngag dbang kun dga' bsod nams bar du byon pa'i rig pa 'dzin pa chen po rnams kyi bskul dge/ | |||
|pdflink=File:JKCL-KABUM-03-GA-092.pdf | |pdflink=File:JKCL-KABUM-03-GA-092.pdf | ||
}} | }} | ||
Line 21: | Line 31: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|རིག་འཛིན་རྣམས་ཀྱི་བསྐུལ་ཁ་སྐོང་དང་བཅས་བཞུགས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོ་བའི། །རིག་འཛིན་རྣམས་ཀྱི་དུས་ལ་བབས། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྒྱ་གར་ཙནྡན་ནགས་ཚལ་དུ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཀྱི། །ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །སློབ་དཔོན་བི་མ་མི་ཏྲ་ཡིས། །མངྒ་ལ་ཡི་ཆུ་བོ་ལ། །ཇི་ལྟར་རྟགས༴ བལ་པོ་ཤྲཱི་ལ་མཉྫུ་ཡི། །མཎྜ་ལ་ཡི་མཁར་གོང་དུ། །ཇི་ལྟར༴ །མཆིམས་སྟོན་ཤཱཀྱ་པྲ་བྷ་ཡིས། །ཡར་ལུང་བགེགས་ཀྱི་ཕུག་ཆུང་དུ། །ཇི་ལྟར༴ །ཤུད་བུ་དཔལ་གྱི་སེངྒེ་ཡི། །འོན་ཤང་མདོ་ཡི་བྲག་དམར་ལ། །ཇི་ལྟར༴ སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི། །ཧས་པོ་རི་ཡི་ཡང་གོང་དུ། །ཇི་ལྟར༴ །མཁར་ཆེན་བཟའ་ཡི་མཚོ་རྒྱལ་ཡིས། །དགུང་གི་ཕོ་རོག་ནག་པོ་ལ། །ཇི་ལྟར༴ །མཁར་ཆེན་དཔལ་གྱི་དབང་ཕྱུག་གིས། །རྩིབས་ཀྱི་ང་ཀི་སྔོན་པོ་ལ། །ཇི་ལྟར༴ །འཁོན་སྟོན་ཀླུ་དབང་སྲུང་བ་ཡི། །ལྷ་སར་ཡེར་པའི་བྲག་ཕུག་ཏུ། །ཇི་ལྟར༴ །གཅུང་སྟོན་རྡོ་རྗེ་རིན་ཆེན་གྱི། །དྲག་པོའི་དབང་བསྐུར་མཛད་པའི་ཚེ། །ཇི་ལྟར༴ །འཁོན་སྟོན་བ་པོ་ཞེས་བྱ་ཡི། །ཚ་མོ་རོང་གི་བྲག་ཕུག་ཏུ། །ཇི་ལྟར༴ །སྔགས་འཆང་རྒྱ་གར་ཤེར་བཟང་གིས། །གྲུ་ཚ་མཐོན་པོ་བྱ་བ་རུ། །ཇི་ལྟར༴ །འཇམ་མགོན་ཀུན་དགའ་བསོད་ནམས་ཀྱིས། །འབམ་རོང་བྲག་གི་གནས་མཆོག་ཏུ། །ཇི་ལྟར༴ །སྔགས་འཆང་ངག་གི་དབང་པོ་ཡིས། །སྤ་གྲོ་སྟག་ཚང་གནས་མཆོག་ཏུ། །ཇི་ལྟར༴ །འཇམ་དབྱངས་བསོད་ནམས་དབང་པོ་ཡིས། །བྱས་འགྱུར་རྡོ་རྗེའི་བྲག་རྫོང་དུ། །ཇི་ལྟར༴ །སྔགས་འཆང་གྲགས་པ་བློ་གྲོས་ཀྱིས། །བྲང་ངད་ལྡན་པའི་རི་བོ་མ། །ཇི་ལྟར༴ སྔགས་འཆང་ཀུན་དགའ་བསོད་ནམས་ཀྱིས། །ལྷ་ལྡན་འབྱུང་བའི་པད་འབྱུང་ཞེས། །ཇི་ལྟར༴ །སྔགས་འཆང་བསོད་ནམས་དབང་ཕྱུག་གིས། ཁའུ་བྲག་རྫོང་གནས་མཆོག་ཏུ། །ཇི་ལྟར༴ །སྔགས་འཆང་ཀུན་དགའ་བཀྲ་ཤིས་ཀྱིས། །གནོད་སྦྱིན་ཁང་བཟང་གནས་མཆོག་ཏུ། །ཇི་ལྟར༴ །འཇམ་དབྱངས་བསོད་ནམས་རིན་ཆེན་གྱིས། །ལྷ་མཐིལ་གཙུག་ལག་ཁང་ཆེན་དུ། །ཇི་ལྟར༴ །དྲིན་ཅན་ཀུན་དགའ་བློ་གྲོས་ཀྱི། །དབུས་རྩེ་གཙུག་ལག་ཁང་ཆེན་དུ། །ཇི་ལྟར༴ །མཐུ་ཆེན་དཔལ་ལྡན་ཆོས་སྐྱོང་གིས། །ཆོས་འཁོར་དཔལ་གྱི་བསམ་ཡས་སུ། །ཇི་ལྟར༴ །གང་ཞིག་གཅུང་པོ་ཀུན་རིན་གྱིས། །ཕོ་བྲང་ཕུན་སུམ་ཚོགས་ཁང་དུ། །ཁྲོ་རྒྱལ་ཆེན་པོའི་གཏོར་བཟློག་ཉིད། །ཟོར་འཕང་ལས་མཛད་སྐབས་ཐོག་དེར། །ཆེད་ལྷག་སྲ་བའི་ས་གཞི་ལ། །ཐིམ་ཟུག་ནུས་པའི་རྟགས་མཚན་ནི། །ཇི་ལྟར༴ མཐུ་ཆེན་ས་ཆེན་ཀུན་རིན་གྱིས། །ལྷ་ཆེན་རེ་ཁའི་སྟེང་ཉིད་ནས། །ཇི་ལྟར༴ །གྲུབ་དབང་དངོས་གྲུབ་དཔལ་འབར་གྱིས། །ཆོས་འཁོར་ལྷ་སའི་གནས་མཆོག་ཏུ། །ཇི་ལྟར༴ །འཇམ་མགོན་ཀུན་དགའ་རྒྱལ་མཚན་གྱིས། །ཨེ་ཝཾ་ཆོས་ལྡན་གནས་མཆོག་ཏུ། །ཇི་ལྟར༴ །གྲུབ་མཆོག་རྡོ་རྗེ་རིན་ཆེན་གྱི། །སྤ་གྲོ་སྟག་ཚང་གནས་མཆོག་ཏུ། །ཇི་ལྟར༴ །འཇམ་དབྱངས་མངྒའི་མཚན་ཅན་གྱིས། །གནས་ཆེན་ཡར་ལུང་ཤེལ་བྲག་ཏུ། །ཇི་ལྟར༴ སྐྱབས་མཆོག་ཀུན་དགའ་སྙིང་པོ་ཡིས། །དབྱར་གནས་ཕུར་པ་ཕོ་བྲང་དུ། །ནག་ཕྱོགས་ལོག་འདྲེན་མ་རུང་པ། །རྒྱས་ཕྱོགས་ཆུ་བོ་རྔམ་ཞིང་བརྗིད། །གནས་མཆོག་རྟེན་དང་རྟེན་པ་བཅས། །ས་ནི་ཉེས་སྐྱོན་ཉེ་བའི་ཚེ། །རྡོ་རྗེ་གཞོན་ནུའི་ཐུགས་མདངས་ཀྱི། །རབ་གནས་ཐུམ་བཅར་གནང་བ་ན། །ཆུ་བོ་གྱེན་དུ་ལྡོག་པ་དང་། །མེ་སྤྲེལ་ལྟ་གདན་ཨེ་ཝཾ་དུ། །གཙུག་ཏོར་ལར་བྱུང་གདུགས་དཀར་གྱིས། །བཟློག་མདོས་ཟབ་མནན་མཛད་པའི་ཚེ། །ཟོར་གཏོར་ཁྲག་རྒྱུན་ནར་མ་བབས། །ཞིང་བཅུ་ཐལ་བར་བརླག་པ་སོགས། །ཇི་ལྟར༴ །སྐྱབས་མཆོག་ཀུན་དགའ་བསོད་ནམས་ཀྱིས། །ལྷ་ལྡན་གཞི་སྡེའི་ཕོ་བྲང་དུ། །ཁྲོ་རྒྱལ་རྡོ་རྗེ་གཞོན་ནུ་དང་། །མཐུ་ཆེན་དྲག་པོའི་ཟུང་འབྲེལ་གྱིས། །འགོང་པོ་མནན་སྐོར་སྒྲུབ་པའི་སྐབས། །སྒྲུབ་ཁང་ཤིན་ཏུ་དྲི་རྔམ་པ། །སྲོད་ལ་ངུ་འབོད་ངར་སྒྲ་ཅན། །དངོས་སུ་ཞུགས་པའི་རྟགས་མཚན་འཆར། །དངོས་གཞི་མནན་གཏད་འགུགས་གཞུགས་ཚེ། །ཕྱོགས་བཅུར་རླུང་འཚུབ་ལུང་གང་གཡོ། །མནན་དོང་ཕུས་ས་དམིགས་མེད་ཐིམ། །གཟུགས་ཅན་ཀུན་ཀྱང་ངོ་མཚར་སྐྱེས། །ཇི་ལྟར༴ དཔལ་ལྡན་ཕྱོགས་ཀྱི་གླང་པོ་ཡི། །བསྙེན་སྒྲུབ་གཏོར་འོད་འཕྲོས་པའི་ཚེ། །ཇི་ལྟར༴ །མཐུ་ཆེན་གསང་བའི་བདག་པོ་ཡིས། །ཕོ་བྲང་ཆེན་པོ་པོ་ཏཱ་ལར། །ཇི་ལྟར༴ དྲག་ཤུལ་ཡོན་ཏན་རྒྱ་མཚོ་ཡི། །རྡོ་རྗེ་གཞོན་ནུའི་གཏོར་སྒྲུབ་སྐབས། །དམ་ཅན་བདུད་མགོན་ཐོད་ཕྲེང་གི། ཟོར་གཏོར་དགྲ་ཕྱོགས་འཕར་ཞིང་གཡོ། །གཞན་ཡང་མངའ་རི་གདུལ་བྱའི་ངོར། །ཆུ་བོ་མངོན་དང་བསྒྱུར་ལ་སོགས། །ཇི་ལྟར༴ །མཐུ་ཆེན་དངོས་གྲུབ་རྒྱ་མཚོ་ཡིས། །མངའ་རི་མཁོ་ཆར་གནས་མཆོག་ཏུ། །དྲག་པོའི་མནན་གཏད་མཛད་པའི་ཚེ། །མནན་དོང་དབུས་སུ་མེ་སྟག་འཕྲོ། །རབ་གནས་མངའ་གསོལ་མཛད་པའི་ཚེ། །མེ་ཏོག་ཆར་པའི་རྒྱུན་ཕབ་ཅིང་། །ཇི་ལྟར༴ །དྲག་ཤུལ་ནུས་མཐུའི་དཔལ་མངའ་བ། །སྐྱབས་མཆོག་ཕྲིན་ལས་རིན་ཆེན་གྱིས། །རྡོ་རྗེ་གཞོན་ནུའི་བསྙེན་སྒྲུབ་སྐབས། །ཡི་དམ་ལྷ་ཡི་ཞལ་གཟིགས་ཅིང་། །ལྷ་གདན་གྲུ་འཛིན་ཕོ་བྲང་དུ། །གཏོར་ལས་བདུད་རྩིའི་རྒྱུན་བབས་ཅིང་། །ཇི་ལྟར༴ །འཇམ་དབྱངས་འཇིགས་བྲལ་བདུད་འདུལ་གྱིས། །མཐའ་མེད་འགྲོ་བའི་རེ་སྐོང་ཕྱིར། །འགོ་ཡུལ་སྟོད་སོགས་མཚམ་རྐམས་རྣམས། །ཆུ་བོ་རྒྱ་མཚོ་བསྒྱུར་མཛད་པ། །གདན་ས་དྲག་པོའི་གཏོར་སྒྲུབ་སྐབས། །གཏོར་ཆེན་ཁྲག་རློན་ཉེར་བ་སོགས། །ཇི་ལྟར༴ །ངག་དབང་མཐུ་སྟོབས་དབང་ཕྱུག་གིས། །དཔལ་ཐངས་གནས་སུ་ཆུ་བོ་སྟོན། །དེ་ནས་ནུབ་རེ་བྱོན་ལམ་དུ། །གངས་ཆུ་དྲག་པོ་གྱེན་དུ་ལྡོག །གདན་ས་འདི་དང་ལྷ་ལྡན་སོགས། །མངོན་སྤྱོད་ལས་ལ་གཞོལ་བའི་ཚེ། །ཟོར་གཏོར་ཕར་རྒོལ་རང་སྒྲ་སྒྲོགས། །དམ་ཉམས་རྩི་ཏ་ཚལ་པ་གས། །ཁྱད་པར་ལྷ་ཆེན་ཉམས་གསོ་སྐབས། །ས་རྡོ་དབེན་པར་ཡི་མུག་ཚེ། །ངོ་མཚར་ཐུགས་སྨོན་དྲག་རྡོབ་ཀྱི། །སྔར་བར་མཚར་བའི་ཀ་གདན་དང་། །དྷོ་ཡི་ཀ་བ་ཐེམས་སྐས་སོགས། །རྡོ་བཟང་ནམ་མཁའི་མཛོད་བཞིན་རྡོལ། །ཇི་ལྟར༴ །དཔལ་ཆེན་ཀུན་དགའ་རིན་ཆེན་གྱིས། །དཔལ་ལྡན་རྒྱུན་གྱིས་དབང་པོ་རུ། །གཏོར་ཆེན་ཁྲག་རྒྱུ་ཉེར་བ་འཇག །གདན་པ་བསྟན་རིམ་མཛད་པའི་ཚེ། །ཉུང་དཀར་དྲག་ཏུ་འཁོལ་བ་སོགས། །བསྟན་དགྲ་དབྱིངས་སུ་བསྒྲལ་བ་སོགས། །ཇི་ལྟར༴ །འཇམ་མགོན་ཀུན་དགའ་རྒྱལ་མཚན་གྱིས། །ཆུ་བྱ་གྲོ་བཞིན་ཕུར་སྒྲུབ་སྐབས། །རྡུལ་མཚོན་དཀྱིལ་སྟེང་མེ་ཏོག་གི། རྗེས་མང་བྱུང་ཞིང་མེ་བྱི་ལོར། །བསྟན་རིམས་ཕུར་སྒྲུབ་ཟོར་འཕེན་ལས། །ཁྲག་རྒྱུན་ནར་འཛག་བསྟན་དགྲ་བརླག །ཇི་ལྟར༴ །ངག་དབང་ཀུན་དགའ་བསོད་ནམས་ཀྱིས། །གདན་སར་དྲུག་བཅུའི་གཏོར་བཟློག་སྐབས། །སྤྱི་སྒོས་དམ་ཉམས་སྒྲོལ་བའི་རྟགས། །སྒྲུབ་ཁང་ཐམས་ཅད་ཤུམ་དྲི་གང་། །དེ་མུར་དངོས་སུ་བརླག་མཛད་ཅིང་། །གཞན་ཡང་རྟགས་མཚན་མང་བ་སོགས། །ཇི་ལྟར་རྟགས་མཚན་བརྟེན་ལམ་ཅི། །ཕུར་པའི་སྒྲུབ་པར་གྲོགས་མཛོད་ཅིག །རིག་འཛིན་རྣམས་ཀྱི་དུས་ལ་བབས། །བྱིན་གྱིས་བརླབ་པའི་དུས་ལ་བབས། །མཐུ་རྩ་འབྱུང་བའི་དུས་ལ་བབས། །དགྲ་བགེགས་སྒྲོལ་བའི་དུས་ལ་བབས། | {{TibP|རིག་འཛིན་རྣམས་ཀྱི་བསྐུལ་ཁ་སྐོང་དང་བཅས་བཞུགས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོ་བའི། །རིག་འཛིན་རྣམས་ཀྱི་དུས་ལ་བབས། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྒྱ་གར་ཙནྡན་ནགས་ཚལ་དུ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཀྱི། །ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །སློབ་དཔོན་བི་མ་མི་ཏྲ་ཡིས། །མངྒ་ལ་ཡི་ཆུ་བོ་ལ། །ཇི་ལྟར་རྟགས༴ བལ་པོ་ཤྲཱི་ལ་མཉྫུ་ཡི། །མཎྜ་ལ་ཡི་མཁར་གོང་དུ། །ཇི་ལྟར༴ །མཆིམས་སྟོན་ཤཱཀྱ་པྲ་བྷ་ཡིས། །ཡར་ལུང་བགེགས་ཀྱི་ཕུག་ཆུང་དུ། །ཇི་ལྟར༴ །ཤུད་བུ་དཔལ་གྱི་སེངྒེ་ཡི། །འོན་ཤང་མདོ་ཡི་བྲག་དམར་ལ། །ཇི་ལྟར༴ སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི། །ཧས་པོ་རི་ཡི་ཡང་གོང་དུ། །ཇི་ལྟར༴ །མཁར་ཆེན་བཟའ་ཡི་མཚོ་རྒྱལ་ཡིས། །དགུང་གི་ཕོ་རོག་ནག་པོ་ལ། །ཇི་ལྟར༴ །མཁར་ཆེན་དཔལ་གྱི་དབང་ཕྱུག་གིས། །རྩིབས་ཀྱི་ང་ཀི་སྔོན་པོ་ལ། །ཇི་ལྟར༴ །འཁོན་སྟོན་ཀླུ་དབང་སྲུང་བ་ཡི། །ལྷ་སར་ཡེར་པའི་བྲག་ཕུག་ཏུ། །ཇི་ལྟར༴ །གཅུང་སྟོན་རྡོ་རྗེ་རིན་ཆེན་གྱི། །དྲག་པོའི་དབང་བསྐུར་མཛད་པའི་ཚེ། །ཇི་ལྟར༴ །འཁོན་སྟོན་བ་པོ་ཞེས་བྱ་ཡི། །ཚ་མོ་རོང་གི་བྲག་ཕུག་ཏུ། །ཇི་ལྟར༴ །སྔགས་འཆང་རྒྱ་གར་ཤེར་བཟང་གིས། །གྲུ་ཚ་མཐོན་པོ་བྱ་བ་རུ། །ཇི་ལྟར༴ །འཇམ་མགོན་ཀུན་དགའ་བསོད་ནམས་ཀྱིས། །འབམ་རོང་བྲག་གི་གནས་མཆོག་ཏུ། །ཇི་ལྟར༴ །སྔགས་འཆང་ངག་གི་དབང་པོ་ཡིས། །སྤ་གྲོ་སྟག་ཚང་གནས་མཆོག་ཏུ། །ཇི་ལྟར༴ །འཇམ་དབྱངས་བསོད་ནམས་དབང་པོ་ཡིས། །བྱས་འགྱུར་རྡོ་རྗེའི་བྲག་རྫོང་དུ། །ཇི་ལྟར༴ །སྔགས་འཆང་གྲགས་པ་བློ་གྲོས་ཀྱིས། །བྲང་ངད་ལྡན་པའི་རི་བོ་མ། །ཇི་ལྟར༴ སྔགས་འཆང་ཀུན་དགའ་བསོད་ནམས་ཀྱིས། །ལྷ་ལྡན་འབྱུང་བའི་པད་འབྱུང་ཞེས། །ཇི་ལྟར༴ །སྔགས་འཆང་བསོད་ནམས་དབང་ཕྱུག་གིས། ཁའུ་བྲག་རྫོང་གནས་མཆོག་ཏུ། །ཇི་ལྟར༴ །སྔགས་འཆང་ཀུན་དགའ་བཀྲ་ཤིས་ཀྱིས། །གནོད་སྦྱིན་ཁང་བཟང་གནས་མཆོག་ཏུ། །ཇི་ལྟར༴ །འཇམ་དབྱངས་བསོད་ནམས་རིན་ཆེན་གྱིས། །ལྷ་མཐིལ་གཙུག་ལག་ཁང་ཆེན་དུ། །ཇི་ལྟར༴ །དྲིན་ཅན་ཀུན་དགའ་བློ་གྲོས་ཀྱི། །དབུས་རྩེ་གཙུག་ལག་ཁང་ཆེན་དུ། །ཇི་ལྟར༴ །མཐུ་ཆེན་དཔལ་ལྡན་ཆོས་སྐྱོང་གིས། །ཆོས་འཁོར་དཔལ་གྱི་བསམ་ཡས་སུ། །ཇི་ལྟར༴ །གང་ཞིག་གཅུང་པོ་ཀུན་རིན་གྱིས། །ཕོ་བྲང་ཕུན་སུམ་ཚོགས་ཁང་དུ། །ཁྲོ་རྒྱལ་ཆེན་པོའི་གཏོར་བཟློག་ཉིད། །ཟོར་འཕང་ལས་མཛད་སྐབས་ཐོག་དེར། །ཆེད་ལྷག་སྲ་བའི་ས་གཞི་ལ། །ཐིམ་ཟུག་ནུས་པའི་རྟགས་མཚན་ནི། །ཇི་ལྟར༴ མཐུ་ཆེན་ས་ཆེན་ཀུན་རིན་གྱིས། །ལྷ་ཆེན་རེ་ཁའི་སྟེང་ཉིད་ནས། །ཇི་ལྟར༴ །གྲུབ་དབང་དངོས་གྲུབ་དཔལ་འབར་གྱིས། །ཆོས་འཁོར་ལྷ་སའི་གནས་མཆོག་ཏུ། །ཇི་ལྟར༴ །འཇམ་མགོན་ཀུན་དགའ་རྒྱལ་མཚན་གྱིས། །ཨེ་ཝཾ་ཆོས་ལྡན་གནས་མཆོག་ཏུ། །ཇི་ལྟར༴ །གྲུབ་མཆོག་རྡོ་རྗེ་རིན་ཆེན་གྱི། །སྤ་གྲོ་སྟག་ཚང་གནས་མཆོག་ཏུ། །ཇི་ལྟར༴ །འཇམ་དབྱངས་མངྒའི་མཚན་ཅན་གྱིས། །གནས་ཆེན་ཡར་ལུང་ཤེལ་བྲག་ཏུ། །ཇི་ལྟར༴ སྐྱབས་མཆོག་ཀུན་དགའ་སྙིང་པོ་ཡིས། །དབྱར་གནས་ཕུར་པ་ཕོ་བྲང་དུ། །ནག་ཕྱོགས་ལོག་འདྲེན་མ་རུང་པ། །རྒྱས་ཕྱོགས་ཆུ་བོ་རྔམ་ཞིང་བརྗིད། །གནས་མཆོག་རྟེན་དང་རྟེན་པ་བཅས། །ས་ནི་ཉེས་སྐྱོན་ཉེ་བའི་ཚེ། །རྡོ་རྗེ་གཞོན་ནུའི་ཐུགས་མདངས་ཀྱི། །རབ་གནས་ཐུམ་བཅར་གནང་བ་ན། །ཆུ་བོ་གྱེན་དུ་ལྡོག་པ་དང་། །མེ་སྤྲེལ་ལྟ་གདན་ཨེ་ཝཾ་དུ། །གཙུག་ཏོར་ལར་བྱུང་གདུགས་དཀར་གྱིས། །བཟློག་མདོས་ཟབ་མནན་མཛད་པའི་ཚེ། །ཟོར་གཏོར་ཁྲག་རྒྱུན་ནར་མ་བབས། །ཞིང་བཅུ་ཐལ་བར་བརླག་པ་སོགས། །ཇི་ལྟར༴ །སྐྱབས་མཆོག་ཀུན་དགའ་བསོད་ནམས་ཀྱིས། །ལྷ་ལྡན་གཞི་སྡེའི་ཕོ་བྲང་དུ། །ཁྲོ་རྒྱལ་རྡོ་རྗེ་གཞོན་ནུ་དང་། །མཐུ་ཆེན་དྲག་པོའི་ཟུང་འབྲེལ་གྱིས། །འགོང་པོ་མནན་སྐོར་སྒྲུབ་པའི་སྐབས། །སྒྲུབ་ཁང་ཤིན་ཏུ་དྲི་རྔམ་པ། །སྲོད་ལ་ངུ་འབོད་ངར་སྒྲ་ཅན། །དངོས་སུ་ཞུགས་པའི་རྟགས་མཚན་འཆར། །དངོས་གཞི་མནན་གཏད་འགུགས་གཞུགས་ཚེ། །ཕྱོགས་བཅུར་རླུང་འཚུབ་ལུང་གང་གཡོ། །མནན་དོང་ཕུས་ས་དམིགས་མེད་ཐིམ། །གཟུགས་ཅན་ཀུན་ཀྱང་ངོ་མཚར་སྐྱེས། །ཇི་ལྟར༴ དཔལ་ལྡན་ཕྱོགས་ཀྱི་གླང་པོ་ཡི། །བསྙེན་སྒྲུབ་གཏོར་འོད་འཕྲོས་པའི་ཚེ། །ཇི་ལྟར༴ །མཐུ་ཆེན་གསང་བའི་བདག་པོ་ཡིས། །ཕོ་བྲང་ཆེན་པོ་པོ་ཏཱ་ལར། །ཇི་ལྟར༴ དྲག་ཤུལ་ཡོན་ཏན་རྒྱ་མཚོ་ཡི། །རྡོ་རྗེ་གཞོན་ནུའི་གཏོར་སྒྲུབ་སྐབས། །དམ་ཅན་བདུད་མགོན་ཐོད་ཕྲེང་གི། ཟོར་གཏོར་དགྲ་ཕྱོགས་འཕར་ཞིང་གཡོ། །གཞན་ཡང་མངའ་རི་གདུལ་བྱའི་ངོར། །ཆུ་བོ་མངོན་དང་བསྒྱུར་ལ་སོགས། །ཇི་ལྟར༴ །མཐུ་ཆེན་དངོས་གྲུབ་རྒྱ་མཚོ་ཡིས། །མངའ་རི་མཁོ་ཆར་གནས་མཆོག་ཏུ། །དྲག་པོའི་མནན་གཏད་མཛད་པའི་ཚེ། །མནན་དོང་དབུས་སུ་མེ་སྟག་འཕྲོ། །རབ་གནས་མངའ་གསོལ་མཛད་པའི་ཚེ། །མེ་ཏོག་ཆར་པའི་རྒྱུན་ཕབ་ཅིང་། །ཇི་ལྟར༴ །དྲག་ཤུལ་ནུས་མཐུའི་དཔལ་མངའ་བ། །སྐྱབས་མཆོག་ཕྲིན་ལས་རིན་ཆེན་གྱིས། །རྡོ་རྗེ་གཞོན་ནུའི་བསྙེན་སྒྲུབ་སྐབས། །ཡི་དམ་ལྷ་ཡི་ཞལ་གཟིགས་ཅིང་། །ལྷ་གདན་གྲུ་འཛིན་ཕོ་བྲང་དུ། །གཏོར་ལས་བདུད་རྩིའི་རྒྱུན་བབས་ཅིང་། །ཇི་ལྟར༴ །འཇམ་དབྱངས་འཇིགས་བྲལ་བདུད་འདུལ་གྱིས། །མཐའ་མེད་འགྲོ་བའི་རེ་སྐོང་ཕྱིར། །འགོ་ཡུལ་སྟོད་སོགས་མཚམ་རྐམས་རྣམས། །ཆུ་བོ་རྒྱ་མཚོ་བསྒྱུར་མཛད་པ། །གདན་ས་དྲག་པོའི་གཏོར་སྒྲུབ་སྐབས། །གཏོར་ཆེན་ཁྲག་རློན་ཉེར་བ་སོགས། །ཇི་ལྟར༴ །ངག་དབང་མཐུ་སྟོབས་དབང་ཕྱུག་གིས། །དཔལ་ཐངས་གནས་སུ་ཆུ་བོ་སྟོན། །དེ་ནས་ནུབ་རེ་བྱོན་ལམ་དུ། །གངས་ཆུ་དྲག་པོ་གྱེན་དུ་ལྡོག །གདན་ས་འདི་དང་ལྷ་ལྡན་སོགས། །མངོན་སྤྱོད་ལས་ལ་གཞོལ་བའི་ཚེ། །ཟོར་གཏོར་ཕར་རྒོལ་རང་སྒྲ་སྒྲོགས། །དམ་ཉམས་རྩི་ཏ་ཚལ་པ་གས། །ཁྱད་པར་ལྷ་ཆེན་ཉམས་གསོ་སྐབས། །ས་རྡོ་དབེན་པར་ཡི་མུག་ཚེ། །ངོ་མཚར་ཐུགས་སྨོན་དྲག་རྡོབ་ཀྱི། །སྔར་བར་མཚར་བའི་ཀ་གདན་དང་། །དྷོ་ཡི་ཀ་བ་ཐེམས་སྐས་སོགས། །རྡོ་བཟང་ནམ་མཁའི་མཛོད་བཞིན་རྡོལ། །ཇི་ལྟར༴ །དཔལ་ཆེན་ཀུན་དགའ་རིན་ཆེན་གྱིས། །དཔལ་ལྡན་རྒྱུན་གྱིས་དབང་པོ་རུ། །གཏོར་ཆེན་ཁྲག་རྒྱུ་ཉེར་བ་འཇག །གདན་པ་བསྟན་རིམ་མཛད་པའི་ཚེ། །ཉུང་དཀར་དྲག་ཏུ་འཁོལ་བ་སོགས། །བསྟན་དགྲ་དབྱིངས་སུ་བསྒྲལ་བ་སོགས། །ཇི་ལྟར༴ །འཇམ་མགོན་ཀུན་དགའ་རྒྱལ་མཚན་གྱིས། །ཆུ་བྱ་གྲོ་བཞིན་ཕུར་སྒྲུབ་སྐབས། །རྡུལ་མཚོན་དཀྱིལ་སྟེང་མེ་ཏོག་གི། རྗེས་མང་བྱུང་ཞིང་མེ་བྱི་ལོར། །བསྟན་རིམས་ཕུར་སྒྲུབ་ཟོར་འཕེན་ལས། །ཁྲག་རྒྱུན་ནར་འཛག་བསྟན་དགྲ་བརླག །ཇི་ལྟར༴ །ངག་དབང་ཀུན་དགའ་བསོད་ནམས་ཀྱིས། །གདན་སར་དྲུག་བཅུའི་གཏོར་བཟློག་སྐབས། །སྤྱི་སྒོས་དམ་ཉམས་སྒྲོལ་བའི་རྟགས། །སྒྲུབ་ཁང་ཐམས་ཅད་ཤུམ་དྲི་གང་། །དེ་མུར་དངོས་སུ་བརླག་མཛད་ཅིང་། །གཞན་ཡང་རྟགས་མཚན་མང་བ་སོགས། །ཇི་ལྟར་རྟགས་མཚན་བརྟེན་ལམ་ཅི། །ཕུར་པའི་སྒྲུབ་པར་གྲོགས་མཛོད་ཅིག །རིག་འཛིན་རྣམས་ཀྱི་དུས་ལ་བབས། །བྱིན་གྱིས་བརླབ་པའི་དུས་ལ་བབས། །མཐུ་རྩ་འབྱུང་བའི་དུས་ལ་བབས། །དགྲ་བགེགས་སྒྲོལ་བའི་དུས་ལ་བབས། །{{TibChung|ཅེས་པའང་དགེ་བཱི་མ་ལ་མི་ཏྲ་ནས། །དེས་ངག་དབང་ཀུན་དགའ་བསོད་ནམས་བར་དུ་བྱོན་པའི་རིག་པ་འཛིན་པ་ཆེན་པོ་རྣམས་ཀྱི་བསྐུལ་དགེ། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:21, 1 June 2024
Wylie title | rig 'dzin rnams kyi bskul kha skong dang bcas | |
---|---|---|
Location | chos kyi blo gros bka' 'bum Volume 3, Text 92, Pages 369-374 (Folios 1a1 to 3b5) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. rig 'dzin rnams kyi bskul kha skong dang bcas. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 369-374. Bir, H.P.: Khyentse Labrang, 2012. | |
Genre | Invocations - bskul ba · Lineage Supplications - brgyud 'debs | |
Colophon |
།ཅེས་པའང་དགེ་བཱི་མ་ལ་མི་ཏྲ་ནས། །དེས་ངག་དབང་ཀུན་དགའ་བསོད་ནམས་བར་དུ་བྱོན་པའི་རིག་པ་འཛིན་པ་ཆེན་པོ་རྣམས་ཀྱི་བསྐུལ་དགེ། | |
/ces pa'ang dge bI ma la mi tra nas/____/des ngag dbang kun dga' bsod nams bar du byon pa'i rig pa 'dzin pa chen po rnams kyi bskul dge/ |
1 Texts in this Section (sde tshan or chos tshan)
369-374
|
རིག་འཛིན་རྣམས་ཀྱི་བསྐུལ་ཁ་སྐོང་དང་བཅས། rig 'dzin rnams kyi bskul kha skong dang bcas
|
Text page View PDF |
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros) |